ཧུའེ་ལའེ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུའེ་ལའེ་རྫོང་།
ཧུའེ་ལའེ་རྫོང་ནི་ཀོང་ཏུང་ཞིང་ཆེན་ཅེ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་ལ། ཀོང་ཏུང་ཤར་རྒྱུད་ཀྱི་ཞིན་ཁྲེང་དང་ཅེ་དབྱང་པིན་ཧའེ་གསར་སྤེལ་ཁུལ་གྱི་གནས་ཡུལ་ཡིན། ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་དཔལ་འབྱོར་དོ་དམ་དབང་ཚད་དང་ཞིང་ཆེན་རིམ་པའི་དོ་དམ་དབང་ཚད་ཁག་ཅིག་ལོངས་སུ་སྤྱོད་ཀྱིན་ཡོད་ལ། རྫོང་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1253དང་མཚོ་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7689ཡོད། རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ109.5ཡོད། ད་ལྟ་གྲོང་རྡལ13དང་། རྒྱལ་གཉེར་ཞིང་ར2 ཕྱིར་སྡོད་རང་མི་དོ་དམ་ཁུལ1 གྲོང་ཁྱེར་ཐད་གཏོགས་བཟོ་ལས་ཁུལ1 རྫོང་མི་དམངས་སྲིད་གཞུང་གནས་ཡུལ་ཧུའེ་ཁྲེང་བཅས་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་དུ་རྒྱུན་སྡོད་མི་འབོར་ཁྲི125.62ཡོད། ཧུའེ་ལའེ་རྫོང་ནི་ཧྲེན་ཀྲེན་དང་ཧྲན་ཐོའུ་དཔལ་འབྱོར་དམིགས་བསལ་ཁུལ་གཉིས་ཀྱི་བར་དུ་ཡོད་ལ། ཀོང་ཏུང་ཞིང་ཆེན་གྱི་ཤར་ལྷོའི་མཚོ་རྒྱུད་དང་། ཁྲའོ་ཧྲན་ས་ཁུལ་གྱི་ལྷོ་རྒྱུད་དུ་གནས་ཡོད། ཤར་ངོས་ཧྲན་ཐོའུ་གྲོང་ཁྱེར་གྱི་ཁྲའོ་ནན་ཆུས། ནུབ་ངོས་ཧྲན་ཝེ་གྲོང་ཁྱེར་གྱི་ལུའུ་ཧྥེང་དང་འབྲེལ་ཡོད། བྱང་ངོས་ཕུའུ་ཉིང་དང་འབྲེལ་ཡོད། ཧུའེ་ལའེ་མཚོ་རྒྱུད་ཀྱི་ལོ་རྒྱུས་རིག་གནས་ཀྱི་འབྱུང་ཁུངས་ཟབ་ལ། ད་ལྟ་གནའ་རབས་ཀྱི“ཧའེ་སི”ཡི་རྗེས་ཤུལ་མང་པོ་ཡོད་པས་མཚོ་ཐོག་དར་གོས་ལམ་བུའི་མཚམས་ཚིགས་གལ་ཆེན་ཞིག་ཡིན། ཧུའེ་ལའེ་རྫོང་ནི་ཡུས་མིན་ཅ་ཅིན་ཁྲི་ལོ་གསུམ་པར(སྤྱི་ལོ1524ལོ)བཙུགས་ཤིང་། ཁྲའོ་དབྱང་དང་ཧའེ་ཧྥེང་རྫོང་གཉིས་སུ་བགོས་ནས་ཧུའེ་ལའེ་རྫོང་བཙུགས། ཞན་ཀྲི་ཧུའེ་ལའེ་ཏུའུ་རུ་བཙུགས་པས་མིང་དེ་ལྟར་ཐོགས། རྫོང་བཙུགས་རྗེས་ཁྲའོ་ཀྲོའུ་སྲིད་གཞུང་གི་མངའ་འོག་ཏུ་གཏོགས། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཧྲན་ཐོའུ་གྲོང་ཁྱེར་དུ་གཏོགས། སྤྱི་ལོ1991ལོར་ཅེ་དབྱང་རྫོང་གིས་རྫོང་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་བཙུགས། ཧུའེ་ལའེ་རྫོང་གིས་ཧྲན་ཐོའུ་གྲོང་ཁྱེར་ལོགས་སུ་དབྱེ་ནས་ཅེ་དབྱང་གྲོང་ཁྱེར་ལ་དོ་དམ་བྱས། ཧུའེ་ལའེ་རྫོང་དུ་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་སུ་གནས་བཅའ་བའི་ཕྱིར་སྡོད་རང་མི་ཁྲི20ལྷག་ཙམ་ཡོད། དེ་ནི་ཀོང་ཏུང་ཞིང་ཆེན་གྱི་ཕྱིར་སྡོད་རང་མིའི་ཡུལ་ཚོ་གྲགས་ཅན་ཞིག་ཡིན། ཧའེ་ཧྥེང་དང་ལུའུ་ཧྥེང་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་ཡིན། མངའ་ཁོངས་ཀྱི་རྒྱ་མཚོའི་འགྲམ་རྒྱུད་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཉ་ལས་གྲུ་ཁ(ཧྲེན་ཆོན་གྲུ་ཁ)ཡོད་ལ། ཀོང་ཏུང་ཞིང་ཆེན་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་དངོས་ཟོག་འདོན་འཇུག་གྲུ་ཁ(ཨན་ཧའེ་གྲུ་ཁ)ཡོད། ཐུན་མོང་མ་ཡིན་པའི་འགྲིམ་འགྲུལ་ས་བབ་ཀྱི་ལེགས་ཆ་ལྡན་ཞིང་། ཞ་མོན་དང་ཀོང་ཧྲན་མྱུར་བགྲོད་ལྕགས་ལམ་རྫོང་ཁོངས་སུ་ཁྱབ་ཡོས། ཁྲའོ་ཧྲན་རྒྱལ་སྤྱིའི་གནམ་ཐང་དང་བར་ཐག་ཆུ་ཚོད་གཅིག་ཙམ་ལས་མེད། ཀྲུང་གོའི་རྡོ་སྣུམ་ཏུན་ཁྲི2000གི་རྡོ་སྣུམ་བཙོ་སྦྱང་རྣམ་གྲངས་སྐྲུན་འགོ་ཚུགས་པ་དང་ཆབས་ཅིག་ཀོང་ཏུང་ཞིང་ཆེན་གྱི་ནུས་རྒྱུའི་ཐོན་ལས་རྟེན་གཞི་ཆེ་གྲས་བཞིའི་གྲས་ཤིག་ཏུ་གྱུར་ཡོད། སྤྱི་ལོ2018ལོའི་ཟླ12པའི་ཚེས5ཉིན། ཀྲུང་ཝེ་ཀོང་ཏུང་རྡོ་སྣུམ་རྫས་འགྱུར་བཙོ་སྦྱང་དང་རྫས་འགྱུར་བཟོ་ལས་གཞི་གཅིག་ཅན་གྱི་རྣམ་གྲངས་དེ་ཧུའེ་ལའེ་རུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས། སྤྱི་ལོ2019ལོའི་ཟླ3པར་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དབྱེ་འབྱེད་རྫོང་གི་མིང་ཐོའི་ནང་བཅུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
惠来县
ཕྱི་ཡིག་གི་མིང་།
Huilai
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀོང་ཏུང་ཞིང་ཆེན་ཅེ་དབྱང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ13དང་། རྒྱལ་གཉེར་ཞིང་ར2 ཕྱིར་སྡོད་རང་མིའི་དོ་དམ་ཁུལ1 གྲོང་ཁྱེར་ཐད་གཏོགས་བཟོ་ལས་ཁུལ1བཅས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0663
སྦྲག་སྲིད་ཨང་རྟགས།
515200
རྒྱ་ཁྱོན།
སྐམ་ས་སྤྱི་ལེ་གྲུ་བཞི་མ1253དང་། མཚོ་ཁོངས་སྤྱི་ལེ་གྲུ་བཞི་མ7689ཡོད།
མི་འབོར།
མི་ཁྲི125.62ཡོད།(སྤྱི་ལོ2017ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུའེV粤V
སྲིད་འཛིན་ཚབ་ཨང་།
445224
1 ​ལོ་རྒྱུས་འཕེལ་རིམ།

མིན་གོ་དུས་སྐབས་ཀྱི(སྤྱི་ལོ1912ལོ་ནས་སྤྱི་ལོ1949ལོའི་བར)སྔ་རྗེས་སུ་ཀོང་ཏུང་གི་ཏུའུ་ཏུའུ་ཧྥུ་དང་། ཞོན་ཨན་ཧྲི་ཁྲའོ་ཡ་ཏའོ། ཏུང་ཅང་སྲིད་འཛིན་ཨུ་ཡོན་ཀུང་ཧྲུའུ། ཏུང་ཆུས་སུའེ་ཅིང་ཨུ་ཡོན་ཀུང་ཧྲུའུ་སོགས་ཀོང་ཏུང་ཞིང་ཆེན་གྱི་ཆུས་ལྔ་པ་དང་བདུན་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཅས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ5བའི་ཚེས20ཉིན། ཧུའེ་ལའེ་མངའ་ཁོངས་ཡོངས་སུ་བཅིངས་འགྲོལ་ཐོབ་ཅིང་། ལོ་དེའི་ཟླ8པར་ཧུའེ་ལའེ་རྫོང་མི་དམངས་སྲིད་གཞུང་བཙུགས། ཧུའེ་ལའེ་རྫོང་སྔ་རྗེས་སུ་ཁྲའོ་མེ་མི་དམངས་སྲིད་འཛིན་ཀུང་ཧྲུའུ་དང་། ཁྲའོ་ཧྲན་གནས་སྐབས་ཀྲོན་ཡོན་ཀུང་ཧྲུའུ། ཁྲའོ་ཧྲན་ས་ཁུལ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ། ཁྲའོ་ཧྲན་ཀྲོན་ཡོན་ཀུང་ཧྲུའུ། ཡུའེ་ཏུང་སྲིད་འཛིན་ཀུང་ཧྲུའུ། ཧྲན་ཐོའུ་ཀྲོན་ཡོན་ཀུང་ཧྲུའུ་བཅས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1949ལོའི་ཟླ6པར། ཧུའེ་ལའེ་རྫོང་མེ་ལིན་ཁུལ་གྱི་ཁོངས་སུ་གཏོགས་པའི་མེ་ཧྥེང་གྲོང་རྡལ་དང་སུང་དབྱང་ཡུལ་ཚོ། ནན་དབྱང་ཡུལ་ཚོ། ཀའོ་ཕུའུ་ཡུལ་ཚོ། ཡུན་ཀུའུ་ཡུལ་ཚོ། པེང་ཁན་ཡུལ་ཚོ། ཉི་ལུང་ཡུལ་ཚོ། ཕུའུ་ཐོའུ་ཡུལ་ཚོ་བཅས་ཡུལ་ཚོ་དང་གྲོང་རྡལ8དང་གྲོང་ཚོ505ཡོད་པ་དེ་ཕུའུ་ཉིང་རྫོང་ལ་བགོས།

སྤྱི་ལོ1950ལོའི་ཟླ3པར། ཧུའེ་ལའེ་རྫོང་ལེ་ལིང་ཡུལ་ཚོ་ཡི་སྡེ་བ28དེ་ཁྲའོ་དབྱང་རྫོང་དུ་བགོས། ལོ་དེའི་ཟླ4པར། ཧུའེ་ལའེ་རྫོང་གི་ཅ་ཙི་གྲོང་རྡལ་དང་ཡུལ་ཚོ18ལུའུ་ཧྥེང་རྫོང་དུ་བགོས།

སྤྱི་ལོ1958ལོའི་ཟླ12པའི་ཚེས10ཉིན། ཧུའེ་ལའེ་རྫོང་གི་སྒྲིག་གཞི་མེད་པར་བཟོས་ཏེ། ཕུའུ་ཉིང་རྫོང་དང་ཟླ་སྒྲིལ་བྱས།

སྤྱི་ལོ1959ལོའི་ཟླ4པར་ཧུའེ་ལའེ་རྫོང་ཧུང་ཅང་ཀུང་ཧྲེ་ཧེང་ཧྲན་སོགས་གྲོང་ཚོ10ལུའུ་ཧྥུང་རྫོང་དུ་དབྱེས།

སྤྱི་ལོ1961ལོའི་ཟླ3པར། ཧུའེ་ལའེ་རྫོང་གི་སྒྲིག་གཞི་སླར་གསོ་བྱས་ཏེ། ཧྲན་ཐོའུ་ས་ཁུལ་གྱི་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1983ལོར་གྲོང་ཁྱེར་དོ་དམ་རྫོང་གི་སྒྲིག་སྲོལ་ལག་བསྟར་བྱས་པ་དང་། ཧུའེ་ལའེ་རྫོང་ནི་ཧྲན་ཐོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1991ལོར་ཅེ་དབྱང་རྫོང་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་བཙུགས། ཧུའེ་ལའེ་རྫོང་གིས་ཧྲན་ཐོའུ་གྲོང་ཁྱེར་ནས་ལོགས་སུ་དབྱེ་ནས་ཅེ་དབྱང་གྲོང་ཁྱེར་ལ་དོ་དམ་བྱས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2015ལོའི་བར་དུ། ཧུའེ་ལའེ་རྫོང་གི་གྲོང་རྡལ13ཡོད་པ་སྟེ། ཧུའེ་ལའེ་གྲོང་ཁྱེར་དང་། ལུང་ཅང་གྲོང་རྡལ། ཧུའེ་ཐན་གྲོང་རྡལ། ཅིན་ཧའེ་གྲོང་རྡལ། ཧྲེན་ཆོན་གྲོང་རྡལ། ཞན་ཨན་གྲོང་རྡལ། ཀྲོའུ་ཐེན་གྲོང་རྡལ། ཆན་ཀྲན་གྲོང་རྡལ། ཧྭ་ཧུའུ་གྲོང་རྡལ། ཏུང་ལུང་གྲོང་རྡལ། ཆི་ཧྲི་གྲོང་རྡལ། ཨའོ་ཅང་གྲོང་རྡལ། ཏུང་ཀང་གྲོང་རྡལ་བཅས་རྒྱལ་གཉེར་ཞིང་ནགས་ར་བ1དང་། ཁུའེ་ཐན་ཞིང་ར། གྲོང་ཁྱེར་ཐད་གཏོགས་བཟོ་ལས་ཁུལ1ཡོད། ཅེ་དབྱང་ལྷོ་རྒྱ་མཚོའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཁུལ་གྱི་ཁོངས་སུ(ལྷོ་རྒྱ་མཚོའི་ཁྲོམ་གཞུང་གི་དེ་སྔའི་ལྷོ་རྒྱ་མཚོའི་ཡུལ་ཚོ་དང་། ཏུང་ཕུའུ་ཞིང་ར། ཞིས་ཤིས་གྲོང་རྡལ)ཕྱིར་སྡོད་རང་མིའི་དོ་དམ་ཁུལ1སྟེ། ཏ་ནན་རི་བོའི་ཕྱིར་སྡོད་རང་མིའི་དོ་དམ་ཁུལ(ཐའོ་ཡོན་དོན་གཅོད་ཁྲུའུ་དང་ལུང་ཧུའུ་དོན་གཅོད་ཁྲུའུ)སོགས་སྲིད་འཛིན་གྲོང་ཚོ239དང་སྤྱི་ཁུལ33ཚུད་ཡོད། སྲིད་གཞུང་གི་བཅའ་སྡོད་གྲོང་ཁྱེར་ལྷོ་སྒོའི་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།

3 དཔལ་འབྱོར།

སྤྱི་ལོ2014ལོར་ཧུའེ་ལའེ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར227.8217ཟིན་པ་དེ་སྤྱི་ལོ2013ལོ་ལས10.0%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར50.0288ཟིན་ནས་ལོ་སྔོན་མ་ལས5.5%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར130.3402ཟིན་ནས་ལོ་སྔོན་མ་ལས12.0%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར47.4527ཟིན་ནས་ལོ་སྔོན་མ་ལས8.7%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཚུལ་གྱི་བསྡུར་ཚད་དེ་སྤྱི་ལོ2013ལོའི22.3:56.9:20.8ནས22.0:57.2:20.8བར་ལེགས་སྒྲིག་བྱས། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱིGDP20524ཟིན་ནས་ལོ་སྔོན་མ་ལས9.1%འཕར་ཡོད།

སྤྱི་ལོ2015ལོར་ཧུའེ་ལའེ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར242.33ཟིན་ནས་ལོ་སྔོན་མ་ལས7.1%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར52.09ཟིན་ནས་ལོ་སྔོན་མ་ལས5%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར137.03ཟིན་ནས་ལོ་སྔོན་མ་ལས7.1%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར53.22ཟིན་ནས་ལོ་སྔོན་མ་ལས9%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི2.17ཟིན་ཡོད།

སྤྱི་ལོ2017ལོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར274.08ཟིན་པ་དེ་ལོ་གོང་མ་ལས5.5%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར228.8ཟིན་པ་དེ་ལོ་སྔོན་མ་ལས10%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར116.02ཟིན་པ་དེ་ལོ་གོང་མ་ལས5.6%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར126.59ཟིན་པ་དེ་ལོ་གོང་མ་ལས10.8%འཕར་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར13.52ཟིན་པ་དེ་ལོ་སྔོན་མ་ལས10.2%འཕར་ཡོད། ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར81.09ཟིན་པ་དེ་ལོ་སྔོན་མ་ལས3.2%འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར8486.4ཟིན་པ་དེ་ལོ་གོང་མ་ལས5%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར5.13ཡིན་ནས། ཁོངས་གཏོགས་ཡོངས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར213.68ཟིན་པའི་ནང་དུ་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར133.83ཟིན་པ་དེ་སོ་སོར་ལོ་འགོ་ལས12.4%དང7.4%འཕར་ཡོད།

3_1 ཐོན་ལས་དང་པོ།

སྤྱི་ལོ2014ལོར་ཧུའེ་ལའེ་རྫོང་གིས་ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར70.0284ཟིན་ནས་ལོ་སྔོན་མ་ལས4.8%འཕར་ཡོད། རིན་ཐང་འཕར་མ་སྒོར་དུང་ཕྱུར50.0288བྱུང་ནས་ལོ་སྔོན་མ་ལས5.5%འཕར་ཡོད། རྫོང་ཡོངས་ཀྱི་འབྲུ་རིགས་འདེབས་འཛུགས་ཁྱོན་མུའུ་ཁྲི54.21ཟིན་པ་དང་སྤྱིའི་ཐོན་འབོར་ཏུན་ཁྲི62.09ཟིན་ནས་ལོ་སྔོན་མ་ལས0.98%འཕར་ཡོད། སྔོ་ཚལ་འདེབས་འཛུགས་ཁྱོན་མུའུ་ཁྲི20.2ཟིན་པ་དང་སྤྱིའི་ཐོན་ཚད་ཏུན་ཁྲི49.77ཟིན་ནས་ལོ་སྔོན་མ་ལས2.4%མར་ཆག་ཡོད། ཤིང་འབྲས་འདེབས་འཛུགས་ཁྱོན་མུའུ་ཁྲི37.36ཟིན་ནས་སྤྱིའི་ཐོན་ཚད་ཏུན་ཁྲི14.44ཟིན་ནས་ལོ་སྔོན་མ་ལས7.2%འཕར་ཡོད།

སྤྱི་ལོ2014ལོར་ཧུའེ་ལའེ་རྫོང་གི་ལོ་ཧྲིལ་པོའི་ཤ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི3.86ཟིན་ནས་ལོ་སྔོན་མ་ལས0.5%འཕར་ཡོད། ལོ་མཇུག་ཏུ་ཕག་པ་ཁྲི25.89ཟིན་པ་དེ་ལོ་གོང་མ་ལས་ཁྲི1.33མར་ཆག་ཡོད། ནོར་ཁྲི1.8ཡོད་ལ། ཆུ་ཐོན་དངོས་རྫས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི8.76ཡིན་ཞིང་། བརྒྱ་ཆའི1.3འཕར་སྣོན་བྱུང་ཡོད། དེའི་ནང་དུ་རྒྱ་མཚོའི་ཐོན་རྫས་ཐོན་ཚད་ཏུན་ཁྲི7.17དང་། ཚྭ་མེད་ཆུའི་ཐོན་རྫས་ཐོན་ཚད་ཏུན་ཁྲི1.59ཡིན་ཞིང་། སོ་སོར1.1%དང2.5%འཕར་ཡོད།

སྤྱི་ལོ2015ལོར་ཧུའེ་ལའེ་རྫོང་གི་འབྲུ་རིགས་འདེབས་འཛུགས་ཁྱོན་སྤྱི་ཆིང་ཁྲི3.65ཟིན་ནས་འབྲུ་རིགས་ཐོན་ཚད་ཏུན་ཁྲི20.22ཟིན་ཡོད།

3_2 ཐོན་ལས་གཉིས་པ།

སྤྱི་ལོ2014ལོར་ཧུའེ་ལའེ་རྫོང་གི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར59.76476ཟིན་ནས་ལོ་སྔོན་མ་ལས11.5%འཕར་ཡོད། དེའི་ནང་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར55.25048ཟིན་ནས་ལོ་སྔོན་མ་ལས12.2%འཕར་ཡོད། གཞི་ཁྱོན་མན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར45.1428ཟིན་ནས་ལོ་སྔོན་མ་ལས3.6%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་སྐྱེད་ཁྲོད་དུ་གཞུང་ཁོངས་ཁེ་ལས11.9%འཕར་ཡོད། ཐུན་མོང་ཁེ་ལས25.1%འཕར་ཞིང་། མ་རྐང་ལམ་ལུགས་ཀྱི་ཁེ་ལས11.2%འཕར་ལ། དཔལ་འབྱོར་རིགས་གཞན་དག་གི་ཁེ་ལས18.9%འཕར་ཡོད།  

སྤྱི་ལོ 2014ལོར་ཧུའེ་ལའེ་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར116.5600ཟིན་ནས་ལོ་སྔོན་མ་ལས13.0%འཕར་ཡོད། ཐོན་རྫས་ཕྱིར་ཚོང་བྱེད་ཚད99.98%ཟིན་པ་དེ་ལོ་སྔོན་མ་ལས་བརྒྱ་ཆའི0.2མཐོ་རུ་ཕྱིན། ཁེ་སྤོགས་དང་དཔྱ་ཁྲལ་གྱི་བསྡོམས་འབོར་སྒོར་དུང་ཕྱུར40.8500མངོན་འགྱུར་བྱུང་ནས་བརྒྱ་ཆའི19.1འཕར་ཡོད།  

སྤྱི་ལོ2015ལོར་ཧུའེ་ལའེ་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར595.3ཟིན་ནས་ལོ་སྔོན་མ་ལས12.6%འཕར་ཡོད།

3_3 ཐོན་ལས་གསུམ་པ།

སྤྱི་ལོ2014ལོར་ཧུའེ་ལའེ་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར89.3047ཟིན་ནས་ལོ་སྔོན་མ་ལས15.1%འཕར་ཡོད། ལོ་ཧྲིལ་པོར་སྡེབ་ཚོང་ལས་རིགས་ཀྱི་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར149.5539ཟིན་ནས་ལོ་སྔོན་མ་ལས18.8%འཕར་ཡོད། སིལ་ཚོང་ལས་རིགས་ཀྱི་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར73.5283ཟིན་ནས་ལོ་སྔོན་མ་ལས18.4%འཕར་ཡོད། ཞག་སྡོད་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར3.4602ཟིན་ནས་ལོ་སྔོན་མ་ལས18.9%འཕར་ཡོད། བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར5.2178ཟིན་ནས་ལོ་སྔོན་མ་ལས20.3%འཕར་ཡོད།  

སྤྱི་ལོ2014ལོར་ཧུའེ་ལའེ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3.1119ཟིན་ནས་ལོ་སྔོན་མ་ལས11.1%འཕར་ཡོད། རྫོང་ཡོངས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི327.4ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར7.43ཟིན་ནས་ཆ་སྙོམས17%འཕར་ཡོད། ལོ་མཇུག་ཏུ་དངུལ་རྩའི་ལས་ཁུངས་ཁག་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར172.4520ཡིན་ལ་ལོ་སྔོན་མ་ལས24.9%འཕར་ཡོད། དེའི་ནང་དུ་གསོག་དངུལ་ལྷག་གྲངས་སྒོར་དུང་ཕྱུར122.4099ཡིན་ལ་ལོ་སྔོན་མ་ལས20.9%འཕར་ཡོད། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར71.0016ཡིན་ལ58.6%འཕར་ཡོད།  

སྤྱི་ལོ2015ལོར་ཧུའེ་ལའེ་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར102.88ཟིན་ནས་ལོ་སྔོན་མ་ལས15.2%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།