ཝུའུ་ཧྭ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝུའུ་ཧྭ་རྫོང་།
ཝུའུ་ཧྭ་རྫོང་གི་ཡར་སྔོན་གྱི་མིང་ལ་ཁྲང་ལེ་རྫོང་ཟེར་ཞིང་། མིན་གོའི་དུ་འགོར་ད་ལྟའི་མིང་དུ་བསྒྱུར། ཀོང་ཏུང་ཞིང་ཆེན་གྱི་མེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ལ། ཀོང་ཏུང་ཞིང་ཆེན་གྱི་བྱང་ཤར་རྒྱུད་དང་ཧན་ཅང་གཙང་པོའི་སྟོད་རྒྱུད་དུ་གནས་པ་དང་། དེ་ནི་ཀོང་ཏུང་ཤར་རྒྱུད་ཀྱི་རི་མ་ཐང་ས་ཁུལ་གྱི་ཆ་ཤས་ཤིག་ཡིན་ཞིང་། བྱང་གི་འཕྲེད་ཐིག23°23'~24°12'དང་། ཤར་གྱི་གཞུང་ཐིག115°18'~116°02'བར་དུ་གནས་ཡོད། ཤར་གྱི་ཀུའོ་ཐེན་ཀྲའོ་ཡུའེ་ལིན་ནས་ནུབ་ཀྱི་ཁྲང་པུའུ་ཅི་ཞིན་ཧྲི་ཡི་བར་དུ་ཐོན་ཡོད་ལ། ལྷོ་རུ་ཏེང་ཧྲེ་ལུང་ཧྲི་ཏེན་ནས་བཟུང་བྱང་དུ་ཞིན་ཆའོ་དབྱང་ཐང་ཝེ་ཡི་བར་དུ་ཐོན་ཡོད། ཤར་ལྷོ་རུ་མེ་ཀྲོའུ་གྲོང་ཁྱེར་ཧྥུང་ཧྲུན་རྫོང་དང་། ཅེ་དབྱང་གྲོང་ཁྱེར་ཅེ་ཤིས་རྫོང་། ཧྲན་ཝེ་གྲོང་ཁྱེར་ལུའུ་ཧོ་རྫོང་བཅས་ཀྱི་འབྲེལ་མཚམས་ཡིན་ཞིང་། ལྷོ་ནུབ་ཧོ་ཡོན་གྲོང་ཁྱེར་ཙེ་ཅིན་རྫོང་དང་ས་མཚམས་འབྲེལ་ཡོད། ནུབ་བྱང་ཧོ་ཡོན་གྲོང་ཁྱེར་ལུང་ཁྲོན་དང་འབྲེལ་ཞིང་། བྱང་ཤར་ནི་མེ་ཀྲོའུ་གྲོང་ཁྱེར་ཤིན་ཉིང་དང་འབྲེལ་ཡོད། ཤར་ནུབ་གཉིས་ཀྱི་བར་ཐག་སྤྱི་ལེ71.59དང་ལྷོ་བྱང་གི་རིང་ཚད་སྤྱི་ལེ87.99ཡོད། རྫོང་ཡོངས་ཀྱི་ས་དབྱིབས་གཟེ་དབྱིབས་ལྟར་ཆགས་ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3226.06ཟིན་པ་དེས་ཀོང་ཏུང་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི1.47%བཟུང་ཡོད། ཝུའུ་ཧྭ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་ལ། ནན་ཡུའེ་རིག་གནས་ཀྱི་འབྱུང་གནས་ཀྱི་གྲས་ཤིག་ཡིན་པ་དང་། ཀྲུང་གོའི་ཆང་སྙོལ་བའི་ཤེས་རིག་གི་འབྱུང་གནས་ཀྱི་གྲས་ཤིག་ཀྱང་ཡིན་ལ། ཀྲུང་གོའི་ནང་སའི་དེང་རབས་རྐང་རྩེད་སྤོ་ལོའི་འབྱུང་གནས་ཀྱང་ཡིན། དེ་ལ“རིག་གནས་ཀྱི་ཕ་ཡུལ། ཕྱིར་སྡོད་རང་མིའི་ཕ་ཡུལ། རྐང་རྩེད་སྤོ་ལོའི་ཕ་ཡུལ། བཟོ་བའི་ཕ་ཡུལ། ”སོགས་པའི་མཚན་སྙན་ཡོད། རིག་གནས་གནའ་ཤུལ་མང་བོ་ཡོད་ལ། ཧྲི་ཞུང་ཧྲན་གནའ་ཤུལ་དང་། ཧྲི་ཞུང་ཧྲན་མཆོད་རྟེན། ཁྲང་ལེ་ཐའེ། ཁྲང་ལེ་ཞའོ་ཀོན་སོགས་ཡོད་པ་དང་། དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ཕུན་སུམ་ཚོགས་པོ་ཡོད་ཅིང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཝུའུ་ཧྭ་ཤིང་བཟོས་འདྲ་གཟུགས་ཀྱི་ཟློས་གར་དང་། ཝུའུ་ཧྭ་ཇ་འཐུའི་ཟློས་གར། ཝུའུ་ཧྭ་སྨྱུག་རྟའི་ཞབས་བྲོ། སེང་གེའི་ཞབས་བྲོ་སོགས་སྲོལ་རྒྱུན་རིག་རྩལ་སྣ་ཁ20ཙམ་ཡོད། ཝུའུ་ཧྭ་ནི་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོ་དང་། དེ་སྔའི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་རྫོང་། ནོར་སྲིད་དང་ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱེད་པའི་རྫོང་བཅས་ཡིན་ཞིང་། རྒྱལ་ཁབ་ཀྱི“སྔར་གྱི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་དར་རྒྱས་གོང་འཕེལ་གཏོང་བའི་སྲིད་ཇུས”དང་། ཞིང་ཆེན་གྱི“ཀོང་ཏུང་གི་ཤར་རྒྱུད་དང་ནུབ་བྱང་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས”“ཀོང་ཀྲོའུ་ཡི་ཕྱོགས་ཡོངས་ནས་རིགས་མཐུན་རོགས་སྐྱོར་བྱེད་པའི་སྲིད་ཇུས”སོགས་འཕེལ་རྒྱས་གཏོང་བའི་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད། ཝུའུ་ཧྭ་རྫོང་གི་ཁོངས་གཏོགས་སུ་ཧྲུའེ་ཀྲའེ་གྲོང་རྡལ་དང་། ཧོ་ཏུང་གྲོང་རྡལ། ཀུའོ་ཐེན་གྲོང་རྡལ། ཧྲོང་ཧྭ་གྲོང་རྡལ། མེན་དབྱང་གྲོང་རྡལ། ཨན་ལིའུ་གྲོང་རྡལ། མེ་ལིན་གྲོང་རྡལ། ལུང་ཀྲོའུ་གྲོང་རྡལ། ཧྭ་དབྱང་གྲོང་རྡལ། ཀྲོའུ་ཅང་གྲོང་རྡལ། ཁྲང་པུའུ་གྲོང་རྡལ། ཐན་ཞ་གྲོང་རྡལ། ཆི་ལིང་གྲོང་རྡལ། ཕན་ཧྲུའེ་གྲོང་རྡལ། ཧྭ་ཁྲེང་གྲོང་རྡལ་སོགས་གྲོང་རྡལ16ཡོད་ལ། སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཁྱིམ་ཐོའི་མི་འབོར་ཁྲི152.409ཟིན་པ་དང་རྒྱུན་སྡོད་མི་འབོར་ཁྲི109.1241ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཝུའུ་ཧྭ་རྫོང་།
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཀོང་ཏུང་ཞིང་ཆེན་མེ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ16ཡོད།
སྲིད་གཞུང་གནས་ཡུལ།
ཧྲུའེ་ཀྲའེ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0753
སྦྲག་སྲིད་ཨང་རྟགས།
514400
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3226.06ཡོད།
མི་འབོར།
ཁྲི152.409ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུའེM粤M
སྲིད་འཛིན་ཚབ་ཨང་།
441424
1 ​ལོ་རྒྱུས་འཕེལ་རིམ།

ཆིན་རྒྱལ་རབས་སྔོན་མའི་དུས་སྐབས་སུ་ནན་ཡའོ་རུ་གཏོགས། ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་ནུབ་མའི་དུས་སུ་ནན་ཧའེ་ཅུན་ལུང་ཁྲོན་རྫོང་གི་ས་ཆ་ཡིན། ཅིན་རྒྱལ་རབས་ཤར་མའི་སྐབས་སུ་ཏུང་ཀོན་ཅུན་ཞིན་ཉིན་རྫོང་གི་ས་ཆ་ཡིན། རྒྱལ་རབས་ལྷོ་མའི་ཆི་ཡི་དུས་སྐབས་སུ་ཆི་ཁྲང་རྫོང་གི་ཁོངས་སུ་གཏོགས། ལིང་གི་དུས་འགོར་ཆི་ཁྲང་རྫོང་མེད་པར་བཟོས་པ་དང་། ཞིན་ཉིན་རྫོང་གི་ཁོངས་སུ་གཏོགས། སུའེ་རྒྱལ་རབས་ཀྱི་སྐབས་སུ་ཞུང་ཀྲོའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ627ལོར(ཐང་ཐའེ་ཙུང་ཀྲེན་ཀོན་ཁྲི་ལོ་དང་པོ)ཞུང་ཀྲོའུ་ཡི་སྤྱི་གཉེར་ལས་ཤག་ཕྱིར་འཐེན་བྱས།

དེ་སྔའི་ཞུང་ཀྲོའུ་སྤྱི་གཉེར་ལས་ཤག་གི་མངའ་འོག་ཏུ་ཡོད་པའི་ཁྲའོ་ཀྲོའུ་དང་། ཧྲའོ་ཀྲོའུ། ཞུང་ཀྲོའུ་བཅས་ཚང་མ་ཀོང་ཀྲོའུ་ཡི་སྤྱི་གཉེར་ལས་ཤག་གི་ཁོངས་སུ་གཏོགས་པ་དང་། ཀོང་ཀྲོའུ་སྤྱི་གཉེར་ལས་ཤག་གི་མངའ་འོག་གི་ཞུང་ཀྲོའུ་ཡི་མངའ་ཁོངས་ནི་ཧ་ལམ་ཀོང་ཏུང་ཞིང་ཆེན་ཞིན་ཧྥེང་དང་ལེན་ཕིན། ཧོ་ཕིང་། ལུང་ཁྲོན། ཧོ་ཡོན། ཞིན་ཉིན། ཝུའུ་ཧྭ། ལུའུ་ཧྥེང་། ཧའེ་ཧྥེང་། ཧུའེ་དབྱང་། ཧུའེ་ཏུང་། པོ་ལོ། ཙི་ཅིན་སོགས་ས་ཁུལ་དང་ཅེ་ཞི་རྫོང་གི་ནུབ་རྒྱུད་བཅས་ཡིན།

སྤྱི་ལོ917ལོར(ཧན་ལྷོ་མའི་ཆན་ཧེང་ཁྲི་ལོ)ཞུང་ཀྲོའུ་ནས་ཀྲེན་ཀྲོའུ་ལོགས་སུ་བཙུགས་ཤིང(ཧྲན་རྫོང་གིས་བཅོས་སྐྱོང་བྱས། དེང་གི་ཧུའེ་ཀྲོའུ་གྲོང་ཁྱེར་ཁུལ་དུ་བཅའ་སྡོད་བྱས)ཞུང་ཀྲོའུ་ཡི་བཅོས་སྐྱོང་ས་ཁུལ་ལེ་ཞང་རྫོང(ད་ལྟའི་ལུང་ཁྲོན་གྱི་དབྱི་ཁྲེང་གྲོང་ཁྱེར)དུ་སྤོས། ཧོ་ཡོན་རྫོང་དང་། པོ་ལུའོ་རྫོང་། ཧྲན་རྫོང་བཅས་ནི་ཀྲེན་ཀྲོའུ་རུ་གཏོགས་པ་དང་། ཆི་ཁྲང་རྫོང(ད་ལྟའི་ཞིན་ཉིན་གྲོང་ཁྱེར)ཆི་ཁྲང་ཧྥུ་རུ་རིམ་སྤར་བྱས་ཤིང་། ལུང་ཁྲོན་རྫོང་དང་ཞིན་ཉིན་རྫོང(དེང་གི་ཝུའུ་ཧྭ་རྫོང)ཞུང་ཀྲོའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1071ལོར(སུང་རྒྱལ་རབས་བྱང་མའི་ཧྲེན་ཙུང་ཞི་ཉིང་ཁྲི་ལོ་བཞི་པ)ཁྲང་ལེ་རྫོང་བཙུགས། ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་པ་ལྟར་ན། ཧན་ནུབ་མའི་དུས་སུ། ནན་ཡུའེ་ཝང་ཀྲའོ་ཕུའུ་ཡིས་ཝུའུ་ཧྭ་རི་བོའི་འདབས་སུ་སྟེགས་བུ་བཙུགས་པ་ལ་ཁྲང་ལེ་ཐའེ་ཞེས་འབོད་ཅིང་། རྫོང་མིང་ཡང་དེ་ལྟར་ཐོགས་པར་བཤད། ཞུང་ཀྲོའུ་ཡི་ཁོངས་སུ་གཏོགས། རྫོང་གིས་ཐོག་མར་ཁྲང་ལེ་གྲོང་རྡལ་བཙུགས་པ་དང་། སྤྱི་ལོ1149ལོར(སུང་ཀའོ་ཙུང་ཧྲའོ་ཞིན་ཁྲི་ལོ་བཅུ་དགུ་པ)ཆི་ཏུའུ་ཅིའུ་ལུང་ཀང་དུ་སྤོས།

སྤྱི་ལོ1292ལོར(ཡོན་ཧྲི་ཙུའུ་ཀྲི་ཡོན་ཁྲི་ལོ29པ)རྫོང་བཅོས་སྐྱོང་ས་གནས་ཁྲང་ལེ་གྲོང་རྡལ་དུ་བསྐྱར་འཛུགས་བྱས།

སྤྱི་ལོ1369ལོར(མིང་ཧུང་ཝུའུ་ཁྲི་ལོ་གཉིས་པ)ཞུང་ཀྲོའུ་ཕྱིར་འཐེན་བྱས་ཏེ་ཧུའེ་ཀྲོའུ་རུ་ཟླ་སྒྲིལ་བཏང་ཞིང་། དེ་ནི་ཧུའེ་ཀྲོའུ་སྲིད་གཞུང་གི་རྫོང་བདུན་གྱི་གྲས་ཤིག་ཡིན།

མིང་ཧུང་ཝུ་ཁྲི་ལོ་ཉེར་གཅིག་པར་ཐོག་མར་མཁར་གྱང་བསྐྲུན། སྤྱི་ལོ1733ལོར(ཆིང་ཡུང་ཀྲེང་ཁྲི་ལོ11པར)ཁྲང་ལེ་དེ་ཅ་ཡིང་གི་ཐད་གཏོགས་ཀྲོའུ་རུ་བསྒྱུར།

སྤྱི་ལོ1914ལོར་ཧྥུ་ཅན་ཞིང་ཆེན་དང་ཧུའུ་པེ་ཞིང་ཆེན་གྱི་ཁྲང་ལེ་རྫོང་གཉིས་དང་མིང་བསྐྱར་བཟློས་བྱས་ནས། ཝུའུ་ཧྭ་རྫོང་ཞེས་པར་བསྒྱུར་ཞིང་། མངའ་ཁོངས་སུ་ཝུའུ་ཧྭ་རོ་བོ་ཡོད་པས་མིང་དེ་ལྟེར་བཏགས། སྤྱི་ལོ1936ལོར(མིན་གོ་སྲིད་ལོ25པ)ཀོང་ཏུང་ཞིང་ཆེན་གྱི་ཆུས་དྲུག་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་དང་། ཀོང་ཏུང་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་དྲུག་པའི་ཁོངས་སུ་གཏོགས་ཤིང་། ཁོངས་གཏོགས་སུ་ཞིན་ཉིང་དང་། མེ་རྫོང་། ལུང་ཁྲོན། ཏ་ཕུའུ། ཅའོ་ལིན། ཧོ་ཕིང་། ཕིན་ཡོན། ལེན་ཕིན། ཝུའུ་ཧྭ་སོགས་རྫོང9ཡོད། སྲིད་འཛིན་བཅའ་སྡོད་བྱེད་ས་ཞིན་ཉིན་རྫོང་ཞུང་ཀྲོའུ་ཡི་སྔར་གྱི་གནས་ཤུལ་ཡིན་པས། དེ་ལ་ཞུང་ཀྲོའུ་ས་ཁུལ་ཟེར། སྤྱི་ལོ1949ལོར(མིན་གོ་སྲིད་ལོ38པ)ཐོག་མར་ཆུས་དགུ་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་ཁོངས་སུ་བསྒྱུར།

སྤྱི་ལོ1949ལོའི་ཟླ10པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཞིན་མེ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས། སྤྱི་ལོ1952ལོ་ནས་བཟུང་ཀོང་ཏུང་ཤར་རྒྱུད་སྲིད་འཛིན་ཁུལ་གྱི་ཁོངས་སུ་གཏོགས། སྤྱི་ལོ1954ལོར་རྫོང་བཅོས་སྐྱོང་ས་གནས་ཧྲུའེ་ཀྲའེ་གྲོང་རྡལ་དུ་སྤོས། སྤྱི་ལོ1956ལོ་ནས་བཟུང་ཧྲན་ཐོའུ་ས་ཁུལ་གྱི་ཁོངས་སུ་གཏོགས། སྤྱི་ལོ1965ལོའི་ཟླ6པར་མེ་རྫོང་ས་ཁུལ་དུ་གཏོགས། སྤྱི་ལོ1988ལོའི་ཟླ1པོར་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ཞིང་། ཝུའུ་ཧྭ་མེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2018ལོར་ཝུའུ་ཧྭ་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ(ཧྲུའེ་ཀྲའེ་གྲོང་རྡལ་དང་། ཧོ་ཏུང་གྲོང་རྡལ། ཀུའོ་ཐེན་གྲོང་རྡལ། ཧྲོང་ཧྭ་གྲོང་རྡལ། མེན་དབྱང་གྲོང་རྡལ། ཨན་ལིའུ་གྲོང་རྡལ། མེ་ལིན་གྲོང་རྡལ། ལུང་ཀྲོའུ་གྲོང་རྡལ། ཧེང་ཕུའུ་གྲོང་རྡལ། ཧྭ་དབྱང་གྲོང་རྡལ། ཀྲོའུ་ཅང་གྲོང་རྡལ། ཁྲང་པུའུ་གྲོང་རྡལ། ཐན་ཞ་གྲོང་རྡལ། ཆི་ལིང་གྲོང་རྡལ། ཧྭ་ཧྲུའེ་གྲོང་རྡལ། ཧྭ་ཁྲེང་གྲོང་རྡལ)16དང་། གྲོང་མིའི་ཨུ་ཡོན་ལྷན་ཁང412 གྲོང་མིའི་ཚོགས་ཆུང7390 སྡོད་དམངས་ཨུ་ཡོན་ལྷན་ཁང34བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཝུའུ་ཧྭ་རྫོང་ནི་ཀོང་ཏུང་ཞིང་ཆེན་གྱི་ཤར་རྒྱུད་དང་། ཧན་ཅང་གཙང་པོའི་སྟོད་རྒྱུད་དུ་ཆགས་ཡོད་པ་དང་། བྱང་གི་འཕྲེད་ཐིག23°23′~24°12′དང་། ཤར་གྱི་གཞུང་ཐིག115°18′~116°02′བར་དུ་གནས་ཡོད། རྫོང་གི་མངའ་ཁོངས་ཤར་གྱི་ཀུའོ་ཐེན་ཀྲའོ་ཡུའེ་ལིན་ནས་ནུབ་ཀྱི་ཁྲང་པུའུ་ཡི་ཅི་ཞིན་ཧྲི་ཡི་བར་དུ་ཐོན་ཡོད། ལྷོ་ཡི་ཞུས་ཞང་ཐའོ་ཧྲན་ནས་བྱང་གི་ཞིན་ཆའོ་དབྱང་ཐང་ཝེ་ཡི་བར་དུ་ཐོན་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ71.59དང་། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ87.99ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3226.1ཡོད། རྫོང་གི་མངའ་ཁོངས་ཀྱི་ས་དབྱིབས་ཟུར་གསུམ་ཡིན་ལ། ཤར་ལྷོའི་མཚམས་སུ་ཧྥེང་ཧྲུན་དང་། ཅེ་ཞི། ལུའུ་ཧོ་བཅས་དང་འབྲེལ་ཡོད། ལྷོ་ནུབ་ཏུ་ཏུང་ཡོན་དང་ཙི་ཅིན་དང་འབྲེལ་ཞིང་། ནུབ་བྱང་དུ་ལུང་ཁྲོན་དང་འབྲེལ་ཞིང་། བྱང་ཤར་དུ་ཞིན་ཉིང་དང་འབྲེལ་ཡོད།

3_2 ནམ་ཟླ།

ཝུའུ་ཧྭ་ནི་ཀོང་ཏུང་ཤར་ཁུལ་གྱི་རི་མ་ཐང་གི་ཆ་ཤས་ཤིག་ཡིན་པ་དང་། ལྷོ་ཡི་ཚ་ཁུལ་གྱི་དུས་རླུང་རང་བཞིན་གྱི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁོངས་སུ་གཏོགས་ལ། ཉི་འོད་ཕོག་པ་མང་ཞིང་། ཆར་ཆུ་མོད་ལ། དབྱར་ཁ་དང་སྟོན་ཁར་ཚ་བ་ཆེ་ཞིང་ཆར་ཆུ་མང་ཞིང་། དགུན་དུས་ཅུང་ཐུང་བ་དང་། དཔྱིད་ཐོན་པ་ཅུང་སྔ་ལ། རྩི་ཤིང་སྐྱེ་འཚར་ལ་ཕན་པ་ཡོད། སྤྱི་ལོ1979ལོ་ནས་སྤྱི་ལོ2000ལོའི་བར་དུ་རྫོང་ཁོངས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད21.2℃ཡིན་ཞིང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1519.7ཟིན་ཡོད། ལོ་རེའི་ཆ་སྙོམས་དྲག་ཆར་འབབ་པའི་གནམ་གཤིས་ཉིན77དང་སད་མེད་དུས་ཡུན་ཉིན330ཡིན། གནམ་གཤིས་ཀྱི་གནོད་འཚེ་གཙོ་བོ་ནི་ཆུ་ལོག་དང་ཞོད་སྐྱོན། ཐན་པ། དྲོད་ཚད་དམའ་བའི་སད་སེར། གྲང་རླུང་། དཔྱིད་གྲང་སོགས་ཡིན།

4 མི་གྲངས་དང་མི་རིགས།
4_1 མི་འབོར།

སྤྱི་ལོ1979ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་མི་འབོར797041ཡོད། སྤྱི་ལོ1990ལོའི་ལོ་མཇུག་ཏུ་མི1017460ཡོད། སྤྱི་ལོ2000ལོའི་ལོ་མཇུག་ཏུ་མི1173423ཡོད་པ་དེ་སྤྱི་ལོ1979ལོ་ལས་བརྒྱ་ཆའི47.22འཕར་ཡོད། ལོ་ངོ21རིང་ལ་མི་གྲངས376382འཕར་སྣོན་བྱུང་ཞིང་། ལོ་རེར་ཆ་སྙོམས་མི་གྲངས17922འཕར་སྣོན་བྱུང་ཡོད། ལོ་རེར་མི་འབོར་འཕར་ཚད་ཉུང་ཤོས་ནི་སྤྱི་ལོ1999ལོ་ཡིན་ལ། སྤྱི་ལོ1998ལོ་ལས་མི7301འཕར་ཞིང་། མང་ཤོས་ནི་སྤྱི་ལོ1990ལོ་ཡིན་ཞིང་། སྤྱི་ལོ1989ལོ་ལས་མི་གྲངས38722འཕར་སྣོན་བྱུང་།

སྤྱི་ལོ1979ལོ་ནས་བཟུང་རྫོང་གིས་ལོ་ལྟར་འཆར་ལྡན་བུ་སྐྱེའི་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་པས་མི་འབོར་སྐྱེ་ཚད་དང་མི་འབོར་རང་ཤུགས་སུ་འཕར་ཚད་ལོ་རེ་བཞིན་མར་ཆག་པའི་འཕེལ་ཕྱོགས་སུ་གྱུར་ཡོད། སྤྱི་ལོ2000ལོར་རྫོང་ཡོངས་ཀྱི་མི་འབོར་སྐྱེ་ཚད12.91‰མར་ཆག་པ་དེ་སྤྱི་ལོ1979ལོ་ལས17.44མར་ཆག་ཡོད། རང་བྱུང་འཕར་ཚད7.94‰ཡིན་ལ། དེ་སྤྱི་ལོ1979ལོ་ལས་སྟོང་ཆའི15.95མར་ཆག་ཡོད། མི་འབོར་འཕར་ཚད་རིམ་བཞིན་གཏན་འཇགས་བྱུང་ཡོད།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་མི1516426ཟིན་པའི་ནང་དུ་ཞིང་ལས་མིན་པའི་མི་འབོར་མི455154དང་། ཞིང་ལས་མི་འབོར་མི1061272ཡོད་པ་དང་། མི་འབོར་སྟུག་ཚད་སྤྱི་ལེ་གྲུ་བཞི་མ་རེར་མི469ཡོད།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་མི་འབོར་བསྡོམས་གྲངས1524090ཟིན་པའི་ནང་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར490155ཡོད་པ་དེས་མི་འབོར་བསྡོམས་གྲངས་ཀྱི32%བཟུང་ཡོད། གྲོང་གསེབ་ཀྱི་མི་འབོར1033935ཟིན་པ་དེས་སྤྱིའི་མི་འབོར་གྱི68%བཟུང་ཡོད། སྐྱེས་པའི་མི་འབོར793794ཡོད་ལ། བུད་མེད730296ཡོད། ཕོ་མོའི་བསྡུར་ཚད108.7%ཡིན། རྒྱུན་སྡོད་མི་འབོར1091241ཡོད་པ་དང་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད35.91%ཡིན་ཞིང་། དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི0.69མཐོ་རུ་ཕྱིན་ཡོད། ཕྲུ་གུ་སྐྱེས་ཚད13.69%ཟིན་ནས་ལོ་གོང་མ་ལས་སྟོང་ཆའི3.33མར་ཆག་ཡོད། ཤི་ཚད7.33‰ཡིན་པ་དེ་ལོ་གོང་མ་ལས་སྟོང་ཆའི1.37འཕར་ཡོད། རང་བྱུང་འཕར་ཚད6.36‰ཡིན།

4_2 མི་རིགས།

ཝུའུ་ཧྭ་རྫོང་གི་མི་མང་ཆེ་བ་རྒྱ་རིགས་ཡིན་པ་དང་། ད་དུང་སོག་རིགས་དང་། ཀྲོང་རིགས། ཧུའེ་རིགས། མན་ཇུ་རིགས། ཡའོ་རིགས། བོད་རིགས། མིའོ་རིགས། དབྱིས་རིགས། པུའུ་དབྱི་རིགས། ཡུ་གུར་རིགས། ཏུང་རིགས། ཐུའུ་ཅ་རིགས། པའེ་རིགས། ཁྲའོ་ཞན་རིགས། ཀའོ་ཧྲན་རིགས། ཐ་ཅི་ཁེ་རིགས་སོགས་གྲངས་ཉུང་མི་རིགས་ཡོད་ལ། ཕྱིར་སྡོད་རང་མི་ཁྲི13ལྷག་ཙམ་དང་། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་ཁྲི29ལྷག་ཙམ་ཡོད། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-20

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།