ལིའང་ཏང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིའང་ཏང་རྫོང་།
ལིའང་ཏང་རྫོང་ནི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་ལུང་ནན་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་ཆགས་ཡོད། གནའ་དུས་སུ“故道”དང“固道”ཞེས་འབོད་པ་དང་། ཆིན་གྱི་ཧུའེ་ཝུན་རྒྱལ་པོའི་ཁྲི་ལོའི་སྐབས་སུ་ཀུའུ་ཏའོ་རྫོང་བཙུགས་པ་དང་། ཝེ་བྱང་མ་ནས་ཀུའུ་ཏའོ་ཅུན་གྱི་ལིའང་ཏང་རྫོང་བཙུགས་པ་རེད། མངའ་ཁོངས་སུ་ལིའང་ཏང་གཙང་པོ་ཡོད་པས་མིང་དེ་ལྟར་ཐོགས་པ་དང་། སྤྱི་ལོ1985ལོའི་རྗེས་སུ་ལུང་ནན་ས་ཁུལ་དང་ལུང་ནན་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག་པ་རེད།ལིའང་ཏང་རྫོང་ཁོངས་གཏོགས་སུ་གྲོང་རྡལ6དང་། ཡུལ་ཚོ6 སྲིད་འཛིན་གྲོང་ཚོ118བཅས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1408.73ཟིན་པ་དང་། སྤྱིའི་མི་འབོར་ཁྲི5.0429(སྤྱི་ལོ2010ལོ)ཡོད་པ་རེད། ཧྲའན་ཤིས་དང་། ཀན་སུའུ། སི་ཁྲོན་བཅས་འབྲེལ་མཚམས་ཀྱི་ཆིན་ལིང་རི་ཁུལ་དུ་གནས་པས། ལིའང་ཏང་རྫོང་ལ“ཆིན་ལུང་གི་སྒྲིབ་ཡོལ་དང་པ་ཧྲུའུ་ཡི་གྲེ་བ”ཞེས་བརྗོད་སྲོལ་ཡོད་པ་དང་། མངའ་ཁོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི773ནས2738བར་ཡིན་པ་དང་། དྲོད་འཇམ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། འོད་དྲོད་ཕུན་སུམ་ཚོགས་པ་དང། ཆར་ཆུ་འབེལ་བ། ཧེ་བག་མངོན་གསལ་དོད་པོ་ཡོད་པ་བཅས་རེད། དེའི་ཁོངས་སུ་ཆིན་ལིན་བ་གླང་དང་། ཡུན་གཟིག ལིན་གླ་སོགས་རྩ་ཆེའི་སྲོག་ཆགས་ཡོད་པ་དང་ཀན་སུའུ་ཞའོ་ལུང་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡོད་པ་རེད། རང་བྱུང་ཐོན་ཁུངས་ལ་ཆུ་ནུས་ཐོན་ཁུངས་དང་། སྐྱེ་དངོས་ཐོན་ཁུངས། གཏེར་རྫས་ཐོན་ཁུངས་སོགས་ཡོད་པ་དང་། སྤྱི་ལོ2015ལོར་ལིའང་ཏང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར6.61ལེགས་གྲུབ་བྱུང་ཡོད། སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན། ཚོང་དོན་པུའུ་ཡི“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། སྤྱི་ལོ2018ལོའི་ཟླ10པར། ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་བརྡ་ཐོ་བཏང་ནས་ལིའང་ཏང་རྫོང་དབུལ་ཕོངས་རྫོང་ནས་འབུད་ཆོག་པའི་ཆོག་མཆན་སྤྲད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
两当县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1408.73ཡོད།
ཕྱི་ཡིག་གི་མིང་།
Liangdang County
མི་འབོར།
ཁྲི5.0429(སྤྱི་ལོ2010ལོ)ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ནམ་ཟླའི་ཆ་རྐྱེན།
ནམ་ཟླ་དྲོད་འཇམ། ཆ་ཚད་འབེལ་པོ།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ལུང་ནན།
མེ་འཁོར་ས་ཚིགས།
ལིའང་ཏང་མེ་འཁོར་ས་ཚིགས། ལི་ཅ་ཧོ་མེ་འཁོར་ས་ཚིགས་སོགས།
མངའ་ཁོངས།
གྲོང་རྡལ6དང་ཡུལ་ཚོ6ཡོད།
ཡུལ་སྐད།
ཀྲུང་ཡོན་གཞུང་སྐད། ཆིན་ལུང་སྐད་དུམ།
ས་ཁོངས་ཁ་པར་ཨང་རྟགས།
0939
རླངས་འཁོར་ཚབ་ཨང་།
甘K
སྦྲག་སྲིད་ཨང་རྟགས།
742400
སྲིད་གཞུང་སྡོད་ཡུལ།
ཁྲེང་ཀོན་གྲོང་རྡལ།
1 ལོ་རྒྱུས་ཀྱི་འཕེལ་རིམ།      

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྐབས་སུ། ལིའང་ཏང་རྫོང་ནི་ཀན་སུའུ་ཝེ་ཁྲོན་ཏའོ(སྲིད་སྐྱོང་གནས་ནི་ཐེན་ཧྲུའེ་གྲོང་ཁྱེར་ཆིན་ཀྲོའུ་ཆུས)ལ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོར)ཏའོ་མེད་པར་བཟོས་པ་དང་། རྫོང་གི་སྲིད་འཛིན་འགོ་འདོམས་རྫོང་གི་རྫོང་དཔོན་ལམ་ལུགས་སུ་བསྒྱུར། ལིའང་ཏང་རྫོང་ནི་ཀན་སུའུ་ཞིང་ཆེན་སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པའི(ཀྲོན་ཡོན་ཀུང་ཧྲུའུ་ནི་ཐེན་ཧྲུའེ་གྲོང་ཁྱེར་ཆིན་ཀྲོའུ་ཆུས་སུ་ཡོད)ཁོངས་སུ་གཏོགས།    

སྤྱི་ལོ1949ལོའི་ཟླ12པའི་ཚེས6ཉིན། སྤྱི་ལོ1949ལོའི་ཟླ12པའི་ཚེས14ཉིན། ཀྲུང་གུང་ལིའང་ཏང་ཏང་ཨུ་དང་རྫོང་གཉིས་ཀྱི་མི་དམངས་སྲིད་གཞུང་བཙུགས་པ་དང་། ཀན་སུའུ་ཞིང་ཆེན་ཐེན་ཧྲུའེ་སྲིད་འཛིན་ཡན་ལག་ཁང་གི་ཁོངས་གཏོགས་རྫོང་དུ་གཏོགས། སྤྱི་ལོ1951ལོར། ཐེན་ཧྲུའེ་སྲིད་འཛིན་ཡན་ལག་ཁང་གི་ཀུང་ཧྲུའུ་དེ་ཐེན་ཧྲུའེ་ཀྲོན་ཆུས་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར།

སྤྱི་ལོ1958ལོའི་ཟླ8པར། ལིའང་ཏང་རྫོང་མེད་པར་བཟོས་པ་མ་ཟད། ཧུའེ་ཁྲེང་རྫོང་དུ་ཟླ་སྒྲིལ་བཏང་བ་རེད།

སྤྱི་ལོ1961ལོའི་ལོ་མཇུག་ཏུ། ཧུའེ་ཁྲེང་རྫོང་མེད་པར་བཟོས་ནས་ལིའང་ཏང་རྫོང་སླར་གསོ་བྱས།

སྤྱི་ལོ1985ལོའི་ཟླ6པར། ལིའང་ཏང་རྫོང་ཐེན་ཧྲུའེ་ས་ཁུལ་ནས་ལུང་ནན་ས་ཁུལ་གྱི་ཁོངས་སུ་བགོས།

སྤྱི་ལོ2004ལོའི་ཟླ6པར། ལུང་ནན་ས་ཁུལ་ནས་ལུང་ནན་གྲོང་ཁྱེར་དུ་བསྒྱུར་ཞིང་། ལིའང་ཏང་རྫོང་དེའི་ཁོངས་སུ་གཏོགས་སོ།།

2 སྲིད་འཛིན་ཁོངས་བགོས།
2_1 ཁོངས་བགོས་བརྒྱུད་རིམ།

སྤྱི་ལོ1996ལོར། ལིའང་ཏང་རྫོང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1380ཡོད་པ་དང་། མི་གྲངས་ཁྲི5.3ཙམ་ཡོད། དེའི་ཁོངས་སུ་གྲོང་རྡལ1དང་ཡུལ་ཚོ13ཡོད་པ་སྟེ། ཁྲེང་ཀོན་གྲོང་རྡལ། དབྱང་ཏན་ཡུལ་ཚོ། ཙུའོ་ཅ་ཡུལ་ཚོ། ཞན་ལུང་ཡུལ་ཚོ། ཡུས་ཁྲི་ཡུལ་ཚོ། ཞིན་ཧྭ་ཡུལ་ཚོ། ཀྲན་ཨེར་ཞང་ཡུལ་ཚོ། ཞི་ཕོ་ཡུལ་ཚོ། ཀྲང་ཅ་ཡུལ་ཚོ། ཡུན་ཕིང་ཡུལ་ཚོ། ཐའེ་ཧྲན་ཡུལ་ཚོ། ཅིན་ཏུང་ཡུལ་ཚོ། ཀོང་ཅིན་ཡུལ་ཚོ་བཅས་ཡིན། རྫོང་སྲིད་གཞུང་ནི་ཁྲེང་ཀོན་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།     

སྤྱི་ལོ2003ལོར།ཀྲ་ཨེར་ཞང་ཡུལ་ཚོ་དང་ཞི་ཕོ་ཡུལ་ཚོ་མེད་པར་བཟོས་ནས་ཀྲན་ཨེར་ཞང་གྲོང་རྡལ་དང་ཞི་ཕོ་གྲོང་རྡལ་བཙུགས།     

སྤྱི་ལོ2008ལོའི་ལོ་མཇུག་ཏུ། ལིའང་ཏང་རྫོང་གི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1374ཡོད་པ་དང་། གྲོང་གསེབ་ཀྱི་མི་གྲངས་ཁྲི0.95དང་ཁྲི3.81ཡོད། དེའི་ཁོངས་སུ་གྲོང་རྡལ3དང་ཡུལ་ཚོ9ཡོད་པ་སྟེ། ཁྲེང་ཀོན་གྲོང་རྡལ་དང་། ཀྲན་ཨེར་ཞང་གྲོང་རྡལ། ཞི་ཕོ་གྲོང་རྡལ། དབྱང་ཏན་ཡུལ་ཚོ། ཙུའོ་ཅ་ཡུལ་ཚོ། ཤན་ལུང་ཡུལ་ཚོ། ཡུས་ཁྲི་ཡུལ་ཚོ། ཤིན་ཧྭ་ཡུལ་ཚོ། ཀྲང་ཅ་ཡུལ་ཚོ། ཡུན་ཕིང་ཡུལ་ཚོ། ཐའེ་ཧྲན་ཡུལ་ཚོ། ཅིན་ཏུང་ཡུལ་ཚོ་བཅས་དང་སྲིད་འཛིན་གྲོང་ཚོ118དང་གྲོང་མིའི་ཚོགས་ཆུང386ཡོད་པ་རེད།     

སྤྱི་ལོ2014ལོར། ཁྲེང་ཀོན་གྲོང་རྡལ་དེ་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་རྡལ་དུ་བཅུག་ཡོད།     

སྤྱི་ལོ2016ལོའི་ཟླ6པར། དབྱང་ཏན་ཡུལ་ཚོ་མེད་པར་བཟོས་ནས་གྲོང་རྡལ་དུ་བསྒྱུར།     

སྤྱི་ལོ2016ལོའི་ཟླ12པར། ཤན་ལུང་ཡུལ་ཚོ་དང་ཡུན་ཕིང་ཡུལ་ཚོ་གཉིས་མེད་པར་བཟོས་ནས་གྲོང་རྡལ་དུ་བསྒྱུར་ཡོད།

2_2 ཞིབ་གསལ་ཁོངས་བགོས།

སྤྱི་ལོ2016ལོའི་ལོ་མཇུག་བར། ཁོངས་གཏོགས་སུ་གྲོང་རྡལ6དང་ཡུལ་ཚོ6ཡོད་པ་དང་། སྲིད་འཛིན་གྲོང་ཚོ118ཡོད་པ་སྟེ།     གྲོང་རྡལ། ཁྲེང་ཀོན་གྲོང་རྡལ། ཀྲན་ཨེར་ཞང་གྲོང་རྡལ། ཞི་ཕོ་གྲོང་རྡལ། དབྱང་ཏན་གྲོང་རྡལ། ཤན་ལུང་གྲོང་རྡལ། ཡུན་ཕིང་གྲོང་རྡལ་བཅས་དང་།     ཡུལ་ཚོ། ཡུས་ཁྲི་ཡུལ་ཚོ། ཞིན་ཧྭ་ཡུལ་ཚོ། ཀྲང་ཅ་ཡུལ་ཚོ། ཐའེ་ཧྲན་ཡུལ་ཚོ། ཅིན་ཏུང་ཡུལ་ཚོ། ཙུའོ་ཨ་ཡུལ་ཚོ་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ལིའང་ཏང་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། ཧྲའན་ཀན་སི་ཁྲོན་འབྲེལ་མཚམས་ཀྱི་ཆིན་ལིང་རི་ཁུལ་དུ་གནས་ཤིང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ཅ་ལིན་གཙང་པོའི་ཆུ་རྒྱུད་དུ་གཏོགས། བྱང་ཕྱོགས་ཐེན་ཧྲུའེ་གྲོང་ཁྱེར་དང་། ནུབ་ཕྱོགས་ཧུའེ་རྫོང་དང་འབྲེལ་ཞིང་། ཤར་ལྷོའི་ངོས་གཉིས་ཧྲའན་ཞི་ཞིང་ཆེན་གྱི་པའོ་ཅི་གྲོང་ཁྱེར་དང་ཧན་ཀྲུང་གྲོང་ཁྱེར་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག 106°11′—106°35′བར་དང་དང་བྱང་གི་འཕྲེད་ཐིག 33°30′—34°15′བར་དུ་གནས་ཡོད། རྫོང་ཡོངས་ཀྱི་ཤར་ནུབ་ཞེང་ཚད་སྤྱི་ལེ35ཙམ་དང་ལྷོ་བྱང་གི་རིང་ཚད་སྤྱི་ལེ85ཙམ་ཡོད་པ་དང་ས་ཆའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1408.73ཟིན་ཡོད།

3_2 ས་དབྱིབས་རྣམ་པ།

ལིའང་ཏང་རྫོང་གི་ས་བབ་ལྷོ་བྱང་མཐོ་བ་དང་། དབུས་རྒྱུད་དམའ་བ་་ཡིན། ས་དབྱིབས་ནི་རྟ་རྨིག་གི་དབྱིབས་སུ་མངོན་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི1400ཙམ་ཟིན་པ་དང་། ས་བབ་མཐོ་ཤོས་སྨི2738ཟིན། ས་བབ་དམའ་ཤོས་སྨི773ཟིན་པ་བཅས་རེད།     ལྷོ་ངོས་ཀྱི་ཡུན་ཕིང་ཤང་དང་ཀྲན་ཨེར་ཞང་གྲོང་རྡལ་སོགས་ཡུལ་ཚོ་དང་གྲོང་རྡལ་ནི་ཆིན་ལིང་གི་བྱང་རྒྱུད་ཡིན་པ་དང་། བྱང་ངོས་ཀྱི་ཀྲང་ཅ་ཡུལ་ཚོ་དང་ཙུའོ་ཅ་ཡུལ་ཚོ་སོགས་ཡུལ་ཚོའི་ས་ཁོངས་ནི་ཆིན་ལིང་གི་ལྷོ་འདབས་ཡིན་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི1500ཡས་མས་ཟིན་གྱི་ཡོད། མངའ་ཁོངས་ནང་གི་རི་ཚོགས་ཟང་ཟིང་དུ་གནས་པ་དང་། ཀྲང་ཨའི་བྱང་ངོས་དང་ཧྲའན་ཤིས་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་པའི་ཐིའུ་མ་ཅུའུ་ཧྥེང་ནི་ས་བབ་མཐོ་ཚད་སྨི2738ཟིན་པ་དང་རྫོང་ཁོངས་ཀྱི་རི་བོ་མཐོ་ཤོས་དེ་རེད།     དབུས་རྒྱུད་ཀྱི་ཁྲེང་ཀོན་དང་། དབྱང་ཏེན། ཞི་ཕོ། ཤིང་ཧྭ། ཡུས་ཁྲི། ཤན་ལུང་སོགས་ཀྱིཁོངས་སུ་གཏོགས་པའི་ཧུའེ་ཁྲེང་གཞོང་སའི་མཐའ་རྒྱུད་ཡིན་པ་དང་། ས་རྡོའི་རི་མ་ཐང་ལུང་གཞུང་ཁུལ་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི1100ཙམ་ཟིན་པ་དང་། ཡུང་ཉིང་གཙང་པོ་དང་ཅ་ལིང་གཙང་པོ་འདྲེས་མཚམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི773ཟིན་ནས་རྫོང་ཁོངས་ཀྱི་ཆེས་དམའ་ཤོས་ཡིན།

3_3 ནམ་ཟླ།

ལིའང་ཏང་རྫོང་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་རང་བཞིན་གྱི་ནམ་ཟླ་ཡིན་པ་དང་། འོད་དྲོད་ཕུན་སུམ་ཚོགས་པ་དང་། ཆར་ཆུ་འབེལ་བ། ཧེ་བག་མངོན་གསལ་ཡིན། དགུན་དུས་གྲང་བ་ལས་གྲང་ངར་ཆེན་པོ་མེད། དབྱར་དུས་བཞའ་ཚན་ཆེ་ལ་ཚ་གདུག་ཆེན་པོ་མེད། དྲོད་ཚད་ཀྱི་ཧེ་བག་ཅུང་ཆེ་བ་དང་། ཆར་ཆུ་དང་ཚ་དྲོད་དུས་ཚིགས་གཅིག་པ། དུས་བཞིར་དབྱེ་མཚམས་གསལ་པོ་ཡོད་པ། ས་ཁུལ་མང་ཆེ་བའི་ལོ་རེའི་ཆ་སྙོམས་དྲོད་ཚད10-11℃ཡིན་པ་དང་། ལོ་རེར་ཉི་འོད་འཕྲོད་ཚད་ཆུ་ཚོད2000ཡས་མསཡིན། ≥0℃བསགས་དྲོད་ནི4241.2℃དང་།≥10℃ཡི་འགུལ་སྐྱོད་དྲོད་ཚད3649.4℃ཡིན། ཆར་པ་འབབ་ཚད་ཧའོ་སྨི600ནས700བར་ཡིན། རི་ཁུལ་ཅུང་མང་བ་དང་སད་མེད་དུས་ཉིན190ཡས་མས་ཡིན། ནམ་ཟླའི་འཕྲེད་ཚད་ཀྱི་ས་རྒྱུད་རང་བཞིན་གྱི་ཁྱད་པར་མངོན་གསལ་ཡིན་ཏེ། དབུས་རྒྱུད་ཀྱི་རི་མ་ཐང་གི་ས་བབ་ཅུང་དམའ་བ་དང་། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི700དང་སད་མེད་དུས་ཉིན195ཡིན་ལ། ཉི་འོད་ཕོག་པའི་ཆ་རྐྱེན་ཅུང་བཟང་། ལྷོ་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་གནམ་གཤིས་གྲང་ངར་ཆེ་བ་དང་། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི800ཡན་ཟིན་པ་དང། ཆ་སྙོམས་དྲོད་ཚད8℃ཡས་མས་ཟིན། སད་མེད་དུས་ཉིན160ཡིན། ལྷོ་རྒྱུད་ཀྱི་རི་བོ་འབྲིང་པའི་ས་ཁུལ་གྱི་ཉི་འོད་དྲོད་ཚད་དེ་དབུས་རྒྱུད་ལས་དམའ་བ། འོན་ཀྱང་ཐན་ཞོད་ཀྱི་གནོད་འཚེ་ཅུང་མང་བ་བཅས་རེད།

4 མི་འབོར་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2010ལོའི་བར། ལིའང་ཏང་རྫོང་གི་དུད་ཚང་བསྡོམས་འབོར་ཁྲི1.6656ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི5.0429ཟིན་པའི་ནང་སྐྱེས་པ་ཁྲི2.6983དང་། བུད་མེད་ཁྲི2.3446ཡོད། ཞིང་ལས་མ་ཡིན་པའི་མི་འབོར་ཁྲི1.0784བཅས་ཡོད་པ་རེད།

4_2 མི་རིགས།

ལིའང་ཏང་རྫོང་ལ་རྒྱ་རིགས་དང་། ཧུའེ་རིགས། སོག་རིགས། བོད་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། མན་ཇུ་རིགས། ཏུང་རིགས། ཁྲའོ་ཞན་རིགས། ཡུ་གུར་རིགས་སོགས་མི་རིགས11ཡོད།

5 དཔལ་འབྱོར་གནས་ཚུལ།

2015ལོར། ལིའང་ཏང་རྫོང་ལ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར6.01ཟིན་པ་དེ་ལོ་སྔོན་མ་ལས8.5%འཕར་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར2.02ཟིན་པ་དེ་ལོ་སྔོན་མ་ལས6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར0.81ཟིན་པ་དེ་ལོ་སྔོན་མ་ལས9.2%འཕར་བ་རེད། དེའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.66ཟིན་པ་དེ་ལོ་སྔོན་མ་ལས8.4%འཕར་བ་དང་། ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.15ཟིན་པ་དེ་ལོ་སྔོན་མ་ལས12.9%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར3.18ཟིན་པ་དེ་ལོ་སྔོན་མ་ལས10%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་སོ་སོར33.63:13.45:52.92ཟིན་ཡོད།

གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར19.33བཏང་བ་དེ་ལོ་སྔོན་མ་ལས25.1%འཕར་བ་དང། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་0.26ལེགས་གྲུབ་བྱུང་བ་དང། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར0.95ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས30.84%འཕར་བ་རེད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར0.54ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས33.01%འཕར་བ་དང། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར2.05ཟིན་པ་དེ་ལོ་སྔོན་མ་ལས24.8%འཕར་བ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར17262.4ཟིན་པ་དེ་ལོ་སྔོན་མ་ལས9.5%འཕར་བ་དང། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར3187.6ཟིན་པ་དེ་ལོ་སྔོན་མ་ལས13.9%འཕར་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང3.5ནང་ཚུན་དུ་ཚོད་འཛིན་བྱས་ཡོད། རྩིས་གཞི་རེའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་ཆག་ཚད3.43ནང་ཚུན་དུ་ཚོད་འཛིན་བྱས་ཡོད་དོ།།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ11པའི་ཚེས25ཉིན། ལིའང་ཏང་རྫོང་དེ་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོར་བདམས་པ་རེད། སྤྱི་ལོ2020ལོའི་ཟླ1པོའི་ཚེས8ཉིན། ལིའང་ཏང་རྫོང་དེ་ཀན་སུའུ་ཞིང་ཆེན་གྱི་འཚོ་བའི་ཁོར་ཡུག་གི་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་པའི་རྫོང་དུ་གཏན་འཁེལ་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-26

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།