ལུང་ཞི་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་ཞི་རྫོང་།
ལུང་ཞི་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཏིང་ཞི་གྲོང་ཁྱེར་གྱི་དབུས་རྒྱུད། ཝེ་ཧོ་གཙང་པོའི་སྟོད་རྒྱུད་བཅས་སུ་གནས་པ་དང་ལུང་ཀྲུང་ས་སེར་ས་མཐོའི་དབུས་རྒྱུད་དུ་ཆགས་ཡོད། ཤར་དུ་ཐུང་ཝེ་རྫོང་དང་འབྲེལ་ཞིང་། ལྷོ་རུ་ཝུའུ་ཧྲན་དང་ཀྲང་རྫོང་དང་སྦྲེལ། ནུབ་ཏུ་ཝེ་ཡོན་རྫོང་དང་འབྲེལ་ཞིང་། བྱང་དུ་ཨན་ཏིན་ཆུས་དང་འབྲེལ་ཡོད། ཀན་སུའུ་ཞིང་ཆེན་གྱི་ཏིང་ཞི་གྲོང་ཁྱེར་ཁོངས་སུ་གཏོགས། ལུང་ཞི་ནི་ལུང་ཧྲན་གྱི་ནུབ་ཕྱོགས་ན་གནས་པས་མིང་དེ་ལྟར་ཐོགས་པ་དང་། གནའ་དུས་ནས་བཟུང“བཙན་རྫོང་གི་རྒྱལ་ཕྲན”ཞེས་སུ་འབོད་པ་དང་། དམག་མིས་འཕྲོག་རྩོད་བྱེད་ངེས་ཀྱི་ས་ཆ་ཞིག་ཀྱང་ཡིན། ཡིག་བཀོད་ལོ་རྒྱུས་མ་བྱུང་གོང་གི་དུས་སྐབས་སུ། མེས་པོ་རྣམས་ས་གཞི་དེའི་ཐོག་འཚོ་གནས་སྐྱེ་འཕེལ་བྱུང་ནས་དབྱང་ཧྲའོ་དང་ཆི་ཅ་སོགས་རིག་གནས་རྗེས་ཤུལ་བཞག་ཡོད། ཆིན་ཀྲའོ་ཝང་ཁྲི་ལོ་སོ་ལྔ་པར(སྤྱི་ལོའི་སྔོན་གྱི272ལོར)ལུང་ཞི་ཅུན་བཙུགས་པ་དང་། ཧན་གྱི་དུས་འགོར་ཤང་ཝུའུ་རྫོང་ཐོག་མར་བཙུགས་པ་རེད། སུའེ་ཡི་སྐབས་སུ་ལུང་ཞི་རྫོང་དུ་བསྒྱུར་ཞིང་། རྫོང་གི་མིང་ད་ལྟའི་བར་དུ་སྤྱོད་བཞིན་ཡོད་པ་རེད། སྤྱི་ལོ2016ལོའི་བར། ལུང་ཞིས་རྫོང་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2408ཟིན་པ་དང་དེའི་ཁོངས་སུ་གྲོང་རྡལ10དང་ཡུལ་ཚོ7དང་། སྲིད་འཛིན་གྲོང་ཚོ215 སྡེ་ཁུལ11 གྲོང་མིའི་ཚོགས་ཆུང1287བཅས་ཡོད་པ་དང་མི་འབོར་བསྡོམས་འབོར་ཁྲི51.92ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི43.3ཟིན་པ་རེད། རྒྱ་རིགས་དང་། ཧུའེ་རིགས། མན་ཇུ་རིགས་སོགས་མི་རིགས13ཡོད་པ་རེད། ལུང་ཞིའི་ས་ཆ་མང་པོ་ཞིག་གིས་ཀྲུང་ཡོན་གྱི་གཞུང་ཕྱོགས་ཀྱི་སྐད་དེ་ཆིན་ལུང་སྐད་དུམ་མམ་ལུང་སྐད་བཀོལ་བཞིན་ཡོད་པ་རེད། སྤྱི་ལོ2015ལོར། ལུང་ཞི་ཡིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར57.44ལེགས་སྒྲུབ་བྱས་པ་དེ་ལོ་སྔོན་མ་ལས8.5%འཕར་ཡོད། ཞིང་ལས་ཐད་ཀྲུང་ལུགས་སྨན་རྒྱུ་དང་། ཞོག་ཁོག འབུ་ཕྲའི་ཚལ། ཕྱུགས་རྩྭ་བཅས་ཀྱི་ཐོན་ལས་གཙོ་བོར་བྱེད་པ་དང་། བཟོ་ལས་ནི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་ལས་སྣོན་དང་། ཧ་ཡང་བཙོ་སྦྱང་དང་གྲུབ་རྫས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་བཅས་གཙོ་བོར་འཛིན་གྱིན་ཡོད། སྤྱི་ལོ2020ལོའི་ཟླ2པར། ཀན་སུའུ་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ལུང་ཞི་རྫོང་དབུལ་ཕོངས་རྫོང་ནས་འབུད་པའི་ཆ་རྐྱེན་དང་འཚམ་པས་དེ་ལས་འབུད་པའི་ཆོག་མཆན་སྤྲད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陇西县
མིང་གཞན།
ལི་ཚང་གི་སྐུ་ཡུལ། ཀྲུང་གོའི་སྨན་གྲོང་།
ཕྱི་ཡིག་གི་མིང་།
Longxi County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2408ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོར།
ཐེམ་ཐོའི་མི་འབོར་ཁྲི52.22(སྤྱི་ལོ2016ལོའི་ལོ་མཇུག)
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཏིང་ཞི།
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
གྲོང་རྡལ10དང་ཡུལ་ཚོ7ཡོད།
གནམ་ཐང་།
ལན་ཀྲོའུ་ཀྲུང་ཁྲོན་རྒྱལ་སྤྱིའི་གནམ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
(+86)0932
རླངས་འཁོར་ཚབ་ཨང་།
甘J
སྦྲག་སྲིད་ཨང་རྟགས།
748100
མེ་འཁོར་ས་ཚིགས།
ལུང་ཞི་མེ་འཁོར་ས་ཚིགས།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཆིན་ཀྲའོ་ཝང་ཁྲི་ལོ་སོ་ལྔ་པར(སྤྱི་ལོའི་སྔོན་གྱི272ལོར)ལུང་ཞི་ཅུན་བཙུགས་པ་དང་། ཧན་གྱི་དུས་འགོར་ཤང་ཝུའུ་རྫོང་ཐོག་མར་བཙུགས་པ་རེད། སུའེ་ཡི་སྐབས་སུ་ལུང་ཞི་རྫོང་དུ་བསྒྱུར་ཞིང་། རྫོང་གི་མིང་ད་ལྟའི་བར་དུ་སྤྱོད་བཞིན་ཡོད་པ་རེད།  

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཧྥུའུ་མེད་པར་བཟོས་ནས་རྫོང་དུ་བསྒྱུར་སྐབས། ལན་ཀྲོའུ་ཏའོ་དེ་ལན་ཧྲན་ཏའོ་རུ་བསྒྱུར་པ་དང་། ལུང་ཞི་རྫོང་ཁོངས་ལན་ཧྲན་ཏའོ་ཡི་ཁོངས་སུ་གཏོགས་པ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་དྲུག་པར(སྤྱི་ལོ1927ལོར)ལུང་ཞི་རྫོང་ནི་ཞིང་ཆེན་སྲིད་གཞུང་གི་མངའ་འོག་ཏུ་གཏོགས། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོར)སོ་སོར་སྲིད་འཛིན་ལྟ་ཞིབ་ས་ཁུལ་བཙུགས་པ་དང་། ལུང་ཞི་རྫོང་ནི་ཆུས་དང་པོར་གཏོགས་པ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དགུ་པར(སྤྱི་ལོ1940ལོར)ཞིང་ཆེན་སྲིད་གཞུང་གིས་རྫོང་སོ་སོའི་རིམ་པ་བསྐྱར་དུ་གཏན་ཁེལ་བྱས་པ་དང་། ལུང་ཞི་རྫོང་ནི་རིམ་པ་གསུམ་པར་གཏན་ཁེལ་བྱས།    

སྤྱི་ལོ1949ལོའི་ཟླ8པར། ཀྲུང་གུང་ལུང་ཞི་རྫོང་ཏང་ཨུ་དང་ལུང་ཞི་རྫོང་མི་དམངས་སྲིད་གཞུང་བཙུགས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2016ལོའི་བར། ལུང་ཞི་རྫོང་ཁོངས་གཏོགས་སུ་གྲོང་རྡལ10དང་ཡུལ་ཚོ7ཡོད་པ་སྟངེ། སོ་སོར་ཀུང་ཁྲང་གྲོང་རྡལ་དང་། ཝུན་ཧྥུང་གྲོང་རྡལ། ཧྲོའུ་དབྱང་གྲོང་རྡལ། ཚའེ་ཙེ་གྲོང་རྡལ། ཧྥུའུ་ཤིན་གྲོང་རྡལ། ཡུན་ཐེན་གྲོང་རྡལ། ཐུང་ཨན་དབྱི་གྲོང་རྡལ། མ་ཧོ་གྲོང་རྡལ། པི་ཡན་གྲོང་རྡལ། ཁོ་ཀྲའེ་གྲོང་རྡལ། ཏེ་ཤིན་ཡུལ་ཚོ། ཆོན་ཅ་དབན་ཡུལ་ཚོ། ཝུའེ་དབྱང་ཡུལ་ཚོ། ཧོ་ཕིང་ཡུལ་ཚོ། ཧྲོང་ཆོན་ཡུལ་ཚོ། ཡུང་ཅི་ཡུལ་ཚོ་བཅས་རེད། ཁྱོན་གྲོང་ཚོ215དང་། སྡེ་ཁུལ11 གྲོང་མིའི་ཚོགས་ཆུང1287བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ལུང་ཞི་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཏིང་ཞི་གྲོང་ཁྱེར་གྱི་དབུས་རྒྱུད། ཝེ་ཧོ་གཙང་པོའི་སྟོད་རྒྱུད་བཅས་སུ་གནས་པ་དང་ལུང་ཀྲུང་ས་སེར་ས་མཐོའི་དབུས་རྒྱུད་དུ་ཆགས་ཡོད། ས་ཁམས་གནས་ཚད་ནི། གཞུང་ཐིག་ཤར་མའི34°50′-35°23′དང་། འཕྲེད་ཐིག་བྱང་མའི04°18′-104°54′བར་དུ་གནས་ཡོད།  ཤར་དུ་ཐུང་ཝེ་རྫོང་དང་འབྲེལ་ཞིང་། ལྷོ་རུ་ཝུའུ་ཧྲན་དང་ཀྲང་རྫོང་དང་སྦྲེལ། ནུབ་ཏུ་ཝེ་ཡོན་རྫོང་དང་འབྲེལ་ཞིང་། བྱང་དུ་ཨན་ཏིན་ཆུས་དང་འབྲེལ་ཡོད། ཀན་སུའུ་ཞིང་ཆེན་གྱི་ཏིང་ཞི་གྲོང་ཁྱེར་ཁོངས་སུ་གཏོགས།

3_2 ནམ་ཟླ།

ལུང་ཞི་རྫོང་ནི་འཕྲེད་ཐིག་དབུས་མའི་སྐམ་སའི་དབུས་ཁུལ་དུ་གནས་པ་དང་། དྲོད་ཁུལ་གྱི་དུས་རླུང་གི་ནམ་ཟླ་ཡིན། དུས་བཞི་གསལ་བ་དང་། ཉི་འོད་ཕོག་ཚད་མང་བ། གནམ་གཤིས་དྲོ་བ་བཅས་ཡིན། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི445.8ཟིན་པ་དང་རླངས་པར་འགྱུར་ཚད་ཧའོ་སྨི1440ཟིན་པ་རེད། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2292ཟིན་པ་དང། ལོ་རེར་ཆ་སྙོམས་སད་མེད་དུས་ཉིན146ཡིན། ཨེ་ཤ་ཡ་ཤར་མའི་རླུང་ཁམས་ཆེན་པོའི་འཁོར་རྒྱུན་དང་མཚོ་བོད་མཐོ་སྒང་གི་མཐའ་སྐོར་གྱི་ས་དབྱིབས་ཁྱད་པར་ཅན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཀླུང་ཁུལ་དང་བྱང་རི་ནི་དྲོད་འཇམ་གྱི་ཐན་ཁུལ་ཡིན་པ་དང་། ལྷོ་རི་ནི་དྲོ་གྲང་དང་བརླན་གཤེར་ཕྱེད་ཙམ་གྱི་ས་ཁུལ་ཡིན།

4 རང་བྱུང་ཐོན་ཁུངས།
4_1 གཏེར་རྫས་ཀྱི་ཐོན་ཁུངས།

སྤྱི་ལོ2012ལོའི་བར། ལུང་ཞི་རྫོང་ཁོངས་སུ་གཏེར་ཁའི་ཐོན་ཁུངས་གཙོ་བོ་རྡོ་ཀ་མ་རུའི་གཏེར་ཁ་དང་། རྡོ་ཐལ་རྡོའི་གཏེར་ཁ། ས་མྱགས་སོགས་ཡོད་པ་རེད།     རྡོ་ཀ་མ་རུའི་གཏེར་ཁ་དེ་ཤར་གྱི་ལི་བཞི་བཅུ་ཕུའུ་ཤར་ལྷོའི་རྒྱུད་ཀྱི་སྤྱི་ལེ2ཙམ་གྱི་ཝེ་ཧོ་གཙང་པོའི་ངོགས་སུ་གནས་པ་དང་། ཐོན་ཁུངས་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི5.5ཙམ་ཟིན་པ་རེད། སྔོག་འདོན་ཐུབ་པའི་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་ཁྲི1.26ཙམ་ཟིན་པ་དང། རྡོ་ཐལ་རྡོའི་གཏེར་ཁ་ནི་རྫོང་ཁོངས་ཤར་ལྷོའི་སྤྱི་ལེ21གི་རྡོ་སྒོ་ཡིན་པ་དང་ཐོན་ཁུངས་གསོག་ཚད་ཏུན་ཁྲི300ཙམ་ཟིན་གྱི་ཡོད།

4_2 ཆུའི་ཐོན་ཁུངས།

སྤྱི་ལོ2012ལོའི་བར། ལུང་ཞི་རྫོང་གི་ས་ངོས་ཆུ་དང་མངའ་ཁོངས་སུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི9750ཟིན་པ་དང་ཆུ་ནུས་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.78ཟིན་པ་དང་ལོ་རེའི་སྔོག་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི3300ཟིན་གྱི་ཡོད།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2016ལོའི་ལོ་མཇུག་བར། ལུང་ཞི་རྫོང་དུ་ཐེམ་ཐོ་ཡོད་པའི་མི་འབོར་ཁྲི52.25དང་རྒྱུན་སྡོད་མི་འབོར་ཁྲི46ཡོད་པ་རེད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད12.53‰ཟིན་པ་དང་། མི་འབོར་ཤི་ཚད6.75‰ཟིན་པ་རེད། རང་བྱུང་འཕར་ཚད5.78‰ཟིན་ཡོད།

5_2 མི་རིགས།

ལུང་ཞི་རུ་རྒྱ་རིགས་གཙོ་བོ་ཡིན་ལ། སྤྱི་ལོ2015ལོའི་བར། རྒྱ་རིགས་ཕུད་ད་དུང་ཧུའེ་རིགས་དང་མན་ཇུའི་རིགས་སོགས་གྲངས་ཉུང་མི་རིགས12ཡོད།

6 དཔལ་འབྱོར་གནས་ཚུལ།

སྤྱི་ལོ2016ལོར། ལུང་ཞི་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི630680.91ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས6.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི147357.87ཟིན་པ་དེ་ལོ་སྔོན་མ་ལས4.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི123525.9ཟིན་པ་དེ་ལོ་སྔོན་མ་ལས8.7%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི359797.14ཟིན་པ་དེ་ལོ་སྔོན་མ་ལས7.2%འཕར་ཡོད། 

ཐོན་ལས་དང་པོའི་འཕར་ཐང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད23.4%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས1ཆག་པ་རེད། ཐོན་ལས་གཉིས་པའི་འཕར་ཐང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད19.6%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.4འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད57%ཟིན་ནས་བརྒྱ་ཆའི་གྲངས0.4ཆག་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་བསྡུར་ཚད23.4:19.6:57བར་ལེགས་སྒྲིག་བྱས་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

སྤྱི་ལོ2016ལོའི་ལོ་མཇུག་བར། ལུང་ཞི་རྫོང་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ369ཡོད་པའི་ནང་ལས་རིགས་སློབ་གསོའི་ལྟེ་གནས1དང་། ལས་རིགས་འབྲིང་རིམ་ཆེད་ལས1 མཐོ་རིམ་སློབ་འབྲིང་དཀྱུས་མ5 ཆ་ཚང་སློབ་འབྲིང2 དམའ་རིམ་སློབ་འབྲིང་42 སློབ་ཆུང114 བུ་བཅོལ་ཁང94 བུ་བཅོལ་ཁང109 དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད་པ་རེད། རྫོང་ཡོངས་ལ་ཁྱོན་དགེ་རྒན7291ཡོད་པ་དེའི་ནང་ཆེད་བསྐོས་དགེ་རྒན6932ཡོད།   སློབ་གྲྭར་ཡོད་མུས་ཀྱི་སློབ་མ80896ཡོད་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ13346དང་། ལས་རིགས་སློབ་གསོར1740 དམའ་རིམ་སློབ་འབྲིང་གི་སློབ་མ16176 སློབ་ཆུང་དུ་སློབ་མ32222 བུ་བཅོལ་ཁང་གི་སློབ་མ15327 ཞོར་བཙུགས་བུ་བཅོལ་ཁང་གི་སློབ་མ1900 དམིགས་བསལ་སློབ་གསོའི་སློབ་གྲྭ185བཅས་ཡོད་པ་རེད།

7_2 ཚན་རྩལ།

སྤྱི་ལོ2015ལོའི་བར། ལུང་ཞི་རྫོང་དུ་ཚན་རྩལ་དོ་དམ་ལས་ཁུངས18དང་། ལག་རྩལ་ཁྱབ་གདལ་ཞབས་ཞུའི་ལས་ཁུངས6 མཐོ་གསར་ལག་རྩལ་ཁེ་ལས4 ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས1 གྲོང་ཁྱེར་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས26བཅས་ཡོད་པ་རེད། རྫོང་ཐད་གཏོགས་ཆེད་ལས་ལག་རྩལ་སློབ་ཚོགས20དང་ཚོགས་མི1070ཡོད་པ་དང། ཞིང་པའི་ཆེད་ལས་ལག་རྩལ་མཐུན་ཚོགས105དང་ཚོགས་མི་ཁྲི2.58ཡོད།

7_3 འཕྲོད་བསྟེན།

སྤྱི་ལོ2016ལོའི་ལོ་མཇུག་བར། ལུང་ཞི་རྫོང་དུ་ཁྱོན་འཕྲོད་བསྟེན་ལཞས་ཁུངས30ཡོད་པའི་ནང་སྨན་ཁང6དང་། འཕྲོད་བསྟེན་ཁང་། དེ་བཞིན་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས21བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ས་ཚིགས1 ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས1 འཕྲོད་བསྟེན་ལྟ་སྐུལ་སུའོ1 བདེ་ཐང་སློབ་གསོ་སུའོ1 རྒྱ་གྲམ་དམར་པོའི་ཚོགས་པ1 གཅེས་སྲུང་ཨུ་ལྷན་གཞུང་དོན་ཁང1 མཉམ་ལས་སྨན་བཅོས་གཞུང་ལས་ཁང1 ཁྲག་ཞོ་རྐྱང་པའི་ས་ཚིགས1 སྨན་རྫས་སྡེབ་སྐྱེལ་དོ་དམ་ལྟེ་གནས1120 མྱུར་སྐྱོབ་བཀོད་འདོམས་ལྟེ་གནས1ཉལ་ཁྲི2542བཅས་ཡོད་པ་རེད། ལོ་མཇུག་ཏུ་འཕྲོད་བསྟེན་མི་སྣ་སྣ་ཚོགས2690ཡོད་པའི་ནང་འཕྲོད་བསྟེན་ལག་རྩལ་མི་སྣ1725དང་། ལས་གཉེར(ལས་རོགས)སྨན་པ་དཀའ་བཅུ་པ154 དོ་དམ་མི་སྣ41བཅས་ཡོད།

7_4 ལུས་རྩལ།

སྤྱི་ལོ2015ལོའི་བར། ལུང་ཞི་རྫོང་དུ་ལུས་རྩལ་སྤྱི་ཁྱབ་ཚོགས་པ1དང་། རིམ་པ་ཁག་དང་རིགས་ཁག་གི་ལུས་རྩལ་མཐུན་ཚོགས6 རིམ་པ་ཁག་གི་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ487བཅས་ཡོད་པ་རེད། གྲོང་ཁུལ་དུ་བྱེད་ནུས་ཅུང་ཆ་ཚང་བའི་ལུས་རྩལ་ཐང3དང་། ལུས་སྦྱོང་ས་ཚིགས15 རྒན་རྒོན་གྱི་བྱེད་སྒོའི་ལྟེ་གནས1བཅས་ཡོད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་རིག་རྩལ་བྱེད་སྒོའི་ས་ཚིགས17 ཡུལ་ཚོ་དང་གྲོང་རྡལ་གྱི་ལུས་རྩལ་ལུས་སྦྱོང་ལྟེ་གནས4 ཤང་དང་གྲོང་རྡལ་གྱི་ཚད་གཞི་ཅུང་མཐོ་བའི་ཞིང་པའི་ལུས་རྩལ་ལུས་སྦྱོང་ལས་གྲྭ5 གྲོང་ཚོ་རིམ་པའི་ཞིང་པའི་ལུས་རྩལ་ལུས་སྦྱོང་ལས་གྲྭ133བཅས་བསྐྲུན་ཡོད།

8 འགྲིམ་འགྲུལ་སྐྱེལ་འདྲེན།
8_1 གཞུང་ལམ།

སྤྱི་ལོ2016ལོའི་ལོ་མཇུག་བར། ལུང་ཞི་རྫོང་གི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ1513.9ཟིན་པ་དང་རིམ་པ་མཐོ་བའི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ1338.59ཟིན་པའི་ནང་མྱུར་བགྲོད་གཞུང་ལམ་སྤྱི་ལེ100དང་། རིམ་པ་གཉིས་པའི་རིམ་པའི་གཞུང་ལམ་སྤྱི་ལེ127.77དང་། རིམ་པ་གསུམ་པའི་གཞུང་ལམ་སྤྱི་ལེ122.39 རྫོང་རིམ་པའི་གཞུང་ལམ་གྱི་རིམ་པ་བཞི་པའི་སྤྱི་ལེ156.426 ཡུལ་ཚོ་རིམ་པའི་གཞུང་ལམ་གྱི་རིམ་པ་བཞི་པའི་སྤྱི་ལེ157.314 གྲོང་ཚོའི་གཞུང་ལམ་གྱི་རིམ་པ་བཞི་པའི་སྤྱི་ལེ850སོགས་ཕྱིའི་གཞུང་ལམ་སྤྱི་ལེ175.31ཡོད་པ་རེད། རིམ་ལྡན་གཞུང་ལམ་གྱི་ལམ་ཚད་བསྡུར་ཚད88%ཟིན་པ་དང་སྲིད་འཛིན་གྲོང་ཚོའི་འགྲོ་ལམ་ཤར་གཏོང་ཐུབ་ཚད100%ཟིན་ཡོད་པ་རེད།

8_2 ལྕགས་ལམ།

སྤྱི་ལོ2013ལོའི་བར། ལུང་ཞི་རྫོང་ཁོངས་སུ་ལུང་ཧའེ་ལྕགས་ལམ་ཡོད་པ་དང་རིང་ཚད་སྤྱི་ལེ75ཟིན་པ་དང་། ལྕགས་ལམ་གྱི་ཆེད་སྤྱོད་ལམ་ཐིག9ཡོད་པ་རེད།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2016ལོར། ལུང་ཞི་རྫོང་འདི་ཉིད་ཁག་གཉིས་པའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་དུ་བཅུག་ཡོད།    

སྤྱི་ལོ2017ལོའི་ཟླ5པར། ལུང་ཞི་རྫོང་ལ“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྐས་ཞིང་བཅུའི་ཕ་ཡུལ”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།     

སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན། ཚོང་དོན་པུའུ་ཡི“2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།    

སྤྱི་ལོ2019ལོའི་ཟླ7པར། རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཆེའི་རྫོང་གི་ལས་གྲྭའི་ཚོད་ལྟའི་རྫོང(ཆུས)གི་མིང་ཐོར་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-26

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།