ཁྲེན་ཁྲང་ཀེང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲེན་ཁྲང་ཀེང་།
ཁྲེན་ཁྲང་ཀེང་ནི་སྤྱི་ལོ1930ལོར་ཧྲང་ཧའེ་གྲོང་ཁྱེར་ནས་སྐྱེས་ཤིང་ཧྲང་ཧའེ་དགེ་ཐོན་སློབ་ཆེན་སྐྱེ་དངོས་ལག་རྩལ་ཚན་ཁག་གི་དགེ་རྒན་ཆེན་མོ་བཅས་ཡིན། སྤྱི་ལོ1953ལོར་ཧྥུ་ཏན་སློབ་གྲྭ་ཆེན་མོའི་སྐྱེ་དངོས་ཚན་ཁག་ནས་སློབ་མཐར་ཕྱིན། སྤྱི་ལོ1954ལོ་ནས་སྤྱི་ལོ1956ལོའི་བར་ཧྥུ་ཏན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་འཛིན་གྲྭར་རྩི་ཤིང་སྐྱེ་ལུགས་སྦྱངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陈长庚
སྐྱེས་ཡུལ།
ཧྲང་ཧའེ་གྲོང་ཁྱེར།
སྐྱེས་དུས།
སྤྱི་ལོ1930ལོ།
ལས་རིགས།
ཧྲང་ཧའེ་དགེ་ཐོན་སློབ་ཆེན་སྐྱེ་དངོས་ལག་རྩལ་ཚན་ཁག་གི་དགེ་རྒན།
མི་རིགས།
རྒྱ་རིགས།
རྒྱལ་ཁོངས
ཀྲུང་གོ
1 ​མི་སྣའི་ལོ་རྒྱུས།

དེ་སྔ་ཨན་ཧུའེ་ཞིང་ལས་སློབ་གླིང་གི་རྩི་ཤིང་སྐྱེ་ལུགས་སློབ་དཔྱོད་ཚོགས་ཆུང་གི་ཀྲུའུ་རེན་དང་། ཨན་ཧུའེ་ཞིང་ལས་ཚན་རིག་ཁང་ཐོན་ཁུངས་རྩི་ཤིང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། ཀྲུང་གོ་རྩི་ཤིང་སྐྱེ་ལུགས་སློབ་ཚོགས་ཨན་ཧུའེ་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་དང་། ཧྲང་ཧའེ་ཡན་ཧོ་ཡན་ཀའོ་ལག་རྩལ་གསར་སྤེལ་ཁུལ་རྫས་འགྱུར་གྲོང་ཁྱེར་ཞིབ་འཇུག་ཁང་གི་སུའོ་ཀྲང་བཅས་ཀྱི་འགན་བཞེས་མྱོང་ཡོད་ལ། ད་ལྟ་ཧྲང་ཧའེ་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་དང་། ཧྥུའུ་ཏན་སློབ་ཆེན་གྱི་ཀྲུང་གོའི་གྲོང་གསེབ་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། ཧོ་ཧྥེའི་སྐྱེ་དངོས་ལག་རྩལ་བཀོལ་སྤྱོད་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་བཅས་ཡིན། ལོ40ཡི་རིང་ཞིང་ནགས་དང་ཇ་འབུ། ཞིང་ལས་སྐྱེ་དངོས་ཐད་ཀྱི་ཚན་རྩལ་སློབ་ཁྲིད་དང་དོ་དམ་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད།

2 ཞིབ་འཇུག

སྤྱི་ལོ1959ལོར་རྒྱལ་ནང་དུ་ཐོག་མར་ཇ་སྡོང་གི་དབུགས་ཁུང་སྐྱེ་ལུགས་ལ་ཞིབ་འཇུག་བྱས།

སྤྱི་ལོ1963ལོར་རྒྱལ་ནང་གི་ཇ་སྡོང་གི་དབུགས་ཁུང་སྐྱེ་ལུགས་ཞིབ་འཇུག་དཔྱད་རྩོམ་དང་པོ་སྤེལ་ནས་རྒྱལ་ནང་གི་ཇ་སྡོང་སྐྱེ་ལུགས་ལ་ཞིབ་འཇུག་བྱེད་པར་སྐུལ་འདེད་བཏང་།

སྤྱི་ལོ1980ལོ་ནས་བཟུང་བསང་སྡོང་གི་དབུགས་ཁུང་མ་ལག་ལ་ཞིབ་འཇུག་བྱས་ཏེ། སྨན་རིགས་གཉིས་ཡན་གྱིས་མཉམ་དུ་དབུགས་ཁུང་ཁ་ཟུམ་དུ་འཇུག་པའི་ལྟ་ཚུལ་གསར་བ་བཏོན་ནས། སང་ཡེ་སྲུང་སྐྱོབ་ཕྲ་ཕུང་གིས་ཅཱ་གྱེས་རྡུལ་དང་ཕྲ་ཕུང་ནུས་ཁུངས་བསྡུ་ལེན་བྱེད་པའི་འབྲེལ་བ་དམ་པོ་གསལ་སྟོན་བྱས།

3 གྲུབ་འབྲས། 

སྤྱི་ལོ1985ལོར་རིགས་གསར་བའི་རྩི་ཤིང་གི་སྐྱེ་འཚར་སྙོམས་སྒྲིག་བྱེད་རྫས་ཀྱི་གནས་མཐུན་རྒྱུTRIAཞིབ་འཇུག་བྱ་གཞི་གཙོ་སྐྱོང་བྱས་ཏེ། TRIAཡིས་རྩི་ཤིང་གི་རིགས་མང་ཆེ་བར་སྐྱེ་ཁམས་ཀྱི་ཕན་ནུས་ལྡན་པ་མ་ཟད། སྐྱེ་དངོས་ཀྱི་རིགས་གཞན་ལའང་སྐྱེ་ཁམས་ཀྱི་ཕན་ནུས་ལྡན་པ་དང་། TRIAབཀོལ་སྤྱོད་ཞིབ་འཇུག་ལ་ཁ་ཕྱོགས་གསར་པ་ཞིག་བཏོད་པས། ཤུགས་རྐྱེན་གཏིང་ཟབ་པ་དང་། TRIAབཀོལ་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པའི་གདེང་འཇོག་ཚད་མཐོན་པོ་ཐོབ། རྒྱལ་ནང་དུ་དང་ཐོགTRIAལག་རྩལ་དེ་དར་འབུ་གསོ་བ་དང་ཟས་སྣོན་རྒྱག་པ་དང་གྲོའི་ཚ་རླུང་འགོག་པའི་ཐད་སྤྱད་དེ་ཨན་ཧུའེ་དང་། ཧོ་པེ། ཧྲན་ཤིས་སོགས་ས་ཁུལ་ལ་དཔལ་འབྱོར་ཕན་འབྲས་སྒོར་བྱེ་བ་ཁ་ཤས་བཏོད་དེ་ཧོ་པེ་དང་། ཧྲན་ཤིས། ཨན་ཧུའེ་སོགས་ས་ཁུལ་གྱི་ཚན་རྩལ་གྲུབ་འབྲས་བྱ་དགའ་ཁག་ལྔ་ཐོབ་པ་དང་། ཀྲུང་གོའི་རྩི་ཤིང་སློབ་ཚོགས་དང་ཨན་ཧུའེ་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-27

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།