ཕིང་ཧྲན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕིང་ཧྲན་ཆུས།
ཕིང་ཧྲན་ཆུས་ནི་ལིའོ་ཉིང་ཞིང་ཆེན་པུན་ཞི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ལིའོ་ཉིང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ལིའོ་ཏུང་ཕྱེད་གླིང་གི་དབུས་སུ་གནས་ཡོད། དེ་ནི་པུན་ཞི་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚོང་དོན་བཅས་ཀྱི་ལྟེ་གནས་ཡིན། ཕིང་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང་དགུ་ཡོད་པ་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ177ཡོད་པ་དང་དེས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་གྱི2.1%བཟུང་བའི་ནང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ17ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁུལ་རྒྱ་ཁྱོན་གྱི24.6%བཟུང་བ་དང་མི་འབོར་ཁྲི36.1(སྤྱི་ལོ2007ལོ)ཡོད། སྤྱི་ལོ2007ལོར་ཆུས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར27.21ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2006ལོ་དང་བསྡུར་ན25.4%འཕར་ཡོད། ཐའེ་ཧུ་ཆུས་སུ་ཕིན་ཏིན་རི་བོ་དང་ཝང་ཞི་སྤྱི་གླིང་སོགས་སྐད་གྲགས་ཆེ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平山区
ཕྱི་ཡིག་གི་མིང་།
Pingshan District
གནས་ཡུལ།
ལིའོ་ཉིང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ལིའོ་ཏུང་ཕྱེད་གླིང་དབུས་ཁུལ་དུ་གནས་ཡོད།
རྒྱ་ཁྱོན།
སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ177ཡོད།
མི་འབོར།
མི་ཁྲི36.1ཡོད། (སྤྱི་ལོ2007ལོ)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
གནམ་གཤིས།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་པུན་ཞི་གྲོང་ཁྱེར།
མཛེས་ལྗོངས་གྲགས་ཅན།
ཕིན་ཏིན་རི་བོ་དང་། ཝང་ཞི་སྤྱི་གླིང་སོགས་ཡོད།
སྲིད་གཞུང་གནས་ཡུལ།
མིང་ཧྲན་ཆུས་པེ་ཏི་ཁྲོམ་གཞུང་དུ་གནས་ཡོད།
མེ་འཁོར་འབབ་ཚུགས།
པུན་ཞི་འབབ་ཚུགས། པུན་ཞི་ཧུ་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
024
རླངས་འཁོར་ཚབ་ཨང་།
ལིའོ(辽)E
སྦྲག་སྲིད་ཨང་རྟགས།
117000
སྲིད་འཛིན་ཚབ་ཨང་།
210502
1 ངོ་སྤྲོད་མདོར་བསྡུས།

ཕིང་ཧྲན་ཆུས་ནི་ལིའོ་ཉིང་ཞིང་ཆེན་པུན་ཞི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ལིའོ་ཉིང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ལིའོ་ཏུང་ཕྱེད་གླིང་གི་དབུས་སུ་གནས་ཡོད། དེ་ནི་པུན་ཞི་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚོང་དོན་བཅས་ཀྱི་ལྟེ་གནས་ཡིན།

ཕིང་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང་དགུ་ཡོད་པ་དེའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ177ཡོད་པ་དང་དེས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་གྱི2.1%བཟུང་བའི་ནང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ17ཡོད་པ་དེས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁུལ་རྒྱ་ཁྱོན་གྱི24.6%བཟུང་བ་དང་མི་འབོར་ཁྲི36.1(སྤྱི་ལོ2007ལོ)ཡོད།

སྤྱི་ལོ2007ལོར་ཆུས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར27.21ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2006ལོ་དང་བསྡུར་ན25.4%འཕར་ཡོད། ཐའེ་ཧུ་ཆུས་སུ་ཕིན་ཏིན་རི་བོ་དང་ཝང་ཞི་སྤྱི་གླིང་སོགས་སྐད་གྲགས་ཆེ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཡོད།                      

2 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་དྲུག་པ་སྤྱི་ལོ1948ལོའི་ཟླ10ཚེས30ཉིན། པུན་ཞི་བཅིངས་འགྲོལ་བཏང་རྗེས། ལོ་དེའི་ཟླ11ཚེས2ཉིན་ཀུང་ཡོན་ཆུས་ཨུ་དང་ཆུས་སྲིད་གཞུང་བཙུགས།

སྤྱི་ལོ1955ལོའི་ཟླ12པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་པུན་ཞི་གྲོང་ཁྱེར་གྱི་འཆར་འགོད་འཆར་གཞི་དངོས་སུ་ལག་བསྟར་བྱས་པ་དང་། ཀུང་ཡོན་ཆུས་དང་ཚའེ་ཐུན་ཆུས་གཉིས་ཟླ་བསྒྲིལ་བཏང་ནས་ཕིང་ཧྲན་ཆུས་བཙུགས། སྐབས་དེར་ཕིང་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་སྲང་ལམ་དོན་གཅོད་ཁང12དང་གྲོང་ཚོའི་སྲིད་གཞུང10ཡོད།

སྤྱི་ལོ1957ལོའི་ཟླ7པར། སྲང་ལམ་དོན་གཅོད་ཁང12དེ་ཡང་ནན་ཏི་དང་པེ་ཏི། ཀུང་རེན། ཕིང་ཧྲན། མིང་ཧྲན། ཧྲུའུ་ཀོང་། ཚུའེ་ཏུང་། ཚའེ་ཐུན། ཧྲུའུ་ཅིན། ཚའེ་པེ་སྲང་ལམ་དོན་གཅོད་ཁང་དུ་ལེགས་སྒྲིག་བྱས།

སྤྱི་ལོ1958ལོར་མཆོང་སྐྱོད་ཆེན་པོའི་དུས་སྐབས་སུ་སྔ་རྗེས་སུ་མི་དམངས་ཀུང་ཧྲེ་བཙུགས།

སྤྱི་ལོ1968ལོའི་ཟླ7པར་ཕིང་ཧྲན་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དེའི་ཁོངས་སུ་ཀུང་ཧྲེ་གསར་བརྗེ་ཨུ་ཡོན་ལྷན་ཁང7ཡོད།

སྤྱི་ལོ1979ལོའི་ཟླ1པོར། ཀུང་ཧྲེའི་གསར་བརྗེ་ཨུ་ཡོན་ལྷན་ཁང7སྲང་ལམ་དོན་གཅོད་ཁང7དུ་བསྒྱུར།

སྤྱི་ལོ1983ལོའི་ཟླ9པར་ཕིང་ཧྲན་ཆུས་སུ་སླར་ཡང་ཁྲོམ་གཞུང་དོན་གཅོད་ཁྲུའུ8གསར་དུ་བསྣན་ནས་ད་བར་ལྗོངས་ཡོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ15ཡོད།

སྤྱི་ལོ1985ལོའི་ཟླ1པོར། གྲོང་ཁྱེར་ཡོངས་ཀྱིས་བསྐྱར་དུ་ཁུལ་བགོས་ནས་ལེགས་སྒྲིག་བྱས་ཏེ། སྔོན་གྱི་མཁར་གསུམ་དེ་མཁར་ཁུལ་བཞི་རུ་དབྱེ་སྟེ། ཕིང་ཧྲན་ཆུས་དང་མིང་ཧྲན་ཆུས། ཞི་ཧུའུ་ཆུས། ནན་ཧྥུན་ཆུས་བཅས་ཡིན། ས་ཁུལ་བསྐྱར་དུ་བགོས་རྗེས། ཕིང་ཧྲན་ཆུས་ཀྱི་མངའ་འོག་ཏུ་ནན་ཏི་དང་ཀུང་རེན། ཆན་ཅིན། ཧྥུའུ་ཅིན། ཀོང་མིང་། ཕིང་ཧྲན། ཏུང་མིང་། ཚུའེ་ཏུང་། ཀྲན་ཀྲེན་བཅས་སྲང་ལམ་དོན་གཅོད་ཁང9དང་ཆའོ་ཐོའུ་ཤང་ཡོད།

སྤྱི་ལོ1986ལོར་ཞིང་ཆེན་སྲིད་གཞུང་གིས་མོས་མཐུན་བྱས་པ་བརྒྱུད་ཆའོ་ཐོའུ་ཤང་དེ་ཆའོ་ཐོའུ་གྲོང་རྡལ་དང་པེ་ཐའེ་གྲོང་རྡལ་དུ་དབྱེ་ཡོད།

སྤྱི་ལོ2000ལོའི་ཟླ6པར་ཁྲོམ་གཞུང་དོན་གཅོད་ཁྲུའུ9དེ་ཁྲོམ་གཞུང་དོན་གཅོད་ཁྲུའུ7རུ་ཟླ་བསྒྲིལ་དུ་བཏང་། དེ་དག་ནི་ཀྲན་ཆན་དང་། ཚུའེ་ཏུང་། ཏུང་མིང་། ཕིང་ཧྲན། ཀུང་རེན། ནན་ཏི། ཆན་ཅིན་བཅས་ཡིན།

སྤྱི་ལོ2002ལོའི་ཟླ1པོར། རྒྱལ་ཁབ་ཀྱིས“གྲོང་གསེབ་ནས་གྲོང་རྡལ་དུ་ཟླ་བསྒྲིལ་བཏང་བ་དང་། པེ་ཐའེ་གྲོང་རྡལ་ནས་པེ་ཐའེ་སྲང་ལམ་དོན་གཅོད་ཁང་དུ་བསྒྱུར།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2013ལོའི་བར་ཕིང་ཧྲན་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང9དང་སྡེ་ཁུལ71དང་གྲོང་ཚོ14ཡོད། དེ་དག་ནི་ཏུང་མིང་ཁྲོམ་གཞུང་དང་། ཀྲན་ཆན་ཁྲོམ་གཞུང་། ཚུའེ་ཏུང་ཁྲོམ་གཞུང་། ཀུང་རེན་ཁྲོམ་གཞུང་། ནན་ཏི་ཁྲོམ་གཞུང་། ཕིང་ཧྲན་ཁྲོམ་གཞུང་། ཆན་ཅིན་ཁྲོམ་གཞུང་། པེ་ཐའེ་ཁྲོམ་གཞུང་། ཆའོ་ཐོའུ་ཁྲོམ་གཞུང་བཅས་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཕིང་ཧྲན་ཆུས་ནི་ལིའོ་ཉིང་ཞིང་ཆེན་པུན་ཞི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ལིའོ་ཉིང་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ལིའོ་ཏུང་ཕྱེད་གླིང་གི་དབུས་སུ་གནས་ཡོད།

4_2 ནམ་ཟླ།

ཕིང་ཧྲན་ཆུས་ནི་བྱང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་ནམ་ཟླ་ཡིན་པ་དང་། ཆེས་མཐོ་བའི་དྲོད་ཚད38℃ལ་སླེབས་ཐུབ་ལ། ཆེས་དམའ་བའི་དྲོད་ཚད་ནི་ཀླད་ཀོར་འོག་གི37℃ཡིན། སད་མེད་དུས་ནི་ཉིན་བརྒྱ་དང་བཞི་བཅུ་ཡས་མས་ཡིན་པ་དང་། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི800ཡན་ཡིན། དར་པ་ཆགས་པའི་དུས་ནི་ཉིན120ཙམ་ཡིན། དབྱར་དུས་དྲོ་ཞིང་ཆར་ཆུ་མང་ལ། དགུན་དུས་གནམ་གཤིས་གྲང་།

5 མི་འབོར་དང་མི་རིགས།

སྤྱི་ལོ2007ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་དུད་ཚང་བསྡོམས་འབོར་ཁྲི12.08ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི36.1ཟིན་ཡོད། ཆུས་ཡོངས་ཀྱི་ཞིང་ལས་མི་འབོར16938ཡོད་པ་དེ་སྤྱི་ལོ2006ལོ་ལས་མི234ཉུང་དུ་ཕྱིན་ཡོད། ཆུས་ཡོངས་སུ་ཁྱོན་སྐྱེས་པའི་མི་འབོར1702ཐོ་འགོད་བྱས་པ་དང་སྐྱེས་ཚད4.74‰ཟིན་པ་དེ་སྤྱི་ལོ2006ལོ་ལས་སྟོང་ཆའི0.24འཕར་བ་དང་། མི1035ཤི་བ་དང་ཤི་ཚད2.88%ཟིན་པ་དེ་སྤྱི་ལོ2006ལོ་ལས་སྟོང་ཆའི0.45ཆག་ཡོད། རང་བྱུང་འཕར་ཚད1.86%ཡིན་པ་དེ་སྤྱི་ལོ2006ལོ་ལས་སྟོང་ཆའི0.69འཕར་ཡོད། ཞིང་ཆེན་ནང་ཁུལ་དུ་མི1247སྤོས་པ་དང་། ཞིང་ཆེན་ཕྱི་ནས་མི8892སྤོས་ཡོད། ཞིང་ཆེན་ནང་ཁུལ་གྱི་མི1314གནས་སྤོར་བ་དང་། ཞིང་ཆེན་ཕྱི་ཡི་མི1048ལ་སྤར། ཕིང་ཧྲན་ཆུས་སུ་རྒྱ་རིགས་དང་། མན་ཇུ་རིགས། ཧུའེ་རིགས། སོག་རིགས། ཁྲའོ་ཞན་སོགས་མི་རིགས29འདུས་སྡོད་བྱས་ཡོད།

6 དཔལ་འབྱོར།
6_1 ཕྱོགས་བསྡུས།

སྤྱི་ལོ2007ལོར་ཕིང་ཧྲན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར27.21ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2006ལོ་ལས25.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རིན་ཐང་འཕར་མ་སོ་སོར་སྒོར་དུང་ཕྱུར0.7དང་། སྒོར་དུང་ཕྱུར6.1སྒོར་དུང་ཕྱུར20.42བཅས་ཡིན་པ་དེ་སོ་སོར་སྤྱི་ལོ2006ལོ་ལས8.4%འཕར་ཡོད་པ་དང་། སྤྱི་ལོ2006ལོ་ལས34.2%འཕར་ཡོད། སྤྱི་ལོ2006ལོ་ལས23.7%འཕར་ཡོད། ཐོན་ལས་ཐེངས་གསུམ་གྱི་འཕར་ཐང་གིས་ཆུས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ནི2.6:22.4:75.0ཡིན།

6_2 ཐོན་ལས་དང་པོ།

སྤྱི་ལོ2007ལོར་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.34ཟིན་པ་དེ་སྤྱི་ལོ2006ལོ་ལས20.7%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི3805ཟིན་པ་དེ་སྤྱི་ལོ2006ལོ་ལས13%འཕར་ཡོད། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི894ཟིན་པ་དེ་སྤྱི་ལོ2006ལོ་ལས13%འཕར་ཡོད། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི7966ཟིན་པ་དེ་སྤྱི་ལོ2006ལོ་ལས27.2%འཕར་ཡོད། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི87ཟིན་པ་དེ་སྤྱི་ལོ2006ལོ་ལས4.8%འཕར་ཡོད། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི663ཟིན་པ་དེ་སྤྱི་ལོ2006ལོ་ལས27.5%འཕར་ཡོད།

6_3 ཐོན་ལས་གཉིས་པ།

སྤྱི་ལོ2007ལོའི་ལོ་ཧྲིལ་པོར་ཨར་སྐྲུན་སྒྲིག་སྦྱོར་ལས་གྲྭ་ཁག31བཟུང་ནས་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི70140ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2006ལོ་ལས11.8%འཕར་ཡོད། ལོ་ཧྲིལ་པོར་ཁང་པའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི98.6ཟིན་ཡོད། ལེགས་གྲུབ་བྱུང་ཡོད་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི52.3ཟིན་ཡོད། གོང་འཇལ་ཁྲལ་དངུལ་སྒོར་ཁྲི5416བཏང་ནས་སྤྱི་ལོ2006ལོ་ལས60.8%འཕར་ཡོད། ས་ཁང་བདག་ཁོངས་ཐོན་ལས་ཀྱི་གོང་འབུལ་ཁྲལ་དངུལ་སྒོར་ཁྲི6532ཟིན་པ་དེ་སྤྱི་ལོ2006ལོ་ལས83.4%འཕར་ཡོད།

6_4 ཐོན་ལས་གསུམ་པ།

སྤྱི་ལོ2007ལོར་ཆུས་ཡོངས་སུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར48.79ཟིན་པ་དེ་སྤྱི་ལོ2006ལོ་ལས16.4%འཕར་ཡོད། ཆུས་ཡོངས་སུ་རིགས་ཁག་གི་ཚོང་འདུས་ཁྲོམ་ར33ཡོད་པ་དང་ལོ་ཧྲིལ་པོར་ཚོང་ཟོག་ཉོ་ཚོང་ཁྲོམ་རའི་ཚོང་འགྲིག་ཚད་སྒོར་དུང་ཕྱུར9.16ཟིན་པ་དེ་སྤྱི་ལོ2006ལོ་ལས18.6%འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོའི་བྱ་གཞག

སྤྱི་ལོ2007ལོའི་བར་ཆུས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་སློབ་གྲྭར་ཞུགས་ཚད100%དང་། ལོ་དགུའི་འོས་འགན་སློབ་གསོ་ལེགས་གྲུབ་བྱུང་ཚད100%ཡིན། ཆུས་ཡོངས་ཀྱི་སློབ་ཆུང་དུ་སློབ་མཚམས་འཇོག་ཚད་ཀླད་ཀོར་བཅས་ཡིན་པ་དང་སློབ་འབྲིང་གི་སློབ་མཚམས་འཇོག་ཚད་ཐོག་མཐའ་བར་གསུམ་དུ0.03%ནང་ཚུན་དུ་ཚོད་འཛིན་བྱས་ཡོད། ཆུས་ཡོངས་སུ་སློབ་འབྲིང11དང་སློབ་ཆུང21དང་བུ་བཅོལ་ཁང82བཅས་ཡོད། ཆུས་ཡོངས་ཀྱི་དགེ་རྒན་དང་ལས་བཟོ་ཁྱོན2554ཡོད། ཆུས་ཡོངས་སུ་སློབ་གྲྭར་ཡོད་པའི་སློབ་མ24082ཡོད་པའི་ནང་སློབ་འབྲིང་གི་སློབ་མ8585དང་སློབ་ཆུང་གི་སློབ་མ15497ཡོད། བུ་བཅོལ་ཁང་དུ་བྱིས་པ8617ཡོད།

7_2 རིག་གནས་ལས་དོན།

སྤྱི་ལོ2007ལོར་ལོ་ཧྲིལ་པོར་འགྲེམས་སྟོན་ཐེངས11གཉེར་བ་དང་། རིག་རྩལ་འཁྲབ་སྟོན་ཐེངས50ལྷག་ཙམ་སྒྲིག་འཛུགས་བྱས། གསོ་སྦྱོང་འཛིན་གྲྭ་ཐེངས320གཉེར། ལོ་མཇུག་ཏུ་སྤྱི་པའི་དཔེ་མཛོད་ཁང1ཡོད་པ་དང་། ཉར་ཚད་ཁྱོན་བསྡོམས་ཁྲི2ཡོད།

7_3 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2007ལོའི་ལོ་མཇུག་ཏུ་ཕིང་ཧྲན་ས་ཁུལ་དུ་འཕྲོད་བསྟེན་ལས་ཁུངས10དང་། རིགས་མི་འདྲ་བའི་འཕྲོད་བསྟེན་ལག་རྩལ་མི་སྣ158ཉལ་ཁྲིའི་གྲངས་ཀ101བཅས་ཡོད། ལོ5མན་གྱི་བྱིས་པའི་ཤི་ཚད8.41%ཡིན་པ་དང་། ཕྲུ་གུ་དམར་འབྱར་ཤི་ཚད6.73%ཡིན། སྦྲུམ་མ་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད100%ཡིན།

7_4 ཚན་རིག་ལས་དོན།

སྤྱི་ལོ2007ལོའི་ལོ་མཇུག་བར་ཕིང་ཧྲན་ཆུས་ཀྱི་ཆེད་ལས་ལག་རྩལ་མི་སྣ་སྣ་ཚོགས2704ཡོད་པའི་ནང་ཞིང་ལས་ལག་རྩལ་མི་སྣ43ཡོད། ལོ་ཧྲིལ་པོར་ཚན་རྩལ་འཆར་གཞིའི་རྣམ་གྲངས15སྒྲིག་བཟོ་བྱས་པ་དང་། ཚན་རྩལ་རྣམ་གྲངས13ལག་བསྟར་བྱས་པ་དེས་ལོ་དེའི་འཆར་གཞིའི86.67%ཟིན་ཡོད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་ཀྱི་ཚད་གྲངས32རེ་ཞུ་བྱས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-20

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།