ཏའེ་ཆིང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏའེ་ཆིང་རྫོང་།
ཏའེ་ཆིང་རྫོང་ནི་ཀོང་ཏུང་ཞིང་ཆེན་ཀྲའོ་ཆིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཀོང་ཏུང་ཞིང་ཆེན་དབུས་རྒྱུད་ཀྱི་ཤིས་ཅང་གཙང་པོའི་དབུས་རྒྱུད་ཀྱི་བྱང་ངོགས་སུ་གནས་པ་དང་། ལྷོ་ཕྱོགས་སུ་ཤིས་ཅང་གཙང་པོ་དང་འབྲེལ་ནས། ཡུན་ཕུའུ་གྲོང་ཁྱེར་གྱི་ཡུས་ནན་རྫོང་དང་ཡུན་ཨན་ཆུས་གཉིས་ཀྱི་བར་དུ་གཙང་པོས་ཆོད་ནས་ཁ་གཏད་དུ་གནས་ཡོད། ཤར་དུ་ཀྲའོ་ཆིང་དང་བར་ཐག་སྤྱི་ལེ92ཡོད། དེའི་ཁོངས་སུ་གྲོང་རྡལ12དང་། ཁྲོམ་ལམ1 སྡེ་དམངས་ཨུ་ཡོན་ལྷན་ཁང193བཅས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2258ཟིན་ཡོད། སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཁྱིམ་ཐོའི་མི་འབོར་ཁྲི41ཡོད། ཏའེ་ཆིང་ནི་ལོ་ངོ2100ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ལིང་ནན་གྱི་གནའ་བོའི་ཅུན་ཞིག་ཡིན་ལ། སྤྱི་ལོ1996ལོར་ཀོང་ཏུང་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དུ་གཏན་ཁེལ་བྱས་ཡོད། ས་འོག་ནས་ཐོན་པའི་རིག་དངོས་ཐོག་ནས་ལོ་ངོ་བརྒྱད་སྟོང་ནས་ཁྲི་གཅིག་ཙམ་སོང་བའི་བར་གྱི་ཏེ་ཆིང་སན་ཀྲོའུ་བྲག་རྡོའི་ནང་དུ་གནའ་བོའི་མིའི་རིགས་འཚོ་སྡོད་བྱེད་ཀྱིན་ཡོད་པ་ར་སྤྲོད་བྱུང་ཡོད། ཧ་ལམ་ལོ་ངོ་བཞི་སྟོང་ལྷག་གི་སྔོན་ལ། ཏའེ་ཆིང་དུ་འདེབས་འཛུགས་ལས་རིགས་དང་། སྒོ་ཕྱུགས་གསོ་སྐྱོང་ལས་རིགས། རྫ་བཟོའི་ལས་རིགས། འཁེལ་འཐག་ལས་རིགས་བཅས་དར་རྒྱས་ཆེན་པོ་བྱུང་ཡོད། ཀྲན་གོའི་དུས་རབས་སུ་ཅུང་བྱང་ཆུབ་པའི་ལི་བཙོ་སྦྱང་གི་ལག་རྩལ་ཡོད་པ་མ་ཟད། ད་དུང་ཟངས་ཀྱི་ཚ་ལ་རྒྱག་པའི་བཟོ་རྩལ་ཡང་ཐོན་ཡོད། ལུའོ་ཡན་ཧྲན་དང་ཝང་ཧུའུ་ཧྲན་སོགས་ཀྲན་གོའི་བང་སོ་ནས་ཐོན་པའི་ལི་ཆས་དེ་དག་ལ་ཀྲུང་ཡོན་རིག་གནས་དང་ཁྲུའུ་ཡི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཡོད་ལ། ལྷོ་ཕྱོགས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོའང་ལྡན་ཡོད། ཏའེ་ཆིང་གི་ཆུ་ཐོག་དང་སྐམ་སི་འགྲིམ་འགྲུལ་སྟབས་བདེ་ལ། རྒྱལ་ལམ321ལམ་ཐིག་རྫོང་ཁོངས་བརྒྱུད་ཡོད་ལ། ཞིང་ཆེན་རིམ་པའི་གཡོད་ཧོའེ་ལམ་ཐིག ཤིས་ཅང་ཟམ་ཆེན་སོགས་ཀྱི་ལམ་དྲ་རྫོང་ཡོངས་སུ་ཁྱབ་ཡོད། གྲོང་ཚོ་ཚང་མར་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་ཡོད་ལ། ཤིས་ཅང་གཙང་པོ་རྫོང་ཁོངས་ཀྱི་ལྷོ་རྒྱུད་དུ་ཁྱབ་ཡོད། ཏུན2000རིམ་པའི་ཟོག་འདྲེན་གྲུ་གཟིངས་ཤར་གཏོང་ཐུབ་ཡོད། ལོ་རེར་ཏུན་ཁྲི100ཡན་གྱི་རྒྱལ་ཁབ་ཀྱི་འགག་སྒོ་རིགས་གཉིས་པའི་དོས་སྒམ་གྲུ་ཁ་བསྐྲུན་ཡོད། ཆུ་ལམ་དུ་ཤང་ཀང་དང་ཨའོ་མོན་ཤར་ལ་གཏོང་ཐུབ་ཅིང་། ཏའེ་ཆིང་ནི་ཀོང་ཏུང་གི་ཡུལ་སྐོར་སྟོབས་ཆེའི་རྫོང་ཞིག་ཡིན་པ་དང་། ཁུང་ཙིའི་ལྷ་ཁང་དང་། ཕན་ལུང་འགག ཅིན་ལིན་ཧྲུའེ་ཡུལ་ཚོ། སན་ཡོན་མཆོད་རྟེན་སོགས་མཛེས་ལྗོངས་ཁུལ་ཡོད། སྤྱི་ལོ2017ལོར་ཏའེ་ཆིང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར133.68ལེགས་འགྲུབ་བྱས་པ་དེ་ལོ་གོང་མ་ལས6.2%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.93ལེགས་འགྲུབ་ཟིན་ནས་ལོ་སྔོན་མ་ལས3.9%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར40.95ཟིན་ནས་ལོ་སྔོན་མ་ལས7.7%འཕར་ཞིང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར64.8ཟིན་ནས་ལོ་སྔོན་མ་ལས5.9%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར3763ཟིན་པ་དེ་ལོ་སྔོན་མ་ལས5.0%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གྲུབ་ཚུལ་ལོ་གོང་མའི20.5:39.4:40.1ནས20.9:30.6:48.5བར་ལེགས་སྒྲིག་བྱསཡོད། ཐོན་ལས་དང་པོའི་བསྡུར་ཚད་བརྒྱ་ཆའི0.4འཕར་ཞིང་། ཐོན་ལས་གཉིས་པའི་བསྡུར་ཚད་བརྒྱ་ཆའི8.8མར་ཆག་ཡོད་ལ། ཐོན་ལས་གསུམ་པའི་བསྡུར་ཚད་བརྒྱ་ཆའི་8.4འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德庆县
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀོང་ཏུང་ཞིང་ཆེན་ཀྲའོ་ཆིང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ12དང་ཁྲོམ་ལམ1ཡོད།
སྲིད་གཞུང་གནས་ཡུལ།
ཏའེ་ཁྲེང་ཁྲོམ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0758
སྦྲག་སྲིད་ཨང་རྟགས།
526600
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2258ཡོད།
མི་འབོར།
མི་ཁྲི35.63ཡོད།(སྤྱི་ལོ2017ལོའི་རྒྱུན་སྡོད་མི་འབོར)
རླངས་འཁོར་ཚབ་ཨང་།
ཡུའེH粤H
སྲིད་འཛིན་ཚབ་ཨང་།
441226
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར146.72ཡོད།(སྤྱི་ལོ2018ལོར)
1 ​ལོ་རྒྱུས་འཕེལ་རིམ།          

ཀྲུང་ཧྭ་མིན་གོ་སྲིད་ལོ་དང་པོར(སྤྱི་ལོ1912ལོ)ཟླ10པར་ཏའེ་ཆིང་ཀྲོའུ་རུ་བསྒྱུར། མིན་གོ་སྲིད་ལོ་གསུམ་པར(སྤྱི་ལོ1914ལོ)ཀོང་ཏུང་ཞིང་ཆེན་གྱི་ཡུའེ་ཧའེ་ཏའོ་རུ་གཏོགས། མིན་གོ་སྲིད་ལོ་དགུ་པར(སྤྱི་ལོ1920ལོ)ཏའོ་ཡི་ལམ་ལུགས་མེད་པཟོས་ནས་ཀོང་ཏུང་ཞིང་ཆེན་གྱི་ཐད་གཏོགས་ས་ཁོངས་བྱས། མིན་གོ་སྲིད་ལོ་བཅུ་གཉིས་པར(སྤྱི་ལོ1923ལོ)ཞི་ཅང་ཧྲན་ཧོའུ་ལྟ་སྐུལ་སྤྱི་འདོམས་ཧྲུའུ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོ)ཀོང་ཏུང་ཞིང་ཆེན་ནུབ་བྱང་ས་ཁུལ་གྱི་ཅིན་ཐའོ་ཨུ་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་ཉེར་ལྔ་པའི(སྤྱི་ལོ1936ལོ)ཟླ10པར། ཀོང་ཏུང་ཞིང་ཆེན་གྱི་ཆུས་གསུམ་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ38པའི(སྤྱི་ལོ1949ལོ)ཟླ5པར། ཀོང་ཏུང་ཞིང་ཆེན་གྱི་ཆུས་བཅུ་གཉིས་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་དང་པའོ་ཨན་དམག་སྤྱི་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ12པའི་ཚེས1ཉིན། ཏའེ་ཆིང་རྫོང་མི་དམངས་སྲིད་གཞུང་དབུ་བརྙེས། ཀོང་ཏུང་ཞིང་ཆེན་ཞི་ཅང་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1952ལོར་ཡུའེ་ཀྲུང་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1956ལོར་ཀའོ་ཡའོ་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1958ལོའི་ཟླ10པའི་ཚེས25ཉིན། ཏའེ་ཆིང་རྫོང་དང་ཧྥེང་ཁྲོན་རྫོང་གཉིས་ཟླ་སྒྲིལ་བཏང་ཞིང་། ཅང་མོན་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1961ལོའི་ཟླ4པར། བདེ་ཆེན་རྫོང་གི་སྒྲིག་གཞི་སླར་གསོ་བྱས། ཀྲའོ་ཆིང་ཀུང་ཧྲུའུ་ཡི་འགོ་ཁྲིད་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1968ལོར་ཀྲའོ་ཆིང་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས། སྤྱི་ལོ1980ལོའི་ཟླ1པོར་ཀོང་ཏུང་ཞིང་ཆེན་ཀྲའོ་ཆིང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1988ལོར་ཀོང་ཏུང་ཞིང་ཆེན་ཀྲའོ་ཆིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

2 སྲིད་འཛིན་ཁུལ་དབྱེ།
2_1 ཁུལ་དབྱེའི་འཕེལ་རིམ།

སྤྱི་ལོ2002ལོར་ཏའེ་ཆིང་རྫོང་ཁོངས་སུ་ཏེ་ཁྲེང་དང་། ཤིན་ཞུས། ཀོན་ཞུས། མ་ཞུས། ཀའོ་ལིང་། མོ་ཚུན། ཡུང་ཧྥེང་། ཝུའུ་ནུང་། པའོ་ཀྲུང་། ཧྥེང་ཚུན། ཅིའུ་གྲོང་། ཡུའེ་ཁྲེང་། ཧུའེ་ལུང་། ཧྲ་པའེ། ཀུའུ་ཡིའུ་བཅས་གྲོང་རྡལ15ཡོད་ལ། ཁྱོན་བསྡོམས་སྡེ་དམངས་ཨུ་ཡོན་ལྷན་ཁང175དང་སྡོད་དམངས་ཨུ་ཡོན་ལྷན་ཁང17ཡོད།

སྤྱི་ལོ2003ལོའི་ཟླ9པའི་ཚེས29ཉིན། གྲོང་རྡལ14ནས་གྲོང་རྡལ13དུ་བསྒྱུར། ཧྲ་ཕང་གྲོང་རྡལ་མེད་པར་བཟོས་ཏེ་ཀོན་ཡུས་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ལེགས་སྒྲིག་བྱས་རྗེས། ཏའེ་ཆིང་རྫོང་ཁོངས་སུ་ཏེ་ཁྲེང་དང་། ཞིན་ཞུས། ཀོན་ཞུས། མ་ཞུས། ཀའོ་ལིའང་། མའོ་ཚུན། ཡུང་ཧྥེང་། ཝུའུ་ནུང་། པའོ་ཀྲུང་། ཧྥེང་ཚུན། ཅིའུ་གྲོང་། ཡུའེ་ཁྲེང་། ཧུའེ་ལུང་བཅས་གྲོང་རྡལ13ཡོད། ཁྱོན་བསྡོམས་སྡེ་དམངས་ཨུ་ཡོན་ལྷན་ཁང193ཡོད།

སྤྱི་ལོ2005ལོའི་ཟླ6པའི་ཚེས16ཉིན། ཀོང་ཏུང་ཞིང་ཆེན་དམངས་སྲིད་ཐིང་གིས་ཆོག་མཆན་བཀོད་ནས། ཏའེ་ཆིང་རྫོང་གི་ཏའེ་ཁྲེང་གྲོང་རྡལ་མེད་པར་བཟོས་ནས་ཏའེ་ཁྲེང་ཁྲོམ་ལམ་དོན་གཅོད་ཁྲུའུ་བཙུགས་ཏེ། ཏའེ་ཆིང་རྫོང་སྲིད་གཞུང་གི་མངག་གཏོང་ལས་ཁུངས་བྱས། ཏའེ་ཁྲེང་ཁྲོམ་ལམ་དོན་གཅོད་ཁྲུའུ་ཡིས་དེ་སྔའི་ཏའེ་ཁྲེང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ཀྱི་ཁྱབ་ཁོངས་སུ་ཁྱོན་བསྡོམས་སྡོད་དམངས་ཨུ་ཡོན་ལྷན་ཁང4དང་སྡེ་དམངས་ཨུ་ཡོན་ལྷན་ཁང4ཡོད། ཁྲོམ་ལམ་དོན་གཅོད་ཁྲུའུ་ཡི་སྲིད་གཞུང་གི་བཅའ་སྡོད་བྱ་ཡུལ་དེ་སྔའི་ཏའེ་ཁྲེང་གྲོང་རྡལ་གྱི་་བཅའ་སྡོད་བྱ་ཡུལ་ཡིན།

སྤྱི་ལོ2005ལོའི་ལོ་མཇུག་ཏུ་ཏའེ་ཆིང་རྫོང་གི་ཁོངས་སུ་ཏའེ་ཁྲེང་ཁྲོམ་ལམ་དང་། ཞིན་ཞུས། ཀོན་ཞུས། མ་ཞུས། ཀའོ་ལིང་། མོ་ཚུན། ཡུང་ཧྥེང་། ཝུའུ་ནུང་། པའོ་ཀྲུང་། ཧྥེང་ཚུན། ཅིའུ་ཧྲི། ཡུའེ་ཁྲེང་། ཧུའེ་ལུང་བཅས་གྲོང་རྡལ12ཡོད།

སྤྱི་ལོ2009ལོའི་ལོ་མཇུག་ཏུ་ཏའེ་ཆིང་རྫོང་གི་ཁོངས་སུ་ཁྲོམ་ལམ1དང་། གྲོང་རྡལ12 སྡོད་དམངས་ཨུ་ཡོན་ལྷན་ཁང18 སྲིད་འཛིན་གྲོང་ཚོ175བཅས་ཡོད།

2_2 ཁུལ་དབྱེའི་གནས་ཚུལ་ཞིབ་ཕྲ།

སྤྱི་ལོ2018ལོའི་བར་དུ་ཏའེ་ཆིང་རྫོང་གི་ཁོངས་སུ་ཁྲོམ་ལམ1དང་གྲོང་རྡལ12ཡོད་པ་སྟེ། ཏའེ་ཁྲེང་ཁྲོམ་ལམ་དང་། ཤིན་ཞུས་གྲོང་རྡལ། ཀོན་ཞུས་གྲོང་རྡལ། མ་ཞུས་གྲོང་རྡལ། ཀའོ་ལེའང་གྲོང་རྡལ། མོ་ཤང་གྲོང་རྡལ། ཡུང་ཧྥུང་གྲོང་རྡལ། ཝུའུ་ཀྲོང་གྲོང་རྡལ། ཧྥན་ཀྲི་གྲོང་རྡལ། ཧྥུང་ཧྥང་གྲོང་རྡལ། ཅིའུ་ཧྲི་གྲོང་རྡལ། གཡོད་ལུང་གྲོང་རྡལ། ཧུའེ་ལུང་གྲོང་རྡལ་བཅས་ཡིན། རྫོང་སྲིད་གཞུང་གི་བཅའ་སྡོད་བྱ་ཡུལ་ཏའེ་ཁྲེང་ཁྲོམ་ལམ་ཡིན།  

3 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར་དུ་ཏའེ་ཆིང་རྫོང་གི་མི་འབོར་བསྡོམས་འབོར་ཁྲི40.45དང་། རྒྱུན་སྡོད་མི་འབོར་ཁྲི35.63ཡོད་ལ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད27.53%ཟིན་ཡོད། རྒྱ་རིགས་དང་། སོག་རིགས། ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། ཡའོ་རིགས། པའེ་རིགས། ཐུའུ་ཅ་རིགས། ཧ་ཉི་རིགས། ཏའེ་རིགས། ལི་རིགས། ཧྲེ་རིགས། ཧ་སག་རིགས། ཨུ་རུ་སུ་རིགས། ཨོ་ལུན་ཁྲུན་རིགས། ཀའོ་ཧྲན་རིགས། ཧྲུའེ་རིགས། འཇང་རིགས། ས་ལར་རིགས། ཀེ་ལའོ་རིགས། ཞི་པོ་རིགས། ཨ་ཁྲང་རིགས། ཆང་རིགས། ཐ་ཅི་ཁེ་རིགས། ཅིན་རིགས་སོགས་ཡོད།

4 དཔལ་འབྱོར།

སྤྱི་ལོ2017ལོར་ཏའེ་ཆིང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར133.68ལེགས་འགྲུབ་བྱས་པ་དེ་ལོ་གོང་མ་ལས6.2%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར27.93ལེགས་འགྲུབ་ཟིན་ནས་ལོ་སྔོན་མ་ལས3.9%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར40.95ཟིན་ནས་ལོ་སྔོན་མ་ལས7.7%འཕར་ཞིང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར64.8ཟིན་ནས་ལོ་སྔོན་མ་ལས5.9%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར3763ཟིན་པ་དེ་ལོ་སྔོན་མ་ལས5.0%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གྲུབ་ཚུལ་ལོ་གོང་མའི20.5:39.4:40.1ནས20.9:30.6:48.5བར་ལེགས་སྒྲིག་བྱསཡོད། ཐོན་ལས་དང་པོའི་བསྡུར་ཚད་བརྒྱ་ཆའི0.4འཕར་ཞིང་། ཐོན་ལས་གཉིས་པའི་བསྡུར་ཚད་བརྒྱ་ཆའི8.8མར་ཆག་ཡོད་ལ། ཐོན་ལས་གསུམ་པའི་བསྡུར་ཚད་བརྒྱ་ཆའི་8.4འཕར་ཡོད།  

སྤྱི་ལོ 2017ལོར་ཏའེ་ཆིང་རྫོང་གི་ལོ་ཧྲིལ་པོའི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་ལོ་སྔོན་མ་ལས1.6%འཕར་ཞིང་། ཚོང་ཟོག་སིལ་ཚོང་རིན་གོང་གི་སྤྱིའི་ཆུ་ཚད2.1%འཕར་ཡོད། རིགས་ཆེན་པོ་བརྒྱད་ཀྱི་ཚོང་ཟོག་འཛད་སྤྱོད་རིན་གོང་སྟོན་གྲངས་བྲེ7.1མར་ཆག་ལ། དེའི་ནང་དུ་བཟའ་བཅའ་དང་ཐ་མག ཨ་རག་རིགས1.8%མར་ཆག་ཡོད། གྱོན་ཆས་རིགས1.2%འཕར་ཡོད། སྡོད་གནས་རིགས2.3%འཕར་ཡོད། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས1.6%འཕར་ཡོད། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས0.6%འཕར་ཡོད། སློབ་གསོ་རིག་གནས་དང་རོལ་རྩེད་རིགས1.5%འཕར་ཡོད། སྨན་བཅོས་འཕྲོད་སྦྱོར་རིགས5.3%འཕར་ཡོད། མཁོ་ཆས་གཞན་དག་དང་ཞབས་ཞུ་གཞན་དག2.6%འཕར་ཡོད།

སྤྱི་ལོ2017ལོར་བདེ་ཆེན་རྫོང་གི་ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར8.22ལེགས་འགྲུབ་བྱུང་བ་དེ་ལོ་སྔོན་མ་ལས་སྒོར་དུང་ཕྱུར1.73འཕར་སྣོན་བྱུང་ནས26.6%འཕར་ཡོད། དེའི་ནང་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར5.37ཡིན་ལ་ལོ་སྔོན་མ་ལས0.4%མར་ཆག་ཡོད། ལོ་ཧྲིལ་པོར་ས་གནས་ནོར་སྲིད་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར26.49ཡིན་ལ། ལོ་སྔོན་མ་ལས་བརྒྱ་ཆའི24.4འཕར་ཡོད། དེའི་ནང་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར2.46ཡིན་ལ། བརྒྱ་ཆའི5.0མར་ཆག་ཡོད།

སྤྱི་ལོ2018ལོར་ཏའེ་ཆིང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར146.72ལེགས་འགྲུབ་བྱུང་པ་དེ་ལོ་སྔོན་མ་ལས7.5%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.25ཟིན་པ་དེའི་ཁྲལ་མིན་བསྡུར་ཚད27.04%བཟུང་བ་དེ་ལོ་སྔོན་མ་ལས་བརྒྱ་ཆའི10.75མར་ཆག་ནས་ཉེ་བའི་ལོ16རིང་ནོར་སྲིད་ཡོང་འབབ་ཀྱི་སྤུས་ཚད་ཡག་ཤོས་ཡིན། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར155.2དང་འཕར་ཐང་སྒོར་དུང་ཕྱུར32.16ཟིན་ནས་སོ་སོར་ལོ་སྔོན་མ་ལས10.8%དང11%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར94.6བཏང་ནས་ལོ་སྔོན་མ་ལས9.6%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར48.99ཡིན་ལ་ལོ་སྔོན་མ་ལས་བརྒྱ་ཆའི9.6འཕར་ཡོད། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར21197ཟིན་ནས་ལོ་སྔོན་མ་ལས6%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།