ཧྥེང་ཧྲུན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥེང་ཧྲུན་རྫོང་།
ཧྥེང་ཧྲུན་རྫོང་ནི་མེ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་རྫོང་ཞིག་ཡིན་ལ། ཀོང་ཏུང་ཞིང་ཆེན་གྱི་ཤར་རྒྱུད་དང་མེ་ཀྲོའུ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་ཆགས་ཡོད་ལ། ཁྲའོ་ཧྲན་ས་ཁུལ་དང་ཁྱིམ་མཚེས་ཡིན་ལ། ཚ་ཁུལ་ལྷོ་མའི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། སྤྱི་ལོ1738ལོར་ཆིང་ཆན་ལུང་གིས་བཙུགས། སྤྱི་ལོ2015ལོར་མངའ་ཁོངས་སུ་གྲོང་རྡལ16དང་གཞུང་ཁོངས་ཞིང་ར1ཡོད་ལ། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2710.22ཡོད་ཅིང་། སྤྱིའི་མི་འབོར་ཁྲི70ཡོད་ལ། མངའ་ཁོངས་ནང་དུ་མེ་ཧྲན་མྱུར་བགྲོད་ལྕགས་ལམ་དང་། ཏ་ཧྥུང་ཧྭ་མྱུར་བགྲོད་གཞུང་ལམ་སོགས་ཡོད། ཧྥེང་ཧྲུན་རྫོང་ནི་ཐེ་ལན་གྱི་ཙུང་ལི་སྔོན་མ་ཐ་ཞིན་དང་དབྱིན་ལ་གཅེན་གཅུང་གཉིས་ཀྱི་བཞུགས་གནས་ཡིན་ཞིང་། ཕྱི་ལུགས་གཉེར་བའི་ལས་འགུལ་གྱི་གཙོ་འཛིན་ཏིང་རི་ཁྲང་དང་ཧྭ་ཞའི་བུད་མེད་མཛངས་མ་ལི་ཅན་ཀྲེན་གྱི་ཕ་ཡུལ་ཡིན་པ་དང་། ཀྲུང་གོའི་ཆུ་ཚན་གྱི་གྲོང་དང་། ཀྲུང་གོའི་དངུལ་རྩའི་སྐྱེ་ཁམས་རྫོང་། རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ། ཀོང་ཏུང་གི་གློག་འཕྲིན་གྲོང་ཁྱེར་བཅས་ཡིན། ཧྥུང་ཧྲུན་ནི་རྒྱལ་ཡོངས་ཀྱི་གློག་ཆས་ཐོན་ལས་རྟེན་གཞི་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་དང་། ཀོང་ཏུང་ཞིང་ཆེན་གྱི་གློག་ཆས་ཐོན་ལས་རིམ་སྤོར་དཔེ་སྟོན་ཁུལ་ཡིན། ཧྥེང་ཧྲུན་རྫོང་ལ“མེ་ཀྲོའུ་ལྷོ་སྒོ་དང་ཁྲའོ་ཧྲན་རྒྱབ་ཀྱི་མེ་ཏོག་ལྡུམ་ར”ཞེས་པའི་མཚན་སྙན་ལྡན་པ་དང་། ཁུ་ཅ་དང་ཁྲའོ་ཧྲན་གྱི་མི་རིགས་ཆེན་པོ་གཉིས་ཞི་མཐུན་མཉམ་གནས་ཀྱི་དཔེ་མཚོན“ཁུ་ཁྲའོ་མཉམ་འདྲེས”ཀྱི་རིག་གནས་སྐྱེད་སྲིང་བྱས་ཡོད་ལ། ཕྱིར་སྡོད་རང་མི་ཁྲི50རྒྱལ་ཁབ་དང་ས་ཁུལ30ལྷག་ལ་ཁྱབ་ཡོད་ཅིང་། གཙོ་བོ་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་ཏུ་ཁྱབ་ཡོད་པ་དང་། ལྷག་པར་དུ་ཐེ་ལན་ཊི་རུ་ཁྱབ་ཡོད། ཇ་ལོ་དང་། ཞོག་ཁོག་མངར་མོ། ཀན་ལན་བཅས་ནི“ཧྥེང་ཧྲུན་གྱི་ནོར་བུ་གསུམ”ཡིན་ཞིང་། ཧྥུང་ཧྲུན་ལ་ཆན་ཅང་ཆུ་ཚན་སྤྲོ་གསེང་གྲོང་ཚོ་དང་། ཧན་ཅང་ལུའུ་ཧུའུ་ཆུ་ཚན་སྤྲོ་གསེང་གྲོང་ཚོ། ཅེ་ལིང་ཧྥེ་ཆོན་པ་ཤང་ཧྲན་སྐྱེ་ཁམས་ཡུལ་སྐོར་ཁུལ། ཧན་ཧྲན་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་ཁུལ། ཐུང་ཀུའུ་ཧྥུང་སོགས་མཛེས་ལྗོངས་ཁུལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丰顺县
ཕྱི་ཡིག་གི་མིང་།
Fengshun County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀོང་ཏུང་ཞིང་ཆེན་མེ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ16དང་རྒྱལ་ཁབ་ལ་དབང་བའི་ཞིང་ར1ཡོད།
སྲིད་གཞུང་གནས་ཡུལ།
ཐང་ཁོད་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0753
སྦྲག་སྲིད་ཨང་རྟགས།
514300
གནས་ཡུལ།
ཀོང་ཏུང་ཞིང་ཆེན་གྱི་ཤར་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2710.22ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླུངས་འཁོར་ཚབ་ཨང་།
ཡུའེM粤M
སྲིད་འཛིན་ཚབ་ཨང་།
441423
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ10པར་ཧྥེང་ཧྲུན་རྫོང་བཅིངས་འགྲོལ་བཏང་ཞིང་། རྫོང་མཁར་ཧྥེང་ལིང་ནས་ཐང་ཁེང་གྲོང་རྡལ་དུ་སྤོས་ཏེ། ཞིན་མེ་ཀྲོན་ཆུས་ཀྲོན་ཡོན་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1953ལོར་ཀོང་ཏུང་ཤར་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1956ལོར་ཧྲན་ཐོའུ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། སྤྱི་ལོ1958ལོའི་ཟླ12པར་ཧྥེང་ཝུན་མེད་པར་བཟོས་ཏེ་ཧྥེང་ཧྲུན་བཙུགས་ཤིང་། ཏ་ཕུའུ་དང་ཅེ་དབྱང་རྫོང་གཉིས་སུ་ཟླ་སྒྲིལ་བཏང་། སྤྱི་ལོ1961ལོའི་ཟླ1པོར་སྒྲིག་གཞི་སླར་གསོ་བྱས་ཤིང་། ཧྲན་ཐོའུ་ས་ཁུལ་དུ་གཏོགས། སྤྱི་ལོ1965ལོར་མེ་རྫོང་ས་ཁུལ་དུ་གཏོགས་པ་དང་། སྤྱི་ལོ1987ལོ་ནས་མེ་ཀྲོའུ་གྲོང་ཁྱེར་དུ་གཏོགས།

སྤྱི་ལོ1996ལོར་ཧྥེང་ཧྲུན་རྫོང་གི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2691ཡོད་ལ། མི་གྲངས་ཁྲི61.3ཙམ་ཡོད་ཅིང་། ཁོངས་གཏོགས་སུ་གྲོང་རྡལ24ཡོད་དེ། དེ་དག་ནི་ཐང་ཁེང་གྲོང་རྡལ་དང་། ཧྥུ་ཁྲེང་གྲོང་རྡལ། ཏུང་ལེན་གྲོང་རྡལ། པེ་ཏོའུ་གྲོང་རྡལ། ཐང་ཞི་གྲོང་རྡལ། ཐང་ནན་གྲོང་རྡལ། ཕུའུ་ཀྲའེ་གྲོང་རྡལ། ཧྲང་པ་ཤང་གྲོང་རྡལ། ཞ་པ་ཤང་གྲོང་རྡལ། ཧྥེང་ལིང་གྲོང་རྡལ། ཅན་ཆའོ་གྲོང་རྡལ། ལུང་ཀང་གྲོང་རྡལ། ཕན་ཐེན་གྲོང་རྡལ། ཞན་ཏུང་གྲོང་རྡལ། ཏ་ལུང་ཧྭ་གྲོང་རྡལ། ཐུང་མོན་གྲོང་རྡལ། ཅིན་ལིའུ་ཉིང་གྲོང་རྡལ། ཏུང་ཆིའུ་གྲོང་རྡལ། ཁྲ་པེ་གྲོང་རྡལ། ཐན་ཅང་ཧྲི་རིགས་གྲོང་རྡལ། ཧྲ་ཐེན་གྲོང་རྡལ། ཞའོ་ཧྲེང་གྲོང་རྡལ་བཅས་ཡིན། རྫོང་སྲིད་གཞུང་ཐང་ཁེང་དུ་བཅའ་སྡོད་བྱས་ཡོད།

སྤྱི་ལོ2002ལོར་ཧྥེང་ཧྲུན་རྫོང་ཁོངས་སུ་ཐང་ཁེང་དང་། ཧྥེང་ལིང་། ཕན་ཐེན། ཅིན་ཐན་ཅང་། ལིའུ་ཆོན། ཐང་ནན། ཕུའུ་ཀྲའེ་། ཐང་ཞི། ཧྥུ་ཁྲེང་། ཅན་ཆའོ། ལུང་ཀང་། ཞན་ཏུང་། ཐུང་མོན། ཞའོ་ཧྲེང་། ཏུང་ལེན། ཏུང་ལིའེ། ཁྲ་པེ། པེ་ཏུའུ། ཏ་ལུང་ཧྭ། ཧྲང་པ་ཤང་། ཞ་པ་ཤང་བཅས་ཀྱི་གྲོང་རྡལ24ཡོད་པ་དང་ཁྱོན་སྡེ་དམངས་ཨུ་ཡོནལྷན་ཁང261དང་སྡོད་དམངས་ཨུ་ཡོན་ལྷན་ཁང་18ཡོད།

སྤྱི་ལོ2019ལོའི་ཟླ3པའི་ཚེས6ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས《གསར་བརྗེའི་རིག་དངོས་སྲུང་སྐྱོབ་རྫོང་གི་མིང་ཐོ(ཁག་དང་པོ)》ཡོངས་བསྒྲགས་བྱས་པ་དང་ཧྥེང་ཧྲུན་རྫོང་དེའི་ནང་ཚུད་ཡོད།

2 ས་ཁམས་ཁོར་ཡུག
2_1 ས་དབྱིབས།

ཧྥེང་ཧྲུན་རྫོང་ནི་ལེན་ཧྭ་རི་རྒྱུད་ཀྱི་དབུས་ཁུལ་དུ་གནས་པ་དང་། རི་བོ་མཐོ་ཞིང་ས་བབ་ཆེ་ལ། ས་བབ་མཐོ་ཚད་སྟོང་སྨི་ཡན་གྱི་རི་བོ57ཡོད། བྱང་རྒྱུད་ཀྱི་ཐུང་ཀོའུ་རི་བོའི་ས་བབ་མཐོ་ཚད་སྨི1559.5ཟིན་པ་དེ་རྫོང་ཡོངས་ཀྱི་ས་བབ་མཐོ་ཤོས་ཡིན་ལ། ཀོང་ཏུང་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་ཀྱང་ཡིན། རི་རྒྱུད་གཙོ་བོ་ནི་ལེན་ཧྭ་རི་རྒྱུད་དང་། ཤཱཀྱ་རི་རྒྱུད། ཧྥང་ཧུང་རི་རྒྱུད། ཧན་ཧྲན་རི་རྒྱུད་བཅས་ཡིན།

2_2 ཆུ་རྒྱུན།

རྫོང་ནང་ཁུལ་གྱི་ཆུ་བོ་ནི་ཧན་ཅང་གཙང་པོ་དང་རོང་ཅང་གཙང་པོའི་ཆུ་རྒྱུད་ཆེན་པོ་གཉིས་ལས་གྲུབ་པ་ཞིག་ཡིན་ལ། ཆུ་རྒྱུད་གཉིས་ཀྱི་ཡན་ལག་རྒྱུག་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ100ཡན་ཟིན་པའི་ཆུ་རྒྱུན་ཁྱོན་བསྡོམས་པའི11ཡོད།

2_3 ནམ་ཟླ།

ཧྥེང་ཧྲུན་རྫོང་ནི་ལྷོ་ཕྱོགས་ཀྱི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས་ཤིང་། ཉི་འོད་འདང་ངེས་ཡོད་ལ། ཆར་ཆུ་མང་ཞིང་ནམ་ཟླ་བཟང་། རྫོང་མཁར་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད21.4℃ཡིན་པ་དང་། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད1938.8ཟིན་ཡོད་ལ། ལོ་ཧྲིལ་པོར་སད་མེད་དུས་ཉིན322ཡོད། རྫོང་གྲོང་དུ་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི1776.1ཟིན་ཡོད།

3 མི་འབོར།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་མི་འབོར་བསྡོམས་གྲངས745790ཟིན་པའི་ནང་དུ་ཧྲེ་རིགས360ལྷག་ཙམ་ཡོད་པ་དང་། དེ་ལས་གཞན་པ་རྒྱ་རིགས་ཡིན། ཕྱིར་སྡོད་རང་མི་ཁྲི50ལྷག་ཙམ་ཡོད་པ་དེ་དག་གཙོ་བོ་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཁག་ཏུ་ཁྱབ་ཡོད་པ་དང་། ལྷག་པར་དུ་ཐེ་ལན་ཊི་རུ་ཁྱབ་ཡོད། ཧྥེང་ཧྲུན་མི་རིགས་ནི་གཙོ་བོ་རྒྱ་རིགས་ཡིན་ལ། དེ་དང་ཆབས་ཅིག་ཏུ་ཧྥེང་ཧྲུན་ནི་མེ་ཀྲོའུ་ས་ཁུལ་ཁོངས་གཏོགས་ཀྱི་དེ་སྔའི་གྲངས་ཉུང་མི་རིགས་ཡོད་པའི་རྫོང་གཅིག་པུ་དེ་ཡིན། དེ་སྔ་ཧྥེང་ཧྲུན་དུ་སྡོད་པའི་གྲངས་ཉུང་མི་རིགས་ནི་ཧྲེ་རིགས་ཡིན་པ་དང་། སྤྱིའི་མི་འབོར་ཆིག་སྟོང་ཡང་ཟིན་གྱིན་མེད་ཅིང་། གཙོ་བོ་ཧྥེང་ཕིང་གྲོང་ཚོར་འདུས་སྡོད་བྱས་ཡོད། མི་གྲངས་མང་པོ་མེད་ཀྱང་ཧྲེ་རིགས་ཀྱི་ངག་རྒྱུན་ལྟར་ན། ཧྥེང་ཧྲུན་ནི་ཧྲེ་རིགས་ཀྱི་འབྱུང་གནས་ངོ་མ(ཐུང་ཀུའུ་ཀྲང་དང་ཧྥེང་ཧོང་ཧྲན)ཡིན། ཧྲེ་རིགས་ནི་ཡན་ཏི་ཚོ་བའི་རིགས་རྒྱུད་ཡིན།  ཧྥེང་ཧྲུན་ནི་མེ་ཀྲོའུ་ཁོངས་གཏོགས་ས་ཁུལ་དུ་ཁྲའོ་ཀྲོའུ་ཡི་མི་རྒྱུད་ཡོད་པའི་རྫོང་གཅིག་པུ་དེ་ཡིན།

4 དཔལ་འབྱོར།

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1088149ཟིན་པ་དེ་ལོ་གོང་མ་ལས3.5%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི237953ཟིན་ནས་ལོ་སྔོན་མ་ལས3.4%འཕར་ཡོད། GDPའཕར་རྒྱུར་བྱས་རྗེས་འབུལ་ཚད21.6%ཟིན་ཡོད། GDPའཕར་ཚད་བརྒྱ་ཆའི0.8ཡིན། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི431785ཟིན་ནས་ལོ་སྔོན་མ་ལས0.7%མར་ཆག་པ་དང་། GDPའཕར་རྒྱུར་བྱས་རྗེས་འབུལ་ཚད-8.3%ཡིན་ལ། GDPཆག་ཚད་བརྒྱ་ཆའི0.3ཡིན། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི418411ཟིན་ནས་ལོ་སྔོན་མ་ལས8.7%འཕར་ཞིང་། GDPའཕར་རྒྱུར་བྱས་རྗེས་འབུལ་ཚད86.6%ཟིན་ཡོད་ལ། GDPའཕར་ཚད་བརྒྱ་ཆའི3.0ཡིན། ཐོན་ལས་གསུམ་གྱི་གྲུབ་ཚུལ་ནི21.9:39.7:38.5ཡིན། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར22050ཟིན་ནས་ལོ་སྔོན་མ་ལས3.0%འཕར་ཡོད། ལོ་ཧྲིལ་པོར་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི92103ཟིན་ནས་ལོ་སྔོན་མ་ལས9.2%འཕར་ཡོད། དེའི་ནང་དུ་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི65668ཟིན་ནས་ལོ་སྔོན་མ་ལས11.1%འཕར་ཡོད། ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི731094བཏང་བ་དེ་ལོ་གོང་མ་ལས18.2%འཕར་ཞིང་། དེའི་ནང་དུ་སྡོད་ཁང་བདག་ཁོངས་ལ་མ་དངུལ་སྒོར་ཁྲི238000བཏང་ནས་ལོ་སྔོན་མ་ལས60.0%འཕར་ཡོད།

སྤྱི་ལོ2000ལོར་ཧྥེང་ཧྲུན་རྫོང་གི་ས་གནས་ནོར་སྲིད་ཡོང་འབབ་སྒོར་ཁྲི4952ཟིན་པ་དེ་སྤྱི་ལོ1979ལོའི་སྒོར་ཁྲི920ལས་ལྡབ4.4འཕར་ཡོད། དངུལ་རྩའི་ལས་རིགས་ཀྱིས་ཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་ཧུར་ཐག་བྱས་ཏེ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ཡིད་རྟོན་དངུལ་བུན་གྱི་ལས་སྒོ་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་ཡོད། སྤྱི་ལོ2000ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར19.11དང་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར11.65ཟིན་ཡོད།  

སྤྱི་ལོ2017ལོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི241236ཟིན་པ་དེ་ལོ་གོང་མ་ལས1.6%མར་ཆག་ལ། དེའི་ནང་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་སྒོར་ཁྲི142636ལེགས་འགྲུབ་ཟིན་པ་དེ་ལོ་གོང་མ་ལས5.7%མར་ཆག་ཡོད། ལོ་ཧྲིལ་པོར་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི1069314ཟིན་པ་དེ་ལོ་གོང་མ་ལས8.5%མར་ཆག་ཞིང། དེའི་ནང་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་སྒོར་ཁྲི706714ལེགས་གྲུབ་ཟིན་པ་དེ་ལོ་གོང་མ་ལས10.4%མར་ཆག་ཡོད།

སྤྱི་ལོ2017ལོར་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི72269ཟིན་པ་དེ་ལོ་གོང་མ་ལས3.5%འཕར་ཡོད། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི18391ཟིན་པ་དེ་ལོ་གོང་མ་ལས4.5%འཕར་ཡོད། ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི550875ཟིན་ནས་ལོ་སྔོན་མ་ལས12.0%འཕར་ཡོད། དེའི་ནང་དུ་སྡེབ་ཚོང་དང་སིལ་ཚོང་ཚོང་དོན་ལས་རིགས་ལ་སྒོར་ཁྲི510762བྱུང་བ་དང་། ཞག་སྡོད་བཟའ་བཏུང་ལས་རིགས་ལ་སྒོར་ཁྲི40113བྱུང་ནས་སོ་སོར11.5%དང18.1%འཕར་ཡོད། ལོ་ཧྲིལ་པོར་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་ཁྲི206471ཟིན་པ་དེ་སྔ་ལོ་ལས8.6%མར་ཆག་ཡོད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་དངུལ་བུན་ལྷག་གྲངས་སྒོར་ཁྲི715944ཟིན་པ་དེ་ལོ་སྔོན་མ་ལས12.6%འཕར་ལ། བཅོལ་དངུལ་ལྷག་གྲངས་སྒོར་ཁྲི1710559ཟིན་པ་དེ་ལོ་སྔོན་མ་ལས5.6%འཕར་ཞིང་། དེའི་ནང་དུ་ཁྱིམ་དུད་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི1280313ཟིན་པ་དེ་ལོ་སྔོན་མ་ལས9.1%འཕར་ཡོད། ལོ་ཧྲིལ་པོའི་འགན་བཅོལ་ཡོང་འབབ་སྒོར་ཁྲི12372ཟིན་ནས་ལོ་སྔོན་མ་ལས8.1%འཕར་ཡོད།

5 ​གཟི་བརྗིད་མཚན་སྙན།

ཧྥེང་ཧྲུན་རྫོང་ནི་སྐད་གྲགས་ཆེ་བའི“ཕྱིར་སྡོད་རང་མིའི་ཕ་ཡུལ”དང་། “ཆུ་ཚན་གྱི་ཕ་ཡུལ”“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”“ཀྲུང་དབྱང་སུའུ་ཁུལ་རྫོང་”བཅས་ཡིན།

སྤྱི་ལོ2014ལོར་ཀྲུང་གོ་གཏེར་ལས་མཉམ་འབྲེལ་ལྷན་ཚོགས་ལ་ཧྥེང་ཧྲུན་རྫོང་གི“ཀྲུང་གོའི་ཆུ་ཚན་གྲོང་ཁྱེར”གྱི་མཚན་སྙན་དངོས་སུ་སྤྲད།

སྤྱི་ལོ2014ལོར་ཀྲུང་གོའི་རྒན་པ་རིག་པའི་སློབ་ཚོགས་ཀྱིས་ཧྥེང་ཧྲུན་རྫོང་གི“ཀྲུང་གོའི་ཚེ་རིང་གི་ཕ་ཡུལ”ཞེས་པའི་མཚན་སྙན་དངོས་སུ་སྤྲད།  

སྤྱི་ལོ2015ལོར་ཧྥེང་ཧྲུན་ལ་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་གྱི་ཞིབ་བཤེར་རྩིས་ལེན་ཐོབ་ནས་སྤྱི་ལོ2014ལོའི་ལོ་འཁོར་གྱི་ཞིབ་བཤེར་རྩིས་ལེན་ལ་གྲོས་འཆམ་བྱུང་བའི་ཚན་པ(གྲོང་ཁྱེར་དང་། ཀྲོའུ། རྫོང་བཅས)24ཡི་གྲས་སུ་བསྡུས་ཤིང་། ཀོང་ཏུང་ཞིང་ཆེན་གྱིས་ཞིབ་བཤེར་རྩིས་ལེན་བྱས་པའི་རྫོང་གཅིག་པུ་དེའང་ཡིན།

སྤྱི་ལོ2015ལོའི་ཀོང་ཏུང་ཞིང་ཆེན་སློབ་གསོ་ཐིང་གིས་མེ་ཀྲོའུ་གྲོང་ཁྱེར་ཧྥེང་ཧྲུན་རྫོང་ལ“ཀོང་ཏུང་ཞིང་ཆེན་གྱི་སློབ་གསོ་སྟོབས་ལྡན་རྫོང”གི་མཚན་སྙན་སྤྲད།

སྤྱི་ལོ2015ལོར་ཧྥེང་ཧྲུན་རྫོང“ཀོང་ཏུང་ཞིང་ཆེན་གྱི་ནགས་ལས་སྐྱེ་ཁམས་རྫོང”དང“ཀོང་ཏུང་ཞིང་ཆེན་གྱི་འཕྲོད་བསྟེན་རྫོང་མཁར”དུ་བདམས།

ཧྥུང་ཧྲུན་རྫོང་ལ་ཞིང་ཆེན་སློབ་གསོ་ཐིང་གིས“ཀོང་ཏུང་ཞིང་ཆེན་གྱི་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྔོན་ཐོན་རྫོང”གི་མཚན་སྙན་སྤྲད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-20

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།