ཡུའུ་ཧྥང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུའུ་ཧྥང་ཆུས།
ཡུའུ་ཧྥང་ཆུས་ནི་ཀྲུང་གོ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་པ་དང་ལིའུ་ཀྲོའུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་། ཡུལ་སྐོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་ཤིག་ཀྱང་ཡིན། ལིའུ་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། བྱང་དུ་ལིའུ་པེ་ཆུས་དང་འབྲེལ་ཞིང་། ནུབ་ཏུ་ལིའུ་ནན་ཆུས་དང་ཁྲེང་ཀྲུང་ཆུས་དང་འབྲེལ་བ། ལྷོ་རུ་ལིའུ་ཅང་ཆུས་དང་འབྲེལ་ཡོད། ཤར་དུ་ལུའུ་ཀྲའེ་རྫོང་དང་འབྲེལ་ཡོད། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ518ཙམ་ཡོད་པ་དང་། ཡུའུ་ཧྥེང་ཆུས་ཁོངས་སུ་ཐེན་མ་དང་། ཅ་རོང་། རུང་ཅུན། ཅན་ཕན་ཧྲན། ཝུའུ་ལི་ཐིན། ཆི་ལིན། པའེ་ལེན། དབྱང་ཧུ་བཅས་ཁྲོམ་གཞུང8དང་ལུའོ་རུང་། ལུའོ་ཕུའུ། ལི་ཡུང་། པའེ་ཧྲ་བཅས་གྲོང་རྡལ4ཡོད། སྤྱི་ལོ2011ལོའི་རྒྱུན་སྡོད་མི་འབོར་ཁྲི34དང་། བྱེས་འགྲོའི་མི་འབོར་ཁྲི8ཡོད། སྤྱི་ལོ2019ལོའི་ཟླ1པོའི་ཚེས9ཉིན་ཡུའུ་ཧྥུང་ཆུས་ཡུའུ་ཧྥུང་ཀེ་ཞུས་ཀྱིས་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”གྱི་མིང་ཐོའི་ནང་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鱼峰区
ཕྱི་ཡིག་མིང་།
Yu Feng Qu
ཁོངས་གཏོགས་ས་ཁུལ།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཐེན་མ། ཅ་ཧོའུ། རོང་ཅུན། ཅན་ཕན། ཝུའུ་ལི་ཐིང་། པའེ་ལེན། ཆི་ལིན། དབྱང་ཧུ།
སྲིད་གཞུང་གནས་ཡུལ།
ཅིང་ལན་ལམ་ཨང10བ།
ས་ཁོངས་ཁ་པར་ཨང་རྟགས།
0772
སྦྲག་སྲིད་ཨང་རྟགས།
545000
གནས་ཡུལ།
ལིའུ་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ581ཡོད།
མི་གྲངས།
ཁྲི34ཡོད།
གནམ་གཤིས།
ཚ་རྒྱུད་བར་མའི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ལིའུ་ཀྲོའུ་པའེ་ལེན་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ལིའུ་ཀྲོའུ་འབབ་ཚུགས།
རླང་འཁོར་གྱི་ཨང་རྟགས།
ཀུའེ(桂) B
སྲིད་འཛིན་ཚབ་ཨང་།
450203
1 ​ངོ་སྤྲོད།

ཡུའུ་ཧྥང་ཆུས་ནི་ཀྲུང་གོ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་པ་དང་ལིའུ་ཀྲོའུ་གྲོང་ཁྱེར་གྱི་དཔལ་འབྱོར་དང་། ཡུལ་སྐོར། རིག་གནས། འགྲིམ་འགྲུལ་བཅས་ཀྱི་ལྟེ་གནས་ཤིག་ཀྱང་ཡིན། ལིའུ་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། བྱང་དུ་ལིའུ་པེ་ཆུས་དང་འབྲེལ་ཞིང་། ནུབ་ཏུ་ལིའུ་ནན་ཆུས་དང་ཁྲེང་ཀྲུང་ཆུས་དང་འབྲེལ་བ། ལྷོ་རུ་ལིའུ་ཅང་ཆུས་དང་འབྲེལ་ཡོད། ཤར་དུ་ལུའུ་ཀྲའེ་རྫོང་དང་འབྲེལ་ཡོད། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ518ཙམ་ཡོད་པ་དང་། ཡུའུ་ཧྥེང་ཆུས་ཁོངས་སུ་ཐེན་མ་དང་། ཅ་རོང་། རུང་ཅུན། ཅན་ཕན་ཧྲན། ཝུའུ་ལི་ཐིན། ཆི་ལིན། པའེ་ལེན། དབྱང་ཧུ་བཅས་ཁྲོམ་གཞུང8དང་ལུའོ་རུང་། ལུའོ་ཕུའུ། ལི་ཡུང་། པའེ་ཧྲ་བཅས་གྲོང་རྡལ4ཡོད། སྤྱི་ལོ2011ལོའི་རྒྱུན་སྡོད་མི་འབོར་ཁྲི34དང་། བྱེས་འགྲོའི་མི་འབོར་ཁྲི8ཡོད།     སྤྱི་ལོ2019ལོའི་ཟླ1པོའི་ཚེས9ཉིན་ཡུའུ་ཧྥུང་ཆུས་ཡུའུ་ཧྥུང་ཀེ་ཞུས་ཀྱིས་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”གྱི་མིང་ཐོའི་ནང་བདམས།

2 ལོ་རྒྱུས་འཕེལ་རིམ།

མིང་དང་ཆིང་རྒྱལ་རབས་ཀྱི་དུས་སུ་ཡུའུ་ཧྥུང་ཆུས་ནི་ལིའུ་ཀྲོའུ་ཡི་ཞིང་ཞོར་ཉོ་ཚོང་ཁྲོམ་ར་ཆེ་ཤོས་དེ་ཡིན་པ་དང་། སྤྱི་ལོ1929ལོའི་གོང་དུ་ཁོངས་གཏོགས་ཁུལ་དུ་བཟོ་ལས་ཆུང་གྲས་ཁ་ཤས་ལས་མེད་ཅིང་། སྤྱི་ལོ1929ལོའི་ཟླ2པར་བྱ་དེ་ལ་ལས་ལིའུ་ཀྲོའུ་འཕྲུལ་ཆས་བཟོ་གྲྭ་བསྐྲུན་པ་དེ་ནི་ཀོང་ཞིའི་སྐབས་དེའི་འཕྲུལ་ཆས་བཟོ་གྲྭ་ཆེ་ཤོས་དེ་ཡིན། རི་འགོག་དམག་འཁྲུག་འགོ་བརྩམས་རྗེས། བྱང་ཕྱོགས་ཀྱི་བཟོ་ཚོང་ལས་རིགས་ཀྱི་བདག་པོ་མང་པོ་ལིའུ་ཀྲོའུ་རུ་གནས་སྤོས་པ་དང་། ཡུའུ་ཧྥང་གི་མངའ་ཁོངས་སུ་འཕྲུལ་ཆས་ཞིག་གསོ་དང་ལུགས་རྒྱག་པ། རླངས་འཁོར་ཞིག་གསོ་སོགས་ཁེ་ལས་སྐོར་ཞིག་བཙུགས་ཏེ། རིམ་གྱིས་ལིའུ་ཀྲོའུ་ཡི་བཟོ་ལས་ཁུལ་དུ་གྱུར།

སྤྱི་ལོ1979ལོར་ཡུའུ་ཧྥང་ཆུས་བཙུགས།

སྤྱི་ལོ2000ལོར་ཡུའུ་ཧྥུང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང6ཡོད་པ་སྟེ། ཐེན་མ་ཁྲོམ་གཞུང་དང་། མོ་ཧོ་ཁྲོམ་གཞུང་། རུང་ཅུན་ཁྲོམ་གཞུང་། ཅན་ཕན་ཧྲན་ཁྲོམ་གཞུང་། ཝུའུ་ལི་ཐིང་ཁྲོམ་གཞུང་། ཐན་ཀྲུང་ཁྲོམ་གཞུང་བཅས་ཡིན།

སྤྱི་ལོ2002ལོའི་ཟླ6པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད(རྒྱལ་ཡིག[2002]ཡིག་ཨང57པ) ལིའུ་ཀྲོའུ་གྲོང་ཁྱེར་གྱི་གྲོང་འདབས་མེད་པར་བཟོས་ནས་དེ་སྔའི་གྲོང་ཁྱེར་ཉེ་འདབས་ཀྱི་དབྱང་ཅའོ་ཧྲན་གྲོང་རྡལ་གྱི་ཧྲུའེ་ནན་དང་། ཅ་ཧུ། ཅི་ལ། ཧྲེ་ཝན། དབྱང་ཧུ་བཅས་གྲོང་ཚོ5དང་ཅི་ལཱ་གྲོང་ལྷན་བཅས་ཡུའུ་ཧྥེང་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་འཇུག་རྒྱུ་དང་། ཡུས་ཧྥུང་ཆུས་ཀྱི་ཐན་ཀྲུང་སྲང་ལམ་དེ་གྲོང་ཁྱེར་དབུས་ཁུལ་གྱི་བདག་སྐྱོང་བྱེད་ཁོངས་སུ་དབྱེ་ཡོད།

སྤྱི་ལོ2005ལོའི་ཟླ7པར་ཡུའུ་ཧྥུང་ཆུས་དབྱང་ཅའོ་ཧྲན་གྲོང་རྡལ་མེད་པར་བཟོས་པ་དང་པའེ་ལེན་དང་ཆི་ལིན་ཁྲོམ་གཞུང་དོན་གཅོད་ཁྲུའུ2གསར་དུ་བཙུགས།

སྤྱི་ལོ2011ལོའི་ཟླ་དང་པོར་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལིའུ་ཀྲོའུ་གྲོང་ཁྱེར་ཡུའུ་ཧྥུང་ཆུས་དང་ལུའུ་ཀྲའེ་རྫོང་སྲིད་འཛིན་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱ་རྒྱུའི་ཆོག་མཆན་སྤྲད་པ། ལུའུ་ཀྲའེ་རྫོང་ལུའོ་རུང་གྲོང་རྡལ་སྤྱི་ཡོངས་ལིའུ་ཀྲོའུ་གྲོང་ཁྱེར་ཡུས་ཧྥུང་ཆུས་ཀྱི་ཁོངས་གཏོགས་སུ་བཅུག་པ། ས་ཁོངས་དབྱེ་སྟངས་ལེགས་སྒྲིག་བྱས་རྗེས་ཡུའུ་ཧྥུང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལྡབ3ཆེ་རུ་བཏང་།    

སྤྱི་ལོ2012ལོའི་ཟླ2པའི་ཚེས22ཉིན་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལིའུ་ཀྲོའུ་གྲོང་ཁྱེར་ཡུའུ་ཧྥང་ཆུས་དང་ལིའུ་པེ་ཆུས་སྲིད་འཛིན་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱ་རྒྱུའི་ཆོག་མཆན་སྤྲད་ནས་དེ་སྔའི་ལིའུ་ཀྲོའུ་གྲོང་ཁྱེར་ལིའུ་པེ་ཆུས་ལུའོ་ཕུའུ་གྲོང་རྡལ་ཧྲིལ་པོ་ལིའུ་ཀྲོའུ་གྲོང་ཁྱེར་ཡུའུ་ཧྥང་ཆུས་ཀྱི་དོ་དམ་གཏོགས་ཁོངས2སུ་དབྱེ་རྒྱུར་མོས་མཐུན་བྱས་པ།

སྤྱི་ལོ1996ལོར་ཡུའུ་ཧྥང་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ21.2ཟིན་པ་དང་། མི་གྲངས་ཁྲི17.7ཙམ་ཡོད། ཁོངས་གཏོགས་སུ་ཐེན་མ་ཁྲོམ་གཞུང་དང་། མོ་ཧོ་ཁྲོམ་གཞུང་། རུང་ཅུན་ཁྲོམ་གཞུང་། ཅན་ཕན་ཧྲན་ཁྲོམ་གཞུང་། ཝུའུ་ལི་ཐིང་ཁྲོམ་གཞུང་བཅས་ཡོད།

སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་དང་། ཡུའུ་ཧྥང་ཆུས(ཁོངས་གཏོགས་ཁྲོམ་ལམ6)ཀྱི་མི་གྲངས་བསྡོམས་འབོར273589ཡོད་པའི་ནང་ཐེན་མ་ཁྲོམགཞུང་གི་མི་གྲངས32628དང་། ཅ་ཧུ་ཁྲོམ་གཞུང་གི་མི་གྲངས29436 ཅན་ཕན་ཁྲོམ་གཞུང་གི་མི་གྲངས70337 ཝུའུ་ལི་ཐིང་ཁྲོམ་གཞོང་གི་མི་གྲངས58578 རུང་ཅུན་ཁྲོམ་གཞུང་གི་མི་གྲངས64539 ཐན་ཀྲུང་ཁྲོམ་གཞུང་གི་མི་གྲངས18071བཅས་ཡོད། (དེ་སྔའི་གྲོང་འདབས་ཀྱི་ལུག་ཅའོ་ཧྲན་གྲོང་རྡལ་ལ་མི་གྲངས28035ཡོད)

སྤྱི་ལོ2002ལོའི་ཟླ6པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད(རྒྱལ་ཡིག[2002]ཡིག་ཨང57པ) ལིའུ་ཀྲོའུ་གྲོང་ཁྱེར་གྱི་གྲོང་འདབས་མེད་པར་བཟོས་ནས་དེ་སྔའི་གྲོང་ཁྱེར་ཉེ་འདབས་ཀྱི་དབྱང་ཅའོ་ཧྲན་གྲོང་རྡལ་གྱི་ཧྲུའེ་ནན་དང་། ཅ་ཧུ། ཅི་ལ། ཧྲེ་ཝན། དབྱང་ཧུ་བཅས་གྲོང་ཚོ5དང་ཅི་ལ་གྲོང་ལྷན་བཅས་ཡུའུ་ཧྥང་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་འཇུག་རྒྱུ་དང་། ཡུའུ་ཧྥང་ཆུས་ཀྱི་ཐན་ཀྲུང་ཁྲོམ་གཞུང་དེ་གྲོང་ཁྱེར་དབུས་ཁུལ་གྱི་བདག་སྐྱོང་བྱེད་ཁོངས་སུ་དབྱེ་ཡོད། ཡུའུ་ཧྥང་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ91ཙམ་ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲི21.33ཡོད། དེའི་ཁོངས་སུ་དབྱང་ཅའོ་ཧྲན་གྱི་གྲོང་རྡལ1དང་། ཐེན་མ་དང་།ཅ་ཧུ། རུང་ཅུན། ཅན་ཕན་ཧྲན། ཝུའུ་ལི་ཐིང་། དབྱང་ཧུ་བཅས་དང་ཁྲོམ་གཞུང6དང་། སྡེ་ཁུལ43དང་། གྲོང་ལྷན1 སྲིད་འཛིན་གྲོང་ཚོ5བཅས་ཡོད།

སྤྱི་ལོ2005ལོའི་ཟླ6པའི་ཚེས13ཉིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གཞུང(ཀུའེ་ཀྲེང་ཆིའུ[2005]ཡིག་ཨང165པ)གིས་ཡབ་ཅོ་ཧྲན་གྲོང་རྡལ་མེད་པར་བཟོ་རྒྱུ་དང་། ཁྲོམ་གཞུང་དོན་གཅོད་ཁང་འཛུགས་རྒྱུར་མོས་མཐུན་བྱས་ཤིང་། དེ་སྔའི་ཡཱ་ཅོ་ཧྲན་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་དེ་སྲང་ལམ་དོན་གཅོད་ཁང་དེའི་ཁོངས་གཏོགས་ས་ཁུལ་དུ་བྱས། ཟླ7པར། ལུག་ཅའོ་ཧྲན་གྲོང་རྡལ་མེད་པར་བཟོས་ཏེ། པའེ་ལེན་དང་ཆི་ལིན་ཁྲོམ་གཞུང་གཉིས་གསར་དུ་བཙུགས།

སྤྱི་ལོ2011ལོའི་ཟླ་དང་པོར་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལིའུ་ཀྲོའུ་གྲོང་ཁྱེར་ཡུའུ་ཧྥང་ཆུས་དང་ལུའུ་ཀྲའེ་རྫོང་སྲིད་འཛིན་ཁུལ་ལེགས་སྒྲིག་བྱ་རྒྱུའི་ཆོག་མཆན་སྤྲད་པ་སྟེ། ལུའུ་ཀྲའེ་རྫོང་ལུའོ་རུང་གྲོང་རྡལ་ཧྲིལ་པོ་ལིའུ་ཀྲོའུ་གྲོང་ཁྱེར་ཡུའུ་ཧྥང་ཆུས་ཀྱི་དོ་དམ་བྱེད་ཁོངས་སུ་བཅུག་པ་དང་། ཡུའུ་ཧྥང་ཆུས་མི་དམངས་སྲིད་གཞུང་གནས་ཡུལ་མི་འགྱུར་བ། གྲོང་ཁུལ་གཞན་དག་གི་སྲིད་འཛིན་ཁུལ་དབྱེ་འབྱེད་བྱས་མེད་པ་བཅས་ཡིན། ལུའོ་རུང་གྲོང་རྡལ་དེ་ལུའུ་ཀྲའེ་རྫོང་གྲོང་གི་ལྷོ་ནུབ་རྒྱུད་དུ་གནས་པ་དང་མི་འབོར་བསྡོམས་འབོར་ཁྲི6.8ཟིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ381ཟིན་པ་དང་གྲོང་ཁུལ་དང་བར་ཐག་སྟོང་སྨི25ཡོད་པ་དང་། ཡུའུ་ཧྥང་ཆུས་ནི་ལིའུ་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ122ཙམ་ཡོད། ད་ཐེངས་ཀྱི་ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས་རྗེས་ཡུའུ་ཧྥང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལྡབ3ཆེ་རུ་ཕྱིན་ཡོད།

སྤྱི་ལོ2012ལོའི་ཟླ2པའི་ཚེས22ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི《ལིའུ་ཀྲོའུ་གྲོང་ཁྱེར་ལིའུ་པེ་ཆུས་ལུའོ་ཕུའུ་གྲོང་རྡལ་ཧྲིལ་པོ་ཡུའུ་ཧྥང་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་འཇུག་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་འགོད་བཀའ་ལན》(ཀུའེ་ཀྲེང་ཡིག[2011]ཡིག་ཨང307པ)དང་དེ་བཞིན《ལིའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལིའུ་ཀྲོའུ་གྲོང་ཁྱེར་སྲིད་འཛིན་ས་ཁོངས་ལེགས་སྒྲིག་ལག་བསྟར་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(ལིའུ་ཀྲེང་སྤེལ[2012]ཡིག་ཨང35པ)སོགས་ཡིག་ཆའི་དགོངས་དོན་གཞིར་བཟུང་ལིའུ་ཀྲོའུ་གྲོང་ཁྱེར་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་ལེགས་སྒྲིག་ལས་དོན་ཚོགས་འདུ་སྐོང་ཚོགས་བྱས་པ་ཡིན། ལིའུ་པེ་ཆུས་ལུའོ་ཕུའུ་གྲོང་རྡལ་ཧྲིལ་པོ་ཡུའུ་ཧྥང་ཆུས་ལ་རྩིས་སྤྲོད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་ལུའོ་ཕུའུ་གྲོང་རྡལ་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་དོ་དམ་བྱེད་སྟངས་ལ་འགྱུར་ལྡོག་མི་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་ཡིན། སྤྱི་ལོ2012ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ལེགས་སྒྲིག་ལས་ཀ་ལག་བསྟར་བྱས།

སྤྱི་ལོ2018ལོའི་ཟླ5བའི་ཚེས25ཉིན་ཡུའུ་ཧྥང་ཆུས་ཁོངས་སུ་ཐེན་མ་དང་། ཅ་ཧུ། རུང་ཅུན། ཅན་ཕན་ཧྲན། ཝུའུ་ལི་ཐིང་། ཆི་ལིན། པའེ་ལེན། དབྱང་ཧུ་བཅས་ཁྲོམ་གཞུང8དང་ལུའོ་རུང་། ལུའོ་ཕུའུ། ལི་ཡུང་། པའེ་ཧྲ་བཅས་གྲོང་རྡལ4ཚུད་ཡོད།

3 སྲིད་འཛིན་ས་ཁོངས་ཀྱི་དབྱེ་ཚུལ།

སྤྱི་ལོ2012ལོར་ཡུའུ་ཧྥང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ518ཡོད་པ་དང་། ཡུའུ་ཧྥང་ཆུས་སུ་མངའ་ཁོངས་སུ་ཁྲོམ་གཞུང8དང་། ལུའོ་རུང་གྲོང་རྡལ་དང་ལུའོ་ཕུའུ་གྲོང་རྡལ་གྱི་གྲོང་རྡལ་གཉིས་བཅས་ཡོད།

4 གནས་ཡུལ།

ཡུའུ་ཧྥང་ཆུས་ནི་ལིའུ་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། འགྲིམ་འགྲུལ་གྱི་འགག་མདོར་གནས་པ་དང་། ནུབ་ལིའུ་པེ་ཆུས་དང་། ཁྲེང་ཀྲུང་ཆུས། ལིའུ་ནན་ཆུས། ལྷོ་དང་ལིའུ་ཅང་ཆུས་བཅས་དང་འབྲེལ་བ། ཤར་དུ་ལུའུ་ཀྲའེ་རྫོང་དང་འབྲེལ་བ། བྱང་དུ་ལིའུ་ཁྲེང་རྫོང་དང་འབྲེལ་ཡོད།

5 ནམ་ཟླ།

ཡུའུ་ཧྥང་ཆུས་ནི་ཚ་ཁུལ་དབུས་མ་ནས་ཨེ་ཤེ་ཡ་ལྷོ་མར་བར་བརྒལ་བྱེད་པའི་དུས་རླུང་ནམ་ཟླའི་རྒྱུད་དུ་གནས་ཡོད་པ་དང་། དབྱར་ཁ་ཚ་བ་ཆེ་བ་དང་། དགུན་ཁ་ཐུང་ལ་མི་གྲང་བ། ཆར་ཆུ་འབེལ་བ། འོད་ཀྱི་དྲོད་ཚད་རྒྱས་པ། ཆར་ཆུ་དང་ཚ་དྲོད་དུས་ཚིགས་གཅིག་པ། སད་མེད་པའི་དུས་ཡུན་རིང་བ་བཅས་ཡིན། དྲང་འཕྱང་དྲོད་ཚད་ཀྱི་ཧེ་བག་འཕྲེད་ཐིག་ཏུའུ་གྲངས་ཀྱི་དྲོད་ཚད་ལས་ཆེ། ལོ་མང་པོའི་ཆ་སྙོམས་དྲོད་ཚད་ནི20.6℃ཡིན།

6 མི་གྲངས།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་སླེབས་སྐབས། ཡུའུ་ཧྥང་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི34ཟིན་པ་དང་། བྱེས་འགྲོའི་མི་འབོར་ཁྲི8ཡོད་པ། ཡུའུ་ཧྥང་ཆུས་སུ་གཙོ་བོ་རྒྱ་རིགས་དང་ཀྲོང་རིགས་ཡིན།

7 དཔལ་འབྱོར།

སྤྱི་ལོ2010ལོར་ཡུའུ་ཧྥུང་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར95.89ཟིན་པ་དེ་དུས་མཚུངས་ལས74.8%འཕར་བ། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར143.6ཟིན་ནས36.9%འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར40.12བཏང་ནས85.6%འཕར་བ། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར18.41ཡིན་པས48.6%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18405ཟིན་ནས10.8%འཕར་བ། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9160ཟིན་ནས15.9%འཕར་ཡོད།

སྤྱི་ལོ2011ལོར་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར112.89ཟིན་ནས15.6%འཕར་བ་དང་། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར168ལེགས་གྲུབ་ཟིན་ནས34.4%འཕར་བ་དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར145.88ཟིན་ནས36.0%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར54.12བཏང་ནས34.9%འཕར་བ། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར21.29ཟིན་ནས15.6%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20418ཟིན་ནས10.9%འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར10819ཟིན་ནས18.1%འཕར་ཡོད།

སྤྱི་ལོ2013ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར131.7ལེགས་གྲུབ་བྱུང་ནས13.1%འཕར་བ་དང་། བཟོ་ལས་ཡོངས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར250ཟིན་ནས16.8%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར230.6ཟིན་ནས18%འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར140ཟིན་ནས16%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར85.03བཏང་ནས50.6%འཕར་བ། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར26.48ཟིན་ནས8.1%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར25538ཟིན་ནས10%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-23

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།