ལུང་ཨན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་ཨན་རྫོང་།
ལུང་ཨན་རྫོང་ནི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་གཙང་པོའི་གཡས་སྨད་རྒྱུད་ཀྱི་ངོགས་གཉིས་སུ་ཆགས་ཡོད། ཤར་ཕྱོགས་ཀྱི་གཞུང་ཐིག107°21′~108°6′བར་དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག22°51′~23°21′བར་དུ་གནས་ཡོད། བྱང་དུ་པའེ་སེ་གྲོང་ཁྱེར་ཕིང་ཀུའོ་གྲོང་ཁྱེར་དང་འབྲེལ་ཞིང་། ནུབ་དང་ནུབ་ལྷོ་རུ་ལེན་ཁྲུང་ཙུའོ་གྲོང་ཁྱེར་ཐེན་ཏིན་རྫོང་དང་། ཏ་ཞིན་རྫོང་། ཅང་ཀྲོའུ་ཆུས། ཧྥུ་སུའེ་རྫོང་དང་འབྲེལ། ཤར་ལྷོ་གྲོང་ཁྱེར་དེའི་ཞི་ཞང་ཐང་ཆུས་དང་འབྲེལ་ལ། བྱང་ཤར་གྲོང་ཁྱེར་དེའི་ཝུའུ་མིང་ཆུས་དང་འབྲེལ་ཡོད། རྫོང་ཁོངས་ཤར་ནུབ་ཀྱི་བར་ཐག་རིང་ཤོས་སྟོང་སྨི77ཡོད། ལྷོ་བྱང་གི་གཞུང་ཐག་རིང་ཤོས་སྟོང་སྨི56ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2277ཡོད། ལུང་ཨན་རྫོང་ནི་ལྷོ་ཁུལ་གྱི་ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ལ། ཚ་བ་ཆེ་ལ་ཆར་ཆུ་མང་ཞིང་། དགུན་ཐུང་ཞིང་དབྱར་རིང་། སྤྱི་ལོ2018ལོའི་བར་དུ་ལུང་ཨན་རྫོང་ཁོངས་ཀྱི་གྲོང་རྡལ6དང་ཡུལ་ཚོ4ཡོད། ཁྲེང་ཁང་གྲོང་རྡལ་དུ་རྫོང་མི་དམངས་སྲིད་གཞུང་ཡོད། ལུང་ཨན་རྫོང་ནི་ལྷོ་ནུབ་ཆེན་པོའི་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ་བཅས་ཀྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན། སྤྱི་ལོ2018ལོའི་བར་དུ་ལུང་ཨན་རྫོང་གི་མི་འབོར་བསྡོམས་འབོར་ཁྲི41.94ཡོད། ཀྲོང་རིགས་དང་། རྒྱ་རིགས། མིའོ་རིགས། ཡའོ་རིགས་སོགས་མི་རིགས13ཡོད། ཆིན་རྒྱལ་རབས་དུས་སུ(སྤྱི་ལོ་སྔོན་གྱི214ལོ་ནས་སྤྱི་ལོ206ལོའི་བར)ཞིང་ཅུན་ས་ཁུལ་གྱི་ཁོངས་སུ་གཏོགས། ཐང་ཝུའུ་ཏེ་ཁྲི་ལོ་ལྔ་པར(སྤྱི་ལོ622ལོ)ཡིན། ཞོན་ཧྭ་རྫོང་ནས་ལང་ཉིང་རྫོང་ལོགས་སུ་འཛུགས་སྐབས། ལང་ཉིང་ས་ཁུལ་ཡིན་ལ། ཡུས་ཀྲོའུ་རུ་གཏོགས། མིང་ཅ་ཅིང་ཁྲི་ལོ་བཅུ་གཉིས་པའི(སྤྱི་ལོ1533ལོ)ཟླ་བཞི་པར་ལུང་ཨན་རྫོང་བཙུགས། ནན་ཉིང་སྲིད་གཞུང་གི་མངའ་འོག་ཏུ་གཏོགས། སྤྱི་ལོ1958ལོའི་ཟླ12པར་ལུང་ཨན་རྫོང་དང་ཝུའུ་མིང་རྫོང་གཉིས་ཟླ་སྒྲིལ་བཏང་ནས་མིང་ལ་ཝུའུ་ལུང་རྫོང་ཟེར། སྤྱི་ལོ1959ལོའི་ཟླ5པའི་ཚེས10ཉིན་ལུང་ཨན་རྫོང་གི་སྒྲིག་གཞི་སླར་གསོ་བྱས། སྤྱི་ལོ2017ལོར་ལུང་ཨན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར73.18ཟིན་པ་དེ་ལོ་སྔོན་མ་ལས6.6%འཕར་ཡོད། ཐོན་ལས་གསུམ་པའི་ཁྲོད་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.95ཟིན་པ་དེ་ལོ་སྔོན་མ་ལས4.1%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར19.77ཟིན་པ་དེ་ལོ་སྔོན་མ་ལས6.9%འཕར་བའི་ནང་དུ་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར10.62ཟིན་པ་དེ་ལོ་སྔོན་མ་ལས9.0%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར25.46ཟིན་པ་དེ་ལོ་སྔོན་མ་ལས9.2%འཕར་ཡོད། སྤྱི་ལོ2019ལོའི་ཟླ1པའི་ཚེས25ཉིན་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས“དུས་བདེའི་ཞིང་འཕྲུལ”གྱི་དཔེ་སྟོན་རྫོང་དུ་བདམས། སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དབྱེ་འབྱེད་རྫོང་གི་མིང་ཐོར་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
隆安县
ཕྱི་ཡིག་གི་མིང་།
Long'an County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར།
མངའ་ཁོངས།
ཡུལ་ཚོ4དང་གྲོང་རྡལ6ཡོད།
སྲིད་གཞུང་གནས་ཡུལ།
ཁྲེང་ཞིང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0771
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2277ཡོད།
མི་འབོར།
ཁྲི41.94ཡོད།(སྤྱི་ལོ2018ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཀུའེA桂A
སྲིད་འཛིན་ཚབ་ཨང་།
450123
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར73.18ཡོད། (སྤྱི་ལོ2017ལོ)
1 ​ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཧྥུ་ཏའོ་རུ་བསྒྱུར། ནན་ཉིང་ཏའོ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་བཅུ་དགུ་པར(སྤྱི་ལོ1930ལོ)པིན་དབྱང་རྨིན་ཐོན་ཆུས་ཀྱི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོ)ནན་ཉིན་མིང་ཐོན་ཆུས་ཀྱི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་ཉེར་གསུམ་པར་ནན་ཉིང་སྲིད་འཛིན་ལྟ་ཞིབ་ཁུལ་གྱི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་ཉེར་དགུ་པར(སྤྱི་ལོ1940ལོ)སྲིད་འཛིན་ལྟ་ཞིབ་ཁུལ་དགུ་པའི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་སོ་གཅིག་པར(སྤྱི་ལོ1942ལོ)ཆུས་བཞི་པར་གཏོགས། མིན་གོ་སྲིད་ལོ་སུམ་ཅུ་སོ་བདུན་པར(སྤྱི་ལོ1948ལོ)ཆུས་བཅུ་གཅིག་པའི(ཝུའུ་མིན)སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་སྔར་བཞིན་ལུང་ཨན་རྫོང་དུ་གཏོགས།

སྤྱི་ལོ1949ལོའི་ཟླ12པར་ལུང་ཨན་བཅིངས་འགྲོལ་གཏོང་སྐབས་ཙུའོ་ཅང་མི་དམངས་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། ཟླ12པའི་ཟླ་སྨད་དུ་ལུང་ཀྲོའུ་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1950ལོའི་ཟླ1པོར་ཝུའུ་མིང་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1951ལོའི་ཟླ1པོའི་ཚེས25ཉིན། སྲིད་དོན་སྤྱི་ཁྱབ་ཁང་གིས་ཝུའུ་མིང་ཀྲོན་ཆུས་མེད་པར་བཟོས་ཤིང་། ལུང་ཨན་རྫོང་ལུང་ཀྲོའུ་ཀྲོན་ཆུས་ཀྱི་ཁོངས་སུ་བཞག ཟླ10པའི་ཚེས19ཉིན་ཞིང་ཆེན་སྲིད་གཞུང་གི་ཚོགས་འདུ་ཐེངས48པའི་ཐོག་གྲོས་འཆམ་བྱུང་། ལུང་ཀྲོའུ་ཀྲོན་ཆུས་དེ་ཁྲུང་ཙུའོ་ཀྲོན་ཆུས་སུ་བསྒྱུར། ལུང་ཨན་རྫོང་ནི་ཁྲུང་ཙུའོ་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ8པར་དབྱིན་ཉིང་ཀྲོན་ཆུས་སུ་གཏོགས། ཟླ12པར། ཀུའེ་ཞི་ཀྲོང་རིགས་རང་སྐྱོང་ལྗོངས(སྤྱི་ལོ1956ལོའི་ཟླ3པར་ཀུའེ་ཞི་ཀྲོང་རིགས་རང་སྐྱོང་ཁུལ་དུ་བསྒྱུར)བཙུགས་པ་དང་། ལུང་ཨན་རྫོང་གི་ཁོངས་གཏོགས་ཡིན།

སྤྱི་ལོ1958ལོའི་ཟླ1པོར་དབྱིན་ཉིང་ཀྲོན་ཆུས་སུ་གཏོགས། ཟླ11པར། དབྱིན་ཉིང་ཀྲོན་ཆུས་ཀྱི་མིང་ནན་ཉིང་ཀྲོན་ཆུས་ཞེས་པར་བསྒྱུར། (སྤྱི་ལོ1970ལོར་ནན་ཉིང་ས་ཁུལ་ཞེས་པར་བསྒྱུར)ལུང་ཨན་རྫོང་སྔར་བཞིན་དེའི་ཁོངས་སུ་གཏོགས།

སྤྱི་ལོ1958ལོའི་ཟླ12པར་ལུང་ཨན་རྫོང་དང་ཝུའུ་མིང་རྫོང་ཟླ་སྒྲིལ་བཏང་ནས་ཝུའུ་ལུང་རྫོང་ཞེས་འབོད།

སྤྱི་ལོ1959ལོའི་ཟླ5པའི་ཚེས10ཉིན་ལུང་ཨན་རྫོང་གི་སྒྲིག་གཞི་སླར་གསོ་བྱས།

2 སྲིད་འཛིན་ཁུལ་དབྱེ།
2_1 ཁུལ་དབྱེའི་འཕེལ་རིམ།

སྤྱི་ལོ1950ལོའི་ཟླ2པའི་ཚེས5ཉིན། ལུང་ཨན་རྫོང་དུ་ཆུས4དང་ཡུལ་ཚོ17བཙུགས།

སྤྱི་ལོ1952ལོའི་ཟླ8པའི་ཚེས18ཉིན། ལུང་ཨན་རྫོང་གིས་སྔར་གྱི་ཆུས5དང་ཡུལ་ཚོ17དེ་ཡུལ་ཚོ81ལ་བགོས།

སྤྱི་ལོ1953ལོའི་ཟླ2པར་ལུང་ཨན་རྫོང་ཆུས6དང་ཡུལ་ཚོ68ལ་དབྱེ་ཡོད། དེའི་ནང་དུ་ཆུས་གསུམ་པའི་ལེན་མཱ་དང་པའོ་ཝན། ཆུས་བཞི་པའི་ཏེན་ཏང་། ཅན་ཨན། ཆའོ་ལེན། ཀུའུ་དབྱང་། ཏིན་ཧྭ། དབྱིན་མིན་སོགས་ཡུལ་ཚོ་བརྒྱད་དུ་བགོས། ཆུས་དྲུག་པ་གསར་འཛུགས་བྱས་ཤིང་། ཆུས་མི་དམངས་སྲིད་གཞུང་ཏེན་ཏང་ཞུས་སུ་བཙུགས། ཟླ4པར་ཀྲེན་ཏུའུ་རྫོང་གི་ཆུས་བཅུ་གཅིག་པ(ཏུའུ་ཅི)དེ་ལུང་ཨན་རྫོང་གི་ཁོངས་སུ་དབྱེ་ནས་ཆུས་བདུན་པ་བྱས། དེའི་ཁོངས་སུ་ཡོན་རེན་ཅེ་དང་། སན་ལེ། ཨའེ་ཧྭ། ཏེང་ཤིན། ལིན་ལི། ཐུང་ལེ། ལི་མིང་། ལིའུ་ཆི། ཤིན་མིན། ཕུའུ་ཆོན། ཡུས་ཏུང་། ཤིན་ལུང་། ཅི་ལུང་། ལུའུ་ལེན། ཀུའུ་ལི། རུང་ཕེང་། ཕིང་དབྱང་སོགས་ཡུལ་ཚོ17ཡོད་པ་དང་ཆུས་བདུན་པའི་མི་དམངས་སྲིད་གཞུང་ཏུའུ་ཅེ་ཞུས་སུ་བཙུགས།

སྤྱི་ལོ1955ལོའི་ཟླ4པའི་ཚེས21ཉིན། ཆུས་བདུན་པའི་མི་དམངས་སྲིད་གཞུང་ཆུས་ཀུང་སུའོ་ཞེས་པར་བསྒྱུར། ཚེས27ཉིན། ཆུས་བརྒྱད་པ་ཁ་སྣོན་བྱས་ཏེ། ཆུས་དང་པོའི་ཝན་ལང་དང་སི་ཞིན། ཞིན་རུན། ཡོན་ཀྲེང་། ཆུས་གཉིས་པའི་པའེ་ཁྲའོ་དང་ལུང་ཝན། ཞི་ཨན། ཆུས་བདུན་པའི་སན་ལེ་དང་ཨའེ་ཧྭ། ཞིན་ལུང་སོགས་ཡུལ་ཚོ10དེའི་མངའ་འོག་ཏུ་གཏོགས། ཆུས་བརྒྱད་པའི་ཀུང་སུའོ་པེ་ཁྲའོ་ཞུས་སུ་བཙུགས།

སྤྱི་ལོ1958ལོའི་ཟླ2པའི་ཚེས10ཉིན། ཆུས་ཕྱིར་འཐེན་བྱས་ནས་ཡུལ་ཚོ་ཟླ་སྒྲིལ་བྱས། རྫོང་ཡོངས་སུ་ཡུལ་ཚོ84ནས་ཡུལ་ཚོ24(ནན་ཞུས་དང་། ཁྲེང་ཞིང་། ཚེན་ཨའོ། ཏ་ཐུང་། ཀྲེན་ཏུང་། ཡན་ཅང་། ན་ཐུང་། ན་ཁྲུང་། ཀུའུ་ཐན། ཞའོ་ལིན། རྨིན་དབྱང་། ཆའོ་ཅན། པན་ལུའོ། ཅིའུ་ཅ། ཏིན་ཏང་། པའེ་མ། ཆའོ་ལེན། ཏུའུ་ཅེ། ལུའུ་ལུང་། ཅི་ལུང་། ཐུང་ལེ། དབྱང་ཝན། ལན་ལུང་། ཁྲུའུ་ཀྲེང)རུ་ཟླ་སྒྲིལ་བཏང་། ཟླ9པའི་ཚེས4ཉིན། ཡུལ་ཚོ24དེ་ཡུལ་ཚོ9(ཁྲེང་ཞིང་དང་ནན་ཞུས། ཡན་ཅང་། ན་ཐུང་། ཞའོ་ལིན། ཆའོ་ཅན། ཏིང་ཏང་། ཏུའུ་ཅེ། དབྱང་ཝན)རུ་ཟླ་སྒྲིལ་བྱས། ཚེས17ཉིན། ཡུལ་ཚོ9ནས་ཡུལ་ཚོ5(ནན་ཞུས་དང་ཆའོ་ཅན། ཞའོ་ལིན། ཡན་ཅང་། ཏུའུ་ཅིན)རུ་ཟླ་སྒྲིལ་བཏང་། ཟླ་དེའི་ཚེས20ཉིན། རྫོང་ཡོངས་སུ་དེ་སྔའི་ཡུལ་ཚོ5དང་མཐོ་རིམ་ཞིང་ལས་ཐོན་སྐྱེད་མཉམ་ལས་ཁང190ཡི་རྨང་གཞིའི་ཐོག་མི་དམངས་ཀུང་ཧྲེ5བཙུགས་ལ། སྲིད་ཧྲེ་གཅིག་གྱུར་བྱས། ཧོང་ཆུས་མི་དམངས་ཀུང་ཧྲེ་ཡི་དོ་དམ་ཨུ་ཡོན་ལྷན་ཁང་ནན་ཞུས་སུ་བཙུགས། ཧོང་ཟི་མི་དམངས་ཀུང་ཧྲེ་ཡི་དོ་དམ་ཨུ་ཡོན་ལྷན་ཁང་ཡན་ཅང་ཞུས་སུ་བཙུགས། ཏུང་ཧྥེང་མི་དམངས་ཀུང་ཧྲེ་ཡི་དོ་དམ་ཨུ་ཡོན་ལྷན་ཁང་ཆའོ་ཅན་ཞུས་སུ་བཙུགས། ཞན་ཧྥེང་མི་དམངས་ཀུང་ཧྲེ་ཡི་དོ་དམ་ཨུ་ཡོན་ལྷན་ཁང་ཞའོ་ལིན་ཞུས་སུ་བཙུགས། ཝེ་ཞིན་མི་དམངས་ཀུང་ཧྲེ་ཡི་དོ་དམ་ཨུ་ཡོན་ལྷན་ཁང་ཏུའུ་ཅེ་ཞུས་སུ་བཙུགས།

སྤྱི་ལོ1960ལོའི་ཟླ1པར། རྫོང་ཡོངས་ཀྱི་ཀུང་ཧྲེ15དེ་ཀུང་ཧྲེ11ཏུ་ཟླ་སྒྲིལ་བཏང་། སྤྱི་ལོ1961ལོའི་ཟླ6པར་ཀུང་ཧྲེ11ནས་ཁྲེང་ཞིང་དང་། ནན་ཞུས། ཏ་ཐུང་། པའེ་ཝང་། ཡན་ཅང་། ན་ཐུང་། ན་ཀྲུང་། ཞའོ་ལིན། རྨིན་དབྱང་། ཆའོ་ཅན། པན་ལུའོ། ཀུའུ་ཐན། ཏིང་ཏང་། པའེ་མ། ཏུའུ་ཅེ། ཐུང་ལེ། པུའུ་ཆོན། ཕིང་ཧྲན་བཅས་ཀུང་ཧྲེ18ལ་བགོས། སྤྱི་ལོ1962ལོའི་ཟླ3པའི་ཚེས24ཉིན། ལུའུ་ལུང་དང་ལུང་ཧུའེ་ཀུང་ཧྲེ་གཉིས་གསར་དུ་བཙུགས།

སྤྱི་ལོ1980ལོའི་ཟླ1པའི་ཚེས2ཉིན། རྫོང་ཡོངས་སུ་རུ་ཆེན20གསར་འཛུགས་བྱས། ཟླ4པའི་ཚེས16ཉིན། ཁྲེང་ཞིང་གྲོང་རྡལ(ཀུང་ཧྲེའི་རིམ་པ)བཙུགས། ཁྲེང་ཞིང་རུ་ཆེན་གྱི་མངའ་འོག་ཏུ་གཏོགས། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཁོངས་སུ་ཀུང་ཧྲེ10དང་། གྲོང་རྡལ1 ཐོན་སྐྱེད་རུ་ཆེན128 ཐོན་སྐྱེད་རུ་ཁག2234བཅས་གཏོགས་ཡོད།

སྤྱི་ལོ1984ལོའི་ཟླ9པར་སྒྲིག་གཞི་བཅོས་བསྒྱུར་བྱས་པ་དང་། སྲིད་གཞུང་དང་སྤྱི་ཚོགས་སོ་སོར་བགོས། རྫོང་ཡོངས་སུ་ཀུང་ཧྲེ10དང་གྲོང་རྡལ1 ཡུལ་ཚོ9 གྲོང་རྡལ4ལ་བསྒྱུར། ཐོན་སྐྱེད་རུ་ཆེན128ཡོངས་རྫོགས་གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་དུ་བསྒྱུར། ཐོན་སྐྱེད་རུ་ཁག2469གྲོང་ཚོ(གྲོང་མི)ཚོགས་ཆུང2442རུ་བགོས། མི་དམངས་ཀུང་ཧྲེའི་མ་དཔེ་མེད་པར་བཟོས།

སྤྱི་ལོ2002ལོའི་ཟླ7པའི་ཚེས22ཉིན་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཞའོ་ལིན་ཡུལ་ཚོ་དང་ཁྲེང་ཁང་གྲོང་རྡལ་གཉིས་ཁྲེང་ཁང་གྲོང་རྡལ་དུ་ཟླ་སྒྲིལ་གཏོང་རྒྱུར་མོས་མཐུན་བྱས། དེ་སྔའི་ཞའོ་ལིན་ཡུལ་ཚོ་དང་ཁྲེང་ཁང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ཚང་མ་ཁྲེང་ཁང་གྲོང་རྡལ་གྱི་དོ་དམ་བྱེད་ཁོངས་སུ་བཅུག

སྤྱི་ལོ2005ལོའི་ཟླ6པའི་ཚེས25ཉིན།《ནན་ཉིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་འཛིན་ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱེད་པའི་སྐོར་གྱི་བརྡ་ཐོ》བཏང་ནས། མིན་དབྱང་ཡུལ་ཚོ་ཡི་སྒྲིག་གཞི་མེད་པར་བཟོས་ཏེ། ཁྲེང་ཞིང་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བདག་སྐྱོང་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ལེགས་སྒྲིག་བྱས་རྗེས་ཀྱི་ཁྲེང་ཁང་གྲོང་རྡལ་གྱི་བདག་ཁོངས་པའོ་ཐ་དང་། ན་ཁོ། ཀྲེན་ཏུང་། ཞི་ཉིན། སི་ཞིན། ཞའོ་ལིན། ཏ་ལིན། ཝང་ཀྲུང་། ཏུང་ཨན། ཏུང་ཞིན། ལིང་ཞིན། ལིང་དབྱི། ལིང་ཨན། ལིང་ཨན་སོགས་གྲོང་ཚོ14དང་། ཞིན་ཞིང་། གོ་ཐའེ། ཅིན་ཁྲེང་། ཁྲེང་ནན། ཞིན་དབྱང་སོགས་སྤྱི་ཁུལ5ལ་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ377ཟིན་ཡོད། མི་འབོར་ཁྲི6.23ཟིན་ཡོད། གྲོང་རྡལ་མི་དམངས་སྲིད་གཞུང་གསར་དར་སྤྱི་ཁུལ་དུ་བཅའ་སྡོད་བྱས་ཡོད།

སྤྱི་ལོ2009ལོའི་ལོ་མཇུག་ཏུ་ལུང་ཨན་རྫོང་གི་རྒྱ་ཁྱོན་བསྡོམས་འབོར་སྟོང་སྨི་གྲུ་བཞི་མ2277ཟིན་ཡོད། སྤྱིའི་མི་འབོར་ཁྲི39.53ཟིན་པའི་ནང་དུ་ཞིང་ལས་མི་འབོར་ཁྲི35.36ཟིན་ལ། ཀྲོང་རིགས་མི་འབོར་ཁྲི37.95ཡོད། དེའི་ཁོངས་སུ་གྲོང་རྡལ6དང་། ཡུལ་ཚོ4 སྤྱི་ཁུལ13 སྲིད་འཛིན་གྲོང་ཚོ118 རང་བྱུང་གྲོང་ཚོ1240བཅས་ཡོད། རྫོང་སྲིད་གཞུང་གིས་ཁྲེང་ཁང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།  

2_2 ཁུལ་དབྱེའི་གནས་ཚུལ་ཞིབ་ཕྲ།

སྤྱི་ལོ2018ལོའི་བར་དུ་ལུང་ཨན་རྫོང་ཁོངས་སུ་ཡུལ་ཚོ4དང་གྲོང་རྡལ6 སྲིད་འཛིན་གྲོང་ཚོ118 སྤྱི་ཁུལ15ཡོད། ས་ཁོངས་དབྱེ་ཚུལ་གཤམ་གསལ། ཁྲེང་ཁང་གྲོང་རྡལ་དང་། ནན་ཞུས་གྲོང་རྡལ། ཡན་ཅང་གྲོང་རྡལ། ན་ཐུང་གྲོང་རྡལ། ཆའོ་ཅན་གྲོང་རྡལ། ཏིན་ཏང་གྲོང་རྡལ། ཀུའུ་ཐན་ཡུལ་ཚོ། ཏུའུ་ཅེ་ཡུལ་ཚོ། པུའུ་ཆོན་ཡུལ་ཚོ། ཕིན་ཧྲན་ཡུལ་ཚོ། ལུང་ཨན་ཕྱིར་སྡོད་རང་མིའི་དོ་དམ་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཡོད། རྫོང་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ཁྲེང་ཁང་གྲོང་རྡལ་དུ་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-26

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།