ཅིང་ཏེ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིང་ཏེ་རྫོང་།
ཅིང་ཏེ་རྫོང་ནི་ཨན་ཧུའེ་ཞིང་ཆེན་ཞོན་ཁྲེང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། དེ་ནི་ཨན་ཧུའེ་ལྷོ་རྒྱུད་ཀྱི་དབུས་ཁུལ་དུ་གནས་པ་དང་། ནུབ་ཕྱོགས་ཧོང་ཧྲན་རི་བོ་དང་འབྲེལ་ཞིང་། ཤར་ངོས་ཅང་སུའུ་དང་། ཀྲེ་ཅང་། ཧྲང་ཧའེ་བཅས་དང་འབྲེལ་བ། བྱང་ངོས་སུ་ཀྲིན་ཝན་ཅང་གཙང་པོའི་རྒྱུད་དུ་གནས་པ་བཅས་རེད། ཅན་ཐང་པའོ་ཁྲི་ལོ་གཉིས་པར་སྤྱི་ལོ763ལོར་རྫོང་གི་མིང་ལ“ཅིང་པའོ་ཧྥང་ཏེ”ཞེས་བཏགས། སྤྱི་ལོ2017ལོའི་ལོ་མཇུག་བར་ཅིང་ཏེ་རྫོང་གི་མངའ་ཁོངས་སུ་གྲོང་རྡལ10དང་རྒྱུན་སྡོད་མི་འབོར་ཁྲི12.5ཟིན་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུབཞི་མ904.8ཟིན་ཡོད། ཅིང་ཏེ་རྫོང་གི་སྐྱེ་ཁམས་དང་སྣོད་བཅུད་ཀྱི་བཀོད་པ་ལེགས་ལ་སྤྱི་ལོ2018ལོར་རྫོང་དེ་ཡོངས་སུ་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི75ཡོད་པ་དང་ནགས་ཚལ་ཁྱབ་ཚད66%ཟིན་ནས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་རྫོང་དང་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་ཡིན་པ་དང་ཨན་ཧུའེ་ལྷོ་རྒྱུད་ཀྱི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་དཔེ་སྟོན་ཁུལ་གྱི་ལྟེ་བའི་ཁུལ་ཡིན་པ་དང་འབྲི་ཆུ་ཟུར་གསུམ་ཁུལ་ཧོང་ཧྲན་མཛེས་ལྗོངས་ཁུལ་དུ་སྐྱོད་པའི་བགྲོད་ལམ་གལ་ཆེན་གྱི་གྲས་ཤིག་ཀྱང་རེད། ཅིང་ཏེའི་འགྲིམ་འགྲུལ་སྟབས་བདེ་བ་དང་ས་ཁོངས་ཀྱི་རྒྱལ་ལམ205དང་། ཞིང་ཆེན་ལམ217 ཞིང་ཆེན་ལམ323སོགས་གཞུང་ལམ་གལ་ཆེན་འཕྲེད་གཞུང་དུ་བསྣོལ་ཡོད། གྲུབ་འབྲས་མགྱོགས་མྱུར་ངང་སྤེལ་རེས་བྱེད་པའི་ལས་གྲྭ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། ཝུའུ་ཧོང་མྱུར་བགྲོད་གཞུང་ལམ་དེ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་བསྐྱོད་དེ་འཇར་མན་དུ་ཁྱབ་ཡོད། རྫོང་ཁོངས་སུ་པེ་ཅིང་ནས་ཕུའུ་ཅིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་རིང་ཚད་སྤྱི་ལེ22ཡོད་པ་དང་། རྫོང་གྲོང་དུ་ཏུང་ཏེ་འབབ་ཚུགས་བཙུགས་ཡོད། ཅིང་ཏེ་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་འབྱུང་གནས་ཀྱང་ཡིན་ཞིང་། ཞིང་ལས་རིག་པ་མཁས་ཅན་ཝང་ཀྲེན་དང་། ཚིག་རྩོམ་མཁན་ལུའི་པི་ཁྲེང་། རྩིས་རིག་པ་མཁས་ཅན་ཅང་ཙེ་ཧན། རྩོམ་རིག་མཁས་ཅན་ཀྲོའུ་ཨེར་ཧྥུ་སོགས་ཀྱང་འཚར་ལོངས་བྱུང་ཡོད། སྤྱི་ལོ2017ལོར་ཅིང་ཏེ་རྫོང་གི་ལོ་ཧྲིལ་པོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར39.5ཟིན་ཡོད། ལོ་གོང་མ་ལས7.5%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
旌德
ཕྱི་ཡིག་གི་མིང་།
Jingde
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཨན་ཧུའེ་ཞིང་ཆེན་ཞོན་ཁྲེང་གྲོང་ཁྱེར།
མངའ་ཁོངས། 
ཡུལ་གྲོང10ཡོད།
སྦྲག་སྲིད་ཨང་རྟགས།
242600
ཡུལ་སྐད།
ཝུའུ་སྐད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ904.8ཡོད།
མི་གྲངས།
ཁྲི12.5ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0563
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
皖P
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར39.5(སྤྱི་ལོ2017ལོ)ཡོད།
མེ་འཁོར་འབབ་ཚུགས།
ཅིང་ཏེ་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ། 

མིན་གོའི་སྲིད་ལོ་དང་པོའི(སྤྱི་ལོ1912ལོ)ཟླ་དང་པོར་ཧྥུ་མེད་པར་བཟོས་ནས་རྫོང་སོར་འཇོག་བྱས་པ་དང་། ཅིང་ཏེ་རྫོང་ནི་ཨན་ཧུའེ་ཞིང་ཆེན་གྱི་ཐད་གཏོགས་མངའ་འོག་ཏུ་གཏོགས། 

མིན་གོའི་སྲིད་ལོ་གསུམ་པའི(སྤྱི་ལོ1914ལོ་)ཟླ6པར་ཨན་ཧུའེ་ཞིང་ཆེན་མངའ་ཁོངས་ཀྱི་ཝུའུ་ཧུའུ་ཏའོ་རུ་གཏོགས།

མིན་གོའི་སྲིད་ལོ་ཉེར་གཅིག་པའི(སྤྱི་ལོ1932ལོ)ཟླ6པར་ཧང་ཧྲུག་དབུ་བཞུགས་རྫོང་དཔོན་ལམ་ལུགས་ལག་བསྟར་བྱས་པ་དང་། ལོ་དེའི་ཟླ10པར་སྲིད་འཛིན་ལྟ་ཞིབ་ཁུལ་བཙུགས་པ་དང་ཅིང་ཏེ་རྫོང་ནི་ཨན་ཧུའེ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་དགུ་པའི་ཁོངས་སུ་གཏོགས་པ་རེད། 

མིན་གོའི་སྲིད་ལོ་ཉེར་བདུན་པར(སྤྱི་ལོ1938ལོ)སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་པར་བསྒྱུར་ཡོད། ལོ་དེའི་ཟླ10པར་ཅིང་ཏེ་རྫོང་གི་ཐད་གཏོགས་ཝན་ནན་ཆུས་ཀྱི་ལས་ཁུངས་ཡིན། 

མིན་གོའི་སྲིད་ལོ་ཉེར་དགུ་པའི(སྤྱི་ལོ1940ལོའི)ཟླ8པར་སྲིད་འཛིན་ལྟ་ཞིབ་ཁུལ་བདུན་པར་བསྒྱུར།

སྤྱི་ལོ1949ལོའི་ཟླ4བའི་ཚེས24ཉིན། ཅིང་ཏེ་རྫོང་མཁར་བཅིངས་འགྲོལ་བྱས། ལོ་དེའི་ཟླ5བའི་ཚེས13ཉིན་ཅིང་ཏེ་རྫོང་དེ་ཝན་ནན་སྲིད་འཛིན་ཀུང་ཧྲུའུ་ཧུའེ་ཀྲོའུ་ཆེད་ཁུལ་གྱི་མངའ་ཁོངས་སུ་གཏོགས་པ་རེད།

སྤྱི་ལོ1952ལོའི་ཟླ8པའི་ཚེས7ཉིན། ཨན་ཧུའེ་ནན་སྲིད་འཛིན་ཀུང་ཧྲུའུ་ཕྱིར་འཐེན་བྱས།

སྤྱི་ལོ1959ལོའི་ཟླ1པོར། ཅིང་ཏེ་དང་ཅི་ཞི་རྫོང་གཉིས་ཟླ་སྒྲིལ་བཏང་ནས་ལས་སྒྲུབ་པ་དང་། ཟླ3པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཐེངས86པས་ཅིང་ཏེ་རྫོང་ཅི་ཞི་རྫོང་དུ་ཟླ་སྒྲིལ་གཏོང་རྒྱུ་ཐག་བཅད།

སྤྱི་ལོ1961ལོའི་ཟླ4བའི་ཚེས1ཉིན། ཅིང་ཏེ་རྫོང་དང་ཅི་ཨེར་གཉིས་ཀྱིས་སོ་སོར་གཞུང་ལས་སྒྲུབ་པ་དང་། ཟླ12པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཐེངས114པའི་ཐོག་ཅིང་ཏེ་རྫོང་དུ་བསྐྱར་དུ་སྡོད་རྒྱུའི་ཐག་བཅད། ལོ་དེའི་ཟླ4བའི་ཚེས13ཉིན། ཅིང་ཏེ་རྫོང་དང་ཅི་ཞི་རྫོང་གཉིས་སོ་སོར་བཀར་ཞིང་། ཅིང་ཏེ་རྫོང་སྔར་བཞིན་ཧུའེ་ཀྲོའུ་ཆེད་ཁུལ་དུ་གཏོགས།

སྤྱི་ལོ1971ལོའི་ཟླ3པའི་ཚེས29ཉིན་ཆེད་ཁུལ་དེ་ས་ཁུལ་དུ་བསྒྱུར།

སྤྱི་ལོ1988ལོའི་ཟླ1པོའི་ཚེས1ཉིན། ཅེ་ཏེ་རྫོང་ཞོན་ཁྲིན་ས་ཁུལ་དུ་གཏོགས། 

2 སྲིད་འཛིན་ཁོངས་བགོས། 

སྤྱི་ལོ2000ལོར་ཅིང་ཏེ་རྫོང་ཁོངས་སུ་གྲོང་རྡལ5དང་ཡུལ་ཚོ9ཡོད།

སྤྱི་ལོ2003ལོར་ཅིང་ཏེ་རྫོང་གིས་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་པ་སྟེ། དེ་སྔའི་ཅིང་ཆའོ་ཡུལ་ཚོ་དང་ཧྭ་ཐན་ཡུལ་ཚོའི་སྒྲིག་གཞི་ཧྲིལ་པོ་ཧུའེ་དབྱང་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་། དེ་སྔའི་ཅིང་དབྱང་གྲོང་རྡལ་དང་། ཅིང་ཆའོ་ཡུལ་ཚོ། ཧྭ་ཐན་ཡུལ་ཚོ་བཅས་ཀྱི་སྲིད་འཛིན་ས་ཁོངས་དེ་ཅིང་དབྱང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། དེ་སྔའི་ཆའོ་ཐིང་ཡུལ་ཚོའི་སྒྲིག་གཞི་ཧྲིལ་པོ་ཚའེ་ཅ་ཆའོ་གྲོང་རྡལ་དུ་ཟླ་སྒྲིལ་བཏང་ནས་དེ་སྔའི་ཚའེ་ཅ་ཆའོ་གྲོང་རྡལ་དང་ཆའོ་ཐིང་ཡུལ་ཚོའི་སྲིད་འཛིན་ས་ཁོངས་ནི་ཚའེ་ཅ་ཆའོ་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། གྲོང་རྡལ་སྲིད་གཞུང་ཚའེ་ཅ་ཆའོ་རུ་བཅའ་སྡོད་བྱས། དེ་སྔའི་ཧྲི་ཁྲོན་ཡུལ་ཚོའི་སྒྲིག་གཞི་ཧྲིལ་པོ་ཡུས་ཚུན་ཡུལ་ཚོར་ཟླ་སྒྲིལ་བཏང་ནས་དེ་སྔའི་ཡུས་ཚུན་ཡུལ་ཚོ་དང་ཧྲི་ཁྲོན་ཡུལ་ཚོའི་སྲིད་འཛིན་ས་ཁོངས་དེ་ཡུས་ཚུན་ཡུལ་ཚོའི་སྲིད་འཛིན་ས་ཁོངས་ཡིན་པ་དང་ཡུལ་ཚོ་སྲིད་གཞུང་ཡུས་ཚུན་གྲོང་ཚོར་བཅའ་སྡོད་བྱས་ཡོད། སན་ཞི་གྲོང་རྡལ། ཞིན་ལུང་ཡུལ་ཚོ། མིའོ་ཧྲོའུ་གྲོང་རྡལ། པའེ་ཏི་གྲོང་རྡལ། སུན་ཚུན་ཡུལ་ཚོ། ཡུན་ལེ་ཡུལ་ཚོ། པན་ཧྲུའུ་ཡུལ་ཚོ་བཅས་རང་སོར་བཞག་ཡོད། ཡུལ་གྲོང་སྲིད་འཛིན་ཁུལ་དབྱེ་བ་ལེགས་སྒྲིག་བྱས་རྗེས་ཅིང་ཏེ་རྫོང་ཁོངས་སུ་གྲོང་རྡལ5དང་ཡུལ་ཚོ5ཡོད་པ་སྟེ། ཧུའེ་དབྱང་གྲོང་རྡལ་དང་། ཚའེ་ཅ་ཆའོ་གྲོང་རྡལ། སན་ཤིས་གྲོང་རྡལ། མིའོ་ཧྲོའུ་གྲོང་རྡལ། པའེ་ཏི་གྲོང་རྡལ། ཡུས་ཚུན་ཡུལ་ཚོ། ཤིན་ལུང་ཡུལ་ཚོ། སུན་ཚུན་ཡུལ་ཚོ། ཡུན་ལེ་ཡུལ་ཚོ། པན་ཧྲུའུ་ཡུལ་ཚོ་བཅས་རེད།

སྤྱི་ལོ2004ལོའི་ལོ་མཇུག་ཏུ་ཅིང་ཏེ་རྫོང་ཁོངས་སུ་གྲོང་རྡལ5དང་ཡུལ་ཚོ5ཡོད་པ་སྟེ། ཧུའེ་དབྱང་གྲོང་རྡལ་དང་། ཚའེ་ཅ་ཆའོ་གྲོང་རྡལ། སན་ཞི་གྲོང་རྡལ། མིའོ་ཧྲོའུ་གྲོང་རྡལ། པའེ་ཏི་གྲོང་རྡལ། ཞིན་ལུང་ཡུལ་ཚོ། སུན་ཚུན་ཡུལ་ཚོ། ཡུན་ལེ་ཡུལ་ཚོ། པན་ཧྲུའུ་ཡུལ་ཚོ། ཡུས་ཚུན་ཡུལ་ཚོ་བཅས་ཡིན།

སྤྱི་ལོ2009ལོའི་ཟླ12པའི་ཚེས11ཉིན། ཨན་ཧུའེ་ཞིང་ཆེན་དམངས་སྲིད་ཐིང་གིས་རྩོམ་ཡིག་སྤེལ་ནས《ཡུས་ཏེ་རྫོང་ཡུས་གྲོང་ཚོ་ཡུལ་ཚོདུ་ཡུས་གྲོང་ཚོ་དང་གྲོང་རྡལ་འཛུགས་རྒྱུའི་མོས་མཐུན་མེད་པ་བཟོ་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན》བཀྲམ་པ་དང་། ཅིང་ཏེ་རྫོང་ཁོངས་སུ་གྲོང་རྡལ6དང་ཡུལ་ཚོ4ཡོད་པ་སྟེ། ཡུས་དབྱང་གྲོང་རྡལ་དང་། ཚའེ་ཅ་ཆའོ་གྲོང་རྡལ། སན་ཤིས་གྲོང་རྡལ། མིའོ་ཧྲོའུ་གྲོང་རྡལ། པའེ་ཏི་གྲོང་རྡལ། ཡུས་ཧྲུའུ་ཡུལ་ཚོ། ཡུན་ལེ་ཡུལ་ཚོ། ཤིན་ལུང་ཡུལ་ཚོ། སུན་ཚུན་ཡུལ་ཚོ་བཅས་ཡིན།

སྤྱི་ལོ2015ལོའི་ཟླ1པོར། ཨན་ཧུའེ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། གྲོང་ཁྱེར་སྲིད་གཞུང་གི་མོས་མཐུན་ཐོབ་ནས། ཅིང་ཏེ་རྫོང་གིས་གྲོང་ཚོ་དང་གྲོང་རྡལ་བཙུགས་པ་དང་། རྒྱ་ཁྱོན་དང་། མི་འབོར། ཁོངས་གཏོགས་འབྲེལ་བ་བཅས་འགྱུར་ལྡོག་བྱུང་མེད། ཡུས་ཤིས་གྲོང་ཚོ(དེ་སྔའི་སུན་གྲོང་ཚོའི་ཡུལ་ཚོའི་སྲིད་གཞུང་བཅའ་སྡོད་བྱ་ཡུལ)ཟླ12པའི་ཚེས3ཉིན་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད་ཅིང་ཏེ་རྫོང་པན་ཧྲུའུ་ཡུལ་ཚོར་པན་ཧྲུའུ་གྲོང་རྡལ་བཙུགས།

སྤྱི་ལོ2017ལོའི་ཟླ11པའི་ཚེས10ཉིན་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། ཅིང་ཏེ་རྫོང་གིས་ཡུང་ལི་ཡུལ་ཚོ་མེད་པར་བྱས་ནས་ཡུང་ལི་གྲོང་རྡལ་བཙུགས། 

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ། 

ཅིང་ཏེ་རྫོང་ནི་ཨན་ཧུའེ་ཞིང་ཆེན་ཞོན་ཁྲེང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། དེ་ནི་ཨན་ཧུའེ་ལྷོ་རྒྱུད་ཀྱི་དབུས་ཁུལ་དུ་གནས་པ་དང་། ནུབ་ཕྱོགས་ཧོང་ཧྲན་རི་བོ་དང་འབྲེལ་ཞིང་། ཤར་ངོས་ཅང་སུའུ་དང་། ཀྲེ་ཅང་། ཧྲང་ཧའེ་བཅས་དང་འབྲེལ་བ། བྱང་ངོས་སུ་ཀྲིན་ཝན་ཅང་གཙང་པོའི་རྒྱུད་དུ་གནས་པ་བཅས་རེད། སྤྱི་ལོ2017ལོའི་ལོ་མཇུག་བར་ཅིང་ཏེ་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུབཞི་མ904.8ཟིན་ཡོད།

3_2 ནམ་ཟླ།

ཅིང་ཏེ་རྫོང་ནི་བྱང་གི་ཚ་ཁུལ་གྱི་བརླན་གཤེར་ཆེ་བའི་ནམ་ཟླའི་ཁུལ་དུ་གཏོགས་ལ། ཆར་ཆུ་འབེལ་བ་དང་། འོད་ཕོག་ཚད་འབྲིང་ཙམ། དུས་རླུང་མངོན་གསལ་དོད་པ། དཔྱིད་དུས་ཀྱི་དྲོ་གྲང་ལ་འགྱུར་ལྡོག་ཆེ་བ་དང་། ཉི་འོད་རབ་ཏུ་འཚེར། དབྱར་དུས་ཀྱི་དྲོད་ཚད་མཐོ་ཞིང་བཞའ་ཚན་ཆེ་བ་དང་། སྟོན་དུས་རྟག་ཏུ་ཐན་པ་ཆེ་བ་དང་། སྤྲིན་སྲབ་ལ་སྔ་དགོང་བསིལ། དགུན་དུས་གནམ་དྭངས་ལ་བརླན་ཚད་ཆུང་བ་བཅས་སོ།།

4 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་ཐེམ་ཐོའི་མི་འབོར149801ཡོད་པ་རེད། ཕོ་མོའི་དབྱེ་བ་ལྟར་དབྱེ་ན། སྐྱེས་པའི་མི་འབོར77739དང་། བུད་མེད་ཀྱི་མི་འབོར72062ཡོད། ཕོ་མོའི་བསྡུར་ཚད་ནི108:100ཡིན། རྒྱུན་སྡོད་མི་འབོར་ཁྲི12.6ཡོད། སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཅིང་ཏེ་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི12.5ཟིན་ཡོད།

5 དཔལ་འབྱོར། 
5_1 ཐོན་ལས་དང་པོ།

སྤྱི་ལོ2017ལོའི་ལོ་མཇུག་བར་ཅིང་ཏེ་རྫོང་གིས་ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་ཁྲི1.0304དང་། སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང3029སྲིང་བལ་འདེབས་ཁྱོན་སྤྱི་ཆིང127བུར་ཤིང་འདེབས་ཁྱོན་སྤྱི་ཆིང167སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང2896བཅས་ཡོད་པ་རེད། རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བརྟན་པོ་ཡོད་པ་དང་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི6.0899ཟིན་ནས1.30%འཕར་ཡོད། སྣུམ་རྒྱུའི་ཐོན་ཚད་ཏུན5968ཟིན་ནས2.21%འཕར་ཡོད། སྲིང་བལ་ཐོན་ཚད་ཏུན141ཟིན་ནས1.44%འཕར་ཡོད། རྡོ་ཐའི་ཐོན་ཚད་ཏུན1196ཟིན་ནས3.78%མར་ཆག་ཡོད། ཇ་ལོ་ཐོན་ཚད་ཏུན431ཟིན་ནས2.31%འཕར་ཡོད། ལོ་ཧྲིལ་པོར་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན9578ཟིན་པ་དེ་སྔ་ལོ་ལས0.03%འཕར་ཡོད། ལོ་ཧྲིལ་པོར་ཆུའི་ཐོན་རྫས་ཐོན་ཚད་ཏུན་སྤྱི་ལོ1999ལོར0.2%འཕར་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་བར་ཅིང་ཏེ་རྫོང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་གྲངས་མཛོད་བཙུགས་ནས“འགྱུར་ལྡོག་གསུམ”གྱི་རྣམ་གྲངས133མཛོད་དུ་བཅུག་པ་དང་། སྒོར་ཁྲི2408ཟིན་པའི་ཞིང་ཆེན་ནོར་སྲིད་ཕྱོགས་བསྡུས་སྒྱུར་བཅོས་རྣམ་གྲངས་ཀྱི་མ་དངུལ་དང་སྒོར་ཁྲི1000ཟིན་པའི་རྫོང་ནོར་སྲིད་མཉམ་སྡེབ་དཔལ་འབྱོར་གྱི་རོགས་སྐྱོར་ཐེབས་རྩ་བསྡུ་སྒྲིལ་བྱས་ནས་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་གྲངས་62ཁྲོད་བཏང་བ་དང་སྤྱི་ལོ2017ལོའི་ལོ་མཇུག་ཏུ་སླེབས་སྐབས་རྫོང་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་མེད་པའི་གྲོང་ཚོ་ཚང་མ་གཙང་སེལ་བྱས་པ་དང་མཉམ་སྡེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི1001.7ཟིན་པ་དེ་སྒྱུར་བཅོས་མ་བྱས་གོང་ལས445%འཕར་བ།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2016ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས46ཟིན་པ་དང་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི64161ཟིན་པ་དེ་ལོ་གོང་མ་ལས6.5%འཕར་ཡོད། རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར26.7ཟིན་པ། ཁེ་སྤོགས་སྒོར་དུང་ཕྱུར2.1ཟིན་པ་དང་མ་རྩའི་རིན་ཐང་བརྟན་སྲུང་བྱེད་ཚད120.2%ཟིན་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་བར་ཅིང་ཏེ་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས47ཟིན་པ་དང་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ལོ་གོང་མ་ལས7.3%འཕར་ཡོད། ལས་རིགས་ཆེ་གྲས16ནང་ལས་རིགས8འཕར་བའི་ནང་དཔྱད་ཆས་དཔྱད་ཆས་བཟོ་སྐྲུན་ལས་རིགས་དང་། གློག་རླངས་འཕྲུལ་ཆས་དང་ཡོ་ཆས་བཟོ་སྐྲུན་ལས་རིགས། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས། ཤོག་བུ་བཟོ་བ་དང་ཤོག་བུའི་བཟོས་རྫས་ལས་རིགས་བཅས་འཕར་ཚད་ཅུང་མཐོ་བ་རྒྱུན་འཁྱོངས་ཐུབ་ནས་སོ་སོར138.1%དང་། 89.1%  39.8%  22.9%བཅས་འཕར་ཡོད་པ་རེད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོའི་ལོ་མཇུག་བར་ཅིང་ཏེ་རྫོང་གིས་ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར25ཟིན་པ་དེ་ལོ་གོང་མ་ལས11.8%འཕར་ཡོད། ཕྱིར་ཚོང་ས་ཁུལ་ལ་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་ཁྲོམ་རར་འཛད་རྫས་སིལ་ཚོང་བྱེད་ཚད་ལོ་གོང་མ་ལས10.9%འཕར་བ་དང་གྲོང་གསེབ་ཀྱི་འཛད་རྫས་ཁྲོམ་རར་འཛད་རྫས་སིལ་ཚོང་བྱེད་ཚད17.6%འཕར་ཡོད་པ་རེད། ལས་རིགས་ལ་གཞིགས་ནས་དབྱེ་ན་སྡེབ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ34.2%འཕར་བ་དང་། སིལ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་བྱེད་ཚད9.5%འཕར་བ། ཞག་སྡོད་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ34.7%འཕར་བ། བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ24.1%འཕར་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་བཅད་གྲངས་ཡན་གྱི་ཚན་པ41ཡོད་པ་རེད། བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་ཡག་པོ་ཡོད་ཅིང་། ལོ་ཧྲིལ་པོར་ཚོང་ཟོག་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར6.2ཟིན་ནས14.1%འཕར་བ་དེའི་ནང་རླངས་འཁོར་རིགས-21.6%འཕར་བ་དང་། ཀྲུང་གོ་དང་ཕྱི་ལུགས་སྨན་རྫས་རིགས55.9%འཕར་བ། འབྲུ་སྣུམ་དང་བཟའ་བཅའི་རིགས8%འཕར་བ། ཉིན་མཁོའི་དངོས་རྫས་རིགས31.6%འཕར་བ། རྡོ་སྣུམ་དང་དེ་བཞིན་བཟོས་རྫས་རིགས24.1%འཕར་བ། གྱོན་ཆས་དང་ཞྭ་ལྷམ་རིགས་ཀྱི་ཚོང་ཟོག་སིལ་ཚོང་བྱེད་ཚད་དེ14.5%འཕར་བ་བཅས་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཨན་ཧུའེ་ཞིང་ཆེན། ཅིང་ཏེ་རྫོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-24

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།