ཡུས་ནན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུས་ནན་རྫོང་།
ཡུས་ནན་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་ཤིང་། ཀོང་ཏུང་ཞིང་ཆེན་གྱི་ཡུན་ཧྥུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། རྫོང་ཁོངས་ཤར་ངོས་ཡུན་ཨན་ཆུས་དང་འབྲེལ་ཞིང་། ལྷོ་ངོས་ལུའོ་ཏིང་གྲོང་ཁྱེར་དང་འབྲེལ་ཡོད་ལ། ནུབ་མཚམས་ཀོང་ཤིས་ཝུའུ་ཀྲོའུ་ཚང་ཝུའུ་རྫོང་དང་ཚེན་ཤིས་གྲོང་ཁྱེར་གྱི་ས་མཚམས་ལ་འབྲེལ་ཡོད། བྱང་ངོས་ཀྲའོ་ཆིང་ཧྥེང་ཁའེ་དང་ཏི་ཆན་རྫོང་གཉིས་ཀྱི་བར་དུ་གཙང་པོས་ཆོད་དེ་ཁ་གཏད་དུ་གནས་ཡོད། སྤྱི་ལོ2019ལོའི་བར་དུ་རྫོང་ཡོངས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ15ཡོད་ལ། ཁྱིམ་ཐོའི་མི་འབོར་ཁྲི53.42ཡོད། ཁོངས་གཏོགས་ས་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1966.2ཟིན་ཡོད། རྫོང་མཁར་ཏུའུ་ཁྲེང་གྲོང་རྡལ་ཞི་ཅང་བརྒྱུད་དེ་བསྐྲུན་ཡོད་ལ། ཤར་ངོས་སུ་ཞིང་ཆེན་ལྟེ་གནས་ཀོང་ཀྲོའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ290ལྷག་ཡོད་ཅིང་། ནན་ཀོང་མྱུར་བགྲོད་ལྕགས་ལམ་དེ་ཡུས་ནན་གྱི་ས་ཁོངས་ཧྲིལ་པོར་ཁྱབ་ཡོད། རྫོང་ཁོངས་སུ་ཡུས་ནན་བབས་ཚུགས་དང་ནན་ཅང་ཁོའུ་བབས་ཚུགས་བཙུགས་ཡོད་པ་དངG80ཀོང་ཁུན་མྱུར་བགྲོད་ལྕགས་ལམ། S26ཧྲེན་ལུའོ་མྱུར་བགྲོད་ལྕགས་ལམ་མངའ་ཁོངས་སུ་བརྒྱུད་ཡོད། མངའ་ཁོངས་སུ་ཏ་ཝང་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་། ཏ་ཝན་ནན་ཅང་གནའ་སྡོད་རིག་གནས་ཡུལ་སྐོར་ཁུལ། ལན་ཀྲའེ་ནན་ཅང་རིག་གནས་གསར་གཏོད་རྟེན་གཞི། མོ་ཏའོ་ཧྲན་གནའ་ཤུལ་སོགས་མཛེས་ལྗོངས་ཁུལ་གཙོ་བོ་འགའ་ཡོད། ཡུས་ནན་རྫོང་ནི་ཆིན་རྒྱལ་རབས་ཀྱི་སྐབས་སུ་ཀུའེ་ལིན་ཅུན་གྱི་ཁོངས་སུ་གཏོགས་ལ། ཧན་རྒྱལ་རབས་ཀྱི་སྐབས་སུ་ཚང་ཝུའུ་ཅུན་གྱི་ཁོངས་སུ་གཏོགས། ཅིན་རགྱལ་རབས་ཀྱི་དུས་འགོར་ཏོན་ཞི་རྫོང་གི་ས་ཆ་ཡིན། ཅིན་ཐའེ་ཁང་ཁྲི་ལོ་དང་པོར་ཏོན་ཞི་རྫོང་ནས་ཏུའུ་ལུའོ་རྫོང་ལོགས་སུ་བཙུགས། རྒྱལ་རབས་ལྷོ་བྱང་གི་སུང་ཡོན་ཅ་ཁྲི་ལོའི་སྐབས་སུ་ཏུའུ་ལུའོ་དང་ཝུའུ་ཁྲེང་རྫོང་གཉིས་མེད་པར་བཟོས་ནས་ཏུའུ་ཁྲེང་རྫོང་བཙུགས། མིང་རྒྱལ་རབས་ཀྱི་ཝན་ལི་ཁྲི་ལོ་ལྔ་པར(སྤྱི་ལོ1577ལོ)དངོས་སུ་ཞིས་ཉིང་རྫོང་བཙུགས། མིན་གོ་སྲིད་ལོ3པར(སྤྱི་ལོ1914ལོ)ཡུས་ནན་རྫོང་ཞེས་པར་མིང་བསྒྱུར། སྤྱི་ལོ1958ལོར་ལུའོ་ཏིང་རྫོང་དང་ཟླ་སྒྲིལ་བཏང་ནས་ལུའོ་ནན་རྫོང་དུ་བསྒྱུར། སྤྱི་ལོ1959ལོའི་ཟླ1པོར་ལུའོ་ཏིང་རྫོང་ཞེས་པར་བསྒྱུར། སྤྱི་ལོ1961ལོའི་ཟླ4པར་ཡུས་ནན་རྫོང་གི་སྒྲིག་གཞི་སླར་གསོ་བྱས། སྤྱི་ལོ1994ལོར་ཡུན་ཧྥུ་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས། སྤྱི་ལོ2019ལོར་ཡུས་ནན་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར117.19ཟིན་པ་དེ་ལོ་གོང་མ་ལས5.2%འཕར་ཡོད་ལ། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར29.0798ཟིན་པ་དེ་ལོ་གོང་མ་ལས4.1%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར26.5706ཟིན་པ་དེ་ལོ་གོང་མ་ལས4.5%འཕར་ལ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར61.5388ཟིན་པ་དེ་ལོ་སྔོན་མ་ལས6.1%འཕར་ཡོད། སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.46ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར0.21འཕར་ཡོད། ལོ་ཧྲིལ་པོའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར29.06ཟིན་པ་དེ་ལོ་གོང་མ་ལས23.6%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郁南县
ཕྱི་ཡིག་གི་མིང་།
Yunan Country
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཀོང་ཏུང་ཞིང་ཆེན་ཡུན་ཧྥུ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ15ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0766
སྦྲག་སྲིད་ཨང་རྟགས།
527199
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1966.2ཡོད།
མི་འབོར།
ཁྲི53.42ཡོད།(སྤྱི་ལོ2019ལོའི་ཁྱིམ་ཐོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུའེW粤W
སྲིད་འཛིན་ཚབ་ཨང་།
445322
1 ལོ་རྒྱུས་འཕེལ་རིམ།            

ཡུས་ནན་རྫོང་ནི་ཆིན་རྒྱལ་རབས་ཀྱི་སྐབས་སུ་ཀུའེ་ལིན་ཅུན་གྱི་ཁོངས་སུ་གཏོགས་ལ། ཧན་རྒྱལ་རབས་ཀྱི་སྐབས་སུ་ཚང་ཝུའུ་ཅུན་གྱི་ཁོངས་སུ་གཏོགས། ཅིན་རགྱལ་རབས་ཀྱི་དུས་འགོར་ཏོན་ཞི་རྫོང་གི་ས་ཆ་ཡིན། ཅིན་ཐའེ་ཁང་ཁྲི་ལོ་དང་པོར་ཏོན་ཞི་རྫོང་ནས་ཏུའུ་ལུའོ་རྫོང་ལོགས་སུ་བཙུགས། རྒྱལ་རབས་ལྷོ་བྱང་གི་སུང་ཡོན་ཅ་ཁྲི་ལོའི་སྐབས་སུ་ཏུའུ་ལུའོ་དང་ཝུའུ་ཁྲེང་རྫོང་གཉིས་མེད་པར་བཟོས་ནས་ཏུའུ་ཁྲེང་རྫོང་བཙུགས། མིང་རྒྱལ་རབས་ཀྱི་ཝན་ལི་ཁྲི་ལོ་ལྔ་པར(སྤྱི་ལོ1577ལོ)དངོས་སུ་ཞིས་ཉིང་རྫོང་བཙུགས། མིན་གོ་སྲིད་ལོ3པར(སྤྱི་ལོ1914ལོ)ཡུས་ནན་རྫོང་ཞེས་པར་མིང་བསྒྱུར། སྤྱི་ལོ1958ལོར་ལུའོ་ཏིང་རྫོང་དང་ཟླ་སྒྲིལ་བཏང་ནས་ལུའོ་ནན་རྫོང་དུ་བསྒྱུར། སྤྱི་ལོ1959ལོའི་ཟླ1པོར་ལུའོ་ཏིང་རྫོང་ཞེས་པར་བསྒྱུར། སྤྱི་ལོ1961ལོའི་ཟླ4པར་ཡུས་ནན་རྫོང་གི་སྒྲིག་གཞི་སླར་གསོ་བྱས། སྤྱི་ལོ1994ལོར་ཡུན་ཧྥུ་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས།

2 སྲིད་འཛིན་ཁུལ་དབྱེ།
2_1 ཁུལ་དབྱེའི་འཕེལ་རིམ།

སྤྱི་ལོ1979ལོར་རྫོང་ཡོངས་ཀྱི་མངའ་ཁོངས་སུ་གྲོང་རྡལ1(ཏུའུ་ཁྲེང་གྲོང་རྡལ)དང་མི་དམངས་ཀུང་ཧྲེ18(ཕིང་ཐའེ་དང་། ཞང་ཁྲེང་། ཀུའེ་ཞུས། ལུའོ་ཧྲུན། ཅན་ཁྲེང་། པའོ་ཀྲུའུ། ཐུང་མོན། ཏ་ཆོན། ཏ་ཝན། ཆན་ཀོན། ཧོ་ཁོའུ། ལེན་ཐན། ལི་ཏུང་། ཏུང་པ། སུང་ཀུའེ། ནན་ཅང་ཁོའུ། ལུའོ་ཕང་ཀུང་ཧྲེ)ཡོད།

སྤྱི་ལོ1983ལོར་རྫོང་ཡོངས་ཀྱི་མངའ་ཁོངས་སུ་གྲོང་རྡལ1(ཏུའུ་ཁྲེང་གྲོང་རྡལ)དང་ཆུས18(ཕིང་ཐའེ་དང་། ཧྥུ་ཁྲེང་། ཀུའེ་ཞུས། ལུའོ་ཧྲུན། ཅན་ཁྲེང་། པའོ་ཀྲུའུ། ཐུང་མོན། ཏ་ཆོན། ཏ་ཀོན། ཆན་ཀོན། ཧོ་ཁོའུ། ལེན་ཐན། ལི་ཏུང་། ཏུང་པ། སུང་ཀུའེ། ནན་ཅང་ཁོའུ། ལུའོ་ཕང་ཆུས)ཡོད།

སྤྱི་ལོ1987ལོར་རྫོང་ཡོངས་ཀྱི་མངའ་ཁོངས་སུ་གྲོང་རྡལ13(ཏུའུ་ཁྲེང་དང་། ཕིང་ཐའེ། ཀུའེ་ཞུས། ཐུང་མོན། ཅན་ཁྲེང་། ལུའོ་ཕེན། ཆན་ཀོན། ཏ་ཝན། ཧོ་ཁོའུ། སུང་ཀུའེ། ཏུང་པ། ལེན་ཐན། ནན་ཅང་ཁོའུ་གྲོང་རྡལ)དང་། ཡུལ་ཚོ6(ཧྥུ་ཁྲེང་། ལུའོ་ཧྲུན། པའོ་ཀྲུའུ། ཏ་ཆོན། ལི་ཏུང་ཡུལ་ཚོ)ཡོད།

སྤྱི་ལོ1989ལོར་ཧྥུ་ཁྲེང་ཡུལ་ཚོ་ཡི་སྒྲིག་གཞི་མེད་པར་བཟོས་པ་དང་། དེའི་སྲིད་འཛིན་ས་ཁོངས་ཚང་མ་ཏུའུ་ཁྲེང་གྲོང་རྡལ་གྱི་མངའ་ཁོངས་སུ་བསྡུས།

སྤྱི་ལོ1993ལོར་རྫོང་ཡོངས་ཀྱི་མངའ་ཁོངས་སུ་གྲོང་རྡལ18(ཏུའུ་ཁྲེང་དང་། ཏུང་པ་དང་། སུང་ཀུའེ། ལེན་ཐན། ཧོ་ཁོའུ། ཏ་ཝན། ཅན་ཁྲེང་། ཆན་ཀོན། ཐུང་མོན། ཀུའེ་ཞུས། ཕིང་ཐའེ། པའོ་ཀྲུའུ། ལི་ཏུང་། ཏ་ཧྥང་། ནན་ཅང་ཁོའུ། ཏ་ཆོན། ལུའོ་ཧྲུན། ལུའོ་ཕང་གྲོང་རྡལ)དང་། སྡོད་དམངས་སྤྱི་ཁུལ32 སྲིད་འཛིན་གྲོང་ཚོ177ཡོད།

སྤྱི་ལོ2003ལོར་ཏ་ཆོན་གྲོང་རྡལ་ཆན་ཀོན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་། ལུའོ་ཧྲུན་གྲོང་རྡལ་ཀུའེ་ཡུས་གྲོང་རྡལ་དུ་ཟླ་སྒྲིལ་བཏང་ལ། ལུའོ་ཕང་གྲོང་རྡལ་ཅན་ཁྲེང་གྲོང་རྡལ་དུ་ཟླ་སྒྲིལ་བཏང་།

2_2 ཁུལ་དབྱེའི་གནས་ཚུལ་ཞིབ་ཕྲ།

སྤྱི་ལོ2018ལོའི་བར་དུ་ཡུས་ནན་རྫོང་ཁོངས་གཏོགས་སུ་གྲོང་རྡལ15(ཏུའུ་ཁྲེང་གྲོང་རྡལ་དང་། ཕིང་ཐའེ་གྲོང་རྡལ། ཀུའེ་ཞུས་གྲོང་རྡལ། ཐུང་མོན་གྲོང་རྡལ། པའོ་ཀྲུའུ་གྲོང་རྡལ། ཧྥང་ཕང་གྲོང་རྡལ། ཆན་ཀོན་གྲོང་རྡལ། ཏ་ཝན་གྲོང་རྡལ། ཧོ་ཁོའུ་གྲོང་རྡལ། སུང་ཀུའེ་གྲོང་རྡལ། ཏུང་པ་གྲོང་རྡལ། ལེན་ཐན་གྲོང་རྡལ། ལི་ཏུང་གྲོང་རྡལ། ནན་ཅང་ཁོའུ་གྲོང་རྡལ། ཅན་ཁྲེང་གྲོང་རྡལ)དང་སྡོད་དམངས་སྤྱི་ཁུལ23 སྲིད་འཛིན་གྲོང་ཚོ177ཡོད་ལ། རྫོང་སྲིད་གཞུང་ཏུའུ་ཁྲེང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

3 ནམ་ཟླ།

ཡུས་ནན་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས་ཤིང་། དུས་ཚིགས་མངོན་གསལ་དོད་ལ་སད་མེད་པའི་དུས་ཡུན་རིང་ལ། དཔྱིད་དུས་ཀྱི་དྲོ་གྲང་ལ་འགྱུར་ལྡོག་ཆེ་ཞིང་། ཉི་འོད་ཅུང་ཉུང་པ་དང་། དྲོད་ཚད་དམའ་ཞིང་སྤྲིན་ཆར་མང་། དབྱར་དུས་ཚ་བ་ཆེ་བ་དང་ཆར་ཆུ་མང་ཞིང་། དབྱར་མགོ་ཚེས་དུས་ནམ་ཟླ་དྲོ་ཞིང་འཇམ་ལ། དབྱར་དཀྱིལ་དུ་ཚ་བ་ཆེན་པོ་ཡོད། མཚོ་རླུང་རྒྱུ་བའི་དུས་ཚིགས་སུ་ཆར་པ་འབབ་ཚད་གཅིག་སྡུད་ཡིན་པ་དང་། སྟོན་ཚུགས་རྗེས་གནམ་གཤིས་རིམ་བཞིན་སྐམ་པོར་འགྱུར་པ་མ་ཟད། མཚོ་རླུང་བསྟུད་མར་ལྡང་བའི་དུས་མཚམས་སུ་སླེབས་པ་ཡིན། དགུན་དུས་དྲོད་ཚད་དམའ་ཞིང་ཆར་པ་ཉུང་ལ།  སད་རྒྱག་པ་དང་། རྫོང་ཁོངས་ནི་བྱང་འཕྲེད་ལྡོག་གི་ལྷོ་ཕྱོགས་སུ་གནས་པ་དང་། ས་ངོས་སུ་ཉི་མའི་འགྱེད་འཕྲོ་ཅུང་མང་ལ། འོད་འཕྲོའི་ཐོན་ཁུངས་ཕུན་སུམ་ཚོགས།

དྲོད་ཚད། ཡུས་ནན་རྫོང་གི་གནམ་གཤིས་དབྱར་དྲོ་ཞིང་དགུན་གྲང་ལ། ལོ་རེའི་ཆ་སྙོམས་དྲོད་ཚད21.6℃ཡིན་ཞིང་། ཟླ་རེའི་ཆ་སྙོམས་དྲོད་ཚད་ལྟར་རྩིས་ན་དྲོད་ཚད་མཐོ་ཤོས་ནི་ཟླ8པ་ཡིན་ལ། དྲོད་ཚད28.8℃ཡིན། དྲོད་ཚད་དམའ་ཤོས་ནི་ཟླ་དང་པོ་ཡིན་ལ། དྲོད་ཚད12.4℃ཡིན། དྲོད་ཚད་མཐོ་ཤོས་ནི39.5℃(སྤྱི་ལོ1989ལོའི་ཟླ8པའི་ཚེས16ཉིན)ཡིན་ལ། དྲོད་ཚད་དམའ་ཤོས་ནི་ཀླད་ཀོར་འོག་གི2℃(སྤྱི་ལོ1999ལོའི་ཟླ12པའི་ཚེས23ཉིན)ཡིན། ལོ་རེའི་སད་རྒྱག་པའི་དུས་ཚོད་ནི་ཉིན8-17བར་ཡིན།

ཆར་པ། ཡུས་ནན་རྫོང་ལ་ལོ་རེར་ཆར་ཆུ་མོད་པོ་ཡོད་ཅིང་། ལོ་རེའི་ཆ་སྙོམས་ཀྱི་ཆར་པ་འབབ་ཚད་ཧའོ་སྨི1399.1ཡིན་ལ། ཆར་ཆུ་འབབ་ཚད་མང་ཤོས་ནི(སྤྱི་ལོ1997ལོ)ཧའོ་སྨི1825.3ཟིན་ཡོད། ཆར་ཆུ་འབ་ཚད་ཉུང་ཤོས་ནི(སྤྱི་ལོ1991ལོ)ཧོ་སྨི812.3ཡིན། ཟླ་རེར་ཆར་པ་འབབ་ཚད་ཆ་སྙོམས་མིན་ལ། ཟླ4པ་ནས་ཟླ9པའི་བར་ཆར་དུས་ཡིན་པ་དང་། ལོ་ཧྲིལ་པོའི་ཆར་པ་འབབ་ཚད་ཀྱི70%ཡན་ཟིན་ཡོད། ཟླ10པ་ནས་ཕྱི་ལོའི་ཟླ3པའི་བར་ཆར་པ་ཉུང་བའི་དུས་ཚིགས་ཡིན། རྫོང་ཁོངས་སུ་ཆར་པ་འབབ་པའི་ཡུལ་དུས་དོ་སྙོམས་མེད་པ་དང་། ཆར་པ་འབབ་ཚད་ཆེས་མང་ཤོས་ནི་བྱང་རྒྱུད་དང་ཤིས་ཅང་གཙང་པོའི་འགྲམ་རྒྱུད་ཀྱི་ས་ཁུལ་ཡིན་ལ། དེ་ནས་དབུས་རྒྱུད་རི་ཁུལ་ཡིན་ཞིང་། ཉུང་ཤོས་ནི་ལྷོ་རྒྱུད་ཀྱི་རི་མ་ཐང་ཡིན། དེའི་ནང་དུ་ཆན་ཀོན་དང་། ཏ་ཝན། ཧོ་ཁོའུ་སོགས་ཆར་པ་འབབ་ཚད་ཉུང་ཤོས་ཡིན།

ཉི་འོད། ཡུས་ནན་རྫོང་ཁོངས་ནི་བྱང་འཕྲེད་ལྡོག་གི་ལྷོ་ངོས་སུ་གནས་པ་དང་ས་ངོས་སུ་ཉི་འོད་འགྱེད་འཕྲོ་ཅུང་མང་ལ། ཉི་འོད་ཕོག་པའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཉི་འོད་ཕོག་ཚད་ལོ་རེར་ཆ་སྙོམས་ཆུ་ཚོད1679.3ཟིན་ཡོད། ཟླ་རེའི་ཉི་འོད་ཁྱབ་སྟངས་ལ་གཞིགས་ན། ཟླ7པར་མང་ཤོས་ཡིན་པ་དང་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད219.1ཟིན་ཞིང་། དེ་ནས་རིམ་བཞིན་ཟླ8པ་ཡིན་ལ། ཆུ་ཚོད200.6ཡིན། ཆེས་ཉུང་ཤོས་ནི་ཟླ2པ་ཡིན་ལ། ཆ་སྙོམས་ཆུ་ཚོད65ལས་མེད། ལོ་ལྟར་ཉི་འོད་ཕོག་ཚད་ཅུང་མང་བའི་དུས་མཚམས་ནི་ཟླ5པའི་ཟླ་སྨད་ནས་ཟླ11པའི་ཟླ་དཀྱིལ་བར་ཡིན་ལ། ཆ་སྙོམས་ཉིན་རེར་ཉི་འོད་ཕོག་ཚད་ཆུ་ཚོད6.3ཡིན་ཞིང་། ཉི་མའི་འགྱེད་འཕྲོའི་ལོའི་བསྡོམས་འབོར་ཆ་སྙོམས་ལི་སྨི་གྲུ་བཞི་མ་རེར་ཁཱ1040788ཡིན།

རླུང་། ཡུས་ནན་རྫོང་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་གཏོགས་ཡིན་ལ། དུས་རླུང་དང་དུས་ཚིགས་ཀྱི་འགྱུར་ལྡོག་ཅུང་མངོན་གསལ་ཡིན་ལ། ལོ་རེའི་ཆ་སྙོམས་ཀྱི་རླུང་འགྲོས་སྐར་ཆ་རེར1.5ཡིན། ལོ་རྒྱུན་རླུང་ཕྱོགས་གཙོ་བོ་ནུབ་བྱང་རླུང་དང་ཤར་རླུང་ཡིན་ལ། དེའི་ཟློས་ཕྱོད་སོ་སོར16%དང7%ཡིན།

སད། ཡུས་ནན་རྫོང་ལ་དྲོད་ཚད་དམའ་བའི་དུས་ཡུན་ཐུང་བ་དང་སད་མེད་པའི་དུས་ཡུན་རིང་བའི་ཁྱད་ཆོས་ལྡན་ཡོད་ལ། སད་རྒྱག་པའི་དུས་ཡུན་ལོ་རེར་ཉིན2.4ཡིན་ཞིང་། རི་ཁུལ་ལ་ལར་སད་རྒྱག་པའི་དུས་ཡུན་ཆེས་མང་ནའང་ཉིན17ལས་མེད།

4 མི་འབོར།

སྤྱི་ལོ2019ལོའི་ལོ་མཇུག་བར་དུ་ཡུས་ནན་རྫོང་གི་ཁྱིམ་ཐོའི་མི་གྲངས534260ཟིན་པའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར128532དང་། ལོ་ཧྲིལ་པོར་གསར་དུ་སྐྱེས་པའི་མི་འབོར62244 ཤི་བའི་མི་འབོར2406བཅས་ཡོད་ལ། ཁྱིམ་ཐོའི་མི་གྲངས་བསྡོམས་འབོར་ནང་དུ་སྐྱེས་པ283240དང་བུད་མེད251020ཡོད། ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི41.88ཟིན་ཡོད།

5 ​དཔལ་འབྱོར།

སྤྱི་ལོ2019ལོར་ཡུས་ནན་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར117.19ཟིན་པ་དེ་ལོ་གོང་མ་ལས5.2%འཕར་ཞིང་། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི290798ཟིན་པ་དེ་ལོ་གོང་མ་ལས4.1%འཕར་ལ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི265706ཟིན་པ་དེ་ལོ་གོང་མ་ལས4.5%འཕར་ཡོད་ལ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི615388ཟིན་པ་དེ་ལོ་སྔོན་མ་ལས6.1%འཕར་ཡོད། ཐོན་ལས་གསུམ་པོ་དེ་སྤྱི་ལོ2010ལོའི29.8:34.8:35.4ནས་སྤྱི་ལོ2019ལོའི24.8:22.7:52.5བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར28073ཟིན་པ་དེ་ལོ་གོང་མ་ལས5.7%འཕར་ཡོད། སྤྱི་ལོ2019ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར25633.2ཟིན་པ་དེ་ལོ་གོང་མ་ལས6.8%འཕར་ཡོད། གྲོང་གསེབ་ཀྱི་རྒྱུན་སྡོད་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར15985.5ཟིན་པ་དེ་ལོ་གོང་མ་ལས8.8%འཕར་ཡོད།

སྤྱི་ལོ2018ལོར་ཡུས་ནན་རྫོང་གི་ལོ་ཧྲིལ་པོའི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.46ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར0.21འཕར་ཡོད་ལ། དེའི་ནང་དུ་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར2.80ཟིན་ནས་སྒོར་དུང་ཕྱུར0.63མང་དུ་ཕྱིན་ནས32.0%མར་ཆག་ཡོད་ལ། ཁྲལ་མིན་ཡོང་སྒོ་སྒོར་དུང་ཕྱུར1.66ཡིན་ལ། སྒོར་དུང་ཕྱུར0.42མར་ཆག་ནས་ལོ་སྔོན་མ་ལས17.4%མར་ཆག་ཡོད། ལོ་ཧྲིལ་པོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར29.06ཟིན་པ་དེ་སྔ་ལོ་ལས23.6%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-20

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།