ཧྥུན་ཞི་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུན་ཞི་རྫོང་།
ཧྥུན་ཞི་རྫོང་ནི་ཧྲན་ཞི་ཞིང་ཆེན་ལིན་ཧྥུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་ལིན་ཧྥུན་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཆགས་ཡོད་ཅིང་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ880ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
汾西县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ880
དབྱིན་ཡིག་གི་མིང་།
Fenxi County
མི་གྲངས།
ཁྲི15.0151
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0357
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
141034
1 ​ས་ཁམས་གནས་ཡུལ།

ཧྥུན་ཞི་རྫོང་ནི་ལིན་ཧྥུན་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཆགས་དང་ལུའི་ལིའང་རི་བོའི་ཤར་ལྷོར་ཆགས་ཡོད་ཅིང་། བྱང་ཕྱོགས་ལུའི་ལིའང་གྲོང་ཁྱེར་གྱི་ཅའོ་ཁོའུ་རྫོང་དང་ཅིན་ཀྲུང་གྲོང་ཁྱེར་གྱི་ལིན་ཧྲི་རྫོང་དང་འབྲེལ་ཞིང་། ལྷོ་རུ་ཧུང་ཏུང་རྫོང་དང་ནུབ་ངོས་ཀུའུ་ཧྲེ་ཧྲན་རི་བོ་དང་ཞི་རྫོང་། ཕུའུ་རྫོང་བཅས་འབྲེལ་ཞིང་ཤར་ངོས་ཧྥེན་ཧོ་དང་ཧུའོ་ཀྲོའུ་དང་ཁ་གཏད་དུ་གནས་ཡོད། བྱང་གི་འཕྲེད་ཐིག36°25′—36°48′བར་དང་ཤར་གྱི་གཞུང་ཐིག111°12′—111°41′བར་དུ་གནས་ཡོད། ཤར་ནུབ་ཀྱི་རིང་ཚད་སྟོང་སྨི41ཙམ་དང་ལྷོ་བྱང་གི་ཞེང་ཚད་སྟོང་སྨི39ཙམ། རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ880ཡིན།

2 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྥུན་ཞི་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི15.0151ཟིན་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི405མང་དུ་ཕྱིན་ཡོད། གསར་སྐྱེས་མི་འབོར1422ཡོད་པ་དང་མི་འབོར་སྐྱེ་ཚད9.48%ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར1017དང་ཚེ་ལས་འདས་ཚད6.78%ཟིན་ནས་རང་ཤུགས་སུ་འཕར་ཚད2.7ཡིན། མི་འབོར་གྱི་ཕོ་མོའི་བསྡུར་ཚད་ནི108.06ཡིན་ཞིང་སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད45.47%ཟིན།

3 དཔལ་འབྱོར།

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར24.8881མངོན་འགྱུར་བྱུང་བ་དེ་ལོ་སྔོན་མ་ལས9.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར3.2977ཟིན་ནས5.7%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི13.25%བཟུང་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར8.3642ཟིན་ནས7.6%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་ཀྱི33.61%བཟུང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར13.2262ཟིན་ནས11.2%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད53.14%ཟིན་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར16598ཡིན།

གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ།

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་གསར་པ་ལྟར་རྩིས་བརྒྱབ་ན་སྒོར་དུང་ཕྱུར20.3285ཟིན་ནས24.8%འཕར་ཡོད། དེའི་ནང་རྒྱལ་དབང་དང་རྒྱལ་དབང་མ་རྐང་ཚོད་འཛིན་ཐད་མ་དངུལ་སྒོར་དུང་ཕྱུར5.3542བཏང་བ་དང་། དམངས་ཁྲོད་ནས་མ་དངུལ་སྒོར་དུང་ཕྱུར14.9743བཏང་ཡོད། ཐོན་ལས་གསུམ་པ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར1.0865བཏང་བ་དང་ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར14.3838བཏང་། ཐོན་ལས་གསུམ་པའི་མ་དངུལ་སྒོར་དུང་ཕྱུར4.8582བཏང་བ་བཅས་རེད། སྐྲུན་བཞིན་པའི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས26ཡོད། དེའི་ནང་སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས9ཡོད་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར184.7074གཏོང་རྩིས་ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར17.3839བཏང་བ་དེས་རྫོང་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡུར་ཚད་ཀྱི85.5%བཟུང་ཡོད། 

ནོར་ཁྲལ་གཏོང་སྒོ། 

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1.0055ཟིན་ནས11.19%འཕར་ཡོད། སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་སྒོར་ཁྲི6988ཟིན་ནས5.99%འཕར་ཡོད། སྤྱིར་བཏང་གི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར13.3626ཟིན་པས་བརྒྱ་ཆ27.73འཕར་ཡོད། 

མི་དམངས་ཀྱི་འཚོ་བ། 

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12195ཟིན་པ་དེ་ལོ་སྔོན་མ་ལས8.5%འཕར་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར25351ཟིན་པ་དེ་ལོ་སྔོན་མ་ལས7.5%འཕར། སྤྱི་ལོ2017ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི20%ཡི་ཡོང་འབབ་དམའ་བ་སྒོར11868ཟིན་པ་དེས་སྤྱི་ལོ2017ལོའི་ཡོང་འབབ་དམའ་བའི་བསྡུར་ཚད་ཀྱི46.8%བཟུང་ནས9.9%འཕར། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར3783ཟིན་ནས12.1%འཕར། སྤྱི་ལོ2017ལོར་གྲོང་གསེབ་ཀྱི20%ཡི་ཡོང་འབབ་དམའ་བ་སྒོར1386ཟིན་པ་དེས་སྤྱི་ལོ2016ལོའི་ཡོང་འབབ་དམའ་བའི་བསྡུར་ཚད་ཀྱི36.6%བཟུང་ནས18.9%འཕར། རྫོང་ཡོངས་ཀྱི་ལས་ཐོག་ལས་བཟོའི་ཆ་སྙོམས་གླ་ཕོགས་སྒོར51086ཟིན་པ་དེ་ལོ་སྔོན་མ་ལས10.74%འཕར། 

3_1 ཐོན་ལས་དང་པོ། 
3_1_1 འདེབས་འཛུགས་ལས་རིགས། 

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གི་ཞིང་ལས་སྐྱེ་དངོས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང25740ཟིན་པ་དེ་ལོ་སྔོན་མ་ལས་སྤྱི་ཆིང114.1འཕར་ནས0.44%འཕར་ཡོད། དེའི་ནང་འབྲུ་རིགས་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང24307.4དང་སྣུམ་རྒྱུ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང377.5ཟིན་པ་དང་སྲིང་བལ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང5.3ཟིན་ཡོད། འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང24307.4ཟིན་པའི་ནང་སྟོན་འབྲུའི་འདེབས་ཁྱོན་སྤྱི་ཆིང11380དང་དབྱར་འབྲུའི་འདེབས་ཁྱོན་སྤྱི་ཆིང12927.4ཟིན་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་ཏུན80228.9ཟིན་ཡོད་ལ། དེའི་ནང་དབྱར་འབྲུ་ཏུན40531.1དང་སྟོན་འབྲུ་ཏུན39697.8ཟིན། 

3_1_2 ནགས་ལས།

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གིས་ནགས་བཟོ་ཚད་ལོན་རྒྱ་ཁྱོན་སྤྱི་ཆིང2602ཟིན་ཡོད། དེའི་ནང་མིས་བཟོས་ནགས་ཀྱི་རྒྱ་ཁྱོན་སྤྱི་ཆིང2400ཟིན་ཡོད། དཔལ་འབྱོར་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་2400ལ་སླེབས་ཡོད།

3_1_3 ཕྱུགས་ལས།

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གི་ཕག་དང་ནོར་ལུག རི་བོང་བཅས་ཀྱི་སྤྱིའི་ཐོན་ཚད་ཏུན15411.79ཟིན་པ་དེ་ལོ་གོང་མ་ལས37.57%འཕར་ཡོད། དེའི་ནང་ཕག་ཤའི་ཐོན་ཚད་ཏུན2985.03ཟིན་ནས17.99%འཕར་བ་དང་། ཚགས་ཤའི་ཐོན་ཚད་ཏུན275.36ཟིན། ལུག་ཤའི་ཐོན་ཚད་ཏུན815.05ཟིན་ནས11.51%འཕར་ཡོད། བྱ་ཤའི་ཐོན་ཚད་ཏུན11320.55ཟིན་ནས48.55%འཕར་ཡོད། ལོ་མཇུག་ཏུ་ཕག་གྲངས34485དང་བྱ་སྒོང་ཐོན་ཚད་ཏུན3889.39ཟིན་ནས3.2%འཕར།

3_1_4 ཐོན་སྐྱེད་ཆ་རྐྱེན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྥུན་ཞི་རྫོང་གི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་སྟོང་ཝ་ཁྲི4.38ཟིན་ཡོད། འཕྲུལ་ཆས་ཀྱིས་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང17901ཟིན་ནས་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང16353ཟིན། འཕྲུལ་ཆས་ཀྱི་ཐོན་འབབ་རྒྱ་ཁྱོན་སྤྱི་ཆིང7573ཟིན་ཡོད། རྫོང་ཡོངས་ཀྱི་ཞིང་འཕྲུལ་ཅན་གྱི་གཉེར་སྐྱོང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི1376ཟིན་པ་དང་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི679.7ཟིན་ཡོད། རྫོང་ཡོངས་ཀྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད57.2%ཟིན། 

3_2 ཐོན་ལས་གཉིས་པ། 
3_2_1 བཟོ་ལས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྥུན་ཞི་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས7ཡོད་པ་རེད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར6.0988ལེགས་གྲུབ་བྱུང་བ་དེ་ལོ་སྔོན་མ་ལས3.2%འཕར་ཡོད། ལོ་ཧྲིལ་པོར་རྡོ་སོལ་ཏུན་ཁྲི56.5239ཟིན་པ་དང་གཟན་ཆག་ཏུན་ཁྲི12.2964ཟིན། བྱ་ཤ་ཏུན་45931ཟིན་ཡོད་ཅིང་ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར10.6635བྱུང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ལ་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི180དང་ཁེ་སྤོགས་སྒོར་ཁྲི600བྱུང་། 

3_2_2 བཟོ་སྐྲུན་ལས་རིགས།

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གི་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་7812ཟིན་པ་དེ་ལོ་གོང་མ་ལས་49.37%འཕར་ཡོད། བཟོ་སྐྲུན་ལས་རིགས་ཀྱི་ཐོབ་ཐང་རིམ་པ་ལྡན་པའི་སྤྱིའི་འགན་གཙང་ལེན་དང་ཆེད་ལས་འགན་གཙང་ལེན་གྱི་བཟོ་སྐྲུན་ཁེ་ལས་ལ་ཁེ་སྤོགས་སྒོར་ཁྲི་323བྱུང་།

3_3 ཐོན་ལས་གསུམ་པ།
3_3_1 རྒྱལ་ནང་དཔལ་འབྱོར།

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར12.6314ཟིན་ནས7.3%འཕར་ཡོད། གཉེར་སྐྱོང་བྱ་ཡུལ་གྱི་བསྡོམས་རྩིས་ལ་གཞིགས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར9.8365ཟིན་ནས6.72%འཕར་བ་དང་། གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར2.7949ཟིན་ནས9.4%འཕར་ཡོད། འཛད་སྤྱོད་རྣམ་པའི་བསྡོམས་རྩིས་ལ་གཞིགས་ན། ཚོང་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར12.1938ཟིན་ནས7.24%འཕར་བ་དང་བཟའ་བཏུང་ཡོང་འབབ་སྒོར་ཁྲི4376.5ཟིན་ནས9.25%འཕར། 

3_3_2 སྦྲག་ཏར་འཕྲིན་གཏོང་།

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གི་སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་ཁྲི1264ཟིན་ནས7%འཕར་བ་དང་སྦྲེལ་མཐུད་ལས་སྒོའི་བསྡོམས་འབོར་སྒོར་ཁྲི1775ཟིན་ནས9.3%མར་ཆག  སྒུལ་བདེའི་ལས་སྒོའི་བསྡོམས་འབོར་སྒོར་ཁྲི3600ཟིན་ནས12.5%འཕར། གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི260ཟིན་ནས25.6%འཕར་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཧྥུན་ཞི་རྫོང་གི་གཏན་འཇགས་ཁ་པར2343ཉུང་དུ་ཕྱིན་ནས་ཁ་པར950ཉུང་དུ་ཕྱིན་ནས28.8%མར་ཆག་པ་དང་སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང97518ཟིན་ཡོད། སྤོ་འགུལ་ཁ་པར་ཁྱབ་ཚད་མི་བརྒྱ་རེ་ལྔ་དང་རྫོང་ཡོངས་ཀྱི་དྲ་ཆེན་སྤྱོད་མཁན་དུད་ཚང20307ཟིན་ནས30.6%འཕར། 

3_3_3 དངུལ་རྩའི་ལས་རིགས།

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར28.897ཟིན་པ་དེ་ལོ་སྔོནམ་ལས་སྒོར་ཁྲི7418མང་དུ་ཕྱིན་ནས17.5%འཕར་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར2.0487ཟིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར1.7069འཕར་ནས11.4%འཕར་ཡོད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར6.5874ཡིན་པ་དེ་ལོ་འགོ་ལས་སྒོར་དུང་ཕྱུར2.1466འཕར་ནས40.7%འཕར་ཡོད། 

3_3_4 འགན་བཅོལ་ལས་རིགས།

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་འགན་བཅོལ་ཀུང་སིས་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་ཁྲི3945.49ཟིན་པ་དང་རིགས་ཁག་གི་གུན་གསབ་དངུལ་སྒོར་ཁྲི946.37སྤྲད་པ་རེད། དེའི་ནང་ཀྲུང་གོ་སྲོག་རྟེན་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིས་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་ཁྲི354ཟིན་པ་དང་རིགས་ཁག་གི་གསབ་དངུལ་སྒོར་ཁྲི97སྤྲད་པ་དང་། ཀྲུང་གོ་ཞི་བདེ་རྒྱ་མཚོ་ཆེ་མོའི་འཕྲལ་རྐྱེན་འཆི་གོད་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིར་འགན་བཅོལ་གྱི་ཡོང་འབབ་སྒོར་ཁྲི728ཟིན་པ་དང་རིགས་ཁག་གི་གུན་གསབ་དངུལ་སྒོར་ཁྲི31སྤྲད། ཤིན་ཧྭ་འཕྲལ་རྐྱེན་འཆི་གོད་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིར་འགན་བཅོལ་གྱི་ཡོང་འབབ་སྒོར་ཁྲི52.79བྱུང་བ་དང་རིགས་ཁག་གི་གསབ་དངུལ་སྒོར་ཁྲི37.47སྤྲད། འགན་བཅོལ་དངུལ་གྱི་ཡོང་འབབ་སྒོར་ཁྲི1307ཟིན་པ་དང་རིགས་ཁག་གི་གསབ་དངུལ་སྒོར་ཁྲི503སྤྲད། ཀྲུང་གོ་མི་དམངས་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིར་འགན་བཅོལ་དངུལ་གྱི་ཡོང་འབབ་སྒོར་ཁྲི604བྱུང་། རིགས་ཁག་གི་གསབ་དངུལ་སྒོར་ཁྲི268.65སྤྲད་ཅིང་ཀྲུང་གོའི་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིའི་འགན་བཅོལ་ཡོང་འབབ་སྒོར་ཁྲི899.7ཟིན་པ་དང་རིགས་ཁག་གི་གསབ་དངུལ་སྒོར་ཁྲི9.25སྤྲད། 

4 སྤྱི་ཚོགས་ལས་རིགས།
4_1 ཚན་རྩལ་བྱ་གཞག 

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གིས་ཁེ་བེད་བདག་ཐོབ་རེ་ཞུ15བདག་སྤྲོད་བྱས་པའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ8བདག་སྤྲོད་བྱས་པ་རེད། ལོ་མཇུག་ཏུ་ཧྥུན་ཞི་རྫོང་ལ་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སུའོ1དང་རྫོང་གིས་དབང་ཆ་སྤྲད་པའི་ལས་རིགས་ཀྱིས་བཙུགས་པའི་ཞིབ་དཔྱད་གཏན་འཁེལ་སྒྲིག་གཞི1ཡོད་པ་རེད། ཁྱོན་བསྡོམས་ཁྲིམས་བཀོད་ཀྱི་ཚད་འཇལ་ལག་རྩལ་སྒྲིག་གཞི1ཡོད་པ་དང་ལོ་ཧྲིལ་པོར་བཙན་ཤེད་ཀྱིས་ཚད་འཇལ་ཡོ་བྱད་སྣ་ཚོགས305ལྷག་ཙམ་ཞིབ་དཔྱད་གཏན་འཁེལ་བྱས་ཡོད། གནམ་གཤིས་བརྟག་དཔྱད་ཁང11ཡོད། གནམ་གཤིས་མ་ལག་གིས་མིའི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་གཏོང་བའི་ལས་སྒོ་སྤེལ་བའི་ཚན་པ1ཡོད། སྲུང་སྐར་སྤྲིན་རིས་བསྡུ་ལེན་ས་ཚིགས1དང་ཆེད་ལས་ཀྱི་ཕྱོགས་བསྡུས་ས་ཡོམ་ལས་ཁུངས་དང་ས་ཚིགས1 རྫོང་རིམ་པའི་ས་ཡོམ་ལས་ཁུངས་དང་དྲ་བའི་ལྟེ་གནས13བཅས་ཡོད།

4_2 སློབ་གསོའི་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྥུན་ཞི་རྫོང་དུ་ལས་རིགས་སློབ་གསོའི་ལྟེ་གནས1དང་། དགེ་རྒན་ཟབ་སྦྱོང་སློབ་གྲྭ1 མཐོ་རིམ་སློབ་འབྲིང1 ཁྱོན་ཡོངས་ཀྱི་སློབ་འབྲིང1 དམའ་རིམ་སློབ་འབྲིང5 ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ5(དེའི་ནང་དམངས་བཙུགས་སློབ་གྲྭ1)སློབ་ཆུང17བཅས་ཡོད་པ་རེད། རྫོང་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་མ2240དང་མཐོ་རིམ་སློབ་འབྲིང་གི་དགེ་རྒན229ཡོད། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མ4482དང་དམའ་རིམ་སློབ་འབྲིང་གི་དགེ་རྒན507ཡོད། སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ9192དང་སློབ་ཆུང་གི་དགེ་རྒན750ཡོད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་སློབ་གྲྭར་ཞུགས་ཚད92%ཟིན་པ་དང་། དམའ་རིམ་སློབ་འབྲིང་ལོ་གསུམ་རིང་ཉར་ཚད98.5%ཡན་ཟིན། སློབ་ཆུང་ལོ་དྲུག་རིང་སྲ་བརྟན་བྱུང་ཚད99.06%ཡན་ཟིན། སློབ་ཞུགས་གོང་གི་ལོ་གསུམ་གྱི་ན་འདྲེས་བུ་བཅོལ་ཁང་དུ་ཚུད་ཚད92%ཟིན་པ་བཅས་རེད། སློབ་ཆུང་གི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། རྫོང་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་མ715དང་སློབ་གྲྭ་ནས་ཐོན་པའི་སློབ་མ821 དམའ་རིམ་སློབ་འབྲིང་གི་སློབ་མ1636 སློབ་གྲྭ་ཐོན་པའི་སློབ་མ1372 སློབ་ཆུང་གི་སློབ་མ1359 སློབ་གྲྭ་ནས་ཐོན་པའི་སློབ་མ1835བཅས་ཡོད་པ་རེད། ལག་ཁྱེར་ཡོད་པའི་བུ་བཅོལ་ཁང40དང་བུ་བཅོལ་ཁང་དུ་ཕྲུ་གུ3463ཡོད། ལག་ཁྱེར་མེད་པའི་དམངས་བཙུགས་བུ་བཅོལ་ཁང(འཛིན་གྲྭ)13དང་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ5973ཡོད།

4_3 རིག་གནས་ལས་དོན། 

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྥུན་ཞི་རྫོང་དུ་མང་ཚོགས་སྒྱུ་རྩལ་ཁང1དང་རིག་གནས་ཁང1 སྒྱུ་རྩལ་འཁྲབ་སྟོན་ཚོགས་པ2བཅས་ཡོད་པ་རེད། རྒྱང་བསྒྲགས་བརྙན་འཕྲིན་ཁང1 བརྙན་འཕྲིན་མི་འབོར་ཁྱབ་ཚད85.6%ཟིན་ཡོད། རྫོང་ཡོངས་ལ་སྤྱི་པའི་དཔེ་མཛོད་ཁང1དང་ཡིག་ཚགས་ཁང1ཡོད། དཔེ་མཛོད་ཁང1རྒྱལ་ཁབ་ཀྱི་རིམ་པ་གསུམ་གྱི་ཚད་གཞིར་སླེབས་ཡོད། གློག་བརྙན་ཀུང་སི1དང་རྫོང་ཕུའུ་ཟློས་གར་ཚོགས་པ1 བརྙན་འཕྲིན་ཁང1 སྐུད་ཡོད་བརྙན་འཕྲིན་བརྙན་འཕྲིན་ལྟ་མཁན་དུད་ཚང6679བཅས་ཡོད་པ་རེད། སྤྱི་ལོ2017ལོའི“མཛེས་སྡུག་ལྡན་པའི་ཧྥུན་ཞི”ཞེས་པའི་རྒྱ་འཆམ་དང་གློག་སྒྲོན་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་བ་དང་། མང་ཚོགས་ཀྱི་རིག་རྩལ་དགོང་ཚོགས་ཐེངས7ལ་གཉེར། དཔེ་ཀློག་བྱེད་སྒོ་སྤེལ་ཞིང་ཡིག་གཟུགས་དང་རི་མོའི་འགྲེམས་སྟོན་གཉེར་བ་རེད། དཔེ་དེབ་འགྲེམ་ཐེངས6000ལྷག་ཙམ་བྱས་པ་དང་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ཐེངས13སྤེལ་བ་བཅས་རེད། ཧྲི་ཅ་ཀོའུ་ཆིང་རྒྱལ་རབས་ཀྱི་སྡོད་དམངས་སྡོད་ཁང་དུ་ཟླ་མཆོད་དུས་ཆེན་གྱི་བྱེད་སྒོ་སྤེལ་ཞིང་བརྙན་འཕྲིན་གསར་འགྱུར་བརྩམས་ཆོས《ཧྥུན་ཞི་སྟར་ཁ། རི་རྒོད་ལ་བརྟེན་ནས་ཕྱུག་པོ་ཆགས་པ》ཞེས་པར་སྤྱི་ལོ2017ལོའི“ལིན་ཧྥུན་གསར་འགྱུར་བྱ་དགའི”བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། 《ཧྥུན་ཞི “1133”འཐབ་ཇུས་ཐོག་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒྲ་ཆེན་དཀྲོལ》ཞེས་པར་སྤྱི་ལོ2017ལོར་བྱ་དགའ་ཐོབ།

4_4 འཕྲོད་བསྟེན་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྥུན་ཞི་རྫོང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི181ཡོད་པ་རེད། དམངས་གཉེར་བདེ་ཐང་སླར་གསོའི་སྨན་ཁང1དང་བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་ས་ཚིགས1 རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས1 འཕྲོད་བསྟེན་ལྟ་སྐུལ་སུའོ1 སྨྱོ་ནད་སྨན་ཁང1 རྫོང་སྨན་ཁང1 ཀྲུང་ལུགས་སྨན་ཁང1 ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང8 གྲོང་ཁྱེར་དང་གྲོང་རྡལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས1 གྲོང་ཚོའི་འཕྲོད་བསྟེན་ཁང147 ཁེར་རྐྱང་སྨན་བཅོས་ཁང18བཅས་ཡོད་པ་རེད། རྫོང་ཡོངས་ཀྱི་འཕྲོད་བསྟེན་སྒྲིག་གཞིར་ཉལ་ཁྲི428ཡོད་པའི་ནང་རྫོང་སྨན་ཁང་གི་ཉལ་ཁྲི150དང་འཕྲོད་བསྟེན་ཁང་གི་ཉལ་ཁྲི143ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ490ཡོད། 

4_5 ངལ་རྩོལ་ལས་ཞུགས།

སྤྱི་ལོ2017ལོར་ཧྥུན་ཞི་རྫོང་གི་སྤྱི་ཚོགས་ཡོངས་ཀྱི་ལས་ཞུགས་མི་སྣ69460ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ6445དང་གྲོང་གསེབ་ཀྱི་ལས་ཞུགས་མི་སྣ63015ཡོད་པ་རེད། ངལ་ནུས་ཕྱིར་གཏོང་བྱས་པའི་མི4031ཡོད་པ་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས3100གསོ་སྦྱོང་བྱས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ལས་གནས་ཀྱི་མི1114གསར་དུ་འཕར། ལས་གཏོད་གསོ་སྦྱོང་དུས་ཐེངས4ཡི་མི120ལ་གསོ་སྦྱོང་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད4.2%ཀྱི་དམིགས་ཚད་ཁྱབ་ཁོངས་ནང་ཚོད་འཛིན་བྱས། 

4_6 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོའི་ལོ་མཇུག་བར་ཧྥུན་ཞི་རྫོང་གི་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས5730ཟིན་པ་དང་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་ཡོང་འབབ་སྒོར་ཁྲི3456.41ཟིན་པ་དང་། ལས་ཁུངས་བྱ་གཞག་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི3886ཟིན་པ་དང་ཐེབས་རྩ་སྒོར་ཁྲི19596བསྡུ་ལེན་བྱས། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས5110ཟིན་པ་དང་ལས་ཤོར་ཐེབས་རྩ་སྒོར་ཁྲི175.1བསྡུས། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས9995ཟིན་པ་དང་ལས་རྨས་འགན་བཅོལ་ཐེབས་རྩ་སྒོར་ཁྲི138བསྡུས། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས5050ཟིན་པ་དང་ཐེབས་རྩ་སྒོར་ཁྲི124བསྡུ་ལེན་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི118524ཟིན་པ་དང་། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལས་བཟོའི་མི་གྲངས7699ཟིན། ཐེབས་རྩ་སྒོར་ཁྲི2113བསྡུ་ལེན་ལེགས་གྲུབ་བྱུང་། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-20

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།