ཕིང་ཡན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕིང་ཡན་རྫོང་།
ཕིང་ཡན་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་མེ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་རྫོང་ཞིག་ཡིན་ཞིང་། དེ་ཀོང་ཏུང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་། ཀོང་ཏུང་དང་། ཅང་ཞི། ཧྥུ་ཅན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད་ལ། ཤར་ཕྱོགས་སུ་ཀོང་ཏུང་ཅའོ་ལིན་རྫོང་དང་འབྲེལ་ཞིང་། ལྷོ་ཕྱོགས་སུ་ཀོང་ཏུང་གི་མེ་རྫོང་ཁུལ་དང་འབྲེལ་ཡོད། ནུབ་བྱང་དུ་ཅང་ཞིའི་ཞུན་ཝུའུ་རྫོང་དང་འབྲེལ་ཞིང་། ནུབ་ཕྱོགས་སུ་ཀོང་ཏུང་ཞིན་ཉིང་གྲོང་ཁྱེར་དང་འབྲེལ་ལ། བྱང་ཕྱོགས་སུ་ཧྥུ་ཅན་ཝུའུ་ཕིན་རྫོང་དང་འབྲེལ་ཡོད་ཅིང་། ཕིང་ཡན་རྫོང་ནི་སྤྱི་ལོ1562ལོར་བཙུགས་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1381ཡོད་ལ། དེའི་ཁོངས་སུ་གྲོང་རྡལ12དང་། གྲོང་ཚོ136 སྤྱི་ཁུལ7བཅས་ཡོད་པ་དང་། མི་འབོར་ཁྲི26ཡོད། རྫོང་གྲོང་དེ་ཏ་ཡུས་གྲོང་རྡལ་དུ་བཙུགས་ཡོད་ཅིང་། དེ་ནི་ཀོང་ཏུང་གི་གནའ་བོའི་མཁས་པ་བརྒྱད་ཀྱི་དང་པོ་ཁུ་ཅའི་ཡབ་མེས་ཁྲིན་ཝུན་གྱི་ཕ་ཡུལ་ཡིན་ཞིང་། “འཛམ་གླིང་གི་ཁུ་ཅའི་རིག་གནས་ཀྱི་ཐོག་མའི་ས་གནས”དང“འཛམ་གླིང་གི་ཁེ་ཏུའུ་གྲོང་ཚོ་དང་པོ”ཞེས་པའི་མཚན་སྙན་ཡོད། སྤྱི་ལོ2011ལོའི་ཟླ8པར“དེ་སྔའི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་རྫོང”དུ་གཏན་ཁེལ་བྱས་ཤིང་། དེ་ནི་ཀྲུང་གོའི་སྣོད་བཅུད་རིག་གནས་ཡུལ་སྐོར་བྱ་ཡུལ་ཡག་ཤོས་དང་། ཀྲུང་གོའི་རིག་གནས་སྤྲོ་གསེང་གི་ཡུལ་སྐོར་རྫོང་ཡག་ཤོས། ཀྲུང་གོའི་སྣོད་བཅུད་སྤྲོ་གསེང་ཡུལ་སྐོར་གྱི་རྫོང་ཡག་ཤོས། ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ། ཀྲུང་གོའི་ལྗང་མདོག་གི་མིང་དུ་གྲགས་པའི་རྫོང་། ཀྲུང་གོའི་སྣུམ་ཇའི་ཕ་ཡུལ། ཀྲུང་གོའི་ཞན་ཚོའི་ཕ་ཡུལ་བཅས་ཡིན། ཕིང་ཡན་གྱི་བྱང་ཕྱོགས་ཅང་ཞིའི་ལྷོ་རྒྱུད་དང་འབྲེལ་ཞིང་། ཤར་ཕྱོགས་ཧྥུ་ཅན་གྱི་ནུབ་རྒྱུད་དང་འབྲེལ་ལ། ལྷོ་ཕྱོགས་ཁྲའོ་ཧྲན་ཅེ་དང་འབྲེལ་ཡོད། ཀོང་ཏུང་དང་། ཧྥུ་ཅན། ཅང་ཞི་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་མཐའ་ཁུལ་གྱི་ཁུ་ཅ་ཡི་ལྟེ་གནས་ས་ཁོངས་ཡིན། རྒྱལ་ལམ206རྫོང་ཡོངས་ཀྱི་ལྷོ་བྱང་དུ་ཤར་གཏོང་ཐུབ་པ་དང་ཅི་ཀོང་མྱུར་བགྲོད་དང་། མེ་ཕིང་མྱུར་བགྲོད། འཆར་འགོད་ཁྲོད་ཀྱི་རུའེ་མེ་ལྕགས་ལམ་དེ་ཕིང་ཡན་རྫོངས་ཁོངས་བརྒྱུད་དགོས་པར་གཏན་ཁེལ་བྱས་ཡོད། ཕིང་ཡན་ལ་ཝུ་ཀྲི་ཧྲི་མཛེས་ལྗོངས་ཁུལ་དང་། ཁྲང་པུའུ་ཕྱེད་གླིང་གི་སྤྲོ་གསེང་ཁུལ། ནན་ཐའེ་ཝུའོ་ཧྥོ་ཧྲན་རིག་གནས་ཡུལ་སྐོར་ཐོན་ལས་གླིང་། ཧྲང་ཅུས་ཤང་སི་ཀུའུ་ཆུ་ཚན། མན་ཐུའོ་ཧྲན་གྲོང་། ཏ་ཧོ་པེ་མཛེས་ལྗོངས་ཁུལ། ཅིན་སུའེ་སྐྱེ་ཁམས་ཞིང་ར། ཧོང་ཐེན་ཆུ་མཛོད། ཕིང་ཡོན་དམར་དམག་དྲན་གསོ་གླིང་། པི་ཅུས་ཏུང་ཐེན་མཛེས་ལྗོངས་ཁུལ། ནན་ཐའེ་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡོད། སྤྱི་ལོ2019ལོའི་ཟླ3པར《གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དབྱེ་འབྱེད་རྫོང་གི་མིང་ཐོའི(ཁག་དང་པོ)》ནང་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平远县
ཕྱི་ཡིག་གི་མིང་།
PingYuan County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀོང་ཏུང་ཞིང་ཆེན་མེ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ12ཡོད།
སྲིད་གཞུང་གནས་ཡུལ།
ཏ་ཡན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0753
སྦྲག་སྲིད་ཨང་རྟགས།
514600
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1381ཡོད།
མི་འབོར།
མི་ཁྲི26.4256(སྤྱི་ལོ2015ལོའི་ལོ་མཇུག་གི་ཁྱིམ་ཐོའི་མི་གྲངས)ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུའེM 粤M
སྲིད་འཛིན་ཚབ་ཨང་།
441426
1 ལོ་རྒྱུས་འཕེལ་རིམ།

ཕིང་ཡན་རྫོང་ནི་མིང་རྒྱལ་རབས་ཀྱི་ཅ་ཅིང་ཁྲི་ལོ་ཞེ་གཅིག་པར་བཙུགས། (སྤྱི་ལོ1562ལོ)སྐབས་དེར་ཀོང་ཏུང་ཁྲེང་ཡུལ་ཚོ་རྫོང་གི་ཧའོ་ཅུས་ཏུའུ(ད་ལྟའི་རེན་ཅུས་གྲོང་རྡལ)ལྟེ་གནད་དུ་བཟུང་བ་མ་ཟད། ཧྥུ་ཅན་ཁོངས་ཀྱི་ཝུའུ་ཕིན་དང་ཧྲང་ཧང་། ཅང་ཞིའི་ཨན་ཡོན། ཀོང་ཏུང་ཧུའེ་ཀྲོའུ་ཧྥུ་ཡི་ཞིན་ཉིན་རྫོང་བཞིའི་མཐའ་ཁུལ། དེ་སྔའི་ཧའོ་ཅུས་ཏུའུ་ལིན་ཙི་ཀོན་ཐུང་ཀྲེང་ལས་ཤག་གི་གནས་ཡུལ་བཅས་རྨང་གཞིར་བྱས་ཏེ་མཁར་གྱི་འཛུགས་སྐྲུན་རྒྱ་ཆེ་རུ་བཏང་ཡོད། ཐོག་མར་ཅང་ཞིའི་ཀན་ཀྲོའུ་ཧྥུ་ཡི་ཁོངས་སུ་གཏོགས།

མིང་ཅ་ཅིང་ཁྲི་ལོ་བཞི་བཅུ་ཞེ་གསུམ་པར་རྫོང་ཁོངས་ལེགས་སྒྲིག་བྱས་ཏེ་ཧྥུ་ཅན་དང་ཅང་ཞི་ཞིང་ཆེན་གཉིས་ཀྱི་ཝུའུ་ཕིན་དང་ཧྲང་ཧང་། ཨན་ཡོན་གསུམ་ཕྱིར་སྤྲོད་བྱས།

སྤྱི་ལོ1634ལོར་ཕིང་ཡན་གྱི་བྲག་ཕུག་གི་རི་མོ་དང་པོ་དང་གཉིས་པ། ཁྲེང་ཡུལ་ཚོ་གི་ས་ཁོངས་ཁ་ཤས་བཅས་ལོགས་སུ་ཕྱེས་ནས་ཀྲེན་ཕིང་རྫོང(ད་ལྟའི་ཅའོ་ལིན)སྣོན་སྒྲིག་བྱས།

སྤྱི་ལོ1733ལོར་ཁྲེང་ཡུལ་ཚོ་རྫོང་ནས་ཅ་དབྱིན་ཀྲོའུ(ད་ལྟའི་མེ་ཀྲོའུ)ལ་སྤར་བ་དང་། ཕིང་ཡན་ནས་ཅ་དབྱིན་ཀྲོའུ་ཡི་མངའ་ཁོངས་སུ་བསྒྱུར། ཁྲེང་ཡུལ་ཚོ་དང་། ཞིན་ཉིན། ཁྲང་ལེ་བཅས་དང་། ཀྲེན་ཕིན་རྫོང4བཅས་ལ་ཅ་དབྱིན་ཁོངས་གཏོགས་ས་ཁུལ་ལྔ་ཡང་ཟེར།

མིན་གོ་བཙུགས་རྗེས་སྔར་ཡོད་ཀྱི་སྒྲིག་ལུགས་མེད་པར་བཟོས་པ་དང་། ཞིང་ཆེན་དང་རྫོང་གི་སྒྲིག་གཞིའི་བར་དུ་ཏའོ་ཡི་ལམ་ལུགས་བཙུགས། མིན་གོ་སྲིད་ལོ3པར། སྤྱི་ལོ1914ལོར་ཁྲའོ་ཞུང་ཏའོ་བཙུགས་ཤིང་། ཕིང་ཡན་ནི་དེའི་མངའ་འོག་གི་རྫོང་ཞིག་ཡིན། མིན་གོའི་སྲིད་ལོ9པར(སྤྱི་ལོ1920ལོ)ཏའོ་མེད་པར་བཟོས་ཤིང་ཕིང་ཡན་ཞིང་ཆེན་གྱི་ཐད་གཏོགས་ས་ཁོངས་བྱས།

མིན་གོ་སྲིད་ལོ25ལོའི་ཟླ8པར། ཀོང་གཉིས་ཀྲུང་དབྱང་གི་མངའ་ཁོངས་སུ་ཕྱིར་ལོག་ཅིང་། ཀོང་ཏུང་གིས་ཐའོ་ཅིང་ཆུས་མེད་པར་བཟོས་ཏེ། སྲིད་འཛིན་ལྟ་ཞིབ་ཁུལ9རུ་བསྒྱུར། ཕིང་ཡན་ནི་ཆུས་དྲུག་པར་གཏོགས། མིན་གོ་སྲིད་ལོ38(སྤྱི་ལོ1949ལོ)པར་ཁོངས་གཏོགས་ས་ཁུལ་ལེགས་སྒྲིག་བྱས་ནས་སྲིད་འཛིན་ལྟ་ཞིབ་ཁུལ་ཨང་དགུ་པའི་ཁོངས་སུ་བསྡུས།

སྤྱི་ལོ1949ལོའི་ཟླ5པའི་ཚེས22ཉིན་ཕིང་ཡན་ཞི་བའི་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས། ལོའི་དེའི་ཟླ10པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཞིང་ཆེན་དང་རྫོང་གི་བར་དུ་སྔར་བཞིན་མིན་གོའི་དུས་སྐབས་ཀྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ལམ་ལུགས་རྒྱུན་འཛིན་བྱས་ཤིང་། ཞིང་ཆེན་མངག་གཏོང་ལས་ཁུངས་ཤིག་ཡིན་པའི་ངོས་ནས་རྫོང་ལ་འགོ་ཁྲིད་བྱས་ཡོད་ཅིང་། ཕིང་ཡན་ཞིན་མེ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1952ལོར་ཞིན་མེ་ཀྲོན་ཧྲུའུ་ཕྱིར་འཐེན་བྱས་ཏེ་ཀོང་ཏུང་ཤར་རྒྱུད་སྲིད་འཛིན་ལས་ཁུངས་སུ་བསྒྱུར། སྤྱི་ལོ1956ལོར་ཀོང་ཏུང་ཤར་རྒྱུད་ཀྱི་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས་ཤིང་། ཧུའེ་དབྱང་དང་ཧྲན་ཐོའུ་ས་ཁུལ་གཉིས་སུ་བགོས་ཤིང་། ཕིང་ཡན་ཧྲན་ཐོའུ་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1965ལོར་ཞིན་མེ་དང་ཁྲའོ་ཧྲན་སོ་སོར་ཀྲོན་ཆུས་བཙུགས་པ་དང་། ཕིང་ཡན་མེ་རྫོང་ས་ཁུལ་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1988ལོར་མེ་རྫོང་སྲིད་འཛིན་ཀུང་ཧྲུའུ་དེ་གྲོང་ཁྱེར་གྱི་རིམ་པ་དང་པའི་སྲིད་དབང་ལས་ཁུངས་སུ་བསྒྱུར་ཞིང་། དེར་མེ་ཀྲོའུ་གྲོང་ཁྱེར་ཟེར་ཞིང་། ཕིང་ཡན་མེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1951ལོའི་ཟླ5པར། ཏ་ཞིན་ཡུལ་ཚོ་ཞིན་ཉིང་རྫོང་གི་མངའ་ཁོངས་སུ་བགོས། སྤྱི་ལོ1956ལོའི་ཟླ1པོར་མེ་རྫོང་ཧྲི་ཧྲན་ཡུལ་ཚོ་ཧོང་ཀྲུའུ་ཕིང་གྲོང་ཚོ་ཕིང་ཡན་རེ་ཡོན་ཡུལ་ཚོ་རུ་བགོས། ད་ལྟའི་བར་དུ། རྫོང་ཁོངས་ཀྱི་ས་ཁོངས་ཚང་མ་དེ་སྔའི་ཁྲིན་ཡུལ་ཚོ་རྫོང་གི་ས་ཁོངས་ཡིན། རྫོང་བཅོས་སྐྱོང་བྱ་ཡུལ་ནི་སྤྱི་ལོ1562ལོར་རྫོང་བཙུགས་པ་ནས་སྤྱི་ལོ1952ལོའི་བར་གྱི་ལོ390རིང་ལ་རེན་ཅུས་གྲོང་རྡལ་དུ་གནས་ཡོད། སྤྱི་ལོ1952ལོའི་ཟླ6པར། ཕིང་ཡན་གྱིས་ཅའོ་ལིན་དང་མཉམ་འབྲེལ་གྱིས་གཞུང་ལས་སྒྲུབ་པ་དང་། ས་ཞིང་བཅོས་བསྒྱུར་ལ་འགོ་ཁྲིད་བྱས། ཟླ8པར། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡིག་ཆ་བཀྲམ་ནས། ཕིང་ཡོན་ཅའོ་ལིན་རྫོང་དུ་ཟླ་སྒྲིལ་བཏང་ཞིང་། ཕིང་ཡན་རྫོང་གི་མིང་སོར་འཐོག་བྱས། སྤྱི་ལོ1954ལོའི་ཟླ3པར། ཕིང་ཡན་དང་ཅའོ་ལིན་རྫོང་སོ་སོར་བཅོས་སྐྱོང་བྱས་པ་དང་། ཕིང་ཡན་རྫོང་གི་བཅོས་སྐྱོང་ས་ཁུལ་ཏ་ཡན་གྲོང་རྡལ་དུ་སྤོས། སྤྱི་ལོ1958ལོའི་ཟླ11པར། སྐབས་དེའི“མི་དམངས་ཀུང་ཧྲེ”དང“མཆོངས་བསྐྱོད་ཆེན་མོ”སོགས་ཀྱི་དགོས་མཁོ་དང་བསྟུན་ཆེད། ཕིང་ཡན་ཞིན་ཉིང་རྫོང་དུ་ཟླ་སྒྲིལ་བཏང་བ་དང་། རྫོང་བཅོས་སྐྱོང་ས་ཁུལ་ཞིན་ཁྲིན་གྲོང་རྡལ་དུ་བཙུགས།

2 སྲིད་འཛིན་ཁུལ་དབྱེ།

རྒྱལ་ཁབ་བཙུགས་པའི་དུས་འགོར་རྫོང་ཡོངས་སུ་ཆུས7དང་། གྲོང་ཁྱེར3 སྲིད་འཛིན་གྲོང་ཚོ56བཙུགས་ཡོད། སྤྱི་ལོ1950ལོར་ཆུས4དང་། གྲོང་རྡལ2 ཡུལ་ཚོ13བཅས་སུ་ལེགས་སྒྲིག་བྱས། སྤྱི་ལོ1954ལོར་ཆུས4དང་། ཡུལ་ཚོ་ཆུང་བ71 གྲོང་རྡལ2བཅས་སུ་བགོས། སྤྱི་ལོ1956ལོར་ཆུས་དང་ཡུལ་ཚོ་ཟླ་སྒྲིལ་བཏང་ནས་ཡུལཞ་ཚོ13དང་། གྲོང་རྡལ1 གྲོང་ཚོ71བཅས་བཙུགས། སྤྱི་ལོ1958ལོར“སྲིད་ཧྲེ་གཅིག་གྱུར”བྱས་ནས་རྫོང་ཡོངས་སུ་མི་དམངས་ཀུང་ཧྲེ4དང་གྲོང་རྡལ1བཙུགས་ཡོད། སྤྱི་ལོ1961ལོར་ཕིང་ཡན་རྫོང་དེ་ཀུང་ཧྲེ14དང་། ཞིང་ར3 གྲོང་རྡལ1བཅས་སུ་བསྒྱུར། ལོ་རབས70པའི་དུས་དཀྱིལ་དུ་ཀུང་ཧྲེ16དང་གྲོང་རྡལ1ཡོད། སྤྱི་ལོ1983ལོའི་ཟླ11པར། ཆུས་དང་ཡུལ་ཚོ་ཡི་སྒྲིག་གཞི་སླར་གསོ་བྱས་པ་དང་། སྲིད་ཧྲེ་གཅིག་སྒྲིལ་གྱི་རུ་ཁག་ལམ་ལུགས་མེད་པར་བཟོས། རྫོང་ཡོངས་སུ་ཆུས14(ཁྲལ་ཀན་དང་། རེན་ཅུས། ཧོང་ཁྲི། པ་ཁྲི། ཀྲུང་ཧང་། ཧོ་ཐོའུ། ཧྲང་ཅུས། སི་ཧྲུའེ། ཏུང་ཧྲི། པ་ཐོའུ། ཏ་ཀྲེན། ཧྲི་ཀྲེང་། ཁྲང་ཐེན། རེ་ཁྲོད)དང་། ཆུས་རིམ་པའི་གྲོང་རྡལ(ཏ་ཀྲེན་གྲོང་རྡལ)1 ཡུལ་ཚོ95 གྲོང་ཁྱེར་དང་གྲོང་རྡལ་དོ་དམ་ཁུལ3 རྫོང་གི་ཁོངས་གཏོགས་ཀྱི་རྒྱལ་གཉེར་ཞིང་ནགས་ར་བ4བཅས་ཡོད།

སྤྱི་ལོ1986ལོའི་ཟླ11པར་ཆུས་ཕྱིར་འཐེན་བྱས་ནས་གྲོང་རྡལ་བཙུགས་པ་དང་། རྫོང་ཡོངས་སུ་གྲོང་རྡལ་ལྔ(ཏ་དབྱི་དང་། རེན་ཅུས། ཏུང་ཧྲི། ཧྲི་ཀྲེང་། པ་ཁྲི)བཙུགས་པ་དང་། ཡུལ་ཚོ11(ཁྲ་ཀན་དང་། ཧོང་ཐའོ། ཧོ་ཐོའུ། ཀྲུང་ཧང་། ཧྲང་ཅུས། སི་ཧྲུའེ། མའོ་ཕིན། ཁྲའོ་ཀྲུའུ། ཁྲང་ཐེན། རེ་ཀྲང)དང་། གྲོང་ཚོ149 གྲོང་རྡལ་སྡོད་དམངས་ཨུ་ཡོན་ལྷན་ཁང7བཅས་ཡོད། སྤྱི་ལོ1994ལོར་ཡུལ་ཚོ11གྲོང་རྡལ་གྱི་ལམ་ལུགས་སུ་བསྒྱུར། རྫོང་ཡོངས་སུ་གྲོང་རྡལ16(ཏ་ཡན་གྲོང་རྡལ་དང་། ཁྲ་ཀན་གྲོང་རྡལ། རེན་ཅུས་གྲོང་རྡལ། ཧོང་ཧྲེ་གྲོང་རྡལ། པ་ཁྲི་གྲོང་རྡལ། ཀྲུང་ཧང་གྲོང་རྡལ། ཧོ་ཐོའུ་གྲོང་རྡལ། ཧྲང་ཅུས་གྲོང་རྡལ། སི་ཧྲུའེ་གྲོང་རྡལ། ཏུང་ཧྲི་གྲོང་རྡལ། མའོ་ཕིང་གྲོང་རྡལ། པ་ཐོའུ་གྲོང་རྡལ། ཁྲའོ་ཀྲུའུ་གྲོང་རྡལ། ཧྲི་ཀྲེང་གྲོང་རྡལ། ཁྲང་ཐེན་གྲོང་རྡལ། རེ་ཡོན་གྲོང་རྡལ)བཙུགས་ཡོད། སྤྱི་ལོ2003ལོའི་ཟླ9པར། ཁྲའོ་ཀྲུའུ་གྲོང་རྡལ་དང་ཧོང་ཧྲེ་གྲོང་རྡལ། མའོ་ཕིང་གྲོང་རྡལ་བཅས་ཀྱི་གྲོང་རྡལ་རིམ་པའི་སྲིད་འཛིན་ཁུལ་དབྱེ་མེད་པར་བཟོས་ཤིང་། དེ་སྔའི་ཁྲའོ་ཀྲུའུ་གྲོང་རྡལ་དང་། དེ་སྔའི་ཧོང་ཧྲེ་གྲོང་རྡལ་དེ་རེན་ཅུས་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་། དེ་སྔའི་མའོ་ཕིང་གྲོང་རྡལ་དེ་ཏུང་ཧྲི་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། སྤྱི་ལོ2004ལོའི་ཟླ11པར། པ་ཐོའུ་གྲོང་རྡལ་གྱི་གྲོང་རྡལ་རིམ་པའི་སྲིད་འཛིན་ཁུལ་དབྱེ་མེད་པར་བཟོས་ཏེ། སྲིད་འཛིན་ཁུལ་དབྱེ་ལེགས་སྒྲིག་བྱས་རྗེས་རྫོང་ཡོངས་སུ་གྲོང་རྡལ12ཡོད་པ་སྟེ། ཁྲལ་ཀན་དང་། རེན་ཅུས། པ་ཁྲི། ཧོ་ཐོའུ། ཀྲུང་ཧང་། ཧྲང་ཅུས། སི་ཧྲུའེ། ཏུང་ཧྲི། ཏ་ཀྲེང་། ཧྲི་ཀྲེང་། ཁྲང་ཐེན། རེ་ཧུའེ་གྲོང་རྡལ་བཅས་ཡིན།

སྤྱི་ལོ2005ལོའི་ཟླ12པའི་ཚེས31ཉིན་བར་དུ་ཕིང་ཡན་རྫོང་ཁོངས་སུ་ཏ་ཆི་གྲོང་རྡལ་དང་། རེན་ཅུས་གྲོང་རྡལ། ཏུང་ཧྲི་གྲོང་རྡལ། ཧྲི་ཀྲེང་གྲོང་རྡལ། པ་ཁྲི་གྲོང་རྡལ། ཁྲ་ཀན་གྲོང་རྡལ། ཧྲང་ཅུས་གྲོང་རྡལ། སི་ཧྲུའེ་གྲོང་རྡལ། ཁྲང་ཐེན་གྲོང་རྡལ། རེ་ཧང་གྲོང་རྡལ། ཀྲུང་ཧང་གྲོང་རྡལ། ཧོ་ཐོའུ་གྲོང་རྡལ་སོགས་གྲོང་རྡལ12དང་ཁྱོན་བསྡོམས་སྡོད་དམངས་ཨུ་ཡོན་ལྷན་ཁང7 སྡེ་དམངས་ཨུ་ཡོན་ལྷན་ཁང153 གྲོང་མིའི་ཚོགས་ཆུང1439 ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔེ་སྟོན་གྲོང་རྡལ1 གྲོང་ཁྱེར་རིམ་པའི་སྐྱེ་ཁམས་དཔེ་སྟོན་གྲོང་ཚོ8ཡོད།

3 མི་འབོར།                                        

ཕིང་ཡན་རྫོང་གི་སྤྱི་ལོ2007ལོའི་ལོ་མཇུག་ཏུ་ཁྱིམ་ཐོའི་མི་འབོར256288ཡོད་པའི་ནང་དུ་ཞིང་ལས་མི་འབོར172546ཡོད་ལ། འཆར་ལྡན་བུ་སྐྱེའི་ལོ་འཁོར་ཚགས་པར་ལ་གཞིགས་ན། རྫོང་ཡོངས་ཀྱི་མི་འབོར2634ཡོད་པ་དང་། སྐྱེས་ཚད10.29‰ཡིན་ལ། ཤི་ཚད5.73‰ཡིན། རང་བྱུང་འཕར་ཚད4.56‰ཡིན། འཆར་ལྡན་བུ་སྐྱེའི་ཚད93.89%ཟིན་པ་དེ་སྤྱི་ལོ2006ལོ་ལས་བརྒྱ་ཆའི0.61འཕར་ཡོད།

སྤྱི་ལོ2015ལོའི་ལོ་མཇུག་ཏུ་ཁྱིམ་ཐོའི་མི་འབོར264256ཡོད་པའི་ནང་དུ་ཞིང་ལས་མི་འབོར180815ཡོད་ལ། འཆར་ལྡན་བུ་སྐྱེས་ལོ་འཁོར་ཚགས་པར་ལ་གཞིགས་ན། རྫོང་ཡོངས་སུ་གསར་སྐྱེས་མི་འབོར3116ཡོད་པ་དང་། སྐྱེས་ཚད11.35‰དང་ཤི་ཚད5.43‰ཡིན་ལ། རང་བྱུང་འཕར་ཚད5.92‰ཡིན།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཁྱིམ་ཐོའི་མི་འབོར266595ཡོད་པའི་ནང་དུ་གྲོང་གསེབ་ཀྱི་མི་འབོར172379ཡོད་ལ། འཕྲོད་བསྟེན་འཆར་འགོད་སྡེ་ཚན་གྱི་ལོ་འཁོར་སྙན་ཞུ་བསྡོམས་རྩིས་བྱས་པར་གཞིགས་ན། རྫོང་ཡོངས་སུ་གསར་སྐྱེས་མི་འབོར3720ཡོད་པ་དང་། སྐྱེས་ཚད13.22 ‰ཟིན་ཞིང་། ཤི་ཚད་ཀྱིས6.49‰ཟིན་ཡོད་ལ། མི་འབོར་རང་ཤུགས་སུ་འཕར་ཚད6.74‰ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། མི་རིགས། མི་འབོར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-20

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།