ཀྲང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲང་རྫོང་།
ཀྲང་རྫོང་ནི་ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ཡིན་པའི་དབང་གིས་ཧན་རྒྱལ་རབས་ཀྱི“ནུབ་མཚམས་ཀྱི་འགོག་ཡོལ”ངོས་འཛིན་བྱས་ཏེ་མིང་ཡང་ཀྲང(障)རྫོང་ཞེས་ཐོགས། ཐང་རྒྱལ་རབས་ཀྱིཐེན་ཧྲིའུ་ཁྲི་ལོ་པར་ཝུའུ་དབྱང་རྫོང་དུ་མིང་བསྒྱུར། མིང་གི་ཧུང་ཝུའུ་སྲིད་སྐྱོང་དུས་སྐབས་སུ“ཆུ་ཀླུང་འཁོར་འཁྱིལ་ས་གཞི་གཤིན་པོར་བསྒྱུར།། གཏེར་མཛོད་ཀྱིས་ནི་དམངས་བདེ་རྒྱལ་ཁབ་ཕྱུག”ཅེས་པ་ལས་མིང་དེ་ཀྲང(漳)རྫོང་དུ་བསྒྱུར། ཀྲང་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དུ་གནས་པ་དང་། ཆིན་ལིན་ནུབ་མ་དང་ས་སེར་མཐོ་སྒང་གི་བར་བརྒལ་ས་ཁུལ་དུ་གནས་པ་དང་། ཤར་ངོས་ཝུའུ་ཧྲན་རྫོང་དང་འབྲེལ། ནུབ་ངོས་ཅོ་ནེ་རྫོང་དང་འབྲེལ་བ་དང་། ལྷོ་ངོས་རྨིན་རྫོང་དང་འབྲེལ། བྱང་ངོས་ལུང་ཞི་རྫོང་དང་ཝེ་ཡོན་རྫོང་དང་ས་མཚམས་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2164.4ཡོད་པ་དང་། མི་འབོར་ཁྲི་20.5876ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི1.9056(སྤྱི་ལོ2010ལོ)ཡོད། རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་གི་ཁོངས་སུ་གཏོགས་པ་རེད། ཀྲང་རྫོང་ནི“ཀྲུང་གོའི་རྒྱ་སྲན་གྱི་ཕ་ཡུལ”དང“ཀྲུང་གོའི་གླ་ཚེར་གྱི་ཕ་ཡུལ”ཡིན་པ་དང་། སྤྱི་ལོ2008ལོའི་ཟླ8པར། ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཀྲུང་གོའི་ལྗང་མདོག་གི་རྫོང་གྲགས་ཅན”ཞེས་མིང་བཏགས་པ་དང་། སྤྱི་ལོ2005ལོར་ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས“ཀྲུང་གོའི་རྒྱལ་ཁབ་བྲག་འཛེག་རུ་ཁག་གི་སྦྱོང་བརྡར་རྟེན་གཞི”ཞེས་མིང་བཏགས་ཡོད། སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན། ཚོང་དོན་པུའུ་ཡི“2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། སྤྱི་ལོ2020ལོའི་ཟླ2པར། ཀན་སུའུ་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཀྲང་རྫོང་དབུལ་ཕོངས་རྫོང་ནས་འབུད་པའི་ཆ་རྐྱེན་དང་འཚམ་པས་དེའི་ཆོག་མཆན་སྤྲད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
漳县
མིང་གཞན།
武阳
ཕྱི་ཡིག་གི་མིང་།
Zhangxian County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2164.4ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོར།
ཁྲི20.5876(སྤྱི་ལོ2010ལོ)ཡོད།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཏིང་ཞི།
ནམ་ཟླའི་ཆ་རྐྱེན།
སྐམ་སའི་དུས་རླུང་ནམ་ཟླ།
མངའ་ཁོངས།
གྲོང་རྡལ10དང་ཡུལ་ཚོ3ཡོད།
མེ་འཁོར་ས་ཚིགས།
ཀྲང་རྫོང་མེ་འཁོར་ས་ཚིགས།
ས་ཁོངས་ཁ་པར་ཨང་རྟགས།
0932
རླངས་འཁོར་ཚབ་ཨང་།
甘J
སྦྲག་སྲིད་ཨང་རྟགས།
748300
སྲིད་གཞུང་སྡོད་ཡུལ།
ཝུའུ་དབྱང་གྲོང་རྡལ།
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཀྲང་རྫོང་ནི་ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ཡིན་པའི་དབང་གིས་ཧན་རྒྱལ་རབས་ཀྱི“ནུབ་མཚམས་ཀྱི་འགོག་ཡོལ”ངོས་འཛིན་བྱས་ཏེ་མིང་ཡང་ཀྲང(障)རྫོང་ཞེས་ཐོགས། ཐང་རྒྱལ་རབས་ཀྱིཐེན་ཧྲིའུ་ཁྲི་ལོ་པར་ཝུའུ་དབྱང་རྫོང་དུ་མིང་བསྒྱུར། མིང་གི་ཧུང་ཝུའུ་སྲིད་སྐྱོང་དུས་སྐབས་སུ“ཆུ་ཀླུང་འཁོར་འཁྱིལ་ས་གཞི་གཤིན་པོར་བསྒྱུར།། གཏེར་མཛོད་ཀྱིས་ནི་དམངས་བདེ་རྒྱལ་ཁབ་ཕྱུག”ཅེས་པ་ལས་མིང་དེ་ཀྲང(漳)རྫོང་དུ་བསྒྱུར།

ཆིང་གི་ཏའོ་ཀོང་ཁྲི་ལོ་དགུ་པར(སྤྱི་ལོ1829ལོར་)རྫོང་མེད་པར་བཟོས་ནས་ལུང་ཞི་རྫོང་དུ་ཟླ་སྒྲིལ་བཏང་བ་རེད།     མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཀྲང་རྫོང་བསྐྱར་དུ་བཙུགས།

སྤྱི་ལོ1949ལོའི་ཟླ8པའི་ཚེས13ཉིན། ཀྲང་རྫོང་བཅིངས་འགྲོལ་བཏང་།    

སྤྱི་ལོ1958ལོར། ཝུའུ་ཧྲན་རྫོང་དུ་ཟླ་སྒྲིལ་བཏང་།    

སྤྱི་ལོ1961ལོར། ཀྲང་རྫོང་བསྐྱར་འཛུགས་བྱས།

སྤྱི་ལོ2016ལོའི་ཟླ5པའི་ཚེས17ཉིན། ཞིང་ཆེན་དམངས་སྲིད་ཐིང་གིས་ཞིབ་འཇུག་མཆན་འགོད་བཀའ་ལན་གནང་ནས་ཏིང་ཞི་གྲོང་ཁྱེར་ཀྲང་རྫོང་ཏ་ཚའོ་ཐན་ཡུལ་ཚོ་དང་། ཧུའེ་ཧུའུ་ཆའོ་ཡུལ་ཚོ། ཡན་ཅིང་ཡུལ་ཚོ། སི་ཙོའུ་ཡུལ་ཚོ། ཧྲི་ཁྲོན་ཡུལ་ཚོ། ཚའོ་ཐན་ཡུལ་ཚོ་བཅས་མེད་པ་བཟོ་རྒྱུའི་མོས་མཐུན་བྱས་པ་དང་། ཏ་ཚའོ་ཐན་གྲོང་རྡལ་དང་། ཁྲུའུ་ཧུའུ་ཆའོ་གྲོང་རྡལ། ཡན་ཅིང་གྲོང་རྡལ། སི་ཙོའུ་གྲོང་རྡལ། ཧྲི་ཁྲོན་གྲོང་རྡལ་བཅས་བཙུགས་པ་དང་ཚའོ་ཐན་ཡུལ་ཚོ་མེད་པར་བཟོས་རྗེས་ཀུའེ་ཆིང་ཧྲན་གྲོང་རྡལ་ཞེས་སུ་མིང་བསྒྱུར་བ་རེེད།

སྤྱི་ལོ2020ལོའི་ཟླ2པར། ཀན་སུའུ་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཀྲང་རྫོང་དབུལ་ཕོངས་རྫོང་ནས་འབུད་པའི་ཆ་རྐྱེན་དང་འཚམ་པས་དེའི་ཆོག་མཆན་སྤྲད་པ་རེད།

སྲིད་འཛིན་ཁོངས་བགོས།

སྤྱི་ལོ2016ལོའི་བར། ཀྲང་རྫོང་ཁོངས་གཏོགས་སུ་གྲོང་རྡལ10དང་ཡུལ་ཚོ3ཡོད་པ་སྟེ།     

གྲོང་རྡལ། ཝུའུ་དབྱང་གྲོང་རྡལ་དང་། སན་ཁྲ་གྲོང་རྡལ། ཤིན་དགོན་གྲོང་རྡལ། ཅིན་ཀྲུང་གྲོང་རྡལ། ཏ་ཚའོ་ཐན་གྲོང་རྡལ། ཧུའེ་ཧུའུ་ཆའོ་གྲོང་རྡལ། ཡན་ཅིང་གྲོང་རྡལ། སི་ཙོའུ་གྲོང་རྡལ། ཧྲི་ཁྲོན་གྲོང་རྡལ། ཀུའེ་ཆིང་ཧྲན་གྲོང་རྡལ་བཅས་ཡིན།     

ཡུལ་ཚོ། མ་ཆོན་ཡུལ་ཚོ། ཝུའུ་ཏང་ཡུལ་ཚོ། ཏུང་ཆོན་ཡུལ་ཚོ་བཅས་ཡིན།

2 ས་ཁམས་ཁོར་ཡུག 
2_1 གནས་ཡུལ།    

ཀྲང་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་དབུས་ལྷོའི་རྒྱུད་དུ་གནས་པ་དང་། ཆིན་ལིན་ནུབ་མ་དང་ས་སེར་མཐོ་སྒང་གི་བར་བརྒལ་ས་ཁུལ་དུ་གནས་པ་དང་། ས་ཁམས་གནས་ཚད་ནི། གཞུང་ཐིག་ཤར་མའི103°57′38"ནས104°45'04"དང་། འཕྲེད་ཐིག་བྱང་མའི34°25'43"ནས34°57'42"བར་དུ་གནས་ཡོད། ཤར་ངོས་ཝུའུ་ཧྲན་རྫོང་དང་འབྲེལ། ནུབ་ངོས་ཅོ་ནེ་རྫོང་དང་འབྲེལ་བ་དང་། ལྷོ་ངོས་རྨིན་རྫོང་དང་འབྲེལ། བྱང་ངོས་ལུང་ཞི་རྫོང་དང་ཝེ་ཡོན་རྫོང་དང་ས་མཚམས་འབྲེལ་ཡོད། ཀྲང་རྫོང་གི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ74དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ57ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2164.4ཡོད།

2_2 ས་བབ།

ཀྲང་རྫོང་གི་ས་བབ་ལྷོ་ནུབ་མཐོ་བ་དང་། བྱང་ཤར་དམའ། ས་བབ་མཐོ་ཚད་སྨི1640ནས3941བར་དང་། བལྟོས་བཅས་ཀྱི་མཐོ་ཚད་ཧེ་བག་སྨི2301ཟིན་ཡོད།

2_3 ནམ་ཟླ།

ཀྲང་རྫོང་ནི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དེའི་ཁྱད་ཆོས་གཙོ་བོ་ནི་ཆར་ཆུ་ཉུང་ཞིང་ཁྱབ་ཚུལ་མི་སྙོམས་པ་དང་རླངས་པར་འགྱུར་ཚད་མང་བ། དགུན་དཔྱིད་གྲང་ཞིང་སྐམ་ཤས་ཆེ་བ། སྟོན་དུས་དྲོ་ཞིང་བསིལ་བ། ཉིན་རེའི་བར་ཁྱད་ཆེ་བ། འོད་ཀྱིས་འདང་བ། གནོད་འཚེ་ཡང་མང་བ་བཅས་ཡིན།     ཀྲང་རྫོང་དུ་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི458.3ཟིན་པ་དང་། ལོ་རེར་རླངས་པར་འགྱུར་ཚད་ཧའོ་སྨི1494.5ཟིན་པ་དང། དྲོད་ཚད8.6℃ཡིན། ཉི་འོད་ཕོག་ཡུན་ཆུ་ཚོད2086.4ཟིན་པ་དང། ཉི་མའི་སྤྱིའི་འགྱེད་འཕྲོ་ལི་སྨི་ངོས་གྲུ་བཞི་མ་རེར་སྟོང་ཁ119.09ཟིན། སད་མེད་དུས་ཉིན180ཡིན།

3 རང་བྱུང་ཐོན་ཁུངས།
3_1 ཆུའི་ཐོན་ཁུངས།

ཀྲང་རྫོང་དུ་ལོ་རེའི་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར3.785ཟིན་པ་དང་། དེའི་ཐོག་མངའ་ཁོངས་སུ་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.796བསྣན་ན་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ5.581ཟིན་ཡོད་པ་རེད། ཀྲང་རྫོང་དུ་མི་རེར་ཆ་སྙོམས་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ2.889ཡོད་པ་དེ་ཆུ་རྒྱས་ཁུལ་དུ་གཏོགས་པ་དང་ས་འོག་ཆུའི་རང་བྱུང་མཁོ་སྤྲོད་བྱེད་ཚད་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.1374ཡོད་པ་རེད། ཆུ་སྤུས་ལེགས་ཤིང་སྦགས་བཙོག་མེད་པ། ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.7944དང་། ཆུ་ལྷག་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.48ཟིན་ཡོད་པ་རེད། སྐྱེ་དངོས་ཀྱི་ཐོན་ཁུངས།

ཀྲང་རྫོང་གི་རྩི་ཤིང་ནང་ཞིང་ལས་སྐྱེ་དངོས་དང་། ཤིང་སྡོང་། ཕྱུགས་རྩྭ་སོགས་ཚུད་ཡོད། དེའི་ནང་ཞིང་ལས་སྐྱེ་དངོས་རིགས25དང་ཚན་པ68ཡོད་པ་དང་། རི་སྐྱེས་སྨན་རྒྱུ་རིགས440ལྷག་ཙམ་ཡོད།  རྩྭ་ཐོན་ཚད་ཅུང་མཐོ་བ་དངཕྱུགས་རྩྭའི་སྤུས་ཚད་ལེགས་པ་བཅས་ཡོད།     སྲོག་ཆགས་ལ་གཙོ་བོ་སྒོ་ཕྱུགས་དང་ཁྱིམ་བྱ། རི་སྐྱེས་སྲོག་ཆགས་བཅས་འདུས། སྒོ་ཕྱུགས་ལ་ནོར་དང་རྟ། བོང་བུ། ལུག ཕག་པ། ཁྱིམ་བྱ་ལ་བྱ་དང་བྱ་གག ངང་པ། བྱེས་སྐྱེས་སྲོག་ཆགས་ལ་གླ་བ་དང་། གཙོད། ཤྭ་བ། གླ་བ་སོགས་སྲོག་ཆགས་རྩ་ཆེན30ལྷག་ཡོད་ལ། ཉ་རིགས་ལ་ཉ་ཁྲབ་ཕྲ་མོ་དང་། རྩྭ་ཉ། ཉ་ལི་ཉ། ཁྱི་ཉ། ཉ་ཁྱེའུ་སོགས་ཡོད།

3_2 ས་ཆའི་ཐོན་ཁུངས།

ཀྲང་རྫོང་གི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི46.77(དེའི་ནང་ཆུ་ཞིང་གི་རྒྱ་ཁྱོན་མུའུ་ཁྲི5.0771དང་སྐས་ཞིང་མུའུ་ཁྲི14.67)ཟིན་པ་དང་། ནགས་འཚམ་རྒྱ་ཁྱོན་མུའུ་ཁྲི81 ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི39 རང་བྱུང་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི141.43(དེའི་ནང་བེད་སྤྱོད་ཆོག་པའི་རྩྭ་ཐང་མུའུ་ཁྲི131.2)བཅས་ཡོད་པ་རེད།

4 མི་འབོར་དང་མི་རིགས།
4_1 མི་འབོར།

རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་དྲུག་པར་གཞིགས་ན། ཀྲང་རྫོང་ལ་དུད་ཚང52657དང་མི་གྲངས205876ཡོད། སྐྱེས་པ་མི་གྲངས106552ཡོད། སྐྱེས་མ་མི་གྲངས99324ཡོད། ཞིང་ལས་མིན་པའི་མི་གྲངས་19056ཡོད་བཅས་སོ།།

4_2 མི་རིགས།

སྤྱི་ལོ2008ལོའི་བར། ཀྲང་རྫོང་ལ་རྒྱ་རིགས་དང་ཧུའེ་རིགས། བོད་རིགས། ཏུང་ཞང་རིགས་སོགས་མི་རིགས10ཡོད།

5 ཆབ་སྲིད་ལམ་ལུགས།

རྫོང་ཨུའི་ཧྲུའུ་ཅི། ལིའུ་ཅིང་། 

རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་ཨུའི་ཏང་གི་སློབ་གྲྭའི་འགོ་འཛིན། རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི། ལི་ཨན་ཧྭ། 

རྫོང་ཨུའི་ཧྲུའུ་ཅི་གཞོན་པ(འགན་བཏགས) ཝང་ཡུང་ཆིང་། 

རྫོང་ཨུའི་རྒྱུན་ཨུ་དང་སྒྲིག་ཨུའི་ཧྲུའུ་ཅི། ཀྲའོ་ཧུའེ། 

རྫོང་ཨུའི་རྒྱུན་ཨུ་དང་རྫོང་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། རྫོང་དཔོན་གཞོན་པ། ཀྲོའུ་ཁྲེང་ཕིན། 

རྫོང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཅ་ཡོན།

རྫོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། དབྱང་ཞའོ་མིང་། 

རྫོང་ཨུ་ཡི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ལི་ཧུའེ། 

རྫོང་ཨུ་ཡི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། པའོ་ཅུན་ལིན།

རྫོང་ཨུའི་རྒྱུན་ལས་ཨུ་ཡོན། ལི་ཞའོ་དབྱི།

6 དཔལ་འབྱོར་གནས་ཚུལ།

སྤྱི་ལོ2012ལོར། ཀྲང་རྫོང་གིས་ལོ་ཧྲིལ་པོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར12.6ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས14.3%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར29.3བཏང་བ་དེ་སྤྱི་ལོ2011ལོ་ལས44.1%འཕར་བ་དང། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.68ཟིན་པ་དེ་སྤྱི་ལོ2011ལོ་ལས92.5%འཕར་བ་དང། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར1.21ཟིན་པ་དེ་སྤྱི་ལོ2011ལོ་ལས34.2%འཕར་ཡོད། ནོར་སྲིད་འགྲོ་སྒོ་སྒོར་དུང་ཕྱུར9.85ཟིན་པ་དེ་སྤྱི་ལོ2011ལོ་ལས25.8%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར2.5ཡིན་པས་སྤྱི་ལོ2011ལོ་ལས18%འཕར་བ་དང། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12956ཟིན་པ་དེ་སྤྱི་ལོ2011ལོ་ལས18%འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར3541ཡིན་པ་དེ་སྤྱི་ལོ2011ལོ་ལས19.6%འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 ​སློབ་གསོའི་ལས་དོན།

སྤྱི་ལོ2008ལོའི་བར་དུ། ཀྲང་རྫོང་ལ་སློབ་འབྲིང་དང་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་ཁྱོན་བསྡོམས30ལྷག་ཡོད།     སྤྱི་ལོ2012ལོར། ཀྲང་རྫོང་དུ་མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ434ཡོད་པ་དང་མི36མང་དུ་ཕྱིན་ཡོད། ཀྲང་རྫོང་གི་སློབ་འབྲིང་གཉིས་པ་དང་། ཀྲང་རྫོང་གི་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་ཁྱོན་ཡོངས་ནས་གནས་སྤོ་བྱས་པ་དང་། དགོན་པ་གསར་པའི་བུ་བཅོལ་ཁང་བསྐྲུན་ནས་སློབ་མ་བསྡུ་ཐུབ་པ་བྱུང་ཡོད། སློབ་གྲྭ་འབྲིང་ཆུང་གི་ཁང་པ་སྨི་གྲུ་བཞི་མ3000བསྒྱུར་བཀོད་བྱས་པ་དང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་ཁྲི2.12ཀྱིས་སློབ་ཡོན་མི་དགོས་པ་དང་རིན་མེད་ཀྱི་འཚོ་བཅུད་ཟས་ལོངས་སུ་སྤྱོད་བཞིན་ཡོད།

7_2 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2012ལོར། ཀྲང་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་སོ་སོར་94%དང96%ཟིན་པ་དང་། རྫོང་ཡོངས་ཀྱི་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ལས་ཐོག་ལས་བཟོའི་ལས་རྨས་འགན་བཅོལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་ཚོགས་པའི་ཐོལ་བྱུང་གནོད་འཚེའི་འགན་བཅོལ་ནང་ཞུགས་ཚད100%ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་འགན་སྲུང་ཚད་གཞི་སོ་སོར16%དང36%སྤར་ཏེ་ལོ་རེར་མི་རེར་ཆ་སྙོམས་སུ་སོ་སོར་སྒོར2556དང་སྒོར1488ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི6777སྤྲད་པ་དང་གྲོང་གསེབ་ཀྱི་འགན་ལེན་ལྔའི་བསྙེན་བཀུར་དངུལ་སྒོར་ཁྲི199སྤྲད་པ་རེད།

སྤྱི་ལོ2012ལོར། ཀྲང་རྫོང་གིས་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་མ་དངུལ་སྒོར་དུང་ཕྱུར1.01བཏང་ནས་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོའི་ཆ་སྙོམས་མི་རེར་ཟླ་རེར་ཕོགས་སྣོན་ཁ་གསབ་སྒོར392མང་དུ་བཏང་བ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་འཇལ་བའི་བསྡུར་ཚད་ཚང་མ8%བར་མཐོ་རུ་བཏང་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-26

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།