པུན་ཞི་མན་རིགས་རང་སྐྱོང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པུན་ཞི་མན་རིགས་རང་སྐྱོང་རྫོང་།
པུན་ཞི་མན་རིགས་རང་སྐྱོང་རྫོང་ནི་ལིའོ་ཏུང་ཕྱེད་གླིང་གི་དཀྱིལ་དབུས་དང་ཐའེ་ཙི་ཆུ་བོའི་སྟོད་རྒྱུད་དུ་ཆགས་ཡོད། ས་ཁམས་ཀྱི་གནས་ཡུལ་ནི་ཤར་གྱི་གཞུང་ཐིག123°34'53″-124°45'42″དང་། བྱང་གི་འཕྲེད་ཐིག40°48'50″-41°33'50″ཡི་བར་དུ་གནས་ཡོད་པ་དང་། ཤར་ནི་ཧེང་རེན་མན་རིགས་རང་སྐྱོང་རྫོང་དང་ཁོན་ཏེན་རྫོང་གཉིས་དང་ཉེ། ནུབ་ནི་པུན་ཞི་གྲོང་ཁྱེར་དང་ལིའོ་དབྱང་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ལྷོ་ནི་ཏན་ཏུང་གྲོང་ཁྱེར་དང་མཐའ་མཚམས་འབྲེལ་ཡོད། བྱང་ནི་ཧྲེན་དབྱང་གྲོང་ཁྱེར། ཧྥུའུ་ཧྲུན་གྲོང་ཁྱེར་གཉིས་དང་འབྲེལ་ཡོད། རྫོང་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3344ཡོད་པ་དང་ས་བབ་ཀྱི་ཁྱད་ཆོས་ནི“རི་བརྒྱད་ཆུ་གཅིག་ས་ཞིང་གཅིག”ཅེས་པ་དེ་ཡིན་པ་དང་། དྲོད་རྒྱུད་བྱང་མའི་སྐམ་སའི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས། རྫོང་དེ་ཡོངས་ཀྱི་ཤང་གྲོང11ལ་ཁྱོན་མི་འབོར་ཁྲི30ཡོད་པ་དང་མན་ཇུ་དང་། རྒྱ་རིགས། ཁྲའོ་རིགས། ཧུའེ་རིགས། མོང་རིགས་སོགས་མི་རིགས15ཡོད། རྫོང་སྲིད་གཞུང་གི་གནས་ཡུལ་ནི་ཞའོ་ཧྲི་གྲོང་རྡལ་དུ་བཙུགས་ཡོད། སྤྱི་ལོ2016ལོའི་ཟླ12ཚེས7ཉིན་པུན་ཞི་མན་རིགས་རང་སྐྱོང་རྫོང་འདི་ཉིད་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་གསུམ་པའི་གྲས་སུ་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
本溪满族自治县
ཕྱི་ཡིག་གི་མིང་།
Benxi Manchu Autonomous County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་རྫོང་།
མི་འབོར།
ཁྲི29ཡོད། (སྤྱི་ལོ2007ལོར)
ཡུལ་སྐད།
བྱང་ཤར་སྐད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ3344ཡོད།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་པུན་ཞི་གྲོང་ཁྱེར།
གནམ་གཤིས།
དྲོད་འབྲིང་ཁུལ་གྱི་དུས་རླུང་རང་བཞིན་རླན་གཤེར་ནམ་ཟླ།
མངའ་ཁོངས།
ཁྲོམ་གཞུང1དང་གྲོང་རྡལ9ཤང1བཅས་ཡོད།
མཛེས་ལྗོངས་གྲགས་ཅན།
ཡང་ཧུའུ་ལུང་གཞུང་དང་ཀོན་ཧྲན་རི་བོའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་། པུན་ཞི་ཆུ་དོང་། ཐེ་ཁྲ་རི་བོའི་མཛེས་ལྗོངས་ཁུལ། ལའོ་པེན་ལུང་གཞུང་།
སྲིད་གཞུང་གནས་ཡུལ།
ཀོང་ཡིན་ཀུ་ཁྲོམ་གཞུང་དུ་གནས་ཡོད།
མེ་འཁོར་འབབ་ཚུགས།
ཞའོ་ཧྲི་འབབ་ཚུགས། ཐེན་ཧྲི་ཧྥུའུ་འབབ་ཚུགས། ཚའོ་ཧུ་ཁོའུ་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
024
རླངས་འཁོར་ཚབ་ཨང་།
ལིའོ(辽)E
སྦྲག་སྲིད་ཨང་རྟགས།
117100
GDP
སྒོར་དུང་ཕྱུར195ཡོད།
མི་རེའི་ཆ་སྙོམསGDP
སྒོར་ཁྲི6.5ཡོད།
སྲིད་འཛིན་ཚབ་ཨང་།
210521
གནས་ཡུལ།
པུན་ཞི་གྲོང་ཁྱེར་གྱི་དབུས་རྒྱུད་དུ་གནས་ཡོད།
1 ​ངོ་སྤྲོད་མདོར་བསྡུས།

པུན་ཞི་མན་རིགས་རང་སྐྱོང་རྫོང་ནི་ལིའོ་ཏུང་ཕྱེད་གླིང་གི་དཀྱིལ་དབུས་དང་ཐའེ་ཙི་ཆུ་བོའི་སྟོད་རྒྱུད་དུ་ཆགས་ཡོད་པ་དང་། ས་ཁམས་ཀྱི་གནས་ཡུལ་ནི་ཤར་གྱི་གཞུང་ཐིག123°34'53″-124°45'42″དང་། བྱང་གི་འཕྲེད་ཐིག40°48'50″-41°33'50″ཡི་བར་དུ་གནས་ཡོད་པ་དང་། ཤར་ནི་ཧེང་རེན་མན་རིགས་རང་སྐྱོང་རྫོང་དང་ཁོན་ཏེན་རྫོང་གཉིས་དང་ཉེ། ནུབ་ནི་པུན་ཞི་གྲོང་ཁྱེར་དང་ལིའོ་དབྱང་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ལྷོ་ནི་ཏན་ཏུང་གྲོང་ཁྱེར་དང་མཐའ་མཚམས་འབྲེལ་ཡོད། བྱང་ནི་ཧྲེན་དབྱང་གྲོང་ཁྱེར། ཧྥུའུ་ཧྲུན་གྲོང་ཁྱེར་གཉིས་དང་འབྲེལ་ཡོད། རྫོང་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3344ཡོད་པ་དང་ས་བབ་ཀྱི་ཁྱད་ཆོས་ནི“རི་བརྒྱད་ཆུ་གཅིག་ས་ཞིང་གཅིག”ཅེས་པ་དེ་ཡིན་པ་དང་། དྲོད་རྒྱུད་བྱང་མའི་སྐམ་སའི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས། རྫོང་དེ་ཡོངས་ཀྱི་ཤང་གྲོང11ལ་ཁྱོན་མི་འབོར་ཁྲི30ཡོད་པ་དང་མན་ཇུ་དང་། རྒྱ་རིགས། ཁྲའོ་རིགས། ཧུའེ་རིགས། མོང་རིགས་སོགས་མི་རིགས15ཡོད། རྫོང་སྲིད་གཞུང་གི་གནས་ཡུལ་ནི་ཞའོ་ཧྲི་གྲོང་རྡལ་དུ་བཙུགས་ཡོད།

སྤྱི་ལོ2016ལོའི་ཟླ12ཚེས7ཉིན་པུན་ཞི་མན་རིགས་རང་སྐྱོང་རྫོང་འདི་ཉིད་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་གསུམ་པའི་གྲས་སུ་ཚུད་ཡོད།        

2 འཛུགས་སྐྲུན་འཕེལ་རིམ།

སྤྱི་ལོ1644ལོར(ཆིང་ཧྲུན་ཀྲི་ཁྲི་ལོ་དང་པོ)པིན་ཞི་རྫོང་ནི་ལིའོ་དབྱང་ཧྥུའུ་ཡི་ཁོངས་སུ་གཏོགས་པ་དང་། སྤྱི་ལོ1657ལོར(ཆིང་ཧྲུན་ཀྲིའི་ཁྲི་ལོ་བཅུ་བཞི་པ)གནས་ཧྲེང་ཅིན(རྗེས་སུ་ཧྥེང་ཐེན་ཧྥུའུ་ཞེས་པར་བསྒྱུར)དུ་སྤོར་བ་དང་ལིའོ་དབྱང་ཧྥུའུ་ནས་ལིའོ་དབྱང་རྫོང་དུ་རིམ་པ་ཕབ། སྤྱི་ལོ1664ལོར(ཆིང་ཁང་ཞིའི་ལོ་གསུམ་པ)ལིའོ་དབྱང་རྫོང་ནས་ལིའོ་དབྱང་ཀྲོའུ་རུ་རིམ་པ་འཕར། སྤྱི་ལོ1906ལོར་པུན་ཞི་རྫོང་མ་བཙུགས་གོང་པུན་ཞི་རྫོང་ཧྥེང་ཐེན་ཧྥུའུ་ལིའོ་དབྱང་ཀྲོའུ་དང་། ཞིན་ཅིན་ཧྥུ་རྨིན་ཐིན། ཧྥེང་ཧོང་ཐིན་བཅས་ས་ཆ་གསུམ་དུ་བགོས་ཡོད།

སྤྱི་ལོ1906ལོར(ཆིང་ཀོང་ཞུས་སྲིད་ལོ་སུམ་ཅུ་སོ་གཉིས་པ)པུན་ཞི་རྫོང་བཙུགས།

སྤྱི་ལོ1914ལོར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ3པ)པུན་ཞི་རྫོང་ནི་ཧྥེང་ཐེན་ཞིང་ཆེན་གྱི་ཤར་ཕྱོགས་ལམ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1928ལོར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ17པ)ཀྲང་ཞུའེ་ལིང་གིས་བྱང་ཤར་གྱི་དར་ཆ་བརྗེ་སོར་བྱས་རྗེས་ཧྥེང་ཐེན་ཞིང་ཆེན་དེ་ལིའོ་ཉིང་ཞིང་ཆེན་དུ་བསྒྱུར་ཞིང་། པུན་ཞི་སྔར་བཞིན་ཁོངས་སུ་གཏོགས།

སྤྱི་ལོ1931ལོའི“དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་བྱུང་རྗེས་བྱང་ཤར་རི་པིན་བཙན་རྒྱལ་རིང་ལུགས་ཀྱི་མི་སེར་སྤེལ་ཡུལ་དུ་གྱུར་པ་དང་། ཕྱི་ལོའི་ཟླ3པར“མན་ཀྲོའུ་རྒྱལ་ཁབ”རྫུས་མ་བཙུགས་པ་དང་། པུན་ཞི་རྫོང་ནི་ཧྥེང་ཐེན་ཞིང་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1945ལོར“བརྒྱད་པའི་བཅོ་ལྔ”རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་ཆ་རྐྱེན་གང་ཡང་མེད་པར་མགོ་བཏགས་པ་དང་། པུན་ཞི་རྫོང་ཚུར་བླངས་ནས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་ཁྱབ་བསྒྲགས་བྱས།

སྤྱི་ལོ1948ལོར་པུན་ཞི་མངའ་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བཏང་བ་དང་པུན་ཞི་རྫོང་ཨན་ཏུང་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས། སྤྱི་ལོ1949ལོའི་ཟླ4པར་པུན་ཞི་རྫོང་དེ་ལིའོ་ཏུང་ཞིང་ཆེན་གྱི་ཁོངས་གཏོགས་ཡིན།

སྤྱི་ལོ1952ལོའི་ཟླ9བར། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་པུན་ཞི་རྫོང་མེད་པར་བཟོ་རྒྱུའི་ཐག་བཅད། དེའི་ཐོག་མའི་མངའ་ཁོངས་ཀྱང་པུན་ཞི་གྲོང་ཁྱེར་དུ་ཟླ་བསྒྲིལ་བཏང་། སྤྱི་ལོ1953ལོའི་ཟླ4བར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་དོན་སྤྱི་ཁྱབ་ཁང་གིས་པུན་ཞི་གྲོང་ཁྱེར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཐད་ཀར་སྐྱོང་རྒྱུའི་ཐག་བཅད། སྤྱི་ལོ1954ལོའི་ཟླ6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལིའོ་ཏུང་ཞིང་ཆེན་དང་ལིའོ་ཞི་ཞིང་ཆེན་གཉིས་ཟླ་བསྒྲིལ་བཏང་ནས་ལིའོ་ཉིང་ཞིང་ཆེན་འཛུགས་རྒྱུ་དང་། པུན་ཞི་གྲོང་ཁྱེར་ལིའོ་ཉིང་ཞིང་ཆེན་གྱི་མངའ་འོག་ཏུ་བསྒྱུར་རྒྱུ་ཐག་བཅད། སྤྱི་ལོ1956ལོའི་ཟླ5པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པུན་ཞི་རྫོང་གསར་དུ་བཙུགས་ནས་པུན་ཞི་གྲོང་ཁྱེར་གྱིས་ཚབ་བྱས་ཏེ་དོ་དམ་བྱ་རྒྱུའི་ཐག་བཅད། སྤྱི་ལོ1959ལོར་པུན་ཞི་རྫོང་པུན་ཞི་གྲོང་ཁྱེར་གྱི་མངའ་ཁོངས་སུ་བཅུག

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

པུན་ཞི་མན་རིགས་རང་སྐྱོང་རྫོང་གི་ཁོངས་གཏོགས་སུ་ཁྲོམ་གཞུང1དང་། གྲོང་རྡལ9ཤང1བཅས་ཡོད་པ་སྟེ། དེ་དག་སོ་སོར་དབྱེ་ན། ཀོན་ཡིན་ཀུ་ཁྲོམ་གཞུང་དང་། ཚའོ་ཧུ་ཀྲུའུ་གྲོང་རྡལ། ཚའོ་ཧུ་གྲོང་རྡལ། ཚའོ་ཧུ་ཁོའུ་གྲོང་རྡལ། ལེན་ཧྲན་ཀོན་གྲོང་རྡལ། ཀའོ་ཀོན་གྲོང་རྡལ། ཆིང་ཧུ་གྲོང་རྡལ། ཐེན་ཧྲི་ཧྥུའུ་གྲོང་རྡལ། ནན་ཏེན་ཙི་གྲོང་རྡལ། ཅན་ཁྲང་གྲོང་རྡལ། ཏུང་དབྱིན་ཧྥང་ཤང་བཅས་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

པུན་ཞི་མན་རིགས་རང་སྐྱོང་རྫོང་ནི་ལིའོ་ཏུང་ཕྱེད་གླིང་གི་དཀྱིལ་དབུས་དང་ཐའེ་ཙི་ཆུ་བོའི་སྟོད་རྒྱུད་དུ་ཆགས་ཡོད་པ་དང་། ས་ཁམས་ཀྱི་གནས་ཡུལ་ནི་ཤར་གྱི་གཞུང་ཐིག123°34'53″-124°45'42″དང་། བྱང་གི་འཕྲེད་ཐིག40°48'50″-41°33'50″ཡི་བར་དུ་གནས་ཡོད་པ་དང་། ཤར་ནི་ཧེང་རེན་མན་རིགས་རང་སྐྱོང་རྫོང་དང་ཁོན་ཏེན་རྫོང་གཉིས་དང་ཉེ། ནུབ་ནི་པུན་ཞི་གྲོང་ཁྱེར་དང་ལིའོ་དབྱང་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ལྷོ་ནི་ཏན་ཏུང་གྲོང་ཁྱེར་དང་མཐའ་མཚམས་འབྲེལ་ཡོད། བྱང་ནི་ཧྲེན་དབྱང་གྲོང་ཁྱེར། ཧྥུའུ་ཧྲུན་གྲོང་ཁྱེར་གཉིས་དང་འབྲེལ་ཡོད། རྫོང་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3344ཡོད།

4_2 ནམ་ཟླ།

པུན་ཞི་མན་རིགས་རང་སྐྱོང་རྫོང་ནི་འཕྲེད་ཐིག་བར་མ་རུ་གནས་ཡོད་པ་དང་། དྲོད་ཁུལ་བར་མའི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁོངས་སུ་གཏོགས། དུས་རླུང་དང་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁྱད་ཆོས་མངོན་གསལ་ཡིན། གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ནི་དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་དང་། ཆར་ཆུ་མོད་ལ། ཉི་འོད་ཕོག་ཚད་མང་། དྲོད་ཚད་རན་པོ་ཡོད་པ། ཆར་ཆུ་མོད་པ་དང་ཚ་བ་ཆེ་བ་བཅས་ཀྱིས་མིའི་རིགས་འཚོ་གནས་དང་ཞིང་ནགས་འབྲོག་ལས་གོང་འཕེལ་གཏོང་བར་མཐུན་རྐྱེན་སྐྲུན་ཡོད།

པུན་ཞི་མན་རིགས་རང་སྐྱོང་རྫོང་གི་ལོ་རེའི་ཆ་སྙོམས་དྲོད་ཚད་ནི6℃~8℃ཡིན། (དེ་ནི་པུན་ཞི་གྲོང་ཁྱེར་ཡོངས་ཀྱི་གཞི་གྲངས་ཡིན། དེའི་ནང་ཚའོ་ཧོ་ཁོའུ་གྲོང་རྡལ6.1℃ཡིན།) ཉིན་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ10ཡིན་པའི་ཐོག་མའི་ཉིན་མོ་ནི་ཟླ4ཚེས20ནས30ཉིན་བར་ཡིན་པ་དང་། ཉིན་ཤོས་ནི་ཟླ10ཚེས2ནས9ཉིན་བར་ཡིན་ཞིང་། དེའི་བར་མཚམས་ཉིན156ནས172བར་ཡིན།

པུན་ཞི་མན་རིགས་རང་སྐྱོང་རྫོང་དུ་དུས་རླུང་ཁོར་ཡུག་གི་ཚོད་འཛིན་འོག་ས་དབྱིབས་ཀྱི་ཤུགས་རྐྱེན་ཐེབས་པས་ཆར་ཆུ་འབབ་ཚད་ཅུང་ཆེ། ལོ་ཧྲིལ་པོར་ཆར་ཆུ་འབབ་ཚད་ཧའོ་སྨི800ནས1000བར་ཡིན། དགུན་དུས་ཀྱི་ཆར་ཆུ་འབབ་ཚད་ཉུང་ཤོས་ཡིན་པ་དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་བསྡོམས་འབོར་གྱི4%ལས་ཟིན་མེད། སྟོན་དཔྱིད་སྐབས་སོ་སོར15%དང20%ཟིན་ཡོད། དབྱར་ཁ་མང་ཤོས་སུ་ཧའོ་སྨི500ཡས་མས་ཟིན་པ་དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི61%བཟུང་བ་དང་ཟླ་བདུན་བརྒྱད་ནང་གཅིག་སྡུད་བྱས་ཡོད།

5 མི་འབོར་དང་མི་རིགས།

སྤྱི་ལོ2014ལོའི་ཟླ9པ་བར་པུན་ཞི་མན་རིགས་རང་སྐྱོང་རྫོང་གི་མི་འབོར་རང་བྱུང་འགྱུར་ལྡོག་གནས་ཚུལ་གྱི་ནང་དོན་གཤམ་གསལ་ལྟར། རྫོང་ཡོངས་ཀྱི་མི་གྲངས་བསྡོམས་འབོར289304ཡོད། ལོ་ཧྲིལ་པོར་མི2098སྐྱེས་པའི་ནང་སྐྱེས་པ1078དང་བུད་མེད1020ཡོད། མི1772ཚེ་ལས་འདས། ཕྲུ་གུ་སྐྱེ་ཚད7.25%དང་ཤི་ཚད6.12%དང་། རང་འཕེལ་བྱུང་ཚད་སྟོང་ཆའི1.13ཡིན། འཆར་གཞི་ལྟར་ཕྲུ་གུ་སྐྱེ་ཚད99.38%ཡིན།

པུན་ཞི་མན་རིགས་རང་སྐྱོང་རྫོང་སུ་མན་ཇུའི་རིགས་དང་། རྒྱ་རིགས། སོག་རིགས། ཧུའེ་རིགས། ཁྲའོ་ཞན་སོགས་མི་རིགས24ཡོད་པའི་ནང་མན་ཇུ་རིགས་ཀྱི་མི་འབོར་ཁྲི19.4ཡོད་པ་དེས་སྤྱིའི་མི་འབོར་གྱི65%བཟུང་ཡོད།

6 དཔལ་འབྱོར།

སྤྱི་ལོ2013ལོ་ནི་པུན་ཞི་རྫོང་གི“ཐེངས་བཅུ་གཉིས་པའི་ལོ་ལྔའི་འཆར་འགོད”རྒྱལ་ཡོངས་ཕུལ་བྱུང་ཅན་བརྒྱའི་རྫོང་དུ་དཔུང་འཇུག་བྱེད་པའི་འགག་སྒྲོལ་དཀའ་སེལ་གྱི་ལོ་ཞིག་ཡིན། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར245ཟིན་པ་དེ་དུས་མཚུངས་ལས25.6%འཕར་བ་དང་། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར22ཟིན་པ་དེ་དུས་མཚུངས་ལས15.8%འཕར་ཡོད། སྤྱི་ཚོགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར160བཏང་བ་དེ་དུས་མཚུངས་ལས33.3%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར50ཟིན་པ་དེ་དུས་མཚུངས་ལས25%འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར13600ཟིན་པ་དེ་དུས་མཚུངས་ལས15.3%འཕར་ཡོད།

7 སྤྱི་ཚོགས་བྱ་གཞག
7_1 སློབ་གསོ།

པུན་ཞི་མན་རིགས་རང་སྐྱོང་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་སློབ་གསོའི་ལས་དོན་གྱི་སྔོན་ཐོན་རྫོང་ཞིག་ཡིན། རྫོང་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གྲྭ174འཕེལ་རྒྱས་བྱུང་ཡོད། དེའི་ནང་སློབ་ཆུང146དང་སློབ་གྲྭར་ཡོད་པའི་སློབ་མ31170ཡོད་པ་དང་། དམའ་རིམ་སློབ་འབྲིང20དང་། སློབ་འབྲིང2མཐོ་རིམ་སློབ་འབྲིང2ལས་རིགས་མཐོ་རིམ་སློབ་གྲྭ2ཤང་(གྲོང་རྡལ)གི་ཞིང་ལས་ལག་རྩལ་སློབ་གྲྭ16སློབ་གྲྭར་ཡོད་པའི་སློབ་འབྲིང་སློབ་མ17340བཅས་ཡོད། དགེ་རྒན་ཟབ་སྦྱོང་སློབ་གྲྭ1དང་། ཞིང་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ1ལག་རྩལ་བཟོ་པའི་སློབ་གྲྭ1རླུང་འཕྲིན་བརྙན་འཕྲིན་སློབ་ཆེན1སློབ་གྲྭ་ཆེ་འབྲིང་གི་སློབ་མ939བཅས་ཡོད། གཞན་ཡང་བུ་བཅོལ་ཁང606ཡོད་པ་དང་བུ་བཅོལ་ཁང་དུ་བྱིས་པ10557ཡོད་པ་དང་བུ་བཅོལ་ཁང་དུ་ཞུགས་ཚད60%ཡན་ཟིན་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གསོ་ཕན་ཚུན་ཆ་འགྲིག་བྱུང་ཡོད་པ་དང་ལོ་དགུའི་འོས་འགན་སློབ་གསོ་གཙོ་བོར་བྱེད་པ་དང་དར་མའི་སློབ་གསོ་དང་ལས་རིགས་སློབ་གསོ་ཁ་གསབ་ཏུ་བྱེད་པའི་ཅུང་ཆ་ཚང་བའི་སློབ་ཁྲིད་མ་ལག་ཅིག་རགས་ཙམ་ཆགས་ཡོད།

7_2 འཕྲོད་བསྟེན།

རྫོང་ཡོངས་སུ་དམངས་ཡོངས་དང་མཉམ་སྡེབ་ཀྱི་སྨན་བཅོས་རིམས་འགོག་ཚན་པ24ཡོད་པའི་ནང་རྫོང་རིམ་པའི་སྨན་ཁང3དང་། རྫོང་རིམ་པའི་རིམས་འགོག་འཕྲོད་སྦྱོར་སྡེ་ཚན7ཤང་དང་གྲོང་རྡལ་རིམ་པའི་སྨན་ཁང14བཅས་ཡོད་པ་དང་ཁྱོན་སྨན་དོན་མི་སྣ1392ཡོད། ཆེད་ལས་ལག་རྩལ་མི་སྣ868ཡོད་པ་དང་རྫོང་ཡོངས་ཀྱི་རིམ་ཁག་སྨན་ཁང་གི་ནད་ཁྲིའི་བསྡོམས་འབོར1525ཟིན་ཡོད། གཞན་ཡང་རྫོང་ཡོངས་སུ་ད་དུང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང130དང་གྲོང་གསེབ་ཀྱི་སྨན་པ་དཀའ་བཅུ་པ་དང་སྨན་པ212ཡོད། མི་སྒེར་གྱི་སྨན་ཁང28དང་མི་སྒེར་སྨན་དོན་མི་སྣ55ཡོད། རྫོང་དེ་ཡོངས་ཀྱི་ཆ་སྙོམས་མི200ལ་སྨན་དོན་མི་སྣ་རེ་ཡོད།

7_3 ལུས་རྩལ།

རྫོང་ཡོངས་ཀྱི་ལུས་རྩལ་བྱ་གཞག་དེས་གཞོན་ནུ་ལོ་ཆུང་གཙོ་གནད་དུ་བཟུང་ནས། དམངས་ཡོངས་ཀྱི་ལུས་སྦྱོང་ནང་དོན་གཙོ་བོར་བྱས་ཡོད། སྦྱོང་བརྡར་དང་འགྲན་བསྡུར་བྱ་ཐབས་གཙོ་བོར་བྱེད་པ་བཅས་ཀྱི་ལུས་རྩལ་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་སློབ་གྲྭའི་ལུས་རྩལ་དང་ལས་བཟོའི་ལུས་རྩལ་སོགས་གསོན་ཉམས་དོད་པོ་ཡོད་པས་སློབ་མ་དང་། ཞིང་པ། ལས་བཟོ་པ་བཅས་ཀྱི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། རྫོང་དེ་ཡོངས་ཀྱི་ལུས་རྩལ་མི་འབོར་གྱིས་རྫོང་ཡོངས་ཀྱི་མི་འབོར་གྱི60%ཡན་ཟིན་ཡོད། རྫོང་ལས་ཞོར་ལུས་རྩལ་སློབ་གྲྭས་སྔ་རྗེས་སུ་རིགས་ཁག་གི་ལུས་རྩལ་ཤེས་ལྡན་པ400ལྷག་ཙམ་གསོ་སྐྱོང་བྱས་པ་དང་། རྒྱལ་ཁབ་རུ་ཁག་ཏུ་མི1མངགས་གཏོང་བྱས་ཡོད། ཞིང་ཆེན་རུ་ཁག་ཏུ་མི30མངགས་གཏོང་བྱས། གྲོང་ཁྱེར་རུ་ཁག་ཏུ་མི299མངགས་གཏོང་བྱས་ཡོད། དེའི་ནང་ཕན་ཀོང་ཁྲུན་དང་མ་ཡེ་གཉིས་ལྕགས་རྟ་འགྲན་སྡུར་ཁྲོད་དང་ཀྲང་ཁྲེང་ཅུན་གྱིས་སྦེ་ག་དང་པའེ་ཧྲའོ་ཝུའུ་ཡིས་ཀོ་གྲུ་སོགས་རྣམ་གྲངས་ཁྲོད་རྒྱལ་ཁབ་རིམ་པའི་འགྲན་བསྡུར་ཆེ་མོའི་ནང་གྲུབ་འབྲས་ཡག་པོ་ཐོབ་ཡོད། སྤྱི་ལོ1983ལོ་ནས་བཟུང་པུན་ཞི་མན་རིགས་རང་སྐྱོང་རྫོང་སྔ་རྗེས་སུ་ཞིང་ཆེན་ལུས་རྩལ་སྔོན་ཐོན་རྫོང་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལུས་རྩལ་སྔོན་ཐོན་རྫོང་དུ་བདམས། སྤྱི་ལོ1993ལོར་རྒྱལ་ཡོངས་ལུས་རྩལ་སྔོན་ཐོན་རྫོང་དུ་བདམས་ཐོབ་བྱུང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-21

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།