སྐྱེས་པ་དོང་བཏགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་གློ་བ་སོགས་བྱང་ཁོག་ནང་གི་རྣག་ཁྲག་སྐེམ། རྨ་གསོ།
1 ལོ་ཙཱ།

རྒྱ་ཡིག 芽花菜。

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་གློ་བ་སོགས་བྱང་ཁོག་ནང་གི་རྣག་ཁྲག་སྐེམ། རྨ་གསོ། 紫荲科草本药用植物名。味苦,性寒。干燥肺等胸腔器官中脓血,治疮伤。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་ལ་སེར་མདངས་ཅན་ནག་ཤས་ཡོད་པ་གསུམ་བཞི་ཙམ་མགོ་སྦྲེལ་ཏེ་སྐྱེ་བ་དང་། སྡོང་པོ་ཕྲ་ལ་རིང་བའི་སྟོད་ཆ་ནས་ཡལ་ག་གྱེས་ཤིང་། ལོ་མ་ལྗང་ལ་སྣུམ་ཞིང་འོད་མདངས་ཡོད་པར་ཉག་ག་གསུམ་རེ་ཡོད་པ་སྟེ་སིབ་པ་དང་། མེ་ཏོག་སྔོན་པོ་མཇུག་མ་ཡོད་པ་མཆུ་དབྱིབས་ཅན་སྡོང་པོ་དང་ཡལ་གའི་རྩེར་ཤར་ཞིང་། མེ་ཏོག་སྔོ་དཀར་འཆར་བ་མང་ལ་དཀར་སེར་དམར་བ་ཡང་རེ་འགའ་ཡོད་ཅིང་ཕྱོགས་གཅིག་ཏུ་བྱ་ཕོ་གདང་ཞུགས་ལྟར་རིམ་པས་འཆར་བ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་བྲག་གསེབ་དང་། ཤིང་མ་ལྡུམ་གྱི་གསེབ་ཏུ་སྐྱེ་བ་མང་བ། རྩ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་རབ་བྱུང་ན་ཁཎྜ་བཟོ་དགོས། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་མགོ་བོ་སོགས་ཀྱི་རུས་པ་ཆག་པའི་རིགས་དང་། ལྷ་བ་ཉམས་པ། རྨ་རིགས་སོགས་ལ་ཕན་པའི་སྔོ་སྨན་ཞིག   

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-20

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།