ཤིན་པེ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤིན་པེ་གྲོང་ཁྱེར།
ཤིན་པེ་གྲོང་ཁྱེར་ནི་ཐའེ་ཝན་ཞིང་ཆེན་གྱི་ཁོངས་སུ་གཏོགས། ཤིན་པེ་གྲོང་ཁྱེར་གྱི་ས་ཁོངས་ཡོངས་ཀྱིས་ཐའེ་པེ་གྲོང་ཁྱེར་བསྐོར་ཡོད། བྱང་ཤར་ནས་ཅི་ལུང་གྲོང་ཁྱེར་བསྐོར་བ་དང་། ཤར་ལྷོ་དབྱི་ལན་རྫོང་དང་འབྲེལ་ཡོད། ལྷོ་ནུབ་ཐའོ་ཡོན་གྲོང་ཁྱེར་དང་འབྲེལ་ཡོད། དེ་ནི་ཐའེ་ཝན་ཞིང་ཆེན་གྱི་གྲོང་ཁྱེར་ཆེ་གྲས་དང་པོ་ཡིན་པ་དང་སྤྱི་ལོ2010ལོར་བཙུགས། གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས29ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2052.6ཡོད། སྤྱིའི་མི་འབོར་ཁྲི400ཡོད་པ་དང་ཐའེ་ཝན་ཞིང་ཆེན་གྱི་ཨང་དང་པོ་ཡིན་པ་རེད། ཤིན་པེ་ནི་ཐའེ་ཝན་ཞིང་ཆེན་གྱི་ཆེས་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞིང་། དེ་ལ་ལོ་རྒྱུས་ཡུན་རིང་ལྡན། རྡོ་ཆས་རྙིང་མའི་དུས་མཇུག་ཏུ་མིའི་རིགས་འཚོ་སྡོད་བྱས་ཡོད། སྤྱི་ལོ1875ལོར(ཆིང་ཀོང་ཞུས་ཁྲི་ལོ་དང་པོ)ཐའེ་པེ་སྲིད་གཞུང་བཙུགས། དེ་ནས་བཟུང“ཐའེ་པེ”ཞེས་འབོད་སྲོལ་ཡོད། ཐའེ་ཝན་གྱི་བྱང་ཕྱོགས་སུ་ཡོད་པས་མིང་དེ་དེ་ལྟར་ཐོགས། སྤྱི་ལོ1895ལོར་ཐའེ་ཝན་ཞིང་ཆེན་ནི་ཐའེ་པེ་ཀྲོའུ་ལ་གཏོགས། སྤྱི་ལོ1945ལོར་ཐའེ་པེ་རྫོང་བཙུགས་པ་དང་། སྤྱི་ལོ2009ལོའི་ཟླ7པར་ཐའེ་པེ་རྫོང་དང་ནན་ཅིང་གྲོང་ཁྱེར་དབར་གཅེན་གཅུང་གྲོང་ཁྱེར་གྱི་འབྲེལ་བ་བཙུགས། སྤྱི་ལོ2010ལོའི་ཟླ12པར་ཐའེ་པེ་རྫོང་གྲོང་ཁྱེར་དུ་བསྒྱུར་བ་མ་ཟད། མིང་ལ་ཤིན་པེ་གྲོང་ཁྱེར་ཞེས་བཏགས། དེའི་དོན་ནི་ཐའེ་པེ་གྲོང་ཁྱེར་གསར་པ(NewTaipeiCity)ཡིན། ཤིན་པེ་གྲོང་ཁྱེར་གྱི་དཔལ་འབྱོར་ཐོན་ལས་ནི་གཙོ་བོ་དངུལ་རྩའི་ལས་རིགས་དང་། ཚོང་ལས། ཞབས་ཞུའི་ལས་རིགས། བཟོ་ལས། བཟའ་བཏུང་ལས་རིགས། ཡུལ་སྐོར་ལས་རིགས་བཅས་ཡིན། ཤིན་པེ་གྲོང་ཁྱེར་ནི་ཐའེ་པེ་ཏུའུ་ཧུའེ་ཆུས་ལྟེ་གནས་ཕལ་པའི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་དང་། དེར་མི་འབོར་མང་བ་མ་ཟད། ཐའེ་ཝན་གྱི་ས་གནས་ཁག་ནས་ཡོང་བའི་གནས་སྤོས་ཡུལ་མི་མང་པོ་འདུས་ཡོད་པ་དང་། ཚད་མཐོའི་གྲོང་ཁྱེར་ཅན་གྱི་ས་ཁོངས་ཡོད་ལ། གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་དང་རང་བྱུང་རི་ཀླུང་གི་ཉམས་འགྱུར། རྣམ་པ་སྣ་མང་། མི་འབོར་གྲུབ་ཆ་དང་དེ་བཞིན་དཔལ་འབྱོར་ཐོན་ལས་ཀྱི་སྣ་མང་རང་བཞིན་བཅས་ཀྱང་ཡོད་པས་དེ་ནི་ཀྲུང་གོའི་ཐའེ་ཝན་སྤྱི་ཚོགས་ཀྱི་བསྡུས་རིས་ཤིག་རེད་ཅེས་བརྗོད་ཆོག
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
New Taipei City
ཁོངས་གཏོགས་ས་ཁུལ།
ཐའེ་ཝན་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས29ཡོད།
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར།
སྲིད་གཞུང་གནས་ཡུལ།
པན་ཆའོ་ཆུས།
ས་ཁོངས་ཁ་པར་ཨང་རྟགས།
+886 02
སྦྲག་སྲིད་ཨང་རྟགས།
220
གནས་ཡུལ།
ཐའེ་ཝན་གླིང་ཕྲན་གྱི་བྱང་ཕྱོགས།
རྒྱ་ཁྱོན།
སྟོང་སྨི་ངོས་གྲུ་བཞི་མ2052.5667ཡོད།
མི་གྲངས།
མི་ཁྲི400.0164(སྤྱི་ལོ2019ལོའི་ཟླ4པར)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཡུན་ཞན་དགའ་ཚལ། ཏ་ཅན་རི་བོ། ཧྲི་ཧྥུན་རྦབ་ཆུ། ཁྲིན་ཐེན་སྒོམ་སྒྲུབ་དགོན་པ། ཏན་ཧྲུའེ་ཁྲོམ་གཞུང་རྙིང་པ། ཝུའུ་ལེ་ཆུ་ཚན་སོགས།
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
710800
ཧྲི་ཀྲང་།
ཧོའུ་ཡིའུ་དབྱི།
1 ངོ་སྤྲོད་མདོར་བསྡུས།

ཤིན་པེ་ནི་ཐའེ་ཝན་ཞིང་ཆེན་གྱི་ཆེས་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞིང་། དེ་ལ་ལོ་རྒྱུས་ཡུན་རིང་ལྡན། རྡོ་ཆས་རྙིང་མའི་དུས་མཇུག་ཏུ་མིའི་རིགས་འཚོ་སྡོད་བྱས་ཡོད། སྤྱི་ལོ1875ལོར(ཆིང་ཀོང་ཞུས་ཁྲི་ལོ་དང་པོ)ཐའེ་པེ་སྲིད་གཞུང་བཙུགས། དེ་ནས་བཟུང“ཐའེ་པེ”ཞེས་འབོད་སྲོལ་ཡོད། ཐའེ་ཝན་གྱི་བྱང་ཕྱོགས་སུ་ཡོད་པས་མིང་དེ་དེ་ལྟར་ཐོགས། སྤྱི་ལོ1895ལོར་ཐའེ་ཝན་ཞིང་ཆེན་ནི་ཐའེ་པེ་ཀྲོའུ་ལ་གཏོགས། སྤྱི་ལོ1945ལོར་ཐའེ་པེ་རྫོང་བཙུགས་པ་དང་། སྤྱི་ལོ2009ལོའི་ཟླ7པར་ཐའེ་པེ་རྫོང་དང་ནན་ཅིང་གྲོང་ཁྱེར་དབར་གཅེན་གཅུང་གྲོང་ཁྱེར་གྱི་འབྲེལ་བ་བཙུགས། སྤྱི་ལོ2010ལོའི་ཟླ12པར་ཐའེ་པེ་རྫོང་གྲོང་ཁྱེར་དུ་བསྒྱུར་བ་མ་ཟད། མིང་ལ་ཤིན་པེ་གྲོང་ཁྱེར་ཞེས་བཏགས། དེའི་དོན་ནི་ཐའེ་པེ་གྲོང་ཁྱེར་གསར་པ(NewTaipeiCity)ཡིན།

ཤིན་པེ་གྲོང་ཁྱེར་གྱི་དཔལ་འབྱོར་ཐོན་ལས་ནི་གཙོ་བོ་དངུལ་རྩའི་ལས་རིགས་དང་། ཚོང་ལས། ཞབས་ཞུའི་ལས་རིགས། བཟོ་ལས། བཟའ་བཏུང་ལས་རིགས། ཡུལ་སྐོར་ལས་རིགས་བཅས་ཡིན།

ཤིན་པེ་གྲོང་ཁྱེར་ནི་ཐའེ་པེ་ཏུའུ་ཧུའེ་ཆུས་ལྟེ་གནས་ཕལ་པའི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་དང་། དེར་མི་འབོར་མང་བ་མ་ཟད། ཐའེ་ཝན་གྱི་ས་གནས་ཁག་ནས་ཡོང་བའི་གནས་སྤོས་ཡུལ་མི་མང་པོ་འདུས་ཡོད་པ་དང་། ཚད་མཐོའི་གྲོང་ཁྱེར་ཅན་གྱི་ས་ཁོངས་ཡོད་ལ། གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་དང་རང་བྱུང་རི་ཀླུང་གི་ཉམས་འགྱུར། རྣམ་པ་སྣ་མང་། མི་འབོར་གྲུབ་ཆ་དང་དེ་བཞིན་དཔལ་འབྱོར་ཐོན་ལས་ཀྱི་སྣ་མང་རང་བཞིན་བཅས་ཀྱང་ཡོད་པས་དེ་ནི་ཀྲུང་གོའི་ཐའེ་ཝན་སྤྱི་ཚོགས་ཀྱི་བསྡུས་རིས་ཤིག་རེད་ཅེས་བརྗོད་ཆོག

ཤར་གྱི་གཞུང་ཐིག122°01′26″—121°16′31″དང་། བྱང་གི་འཕྲེད་ཐིག24°40′51″—25°18′11″བར་དུ་གནས་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ69.09དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ68.4ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2052.5923ཡོད།

2  སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཤིན་པེ་གྲོང་ཁྱེར་ཁོངས་སུ་ཆུས29ཡོད་པ་དག་ནི། པན་ཆའོ་ཆུས་དང་། ལིན་ཀྲི་ཆུས། ཞིན་ཏན་ཆུས། ཡུང་ཧོ་ཆུས། ཀྲུང་ཧོ་ཆུས། ཐུའུ་ཁྲེང་ཆུས། ཧྲུའུ་ལིན་ཆུས། སན་ཀྲུང་ཆུས། ཞིན་ཀྲོང་ཆུས། ལུའུ་ཀྲོའུ་ཆུས། རུའེ་ཧྥང་ཆུས། སན་ཞ་ཆུས། དབྱིན་ཀོ་ཆུས། ཏན་ཧྲུའེ་ཆུས། ཝན་ལི་ཆུས། ཅིན་ཧྲན་ཆུས། ཧྲེན་ཁེང་ཆུས། ཧྲི་ཏེན་ཆུས། ཕིན་ཞི་ཆུས། ཧྲུང་ཞི་ཆུས། ཀུང་ལའོ་ཆུས། ཕིན་ལིན་ཆུས། ཝུའུ་ལའེ་ཆུས། ཐའེ་ཧྲན་ཆུས། ལིན་ཀུའུ་ཆུས། ཝུའུ་ཀུའུ་ཆུས། པ་ལི་ཆུས།  སན་ཀྲི་ཆུས། ཧྲི་མོན་ཆུས་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཞིན་པེ་གྲོང་ཁྱེར་ནི་ཐའེ་ཝན་ཞིང་ཆེན་གྱི་བྱང་ཕྱོགས་སུ་ཆགས་ཡོད་པ་དང་། ནུབ་དང་ལྷོ་ནི་ཐའོ་ཡོན་གྲོང་ཁྱེར་དང་འབྲེལ་ཡོད། ཤར་ངོས་དབྱི་ལན་རྫོང་གི་འབྲེལ་མཚམས་དང་། བྱང་ཤར་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་དང་ཤར་མཚོ་དང་འབྲེལ་ཡོད། ནུབ་བྱང་ནས་ཐའེ་ཝན་མཚོ་འགག་དང་ཉེ་བ་ཡིན། དབུས་རྒྱུད་ནས་ཐའེ་པེ་གྲོང་ཁྱེར་ཡོངས་སུ་བསྐོར་ཡོད་པ་དང་། ཤར་བྱང་ནས་ཅི་ལུང་གྲོང་ཁྱེར་བསྐོར་ཡོད། གྲོང་ཁྱེར་ལྟེ་གནས་ཀྱི་གནས་ཡུལ་ནི་ཧྲི་ཏེན་ཆུས་ཧྲི་ཏེན་ཡིན་པ་དང་། ཤར་སྣེ་ནི་ཀུང་ལའོ་ཆུས་ཀྱི་ཐེན་ལའོ་དབྱང་གི་ལའེ་ལའེ་ཡིན། ནུབ་སྣེ་ནི་ལིན་ཁོའུ་ཆུས་ཀྱི་ཞའོ་ནན་ཝན་གྱི་ཞ་ཧྥུ་ཡིན། ལྷོ་སྣེ་ནི་ཝུའུ་ལའེ་ཆུས་ཀྱི་ལན་ཧྲན་ཡིན། བྱང་སྣེ་ནི་ཧྲི་མོན་ཆུས་ཀྱི་ཧྥུའུ་ཀུའེ་ཅའོ་ཡིན། ཤར་གྱི་གཞུང་ཐིག122°01′26″—121°16′31″དང་། བྱང་གི་འཕྲེད་ཐིག24°40′51″—25°18′11″བར་དུ་གནས་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ69.09དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ68.4ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2052.5923ཡོད།

3_2 ནམ་ཟླ།

ཤིན་པེ་གྲོང་ཁྱེར་གྱི་གནས་ཡུལ་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་། ལོ་ཧྲིལ་པོར་ཆར་ཆུ་འབབ་ཚད་མང་ཞིང་ཆ་སྙོམས་ཡིན་ལ། ཟླ་རེའི་ཆ་སྙོམས་དྲོད་ཚད་དམའ་ཤོས་ནི་ཟླ་དང་པོའི་དྲོད་ཚད་ཧྲེ་ཧྲི་ཏུའུ12.4ཡིན་པ་དང་། ཟླ་རེའི་ཆ་སྙོམས་དྲོད་ཚད་མཐོ་ཤོས་ནི་ཟླ་བདུན་པའི་དྲོད་ཚད་ཧྲེ་ཧྲི་ཏུའུ33.6ཡིན།

4 མི་འབོར།

ཤིན་པེ་གྲོང་ཁྱེར་ནི་ཐའེ་ཝན་ཡོངས་ཀྱི་མི་འབོར་ཆེས་མང་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པ་དང་། ཤིན་པེ་གྲོང་ཁྱེར་གྱི་གྲོང་མི80%ནི་དེ་སྔའི་ཐའེ་པེ་རྫོང་གི་རྫོང་རིམ་པའི་གྲོང་ཁྱེར་10ཡི་ནང་འདུས་སྡོད་བྱས་ཡོད་པ་དང་དེའི་རྒྱ་ཁྱོན་གྱིས་ཤིན་པེ་གྲོང་ཁྱེར་གྱི་དྲུག་ཆའི་གཅིག་ཟིན་གྱིན་ཡོད། 28.8%ཡི་ཤིན་པེ་གྲོང་ཁྱེར་གྱི་གྲོང་མི་ནི་ཐའེ་པེ་གྲོང་ཁྱེར་ནམ་ཡང་ན་ཀའོ་ཞུང་གྲོང་ཁྱེར་ནས་སྤོས་པ་རེད། ཤིན་པེ་གྲོང་ཁྱེར་དུ་ཕྱི་རྒྱལ་ནས་ཡིན་པའི་ལས་མི་ཁྲི5ཙམ་ཡོད། སྤྱི་ལོ2019ལོའི་ཟླ4པའི་ཚེས2ཉིན་བར། ཤིན་པེ་གྲོང་ཁྱེར་དུ་ཐེམ་ཐོའི་མི་འབོར་ཁྲི399དང9136ཡོད་པ་དང་མི864ཡིས་མི་འབོར་ཁྲི400ཡི་འགག་སྒོ་ཆེན་པོ་ལས་བརྒལ་གྲབས་ཡོད་པ་རེད།

5  སྤྱི་པའི་སྒྲིག་བཀོད།
5_1 ལུས་རྩལ་སྒྲིག་བཀོད།

པན་ཆའོ་ལུས་རྩལ་ཐང་།

ཐུའུ་ཁྲེང་ཕྱོགས་བསྡུས་ལུས་རྩལ་ཐང་།

ཤིན་ཀྲོང་ལུས་རྩལ་ཐང་གསར་པ(ཤིན་ཀྲོང་ཆུས་སུ་གནས་པ་དང་ཤིན་ཀྲོང་དབྱུག་རྩེད་སྤོ་ལོའི་ཐང་བཙུགས་ཡོད)

སན་ཁྲོང་ལུས་རྩལ་ཐང་།

ཧྲུའུ་ལིན་ལུས་རྩལ་ཐང་།

ཞིན་ཀྲོང་རྒྱལ་དམངས་ལས་འགུལ་ལྟེ་གནས། (སྤྱི་ལོ2012ལོའི་ཟླ12པའི་ཚེས29ཉིན་སྤྱོད་འགོ་ཚུགས )

ལུའུ་ཀྲོའུ་རྒྱལ་དམངས་ལས་འགུལ་ལྟེ་གནས། (སྤྱི་ལོ2014ལོའི་ཟླ་8ཚེས་31ཉིན་སྤྱོད་འགོ་ཚུགས་པ། )

ཐུའུ་ཁྲེང་རྒྱལ་དམངས་ལས་འགུལ་ལྟེ་གནས། (འཛུགས་སྐྲུན་བྱེད་བཞིན་པ)

ཞི་ཀྲི་རྒྱལ་དམངས་ལས་འགུལ་ལྟེ་གནས། (འཛུགས་སྐྲུན་བྱེད་བཞིན་པ)

ཏན་ཧྲུའེ་རྒྱལ་དམངས་ལས་འགུལ་གྱི་ལྟེ་གནས།(འཛུགས་སྐྲུན་བྱེད་བཞིན་པ)

ཀྲུང་ཧོ་རྒྱལ་དམངས་ལས་འགུལ་ལྟེ་གནས།(འཛུགས་སྐྲུན་བྱེད་བཞིན་པ)

5_2 ཞིན་པེ་ཞབས་ཕྱི་ལྟེ་གནས།

ཤིན་པེ་གྲོང་ཁྱེར་སྲིད་གཞུང་མཉམ་འབྲེལ་ཞབས་ཞུའི་ལྟེ་གནས།

ཆི་ཞིན་ཁུལ་གྱི་མཉམ་འབྲེལ་ཞབས་ཞུ་ལྟེ་གནས།

བྱང་གི་མཚོ་འགྲམ་ཁུལ་གྱི་མཉམ་འབྲེལ་ཞབས་ཞུ་ལྟེ་གནས།

ཝུན་ཧྲན་ཁུལ་མཉམ་འབྲེལ་ཞབས་ཞུ་ལྟེ་གནས།

5_3 རིག་སློབ་སྒྲིག་བཀོད།

ཐའེ་ཝན་དཔེ་མཛོད་ཁང་།

ཞིན་པེ་གྲོང་ཁྱེར་ཀྲུང་ཧོ་ས་ཁུལ་གྱི་ཞིང་ཚོགས་རིག་རྫས་ཁང་།

ཤིན་པེ་གྲོང་ཁྱེར་སློབ་མའི་མཛེས་རྩལ་ཁང་།

ཤིན་པེ་གྲོང་ཁྱེར་གྱིས་གྲོང་བཙུགས་དཔེ་མཛོད་ཁང་།

ཤིན་པེ་གྲོང་ཁྱེར་གྲོང་བཙུགས་སྒྱུ་རྩལ་རིག་གནས་ལྟེ་གནས།

ཧྲི་ཧྲང་གཏེར་རྫས་འགྱུར་རྡོའི་དངོས་མང་བཤམས་སྟོན་ཁང་།

ཧོང་ཀུའེ་ལི་དྲན་གསོ་ཁང་།

པན་ཆའོ་ནུས་མང་རིག་སློབ་ཁང་།

པན་ཆའོ435སྒྱུ་རྩལ་རིག་གནས་དམིགས་བསལ་ས་ཁུལ།

སན་ཚུན་ཅིན་ལེན་རིག་དངོས་ཁང་།

ཤིན་པེ་གྲོང་ཁྱེར་གྲོང་བཙུགས་ཤིན་ཀྲོང་རིག་གནས་སྒྱུ་རྩལ་ལྟེ་གནས།

ཀྲུང་ཧྭའི་རྒྱན་གོས་རིག་གནས་ལྟེ་གནས།

ཧྥུ་རེན་སློབ་ཆེན་ཀྲུང་གོའི་གནམ་བདག་ཆོས་ལུགས་རིག་དངོས་ཁང་།

ཧྥུ་རེན་སློབ་ཆེན་གྱི་ལོ་རྒྱུས་ཁང་།

ཞིན་པེ་གྲོང་ཁྱེར་གྲོང་བཙུགས་བཅུ་གསུམ་དངོས་མང་བཤམས་སྟོན་ཁང་།

ཐའེ་ཝན་དམངས་ཁྲོད་རིག་གནས་ཁང་།

ཤིན་པེ་གྲོང་ཁྱེར་གྱི་ཏན་ཧྲུའེ་གནའ་ཤུལ་རྟེན་རྫས་བཤམས་མཛོད་ཁང་།

ལི་ཐེན་ལུའུ་རས་ཁུག་ཟློས་གར་རིག་དངོས་ཁང་།

ཀྲུའུ་མིང་མཛེས་རྩལ་ཁང་།

གསེར་གཏེར་རྟེན་རྫས་བཤམས་མཛོད་ཁང་།

ཤིན་པེ་གྲོང་ཁྱེར་གྲོང་བཙུགས་རྟེན་རྫས་བཤམས་མཛོད་ཁང་།

ཅུའུ་ཧྥུན་ཧྥུན་ཀྲིན་རྟེན་རྫས་བཤམས་མཛོད་ཁང་།

ཧྭ་ཧྥུན་དངོས་རྫས་ཁང་།

ཐའེ་ཝན་སོལ་གཏེར་དངོས་མང་བཤམས་སྟོན་ཁང་།

ཆིན་ཐུང་གཏེར་ལས་འཚོ་བའི་ཁང་།

ཕིང་ལིན་ཇ་ལས་དངོས་མང་བཤམས་སྟོན་ཁང་།

ཝུའུ་ལའེ་ཐའེ་ཡ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་།

ཤིན་པེ་གྲོང་ཁྱེར་གྲོང་བཙུགས་ཝུའུ་ལའེ་སློབ་གྲྭ་འབྲིང་ཆུང་གི་གྲངས་ཉུང་མི་རིགས་ཀྱི་རིག་དངོས་ཁང་།

འཛམ་གླིང་ཆོས་ལུགས་དངོས་མང་བཤམས་སྟོན་ཁང་།

ཐའེ་ཝན་ཆིང་ཧྭ་རྡོ་དེམ་སྒྱུ་རྩལ་ལྟེ་གནས།

ཤིན་པེ་གྲོང་བཙུགས་དབྱི་ཀོ་རྫ་ཆས་རྟེན་རྫས་བཤམས་མཛོད་ཁང་།

ལི་མའེ་ཧྲུའུ་དྲན་གསོ་ཁང་།

ཤིན་པེ་གྲོང་ཁྱེར་གྱི་མགྲོན་པོའི་རིག་གནས་གླིང་ཁུལ།

འགག་གསུམ་ཁུལ་གྱི་ལོ་རྒྱུས་རིག་དངོས་ཁང་།

དགེ་རྒན་ཆེ་མོ་བ་ལི་མའེ་ཧྲུའུ་ཡི་རྗེས་དྲན་གླིང་ཁུལ།།

ཐའེ་ཝན་གློག་ཤུགས་ཀུང་སིའི་ཉིང་རྡུལ་བཟོ་གྲྭ་གཉིས་པའི་བྱང་རྒྱུད་འགྲེམས་སྟོན་ཁང་།

ཐའེ་ཝན་མིང་ཡའོ་སྣོད་བཅུད་སློབ་ཁྲིད་གླིང་ཁུལ།

ཐའེ་པེ་ཧོའེ་ཅུའུ་རྟེན་རྫས་བཤམས་མཛོད་ཁང་།

ཐའེ་ཝན་ཅའོ་ཀྲེ་ཐའོ་སྒྱུ་རྩལ་རིག་དངོས་ཁང་།

ཁྲེན་ཧྥེང་ཤན་ཧའོ་མང་བརྐོས་དཀྲོལ་ཁང་།

རྒྱལ་ཁབ་ལོ་རྒྱུས་ཁང་།

མེ་ཡ་ཧྲིའི་འབུར་བརྐོས་མཛེས་རྩལ་ཁང་།

གོང་མའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་།

ཏན་ཅང་སློབ་ཆེན་རྩོམ་རིག་སྒྱུ་རྩལ་ལྟེ་གནས།

ཏན་ཅང་སློབ་ཆེན་མཚོ་དོན་རྟེན་རྫས་བཤམས་མཛོད་ཁང་།

5_4 ​སྤྱི་ཚོགས་ཕན་བདེའི་སྒྲིག་བཀོད།

ཞིན་པེ་གྲོང་བཙུགས་བྱམས་བརྩེའི་ཁྱིམ་གཞིས།

ཤིན་པེ་གྲོང་བཙུགས་ལི་པ་ལིའི་གཅེས་སེམས་སློབ་སྐྱོང་ཁང་།

ཤིན་པེ་གྲོང་བཙུགས་པུར་ཁང་།

5_5 འགྲིམ་འགྲུལ་དོ་དམ་སྒྲིག་གཞི།

ཐའེ་པེ་ཁུལ་ལྟ་སྐུལ་དོ་དམ་ཁང་།

པན་ཆའོ་ལྟ་སྐུལ་དོ་དམ་ས་ཚིགས།

ལུའུ་ཀྲོའུ་ལྟ་སྐུལ་དོ་དམ་ས་ཚིགས།

5_6 ཁྲིམས་འཛིན་ལས་ཁུངས།

ཐའེ་ཝན་ཞིན་པེ་ས་གནས་ཁྲིམས་ཁང་།

ཐའེ་ཝན་ཞིན་པེ་ས་གནས་ཁྲིམས་ཁང་པན་ཆའོ་སྟབས་བདེའི་ཁྲིམ་ཁང་།

ཐའེ་ཝན་ཞིན་པེ་ས་གནས་ཁྲིམས་ཁང་སན་ཁྲོང་སྟབས་བདེའི་ཁྲིམས་ཁང།

ཁྲིམས་དོན་པུའུ་ཡོ་བསྲང་ཀྲིན་ཧྲུའུ་ཐའེ་པེ་ལྟ་རྟོག་ཁང་།

ཁྲིམས་དོན་པུའུ་ཡོ་བསྲང་ཀྲིན་ཧྲུའུ་ཐའེ་པེ་བུད་མེད་ལྟ་རྟོག་ཁང་།

ཁྲིམས་དོན་པུའུ་ཡོ་བསྲང་ཀྲིན་ཧྲུའུ་ཐའེ་པེ་གཞོན་ནུ་ལྟ་རྟོག་ཁང་།

བློ་གྲོས་རྒྱུ་ནོར་ཁྲིམས་ཁང་།

ཁྲིམས་དོན་པུའུ་སྲིད་འཛིན་ལག་བསྟར་ཧྲུའུ་ཞིན་པེ་ཡན་ལག་ཧྲུའུ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཐའེ་ཝན། ས་ཁོངས། གྲོང་ཁྱེར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-26

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།