ཀུའེ་ལིན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུའེ་ལིན་ཆུས།
ཀུའེ་ལིན་གྱི་བསྡུས་མིང་ལ་ཀུའེ(桂)ཞེས་ཟེར་བ་དང་། དེ་ནི་འཛམ་གླིང་གི་གྲགས་ཅན་མཛེས་ལྗོངས་ལྟ་སྐོར་གྲོང་ཁྱེར་དང་ལོ་ངོ་ཁྲིའི་བློ་གྲོས་ལྡན་པའི་གནས་མཆོག་ཅིག་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཀྲུང་གོའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། རྒྱལ་ཡོངས་ཀྱི་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་སྔོན་སྐྱོད་ཁུལ། ཀྲུང་གོའི་འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་སའི་དཔེ་སྟོན་ཁུལ། རྒྱུད་གཅིག་ལམ་གཅིག་དང་ཀུའེ་ཀྲོའུ་དང་ཀོང་ཏུང་། ཤང་ཀུའེ་བཅས་འབྲེལ་མཚམས་ཀྱི་སྦྲེལ་ས་གལ་ཆེན་བཅས་ཡིན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ཡུལ་སྐོར་མཐུན་ཚོགས་ཀྱི་ཡུལ་སྐོར་འཕེལ་ཕྱོགས་དང་རྒྱལ་སྤྱིའི་གླེང་སྟེགས་ཡུན་རིང་གཉེར་ཡུལ་དང་། ཀྲུང་དབྱང་དམག་ཨུའི་ཀུའེ་ལིན་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལྟེ་གནས་ཀྱི་བཅའ་སྡོད་བྱ་ཡུལ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桂林
ཕྱི་ཡིག་གི་མིང་།
Guilin
ཁོངས་གཏོགས་ས་ཁུལ།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཆུས6 རྫོང་རིམ་པའི་གྲོང་ཁྱེར1 རྫོང8 རང་སྐྱོང་རྫོང2
སྲིད་གཞུང་གནས་ཡུལ།
ལིན་ཀུའེ་ཆུས་ཞི་ཁྲེང་ཀྲུང་ལམ་ཨང69པ།
ས་ཁོངས་ཁ་པར་ཨང་རྟགས།
0773
སྦྲག་སྲིད་ཨང་རྟགས།
541000
གནས་ཡུལ།
ཀྲུང་གོའི་ཧྭ་ནན་དང་ཀོང་ཞི་ཆུས་ཀྱི་བྱང་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2.78ཡོད།
མི་གྲངས།
ཁྲི534.08ཡོད།
གནམ་གཤིས།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཀུའེ་ལིན་ལིང་ཅང་རྒྱལ་སྤྱིའི་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཀུའེ་ལིན་འབབ་ཚུགས། ཀུའེ་ལིན་བྱང་ཚིགས། ཀུའེ་ལིན་བྱང་རྒྱུད་ཀྱི་ཕྱོགས་བསྡུས་འགྲུལ་སྐྱེལ་ལྟེ་གནས་དང་ཀུའེ་ལིན་ནུབ་ཚིགས།
རླང་འཁོར་གྱི་ཨང་རྟགས།
ཀུའེ(桂) c
སྲིད་འཛིན་ཚབ་ཨང་།
450300
1 ངོ་སྤྲོད།

ཀུའེ་ལིན་གྱི་བསྡུས་མིང་ལ་ཀུའེ(桂)ཞེས་ཟེར་བ་དང་། དེ་ནི་འཛམ་གླིང་གི་གྲགས་ཅན་མཛེས་ལྗོངས་ལྟ་སྐོར་གྲོང་ཁྱེར་དང་ལོ་ངོ་ཁྲིའི་བློ་གྲོས་ལྡན་པའི་གནས་མཆོག་ཅིག་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཀྲུང་གོའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ། རྒྱལ་ཡོངས་ཀྱི་ཡུལ་སྐོར་གསར་གཏོད་འཕེལ་རྒྱས་སྔོན་སྐྱོད་ཁུལ། ཀྲུང་གོའི་འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་སའི་དཔེ་སྟོན་ཁུལ། རྒྱུད་གཅིག་ལམ་གཅིག་དང་ཀུའེ་ཀྲོའུ་དང་ཀོང་ཏུང་། ཤང་ཀུའེ་བཅས་འབྲེལ་མཚམས་ཀྱི་སྦྲེལ་ས་གལ་ཆེན་བཅས་ཡིན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ཡུལ་སྐོར་མཐུན་ཚོགས་ཀྱི་ཡུལ་སྐོར་འཕེལ་ཕྱོགས་དང་རྒྱལ་སྤྱིའི་གླེང་སྟེགས་ཡུན་རིང་གཉེར་ཡུལ་དང་། ཀྲུང་དབྱང་དམག་ཨུའི་ཀུའེ་ལིན་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལྟེ་གནས་ཀྱི་བཅའ་སྡོད་བྱ་ཡུལ་བཅས་ཡིན།

ཀུའེ་ལིན་ལྷོ་རྒྱུད་དུ་ལིའུ་ཀྲོའུ་ཡི་ཏུང་ཀྲོའུ་དང་འབྲེལ་བ་ཡོད་པ་དང་རི་ཁུལ་གྱི་རི་མ་ཐང་དང་དེ་བཞིན་དཔེ་མཚོན་གྱི་ཁ་སི་ཐེ་བྲག་ཞུན་ས་ངོ་ཡིན་པ་དང་གྲོང་ཁྱེར་དེ་ཡོངས་ཀྱི་རྡོ་ཐལ་བྲག་གིས་རི་བོ་སྟོང་གིས་བསྐོར་བ་དང་། ཆུ་བོ་གཅིག་གིས་གྲོང་ཁྱེར་བསྐོར་བ། བྲག་རྡོ་ངོ་མཚར་ཅན་གྱི་མཛེས་ལྗོངས་ལྟ་ན་སྡུག་པ་བཅས་ཡོད། སྤྱི་ལོ2019ལོའི་བར་གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས6དང་རྫོང10ཡོད་པ་དང་། རྫོང་རིམ་པའི་གྲོང་ཁྱེར1ཚབ་གཉེར་བྱས་པ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.78ཟིན་པ། བསྐྲུན་ཟིན་པའི་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ162ཟིན་པ། རྒྱུན་སྡོད་མི་འབོར་ཁྲི530ལྷག་ཙམ་ཡོད་པ་བཅས་ཡིན།

ཀུའེ་ལིན་ནི་དེ་སྔའི་ཀོང་ཞི་ཞིང་ཆེན་ཚོགས་པ་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཁག་དང་པོ་དེ་ཡིན་པ་དང་། ཀོང་ཞིའི་ལོ་རྒྱུས་ཐོག་གི་རིག་གནས་སློབ་གསོ་ལྟེ་གནས་སྔ་ཤོས་དང་། ལྷོ་ནུབ་དང་། ཧྭ་ལྷོ། དབུས་ལྷོ་བཅས་ཀྱི་རྒྱལ་སྤྱིའི་ཡུལ་སྐོར་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་སྟབས་བདེ་ཡུལ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་སྒོ་མོ་ཆེ་བའི་གྲོང་ཁྱེར། འཛམ་གླིང་ཡུལ་སྐོར་རྩ་འཛུགས་བཅས་ཡིན་པ་དང་། དེར་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཀུའེ་ལིན་རི་ཆུ་དང་འཛམ་གླིང་གི་ཆུ་འདྲེན་ཤུལ་བཞག་གི་ལིང་ཡུར་བུ་ཡོད་པ་དང་། པི་ཕི་བྲག་ནི་ཀུའེ་ལིན་གྱིས་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཀྱི“ལོ་ཁྲིའི་བློ་གྲོགས”མཚོན་པའི་ལོ་རྒྱུས་རིག་གནས་ཀྱི་མིང་བྱང་ཞིག་ཡིན། སྤྱི་ལོ2017ལོར་ཀུའེ་ལིན་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་བྱ་ཡུལ་རྒྱལ་ཡོངས་ཀྱི་ཨང་བཞི་པ་ཡིན་པ་དེ་པེ་ཅིང་དང་ཧྲང་ཧའེ་ཡི་འཇོར་གྱི་རྗེས་ཡིན། ད་བར་ཀུའེ་ལིན་གྱིས་ཕྱི་རྒྱལ་གྱི་གཙོ་བདག་དང་སྲིད་ཕྱོགས་མི་སྣ་གལ་ཆེན200ཙམ་ལ་སྣེ་ལེན་ཞུས་ཡོད།

ཀུའེ་ལིན་ནི་རྒྱལ་ཁབ་ཡུལ་སྐོར་ཚན་ཞིབ་སློབ་གསོའི་ལྟེ་གནས་ཤིག་ཡིན་པ་དང་གནའ་སྔ་མོ་ནས་བཟུང་རི་ཆུ་གནམ་འོག་ཀུན་ཏུ་ཁྱབ་པ་དང་དེའི་ནང་ཀོང་ཞི་ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་སློབ་ཆེན་གྱི་ཨང་དང་པོ་ནས་ལྔ་པ་བར་གསུམ་བཟུང་ཡོད་པ་དང་། ཀོང་ཞི་དགེ་འོས་སློབ་ཆེན་དང་། ཀུའེ་ལིན་གློག་རྡུལ་ཚན་རྩལ་སློབ་ཆེན། ཀུའེ་ལིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཀུའེ་ལིན་གསོ་རིག་སློབ་གླིང་། སྐམ་དམག་དམིགས་བསལ་དམག་འཐབ་སློབ་གླིང་སོགས་མཐོ་སློབ16དང་། ལིང་ཅང་གནམ་གྲུ་ཐང་ཆུ་ཚོད72ནང་རྒྱལ་མཚམས་སྒྲོལ་ནས་ཐོངས་མཆན་འགོད་མི་དགོས་པ་དང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཐོན་ལས་ལ་སྤྱོད་པའི་ས་ཆ་སྒྱུར་བཅོས་ཚོད་ལྟའི་གྲོང་ཁྱེར་དང་པོ། གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད་ཀྱི70%ཟིན་ཡོད་པ་བཅས་ཡིན། སྤྱི་ལོ2020ལོའི་ཟླ7པར་འཛམ་གླིང་གི་འཕྱོ་གཡེང་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་དེ་ཀུའེ་ལིན་དུ་སྤེལ་རྒྱུ་ཡིན་པ།

2 ལོ་རྒྱུས་འཕེལ་རིམ།

སུང་རྒྱལ་རབས་ཀྱི་དུས་སུ་ཀོང་ནན་ནུབ་རྒྱུད་ལམ་གྱི་ཀུའེ་ཀྲོའུ་རུ་གཏོགས་པ་དང་། རྗེས་སུ་ཅིན་ཅང་སྲིད་གཞུང་གི་ཁོངས་སུ་གཏོགས། སུང་རྒྱལ་རབས་ཀྱི་ས་གནས་སྲིད་འཛིན་ལམ་ལུགས་ཀྱི་ཡན་ལག་ལམ། ཀྲོའུ(ཧྥུ་དང་ཅུན།)རྫོང་བཅས་རིམ་པ་གསུམ་ཡོད།

སུང་ཐའེ་ཙུང་ནས་ལོ་གསུམ་གྱི་རིང་ལ(997ལོར)ཀོང་ནན་ལམ་ལ་ཀོང་ནན་ཤར་ལམ་དང་ཀོང་ནན་ནུབ་ལམ་གཉིས་སུ་ཕྱེ་ཡོད་པ་དང་། ཤར་ལམ་གྱི་བཅོས་ཁང་དེ་ཀོང་ཀྲོའུ་རུ་ཡོད་པ་དང་། ནུབ་ལམ་གྱི་བཅོས་ཁང་དེ་ཀུའེ་ཀྲོའུ་རུ་ཡོད།

ཡོན་རྒྱལ་རབས་ཀྱི་དུས་སུ། ཀོང་ཞིའི་ཞིན་ཀྲུང་ཧྲུའུ་ཞིང་ཆེན་གྱི་ཅིན་ཅང་ལམ་དུ་བསྒྱུར། དེའི་ཕྱིར་ཀུའེ་ལིན་གྱིས་སུང་ལྷོ་མ་དང་ཡོན་རྒྱལ་རབས་ཀྱི་སྐབས་སུ“ཅིང་ཅང”ཞེས་ཀྱང་འབོད། མིང་རྒྱལ་རབས་ཀྱི་སྐབས་སུ་ཀྲུའུ་ཡོན་ཀྲང་གི་ཚ་བོ་ཀྲུའུ་ཧྲོའུ་ཆན་ཅིན་ཅང་རྒྱལ་པོར་བསྐོས་ཤིང་། ཧྥན་གོ་ཀུའེ་ལིན་དུ་བསྐོས། མིང་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་ལྔ་པར(སྤྱི་ལོ372ལོར)ཧྥུ་ཏི་བསྐྲུན་པ་དང་། ཧུང་ཝུའུ་ཁྲི་ལོ་ལྔ་པར་མིང་རྒྱལ་རབས་ཀྱི་སྲིད་གཞུང་ནས་ཅིན་ཅང་སྲིད་གཞུང་ནས་ཀུའེ་ལིན་སྲིད་གཞུང་དུ་བསྒྱུར་ཞིང་། པུའུ་ཀྲེང་ཧྲི་སི་དང་ཧྥུ། རྫོང་བཅས་རིམ་པ་གསུམ་གྱི་ས་གནས་སྲིད་དབང་གི་བཅོས་སྐྱོང་བྱེད་ས་སྔར་བཞིན་ཀུའེ་ལིན་དུ་གནས་ཡོད།

ཆིང་རྒྱལ་རབས་ཀྱི་མིང་རྒྱལ་རབས་ཀྱི་ལམ་ལུགས་རྙིང་པ་དང་ཀུའེ་ལིན་ནི་སྔར་བཞིན་ཀོང་ཞི་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་གནས་ཡིན།

མིན་གོའི་དུས་སུ་ཀོང་ཞི་ཞིང་ཆེན་གྱི་ཁོངས་སུ་གཏོགས། སྤྱི་ལོ1914ལོར་ཀུའེ་ལིན་རྫོང་ཞེས་མིང་བསྒྱུར། སྤྱི་ལོ1944ལོའི་ཟླ11པ་ནས་སྤྱི་ལོ1945ལོའི་ཟླ7པའི་ཚེས28ཉིན་བར་འཇར་དམག་གིས་བཟུང་བ་དང་། ཕྱིར་བླངས་རྗེས་སྔར་བཞིན་ཀོང་ཞི་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་ཡིན་པ་དང་། མི་སེར་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་དུས་ཡུན་རིང་པོར་ཀོང་ཞི་ཞིང་ཆེན་གྱི་ཚོགས་པ་ཡིན།

སྤྱི་ལོ1949ལོའི་ཟླ11པའི་ཚེས22ཉིན་ཀུའེ་ལིན་བཅིངས་འགྲོལ་བཏང་ནས་ཀོང་ཞི་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་ཡིན།

སྤྱི་ལོ1958ལོར་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་ཞེས་པར་བསྒྱུར།

སྤྱི་ལོ1981ལོའི་ཟླ7པ་དང་སྤྱི་ལོ1983ལོའི་ཟླ10པར་དབྱང་ཧྲུའོ་རྫོང་དང་ལིན་ཀུའེ་རྫོང་སོ་སོར་ཀུའེ་ལིན་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག    

སྤྱི་ལོ1996ལོའི་ཟླ12པའི་ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀུའེ་ལིན་གྱིས་ཁུལ་ཁ་ཤས་དབྱེ་ནས་ལེགས་སྒྲིག་བྱས་ཏེ། གྲོང་ཁྱེར་ཉེ་འཁོར་གྱི་མིང་ཡན་ཧྲན་ཁུལ་དུ་བསྒྱུར།

སྤྱི་ལོ1998ལོའི་ཟླ9བའི་ཚེས8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀུའེ་ལིན་གྲོང་ཁྱེར་དང་ཀུའེ་ལིན་ས་ཁུལ་ཟླ་སྒྲིལ་བཏང་ནས་ཀུའེ་ལིན་གྲོང་ཁྱེར་གསར་པ་བཙུགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོའི་ལོ་མཇུག་བར་ཀུའེ་ལིན་གྲོང་ཁྱེར་གྱི་ཁོངས་སུ་ཤིའུ་ཧྥུང་དང་། ཏེ་ཚའེ། ཞང་ཧྲན། ཆི་ཞང། ཡན་ཧྲན། ལིན་ཀུའེ་བཅས་ཆུས6དང་། ལི་ཕུའུ་རྫོང་རིམ་པའི་གྲོང་ཁྱེར1 དབྱང་ཧྲའོ་དང་། ལིང་ཁྲོན། ཀྲོའུ་ཀྲོའུ། ཤིན་ཨན། ཡུང་ཧྥུ། ཀོན་དབྱང་། ལུང་ཧྲེང་། ཙི་ཡོན། ཕིང་ལེ། ཀུང་ཁྲེང་བཅས་རྫོང(རང་སྐྱོང་རྫོང)10བཅས་ཡོད་པ་དང་། ཆུས་དང་རྫོང་ཁོངས་གཏོགས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ13དང་། གྲོང་རྡལ86དང་ཡུལ་ཚོ48ནང་མི་རིགས་ཡུལ་ཚོ15དང་། (སྡེ་ཁུལ)གྲོང་མིའི་ཨུ་ཡོན་ལྷན་ཁང237 གྲོང་མིའི་ཨུ་ཡོན་ལྷན་ཁང1654བཅས་ཡོད། མི་དམངས་སྲིད་གཞུང་ནི་ལིན་ཀུའེ་ཆུས་སུ་བཅའ་སྡོད་བྱས་ཡོད།

4 གནས་ཡུལ།

ཀུའེ་ལིན་གྲོང་ཁྱེར་ནི་ནན་ལིང་རི་རྒྱུད་ཀྱི་ལྷོ་ནུབ་རྒྱུད་དང་། ཤང་ཀུའེ་བར་ཁྱམས་ཀྱི་ལྷོ་སྣེར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱུད་བཅས་སུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག109°36′50″—111°29′30″དང་བྱང་ཕྱོགས་ཀྱི་འཕྲེད་ཐིག24°23″—26°23′30″བར་ཡིན། ས་ཁོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ236དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ189ཡོད། བྱང་རྒྱུད་དང་དེ་བཞིན་བྱང་ཤར་རྒྱུད ཧུའུ་ནན་ཞིང་ཆེན་འབྲེལ་བ། ཤར་ལྷོའི་རྒྱུད་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཧོ་ཀྲོའུ་གྲོང་ཁྱེར་དང་འབྲེལ་བ། ལྷོ་རྒྱུད་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཝུའུ་ཀྲོའུ་གྲོང་ཁྱེར་དང་དེ་བཞིན་ལའེ་པིན་གྲོང་ཁྱེར་དང་མཐའ་འབྲེལ། ནུབ་རྒྱུད་དང་དེ་བཞིན་ལྷོ་ནུབ་རྒྱུད་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.77(དེའི་ནང་ལྟེ་བའི་གྲོང་ཁུལ་གྱི་སྤྱི་ལེ་གྲུ་བཞི་མ866.36)ཡོད་པ་དེས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི11.74%བཟུང་ཡོད།

5 ནམ་ཟླ།

ཀུའེ་ལིན་ནི་འཕྲེད་ཐིག་དམའ་སར་གནས་པ་དང་། ཚ་ཁུལ་ཕལ་པའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། ས་ཁོངས་ནང་གི་གནམ་གཤིས་དྲོད་པོ་ཡོད་པ་དང་། ཆར་པ་འབེལ་བ་དང་སད་མེད་དུས་རིང་བ། ཉི་འོད་འབེལ་བ། དྲོད་ཚད་མང་བ། དབྱར་དགུན་རིང་བ། དུས་བཞི་གསལ་བ་མ་ཟད། ཆར་ཆུ་དང་ཚ་བ་ཆེ་བ་བཅས་སྤྱིར་ན་དུས་གཅིག་ཡིན།

6 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཀུའེ་ལིན་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི534.08ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི178.21ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲི505.75ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི247.34ཡོད་པ་དང་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཀྱི48.91%ཟིན་ཡོད། ལོ་འཁོར་ནང་རྒྱུན་སྡོད་མི་འབོར་སྐྱེ་ཚད་ཀྱི13.25%ཟིན་པ་དང་། ཤི་ཚད་ཀྱི6.58%ཟིན་པ། མི་འབོར་རང་ཤུགས་སུ་འཕར་ཚད་ཀྱི6.67%ཟིན་པ་བཅས་ཡིན།  

7 མི་རིགས།  

ཀུའེ་ལིན་དུ་ཀྲོང་རིགས་དང་། ཡའོ་རིགས། ཧུའེ་རིགས། མིའོ་རིགས་སོགས་གྲངས་ཉུང་མི་རིགས་བཅུ་ལྷག་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི73.47ཟིན་ཡོད།

8 དཔལ་འབྱོར།

སྤྱི་ལོ2017ལོར་ཀུའེ་ལིན་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2045.18ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས3.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར381.83ཟིན་ནས4.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར791.94ཟིན་ནས0.5%ཆག་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར871.41ཟིན་ནས8.5%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ཁག་སོ་སོར18.7%དང་། 38.7% 42.6%བཅས་ཡིན་པ་དང་། ཐོན་ལས་གསུམ་པས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་ཀྱི85.0%ཟིན་པ། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར40632ཟིན་ནས2.9%འཕར་ཡོད།

སྤྱི་ལོ2017ལོར་ཀུའེ་ལིན་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང(CPI)ལོ་གོང་མ་ལས1.6%འཕར་བ་དང་། ཚོང་ཟོག་སིལ་འཚོང་རིན་གོང་ལོ་གོང་མ་ལས་བརྒྱ་ཆ1.1འཕར་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི5.95འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ཀྱི2.40%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས1.16ཆག་ཡོད། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22480ཟིན་པ་དེ་ལོ་གོང་མ་ལས9.4%འཕར་ཡོད། ས་ཁོངས་ལྟར་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར32534ཟིན་པ་དེ་ལོ་གོང་མ་ལས8.0%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13345ཟིན་པ་དེ་ལོ་གོང་མ་ལས9.6%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-23

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།