ཀོང་ཉིང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཉིང་རྫོང་།
ཀོང་ཉིང་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་ཀྲའོ་ཆིང་གྲོང་ཁྱེར་དུ་གཏོགས་ཤིང་། ཀོང་ཏུང་ཞིང་ཆེན་གྱི་དབུས་རྒྱུད་དང་ནུབ་རྒྱུད་དུ་ཆགས་ཡོད། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་ཆུ་ཚོད་གཅིག་གི་འཚོ་བའི་ཁུལ་དུ་གནས་ཡོད་ལ། དེ་ནི་ཀོང་ཏུང་ཞིང་ཆེན་གྱི་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་ལྟེ་བའི་ས་ཁོངས་དང་ཐག་ཉེ་ཤོས་ཀྱི་རི་ཁུལ་རྫོང་དང་། ཀོང་ཤིས་དང་ཧུའུ་ནན་སོགས་ཞིང་ཆེན་གྱི་སྐམ་སའི་ལམ་བརྒྱུད་དེ་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་དུ་འགྲོ་འོང་བྱེད་པའི་བགྲོད་ལམ་གཙོ་བོའི་གྲས་ཤིག་ཡིན། ཀོང་ཀྲོའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ122.7ཙམ་ཡོད་ལ། ས་ཁོངས་སུ་ཀོང་གཉིས་ཀྱི་མྱུར་བགྲོད་གཞུང་ལམ་དང་ཀུའེ་ཀོང་མྱུར་བགྲོད་ལྕགས་ལམ་བརྒྱུད་ཡོད། རྫོང་ཡོངས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2455ཡོད་པ་དང་། དེའི་ཁོངས་གཏོགས་སུ་གྲོང་རྡལ15ཡོད། སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་ཁྱིམ་ཐོའི་མི་འབོར་ཁྲི58.93ཡོད། མིང་ཅ་ཅིན་གྱི་དུས་སྐབས་སུ། སི་ཧེས་རྫོང་གི་ནུབ་བྱང་ས་ཁུ་དུ་བསྟུད་མར་ཟིང་ཆ་བྱུང་ཞིང་། ཅ་ཅིན་ཁྲི་ལོ་སོ་དྲུག་གི་རིང་ལ་སྔ་རྗེས་སུ་མིང་དམག་གི་སྣེ་ཁྲིད་དེ་ཟིང་འཁྲུག་ཞོད་འཇགས་སུ་བཏང་། ཅ་ཅིན་སྲིད་ལོ་སོ་བརྒྱད་པར། སི་ཧེས་རྫོང་ཏུའུ་བཞི་ལོགས་སུ་བཀར་ནས་ཀོང་ཉིང་རྫོང་བཙུགས་ཤིང་། སྔར་བཞིན་ཀྲའོ་ཆིན་ཧྥུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1988ལོ་ནས་བཟུང་ཀྲའོ་ཆིན་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། ཀོང་ཉིང་རྫོང་ནི“རི་བརྒྱད་ཆུ་གཅིག་ཞིང་གཅིག”གི་དཔེ་མཚོན་རི་ཁུལ་རྫོང་ཞིག་ཡིན་པ་དང་། ནགས་ཚལ་གྱི་ཁྱབ་ཚད83%ཟིན་ཡོད། ཆུ་ཤུགས་གསོག་ཚད་ཆན་ཝ་ཁྲི26.11ཟིན་ནས་ཆན་ཝ་ཁྲི15.03གསར་སྤེལ་བྱས་ཡོད། གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་རྫོང་གི་ལྷོ་ནུབ་རྒྱུད་ནས་ཐོན་པའི་ཀོང་ལུའུ་གཡང་ཊི་ནི་ཀྲུང་གོའི་གཡང་ཊི་གྲགས་ཅན་ལྔའི་གྲས་ཤིག་ཡིན་ཞིང་། སྤྱི་ལོ2007ལོར་ཀོང་ལུའུ་ཡི་གཡང་ཊི་དེ་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག སྤྱི་ལོ2013ལོར་ཀོང་ཉིང་ཀོང་ལུའུ་གཡང་ཊི་ལ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་ཐོབ་ཡོད། ཡུལ་སྐོར་ཐོན་ཁུངས་ལ་ཀོང་ཉིང་ཀྲུའུ་ཧའེ་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་པའོ་ཝང་རི་བོའི་མཛེས་ལྗོངས་ཁུལ་ནི་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡིན་ལ། ཀུའུ་ཧྲུའེ་གཙང་པོའི་མཛེས་ལྗོངས་ཁུལ། ལུའུ་ཁུའོ་རི་བོའི་མཛེས་ལྗོངས་ཁུལ་བཅས་ཡོད། སྤྱི་ལོ2018ལོར་ཀོང་ཉིང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར159.3ཟིན་ནས་ལོ་སྔོན་མང་ལས5.8%འཕར་ཞིང་། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར197ཟིན་ནས་ལོ་སྔཕན་མ་ལས5%འཕར་ཡོད། ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར58ཟིན་ནས་ལོ་སྔོན་མ་ལས7.2%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར51.3ཟིན་ནས་ལོ་སྔོན་མ་ལས9.5%འཕར་ཡོད། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར18430ཟིན་ནས་ལོ་སྔོན་མ་ལས8%འཕར་ཡོད། སྤྱི་ལོ2005ལོའི་ཟླ10པར་ཀོང་ཉིང་རྫོང་ལ“ཀྲུང་གོའི་ཧྲ་ཐང་ཅི་ཡི་ཕ་ཡུལ”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ། སྤྱི་ལོ2017ལོའི་ཟླ7པར“ཀོང་ཏུང་ཞིང་ཆེན་གྱི་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྔོན་ཐོན་རྫོང”ལ་བསྒྱུར་ཡོད། སྤྱི་ལོ2019ལོའི་ཟླ5པའི་ཚེས18ཉིན་ཀོང་ཉིང་རྫོང“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་མཛེས་ཤོས”ཀྱི་གྲས་སུ་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广宁
ཕྱི་ཡིག་གི་མིང་།
Kwongning(粤语)、Guangning(拼音)
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ནན།
མངའ་ཁོངས།
གྲོང་རྡལ15ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0758
སྦྲག་སྲིད་ཨང་རྟགས།
526300
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2458.15ཡོད།
མི་འབོར།
མི་ཁྲི58.93ཡོད།(སྤྱི་ལོ2017ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུའེH粤H
སྲིད་འཛིན་ཚབ་ཨང་།
441223
1 ལོ་རྒྱུས་འཕེལ་རིམ།        

མིན་གོ་བཙུགས་རྗེས། ཐོག་མར་ཆིང་རྒྱལ་རབས་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དང་། རྗེས་སུ་ཀྲོའུ་དང་ཧྥུ་མེད་པར་བཟོས་ནས་ཏའོ་དང་ཆུས་ཀྱི་ལམ་ལུགས་ལག་བསྟར་བྱས། མིན་གོ་སྲིད་ལོ3པར(སྤྱི་ལོ1914ལོ)ཀོང་ཏུང་ཏའོ6ཏུ་བགོས་པ་དང་། ཀོང་ཉིང་ནི་ཡུའེ་ཧའེ་ཏའོ་རུ་གཏོགས། མིན་གོ་སྲིད་ལོ9པར། ཞིང་ཆེན་ཡོངས་ཧྲན་ཧོའུ་ཆུས་བཞི་རུ་བགོས། ཀོང་ཉིང་ནི་ནུབ་བྱང་གི་ཐིཔ་ཐའོ་ས་ཁུལ་དུ་གཏོགས། མིན་གོ་སྲིད་ལོ25པར། ཅིན་ཐའོ་ཆུས་མེད་པར་བཟོས་ནས་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ9རུ་བསྒྱུར། ཀོང་ཉིང་རྫོང་ནི་སྲིད་འཛིན་ཁུལ་གསུམ་པར་གཏོགས།

སྤྱི་ལོ1949ལོའི་ཟླ9པའི་ཚེས3ཉིན་ཀོང་ཉིང་བཅིངས་འགྲོལ་བཏང་བ་དང་། ཀོང་ཏུང་ཞིང་ཆེན་གྱི་ཆུས་བཅུ་གཅིག་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། ལོའི་དེའི་ཟླ11པར་ཞི་ཅང་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1952ལོའི་ཟླ5པར། ཀོང་ཉིང་དང་། སི་ཧེས་ཟླ་སྒྲིལ་བཏང་ནས་ཀོང་སི་རྫོང་བཙུགས། ཞི་ཅང་ཀྲོན་ཡོན་ཀུང་ཧྲུའུ་རུ་གཏོགས། སྤྱི་ལོ1954ལོའི་ཟླ7པར་ཀོང་ཉིང་རྫོང་གི་སྒྲིག་གཞི་སླར་གསོ་བྱས། ཀོང་ཏུང་དབུས་ཁུལ་གྱི་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1958ལོའི་ཟླ10པར། ཀོང་ཉིང་དང་སི་ཧེས་རྫོང་གཉིས་ཡང་བསྐྱར་ཀོང་སི་རྫོང་དུ་ཟླ་སྒྲིལ་བྱས་ཤིང་། མཐོ་རིམ་ས་ཁུལ་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་གཏོགས་ཡིན། ཟླ12པར་ཅང་མེན་ཁུལ་གྱི་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་གཏོགས་སུ་བསྒྱུར། སྤྱི་ལོ1961ལོའི་ཟླ4པར་ཡང་བསྐྱར་ཀོང་ཉིང་རྫོང་གི་སྒྲིག་གཞི་སླར་གསོ་བྱས། ཀྲའོ་ཆིང་ས་ཁུལ་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1968ལོའི་ཟླ3པར་ཀྲའོ་ཆིང་ཀྲོན་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས། སྤྱི་ལོ1970ལོའི་ཟླ10པར་ཀྲའོ་ཆིང་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་དུ་བསྒྱུར། སྤྱི་ལོ1979ལོའི་ཟླ4པར་ཀྲའོ་ཆིང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1988ལོ་ནས་བཟུང་ཀྲའོ་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཁོངས་གཏོགས་ཡིན།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ1979ལོར་ཀོང་ཉིང་གིས་སྲིད་འཛིན་ཁུལ་དབྱེ་བྱས་ཏེ་ཅང་ཐུན་དང་། ཕེ་ཧྲ། ཧྲི་ཅན། ཐན་པུའུ། ལེན་ཧོ། ལུའུ་ཀང་། པེ་གྲོང་། ཧྲང་ལིན། ཁྲི་ཁེང་། ཤིན་ལོའུ་། ཝུའུ་ཧོ། ཧོའུ་ཞི། མུའུ་ཀེ། ཀུའུ་ཧྲུའེ། ཀྲོའུ་ཙེ་བཅས་མི་དམངས་ཀུང་ཧྲེ17དང་ནན་ཅེ་གྲོང་རྡལ། ཆིང་ཀུའེ་དང་། ཁུའེ་ཁོན། ཧྲེན་ཁེང་བཅས་ནགས་ར3བཙུགས། དེའི་ཁོངས་སུ་ཐོན་སྐྱེད་རུ་ཆེན241དང་ཞིང་ལས་བཟོ་ཁུལ4 ནགས་ལས་བཟོ་ཁུལ1ཡོད།

སྤྱི་ལོ1983ལོའི་ཟླ9པར་སྲིད་ཧྲེ་སོ་སོར་ཕྱེས་ནས་མི་དམངས་ཀུང་ཧྲེ་དེ་ཆུས་སུ་བསྒྱུར་ལ། རུ་ཆེན་ཁག་གཅིག་ཟླ་སྒྲིལ་བཏང་ཞིང་། རུ་ཆེན་ཡུལ་ཚོ་རུ་བསྒྱུར། རྫོང་ཡོངས་སུ་ནན་ཅེ་གྲོང་རྡལ་དང་། ཕའེ་ཧྲ། ཧྲི་ཅན། ཐན་པུའུ། ཅང་ཐུན། ལེན་ཧོ། ལུའུ་ཀང་། པེ་གྲོང་། ཧྲང་ལིན། ཁྲི་ཁེང་། ཤིན་ལོའུ་། ཝུའུ་ཧོ། ཧོའུ་ཞི། མུའུ་ཀའེ། ཀུའུ་ཧྲུའེ། ཀྲོའུ་ཙེ་བཅས་ཆུས17 ཆིང་ཀུའེ་དང་། ཁུའེ་ཁེང་། ཧྲེན་ཁེང་བཅས་ནགས་ར3ཡོད། ཁོངས་གཏོགས་སུ་ཡུལ་ཚོ་ཆུང་ངུ177ཡོད།

སྤྱི་ལོ1987ལོའི་ཟླ4པར་ཆུས(ཡུལ་ཚོ)གྲོང་རྡལ(ཤང)དང་ཡུལ་ཚོའི་ལམ་ལུགས་སུ་བསྒྱུར། ཤིན་ལོའུ་ཆུས་ཏུང་ཤིང་གྲོང་རྡལ་དུ་བསྒྱུར། ཧྲང་ལིན་ཆུས་ཁོང་ཁོའུ་གྲོང་རྡལ་དུ་བསྒྱུར། ཧོའུ་ཤིས་ཆུས་ཧེང་ཧྲན་གྲོང་རྡལ་དུ་བསྒྱུར། ཀྲོའུ་ཙེ་དང་། ལུའུ་ཀང་། ཧྲི་ཅེ། ཅིང་ཀུས་སོགས་ཡུལ་ཚོ་རུ་བསྒྱུར། དེ་སྔའི་རུ་ཆེན་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་བསྒྱུར། ཁྱོན་སྡེ་དམངས་ཨུ་ཡོན་ལྷན་ཁང266ཡོད། ལོ་དེའི་ཟླ6པའི་ཚེས17ཉིན། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀྲོའུ་ཙེ་ཡུལ་ཚོ་དེ་ཀྲོའུ་ཙེ་གྲོང་རྡལ་དུ་བསྒྱུར། དེའི་ཁོངས་གཏོགས་ས་ཁུལ་ལ་འགྱུར་བ་བྱུང་མེད།

སྤྱི་ལོ1996ལོར་ལེགས་སྒྲིག་བྱས་རྗེས་དེའི་ཁོངས་གཏོགས་སུ་གྲོང་རྡལ17དང་། ཡུལ་ཚོ1(ནན་ཅེ་གྲོང་རྡལ་དང་། ཕའེ་ཧྲ་གྲོང་རྡལ། ཧྲི་ཅན་གྲོང་རྡལ། ཐན་པུའུ་གྲོང་རྡལ། ཅང་ཐུན་གྲོང་རྡལ། ལེན་ཧོ་གྲོང་རྡལ། ལུའུ་ཀང་གྲོང་རྡལ། པེ་ཧྲི་གྲོང་རྡལ། ཁུང་ཁེང་གྲོང་རྡལ། ཁྲི་ཁེང་གྲོང་རྡལ། པིན་ཧེང་གྲོང་རྡལ། ཝུའུ་ཧོ་གྲོང་རྡལ། ཧྲི་ཅི་གྲོང་རྡལ། ཀུའུ་ཧྲུའེ་གྲོང་རྡལ། ཀྲོའུ་ཙེ་གྲོང་རྡལ། ཆིང་ཀུའེ་གྲོང་རྡལ། ཁུའེ་ཁེང་གྲོང་རྡལ། ཧྲེན་ཁེང་ཡུལ་ཚོ་བཅས་ཡིན)ཡོད།

སྤྱི་ལོ2002ལོར་ཧེང་ཧྲན་དང་མུའུ་ཀེ་གྲོང་རྡལ་གཉིས་བཙུགས། ལེགས་སྒྲིག་བྱས་རྗེས་ཁོངས་གཏོགས་སུ་གྲོང་རྡལ19དང་ཡུལ་ཚོ1(ནན་ཅེ་གྲོང་རྡལ་དང་། ཁྲི་ཁེང་གྲོང་རྡལ། པེ་ཧྲི་གྲོང་རྡལ། ཅང་ཐུན་གྲོང་རྡལ། ལེན་ཧོ་གྲོང་རྡལ། ཐན་པུའུ་གྲོང་རྡལ། ཕའེ་ཧྲ་གྲོང་རྡལ། ཧྲི་ཅན་གྲོང་རྡལ། པིན་ཧེང་གྲོང་རྡལ། ཝུའུ་ཧོ་གྲོང་རྡལ། མུའུ་ཀེ་གྲོང་རྡལ། ཀྲོའུ་ཙེ་གྲོང་རྡལ། ཀུའུ་ཧྲུའེ་གྲོང་རྡལ། ཁུང་ཁོའུ་གྲོང་རྡལ། ཁུའེ་ཏུང་གྲོང་རྡལ། ལུའུ་ཀང་གྲོང་རྡལ། ཆིང་ཀུའེ་གྲོང་རྡལ། ཧྲི་ཅི་གྲོང་རྡལ། ཧྲེན་ཁེང་ཡུལ་ཚོ)བཅསཡོད།།

སྤྱི་ལོ2005ལོར་ཆིང་ཀུའེ་གྲོང་རྡལ་ཀྲོའུ་ཙེ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་། དེའི་ཁོངས་གཏོགས་སུ་གྲོང་རྡལ17(ནན་ཅེ་གྲོང་རྡལ་དང་། ཁྲི་ཁེང་གྲོང་རྡལ། པེ་ཧྲི་གྲོང་རྡལ། ཅང་ཐུན་གྲོང་རྡལ། ལན་ཧོ་གྲོང་རྡལ། ཐན་པུའུ་གྲོང་རྡལ། ཕའེ་ཧྲ་གྲོང་རྡལ། ཧྲི་ཅན་གྲོང་རྡལ། པིན་ཧེང་གྲོང་རྡལ། ཝུའུ་ཧོ་གྲོང་རྡལ། མུའུ་ཀེ་གྲོང་རྡལ། ཀྲོའུ་ཙེ་གྲོང་རྡལ། ཀུའུ་ཧྲུའེ་གྲོང་རྡལ། ཁུང་ཁོའུ་གྲོང་རྡལ། ལུའུ་ཀང་གྲོང་རྡལ། ཧྲི་ཅི་གྲོང་རྡལ)ཡོད།

སྤྱི་ལོ2012ལོར་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད་ལན་ཧོ་གྲོང་རྡལ་མེད་པ་བཟོས་པ་དང་ཅང་ཐུན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ཧྲི་ཅིན་གྲོང་རྡལ་མེད་པར་བཟོས་ནས་པིན་ཧིན་གྲོང་རྡལ་དུ་བསྡུས། ལེགས་སྒྲིག་བྱས་རྗེས་དེ་སྔའི་གྲོང་རྡལ17ནས་གྲོང་རྡལ15(ནན་ཅེ་གྲོང་རྡལ་དང་། ཅང་ཐུན་གྲོང་རྡལ། ཁྲི་ཁེང་གྲོང་རྡལ། པེ་ཧྲི་གྲོང་རྡལ། ཐུང་ཁོའུ་གྲོང་རྡལ། ལུའུ་ཀང་གྲོང་རྡལ། ཐན་པུའུ་གྲོང་རྡལ། ཧྲི་ཅི་གྲོང་རྡལ། ཀུའུ་ཧྲུའེ་གྲོང་རྡལ། ཀྲོའུ་ཙེ་གྲོང་རྡལ། པིན་ཧེང་གྲོང་རྡལ། ཧེང་ཧྲན་གྲོང་རྡལ། ཝུའུ་ཧོ་གྲོང་རྡལ། མུའུ་ཀེ་གྲོང་རྡལ། ཕའེ་ཧྲ་གྲོང་རྡལ། ཧྲི་ཅན་གྲོང་རྡལ)བཅས་སུ་བསྒྱུར།

སྤྱི་ལོ2018ལོའི་བར་དུ་རྫོང་ཡོངས་ཀྱི་ཁོངས་སུ་ནན་ཅེ་གྲོང་རྡལ་དང་། ཅང་ཐུན་གྲོང་རྡལ། ཁྲི་ཁེང་གྲོང་རྡལ། པེ་ཧྲི་གྲོང་རྡལ། ཁུང་ཁོའུ་གྲོང་རྡལ། ལུའུ་ཀང་གྲོང་རྡལ། ཐན་པུའུ་གྲོང་རྡལ། ཧྲི་ཅི་གྲོང་རྡལ། ཀུའུ་ཧྲུའེ་གྲོང་རྡལ། ཀྲོའུ་ཙེ་གྲོང་རྡལ། པིན་ཧེང་གྲོང་རྡལ། ཧོང་ཧྲན་གྲོང་རྡལ། ཝུའུ་ཧོ་གྲོང་རྡལ། མུའུ་ཀེ་གྲོང་རྡལ། ཕེ་ཧྲ་གྲོང་རྡལ་བཅས་ཡོད། གྲོང་རྡལ15ཡི་སྡེ་དམངས་ཨུ་ཡོན་ལྷན་ཁང178 གྲོང་མིའི་ཚོགས་ཆུང4379བཅས་ཡོད། རྫོང་སྲིད་གཞུང་གནས་ཡུལ་ནན་ཅེ་གྲོང་རྡལ་དུ་ཡོད།

3 མི་འབོར།

2017ལོའི་བར་དུ་ཀོང་ཉིང་རྫོང་དུ་ཁྱིམ་ཐོ་ཡོད་པའི་མི་འབོར་ཁྲི58.93(དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི17.97དང་གྲོང་གསེབ་ཀྱི་མི་འབོར་ཁྲི40.96ཡོད)ཡོད།

4 དཔལ་འབྱོར།

སྤྱི་ལོ2018ལོར་ཀོང་ཉིང་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར159.3ཟིན་པ་དེ་ལོ་སྔོན་མ་ལས5.8%འཕར་ཡོད། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར197ཟིན་ནས་ལོ་སྔོན་མ་ལས5%འཕར་ཡོད། དེའི་ནང་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར33.6ཟིན་ནས་ལོ་སྔོན་མ་ལས4.5%འཕར་ཞིང་། ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར58ཟིན་ནས་ལོ་སྔོན་མ་ལས7.2%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར5.02(དཔྱ་ཁྲལ་མིན་པའི་ཡོང་སྒོའི་བསྡུར་ཚད་བརྒྱ་ཆ29.53ཟིན་ལ་བརྒྱ་ཆའི་གཞི་གྲངས8.5མར་ཆག་ཡོད)ཡིན་ལ་བརྒྱ་ཆའི12.8འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར51.3ཟིན་ནས་ལོ་སྔོན་མ་ལས9.5%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར66.57ཟིན་ནས་ལོ་སྔོན་མ་ལས9.6%འཕར་ཡོད། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར18430ཟིན་ནས་ལོ་སྔོན་མ་ལས8%འཕར་ཡོད།

སྤྱི་ལོ2018ལོར་ཀོང་ཉིང་རྫོང་གི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར197ཟིན་ནས་ལོ་སྔོན་མ་ལས5%འཕར་ཞིང་། དེའི་ནང་དུ་གཞི་ཁྱོན་གཅིག་ཡན་གྱི་བཟོ་ལས་ཀྱིས་སྒོར་དུང་ཕྱུར167ཟིན་ནས་ལོ་སྔོན་མ་ལས5.1%འཕར་ཡོད། གཞི་ཁྱོན་གཉིས་མན་གྱི་བཟོ་ལས་ཀྱིས་སྒོར་དུང་ཕྱུར30ཟིན་ནས་ལོ་སྔོན་མ་ལས3%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར33.59ཟིན་ནས་ལོ་སྔོན་མ་ལས4.5%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-26

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།