ལུང་ཆོན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་ཆོན་གྲོང་ཁྱེར།
ལུང་ཆོན་གྲོང་ཁྱེར། དེ་ནི་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཀྲེ་ཅང་ཞིང་ཆེན་ལྷོ་ནུབ་རྒྱུད་ཀྱི་ཀྲེ་ཅང་དང་ཧྥུའུ་ཅན། ཅང་ཞི་གསུམ་གྱི་མཐའ་མཚམས་སུ་ཆགས་ཡོད་པ་དང་། ས་ཁམས་གནས་ཚད་ཀྱི་འཕྲེད་ཐིག་བྱང་མའི27°42'~28°20'དང་། ཤར་གྱི་གཞུང་ཐིག118°42'~119°25' བར་ཡིན་པ་རེད། ཤར་ངོས་ཝུན་ཀྲོའུ་ཡི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ནུབ་ངོས་ཝུའུ་དབྱི་ཧྲན་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཡུལ་སྐོར་ཁུལ་དང་འབྲེལ་ཞིང་། ཀྲེ་ཅང་ཞིང་ཆེན་ནས་ཅང་ཤིས་དང་ཧྥུའུ་ཅན་དུ་སྐྱོད་པའི་བགྲོད་ལམ་གཙོ་བོ་ཞིག་ཡིན་ཞིང་། གནའ་ནས་ད་ལྟའི་བར། ཞིང་ཆེན་འདི་གསུམ་གྱི་ཉེ་འབྲེལ་ས་ཁུལ་གྱི་ཚོང་དོན་གྲོང་རྡལ་གལ་ཆེན་ཞིག་རེད། ལུང་ཆོན་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3059ཡོད་པ་དང་། དེའི་ཁོངས་སུ་སྲང་ལམ4དང་། གྲོང་རྡལ8ཡུལ་ཚོ7བཅས་ཡོད་པ་དང་། མི་གྲངས་ཁྲི29ཡོད། ལུང་ཆོན་གནའ་སྔ་མོ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དར་རྒྱས་བྱུང་བ་ནི་གྲགས་ཅན་གྱི་རྫས་སྔོན་གྱི་རྒྱལ་ས་དང་། རལ་གྲིའི་རྒྱལ་ཕྲན་ཡིན་པ་མ་ཟད། ད་དུང་འཛམ་གླིང་གི་ཤ་མོ་འདེབས་འཛུགས་ཀྱི་འབྱུང་གནས་དང་ཀྲུང་ཧྭའི་ཀོ་ཤའི་ཕ་ཡུལ་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་ཁྱབ་ཚད84.2%ཟིན་པ་དང་རྒྱལ་ཁབ་རིམ་པའི་སྣོད་བཅུད་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་སྣོད་བཅུད་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན་སྐྱེད་ཚལ་གྲོང་ཁྱེར་བཅས་ཡིན་པས“ཁྲུའུ་ཀྲོའུ་ཡི་རྫོང་བཅུ་ལས་ལུང་ཆོན་བཟང”ཞེས་བརྗོད་ཀྱི་ཡོད། སྤྱི་ལོ2017ལོའི་ཟླ6པར། ལུང་ཆོན་གྲོང་ཁྱེར་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་ཞེས་མིང་བཏགས་པ་རེད། སྤྱི་ལོ2017ལོའི་ཟླ7པར། ལུང་ཆོན་གྲོང་ཁྱེར་དེ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ནང་བཅུག་ཡོད། སྤྱི་ལོ2018ལོའི་ཟླ11པར། ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྟོན་གྲངས་ཀྱི་མདུན་གྲལ100ཡི་ནང་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
龙泉
མི་འབོར།
ཁྲི29(སྤྱི་ལོ2017)ཡོད།
ཕྱི་ཡིག་གི་མིང་།
Longquan
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3059ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
ཡུལ་སྐད།
ཝུའུ་སྐད།
མངའ་ཁོངས།
སྲང་ལམ4དང་། གྲོང་རྡལ8ཡུལ་ཚོ7ཡོད།
གནས་ཡུལ།
ཀྲེ་ཅང་ཞིང་ཆེན་ལྷོ་ནུབ་རྒྱུད།
ས་ཁོངས་ཁ་པར་ཨང་རྟགས།
0578
རླངས་འཁོར་ཚབ་ཨང་།
浙K
སྦྲག་སྲིད་ཨང་རྟགས།
323700
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
331181
1 ལོ་རྒྱུས་ཀྱི་འཕེལ་རིམ།

ས་འོག་ནས་ཐོན་པའི་རིག་དངོས་ལས། རྡོ་ཆས་གསར་མའི་དུས་རབས་སུ་ལུང་ཆོན་ས་ཆར་མིའི་རིགས་ཀྱི་བྱེད་སྒོ་ཡོད་པ་ར་འཕྲོད་བྱུང་ཡོད།

ཅིན་ཤར་མའི་ཉིང་ཡོན་ཁྲི་ལོ་དང(སྤྱི་ལོ323)པོར། ཡུང་ཅ་ཅུན་སུང་དབྱང་རྫོང་གི་ཁོངས་སུ་གཏོགས་ཤིང་། ལུང་ཡོན་ཡུལ་ཚོ་བཙུགས་པ་རེད།

སྤྱི་ལོ1949ལོའི་ཟླ5པའི་ཚེས13ཉིན། ལུང་ཆོན་བཅིངས་འགྲོལ་བཏང་། སྤྱི་ལོ1958ལོའི་ཟླ11པར། ཆིང་ཡོན་རྫོང་དང་ཟླ་སྒྲིལ་བཏང་། སྤྱི་ལོ1973ལོའི་ཟླ7པར། ཆིང་ཡོན་རྫོང་བསྐྱར་འཛུགས་བྱས་པ་དང་སྤྱི་ལོ1975ལོའི་ཟླ8པར་ལུང་ཆིང་རྫོང་གཉིས་ཀྱིས་ཡན་ལག་ལས་ཁུངས་བགོས་ཏེ་གཞུང་དོན་བསྒྲུབས། སྤྱི་ལོ1990ལོའི་ཟླ12པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ལུང་ཆོན་རྫོང་མེད་པར་བཟོས་ཏེ་ལུང་ཆོན་གྲོང་ཁྱེར(རྫོང་རིམ་པ)བཙུགས་ཤིང་། སྔར་བཞིན་ལི་ཧྲུའེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2014ལོའི་བར། ལུང་ཆོན་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྲང་ལམ4དང་། གྲོང་རྡལ8 ཡུལ་ཚོ7(མི་རིགས་ཡུལ་ཚོ1ཚུད་པ)སྟེ། ལུང་ཡོན་སྲང་ལམ་དང་། ཤིས་ཅེ་སྲང་ལམ་། ཅན་ཁྲི་སྲང་ལམ་། ཐ་ཧྲི་སྲང་ལམ་བཅས་དང་། པ་ཏུའུ་གྲོང་རྡལ་དང་། ཧྲང་ཡང་གྲོང་རྡལ། ཞའོ་མེ་གྲོང་རྡལ། ཁྲ་ཐེན་གྲོང་རྡལ། ཕིང་ནན་གྲོང་རྡལ། ཨན་རེན་གྲོང་རྡལ། ཅིན་ཤིས་གྲོང་རྡལ། ཀྲུའུ་ལུང་གྲོང་རྡལ་བཅས་ཡིན་པ་དང་། ལན་ཅུས་ཡུལ་ཚོ་དང་པའོ་ཞི་ཡུལ་ཚོ། ལུང་ནན་ཡུལ་ཚོ། ཏའོ་ཐའེ་ཡུལ་ཚོ། ཡན་ཀྲང་ཡུལ་ཚོ། ཁྲེང་པེ་ཡུལ་ཚོ། ཀྲུའུ་ཡང་ཧྲེ་རིགས་ཡུལ་ཚོ། གྲོང་ཁྱེར་སྲིད་གཞུང་ནི་ཞན་ལེང་ལམ་ཨང333པར་གནས་ཡོད་དོ།།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ལུང་ཆོན་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཀྲེ་ཅང་ཞིང་ཆེན་ལྷོ་ནུབ་རྒྱུད་ཀྱི་ཀྲེ་ཅང་དང་ཧྥུའུ་ཅན། ཅང་ཞི་གསུམ་གྱི་མཐའ་མཚམས་སུ་ཆགས་ཡོད་པ་དང་། ས་ཁམས་གནས་ཚད་ཀྱི་འཕྲེད་ཐིག་བྱང་མའི27°42'~28°20'དང་། ཤར་གྱི་གཞུང་ཐིག118°42'~119°25' ཤར་ངོས་ཝུན་ཀྲོའུ་ཡི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ནུབ་ངོས་ཝུའུ་དབྱི་ཧྲན་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཡུལ་སྐོར་ཁུལ་དང་འབྲེལ་ཞིང་། ཀྲེ་ཅང་ཞིང་ཆེན་ནས་ཅང་ཤིས་དང་ཧྥུའུ་ཅན་དུ་སྐྱོད་པའི་བགྲོད་ལམ་གཙོ་བོ་ཞིག་ཡིན་ཞིང་། གནའ་ནས་ད་ལྟའི་བར། ཞིང་ཆེན་འདི་གསུམ་གྱི་ཉེ་འབྲེལ་ས་ཁུལ་གྱི་ཚོང་དོན་གྲོང་རྡལ་གལ་ཆེན་ཞིག་རེད།

3_2 ས་དབྱིབས་རྣམ་པ།

ལུང་ཆོན་གྲོང་ཁྱེར་ནི་ཞིང་ཆེན་ནང་ཁུལ་གྱི་ས་བབ་མཐོ་ཤོས་ཀྱི་རི་ཁུལ་གྱི་ས་དབྱིབས་ས་ཁོངས་ཀྱི་གྲས་ཤིག་ཡིན་ཞིང་། ཤར་ལྷོ་དང་ནུབ་བྱང་རྒྱུད་ཀྱི་རི་རྒྱུད་མུ་འབྲེལ་ཡིན་པ་དང་། ལུང་ཆོན་ཆུ་ཕྲན་ནི་ལྷོ་ནུབ་ནས་བྱང་ཤར་དུ་དབུས་རྒྱུད་དུ་ཁྱབ་པ་དང་། རི་ཚོགས་དང་མཉམ་གཤིབ་ཀྱིས་ལུང་གཞུང་དུ་ཁྱབ་པ་རེད། ནུབ་བྱང་ནི་ཞན་ཞ་ལིང་རི་རྒྱུད་ཡིན། དེའི་རི་རྩེ་གཙོ་བོ་ནི་ལུང་ཆོན་དང་སུའེ་ཁྲང་བར་གྱི་ཅིའུ་ལུང་རི་བོ་ཡིན་པ་དང་། ས་བབ་མཐོ་ཚད་སྨི1724ཡོད་པ་དང་། ཤར་ལྷོའི་རྒྱུད་ནི་ཏུང་ཀུང་རི་རྒྱུད་ཡིན་པ་དང་། དེའི་རི་རྩེ་གཙོ་བོ་ནི་ལུང་ཆོན་མངའ་ཁོངས་ཀྱི་ཧྥེང་དབྱང་ཧྲན་ཧོང་མའོ་ཅན་ཡིན་པ་དང་། ས་བབ་མཐོ་ཚད་སྨི1929ཡོད་ཅིང་། ཅང་ཞི་དང་ཀྲེ་ཅང་གི་རི་བོ་ཨང་དང་པོ་ཡིན། དབུས་ཁུལ་ནི་ལུང་ཆོན་ཆུ་ཕྲན་གྱི་གཞོང་ས་ཆེ་ཆུང་མི་འདྲ་བ་སྟེ། དཔེར་ན་ཨན་རེན་དང་། ལུང་ཡོན། ཁྲ་ཐེན། ཞའོ་མེ། པ་ཏུའུ་སོགས་ལྟ་བུ་དང་། ལུང་ཡོན་གྲོག་རོང་གཤོང་ས་ཆེ་ཤོས་ལ་སྤྱི་ལེ་གྲུ་བཞི་མ་14ཙམ་ཡོད། གཞན་ཡང་ས་ཁོངས་ནང་གི་ས་དབྱིབས་ཁྲོད་རི་བོ་དམའ་མོ་དང་འབྲིང་གྲས་ཀྱིས་སྤྱིའི་རྒྱ་ཁྱོན་གྱི69.17%བཟུང་བ་དང་། རི་མ་ཐང་དང་གཤོངས་སས27.92%བཟུང་བ། ལུང་གཞུང་དང་བདེ་ཐང་གིས་2.91%བཟུང་བ་བཅས་བྱས་པས“རི་བོ་མང་ཤོས་ཆུ་དང་ཞིང་གིས་བརྒྱན”ཞེས་བརྗོད་ཀྱི་ཡོད།

3_3 ནམ་ཟླ།

ལུང་ཆོན་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་། དྲོ་ཞིང་བཞའ་ཚན་ཆེ་བ་དང་། དུས་བཞི་གསལ་བ་དང་། ཆར་ཆུ་འབེལ་བ། གནམ་གཤིས་འཕྲོད་པོ་བཅས་ཡིན། རི་བོ་འབར་འབུར་ཡིན་པ་དང་། གནམ་གཤིས་དྲང་འཕྱང་གི་འགྱུར་ལྡོག་ཆེ་བ་དང་། ས་བབ་མཐོ་ཚད་སྨི800མན་གྱི་ས་ཁོངས་ནི་གྲང་ཞིང་ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ས་བབ་མཐོ་ཚད་སྨི800ཡན་གྱི་རི་ཁུལ་ནི་དྲོད་ཁུལ་གྱི་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་རེད། དཔྱིད་དུས་དྲོ་རུ་འགྲོ་བ་སྔ་བ་དང་། དཔྱིད་མཇུག་དབྱར་སྟོད་དུ་སོས་ཆར་དང་དྲག་ཆར་འབབ་པ། དབྱར་དུས་ཚ་བ་ཆེ་བ་དང་ཐན་པ་བསྟན་པ། སྟོན་དུས་དྲོད་ཚད་ཆག་འགོར་བ། དགུན་དུས་སད་རྒྱག་པའི་དུས་ཚོད་ཐུང་བ། ལོ་ཧྲིལ་པོའི་ལོ་ཏོག་སྐྱེ་ཡུན་རིང་བ་བཅས་ཡཡིན། ལོ་རེའི་ཆ་སྙོམས་དྲོད་ཚད17.6℃ཡིན་པ་དང་། ཟླ7པའི་ཆ་སྙོམས་དྲོད་ཚད27.9℃ཡིན་པ་རེད། ཟླ་དང་པོའི་ཆ་སྙོམས་དྲོད་ཚད6.5℃ཡིན་པ་དང། ཐལ་དྲགས་པའི་དྲོད་ཚད་མཐོ་ཤོས40.7℃ཡིན་པ་དང་། ཐལ་དྲགས་པའི་དྲོད་ཚད་དམའ་ཤོས-8.5℃ཡིན་པ་རེད། ལོ་ཧྲིལ་པོར་ཆ་སྙོམས་དྲོད་ཚད35℃ལས་ཆེ་བའམ་མཚུངས་པའི་ཉིན་གྲངས29.4ཡིན། ལོ་ཧྲིལ་པོར་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ10ཟིན་པའི་དྲོད་ཚད5572.6℃ཟིན་པ་དང་། ལོ་རེའི་ཉི་འོད་ཕོག་ཚད་ཆུ་ཚོད1849.8ཟིན་པ་དང་། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1699.4ཟིན་པ་རེད། ལོ་རེའི་བལྟོས་བཅས་ཀྱི་བཞའ་ཚན79%ཟིན་པ་དང་། སད་མེད་དུས་ཡུན་ཉིན263ཡིན་པ་བཅས་རེད།

4 རང་བྱུང་ཐོན་ཁུངས།
4_1 ཆུའི་ཐོན་ཁུངས།

ལུང་ཆོན་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ལོ་མང་རིང་ཆ་སྙོམས་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར35.98ཟིན་པ་དང་མི་རེར་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི་མ13083ཟིན་པ་དེ་ཆུ་བོ་རྒྱས་པའི་ཚད་གཞིའི(སྨི་རྒྱ་དཔངས་གྲུ་བཞི་མ3000)ལྡབ4.3ཡིན་པ་དང་ཀྲེ་ཅང་ཞིང་ཆེན་གྱི་མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་ཀྱི་ལྡབ6.2ཡིན་པ་རེད།

4_2 སྲོག་ཆགས་ཀྱི་ཐོན་ཁུངས།

ལུང་ཆོན་གྲོང་ཁྱེར་ལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ཁྱོན་སྣ་ཁ1600ལྷག་ཙམ་ཡོད་པའི་ནང་སྲོག་ཆགས་རིགས་ཀྱི་སྣ་ཁ8དང་། ཚན་ཁག22རིགས50ཡོད་པ་དང་། འདབ་ཆགས་རིགས12ཚན་31 ཚན་པ100ལྷག་ཙམ་ཡོད་པ་དང་། གོག་འགྲོའི་རིགས50ལྷག་ཡོད། སྐམ་ཆུ་གཉིས་འཚོའི་རིགས20ལྷག་ཙམ། ཉ་རིགས80ལྷག འབུ་སྲིན་རིགས་ཀྱི་སྡེ16དང་སྡེ113 ཚན11300ཡོད། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་ཁོངས་སུ་བཅུག་པ་དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས5ཡོད་པ་རེད།

4_3 རྩི་ཤིང་གི་ཐོན་ཁུངས།

ལུང་ཆོན་གྲོང་ཁྱེར་ནི་ཀྲེ་ཅང་ཞིང་ཆེན་གྱི་གཙོ་གནད་ནགས་ཁུལ་ཞིག་ཡིན་པས“ཀྲེ་ཅང་ལྷོ་རྒྱུད་ཀྱི་ནགས་མཚོ”ཞེས་འབོད་སྲོལ་ཡོད། ལུང་ཆོན་ནི་ཚ་ཁུལ་དབུས་མ་དང་ཚ་ཁུལ་ཕལ་བའི་ས་ཁུལ་དུ་གནས་པ་དང་། སྐྱེ་དངོས་ནི་ཧྭ་ཤར་གྱི་རྩི་ཤིང་གི་ཁོངས་སུ་གཏོགས་ཤིང་། ནགས་ཚལ་གྱི་སྔོ་ཁེབས་ལ་ཚ་ཁུལ་དབུས་མ་དང་། རྒྱུན་ལྗང་གི་ལོ་མ་ཆེ་བའི་ནགས་ཚལ་གྱི་ཁྱད་ཆོས་ལྡན་པ་དང་། ཚ་ཁུལ་དབུས་མའི་ས་ཁུལ་གྱི་གྲུབ་ཆ་མང་ཤོས་ཡིན་པ་དང་། ཚ་ཁུལ་དང་དྲོད་རྒྱུད་ས་ཁུལ་གྱི་གྲུབ་ཆ་ཡང་ཁྱབ་ཚུལ་ངེས་ཅན་ཡོད།

5 མི་འབོར་དང་མི་རིགས།
5_1 མི་འབོར།

སྤྱི་ལོ2003ལོར་ལུང་ཆོན་གྲོང་ཁྱེར་གྱི་ཁྱིམ་དུད་བསྡོམས་འབོར83893ཡོད་པ་དང་མི་གྲངས་བསྡོམས་འབོར275467ཡོད། གྲོང་ཁྱེར་ཡོངས་ཀྱི་མི་འབོར་བསྡོམས་འབོར་ནང་སྐྱེས་པ143611ཡོད་པ་དེས52.13%བཟུང་བ་དང་། བུད་མེད131856ཡོད་པ་དེས47.87%བཟུང་ཡོད། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་མིན་པའི་མི་འབོར41694ཡོད་པ་དེས་སྤྱིའི་མི་འབོར་གྱི15.14%བཟུང་བ་རེད། གྲོང་ཁྱེར་ཡོངས་ཀྱི་མི3220ཡོད་པ་དང་། སྐྱེས་ཚད11.6‰ཟིན་ནས་ཤི་བའི་མི་གྲངས1932ཡིན་པ་དང་། ཤི་ཚད7.02‰ཡིན། ལོ་ཧྲིལ་པོར་མི་འབོར1288འཕར་ནས་རང་བྱུང་འཕར་ཚད4.68‰ཟིན་ཡོད།     སྤྱི་ལོ2013ལོའི་ལོ་མཇུག་ཏུ། ལུང་ཆོན་གྲོང་ཁྱེར་གྱི་སྤྱི་བདེའི་ཐེམ་ཐོའི་མི་འབོར289336ཡོད་པ་དེ་སྤྱ་ལོ2012ལོ་ལས0.27%འཕར་བའི་ནང་སྐྱེས་པའི་མི་འབོར148623དང་བུད་མེད་མི་འབོར140713ཡོད་པ་དེས་སོ་སོར་མི་འབོར་བསྡོམས་འབོར་གྱི51.37%དང48.63%བཟུང་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར3064ཡོད་པ་དང་སྐྱེས་ཚད10.6‰ཟིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར1931ཤི་ཚད6.68‰ཟིན་པ་རེད། ལོ་ཧྲིལ་པོར་མི་འབོར1133འཕར་བ་དང་མི་འབོར་རང་བྱུང་འཕར་ཚད3.92‰ཟིན་ཡོད།

5_2 མི་རིགས།

ལུང་ཆོན་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་སྤྱི་ལོ2014ལོའི་ཟླ8པར་གནས་ཚུལ་སྤེལ་བར་གཞིགས་ན། ལུང་ཆོན་གྲོང་ཁྱེར་ལ་རྒྱ་རིགས་དང་། ཧུའེ་རིགས། མིའོ་རིགས། མན་ཇུ་རིགས། ཐུའུ་ཅ་རིགས། དབྱིས་རིགས། ཀྲོང་རིགས། ཏུང་རིགས་སོགས་གྲངས་ཉུང་མི་རིགས23ཡོད་པ་དང་གྲངས་ཉུང་མི་རིགས་9000ཙམ་ཡོད་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་མི་འབོར་གྱི3.15%ཙམ་བཟུང་ཡོད། དེའི་ནང་ཧྲེ་རིགས་ཀྱིས་གྲངས་ཉུང་མི་རིགས་མི་འབོར་གྱི98%ཡན་བཟུང་ཡོད། གྲངས་ཉུང་མི་རིགས་གྲོང་ཁྱེར་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ17གྱི་སྲིད་འཛིན་གྲོང་ཚོ174ལ་ཁྱབ་ནས་ཁ་ཐོར་ཆེ་བ་དང་འདུས་སྡོད་ཆུང་བའི་ཁྱད་ཆོས་སུ་གྱུར་ཡོད་པ་དང་། གཙོ་བོ་རང་བྱུང་གྲོང་ཚོ390རུ་འདུས་སྡོད་བྱས་ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱི30%ཡན་ཟིན་པའི་སྲིད་འཛིན་གྲོང་ཚོ14ཡོད་པ་དང་། མི་འབོར་གྱི10 %ཡན་ཟིན་པའི་སྲིད་འཛིན་གྲོང་ཚོ24(མི་རིགས་གྲོང་ཚོ་14ཚུད་ཡོད་)ཡོད། མི་རིགས་ཡུལ་ཚོ(ཀྲུའུ་དབྱི་ཧྲེ་རིགས་ཡུལ་ཚོ)ཞིག་བཙུགས་ཡོད་པ་དང་། ཡུལ་ཚོ་ཡོངས་སུ་མི7674ཡོད། དེའི་ནང་ཧྲེ་རིགས་མི་འབོར2347ཡོད་པ་དེས30.6%ཟིན་ཡོད།

6 དཔལ་འབྱོར།

སྤྱི་ལོ2013ལོར། ལུང་ཆོན་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར95.89ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2012ལོ་ལས11.2%འཕར་བ་དང་འཕར་ཚད་དེ་ལི་ཧྲུའེ་ཡི་རྫོང(གྲོང་ཁྱེར་དང་ཆུས)9ཡི་ཨང་དང་པོར་སླེབས་ནས་ལི་ཧྲུའེ་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས2ཀྱིས་མཐོ་བ་ཡོད་པ་རེད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སོ་སོར་འཕར་ཐང་སྒོར་དུང་ཕྱུར12.29དང་། སྒོར་དུང་ཕྱུར45.47དང་། སྒོར་དུང་ཕྱུར38.13བཅས་མངོན་འགྱུར་བྱུང་བ་དེ་སྤྱི་ལོ2012ལོ་ལས3.7%དང་། 14.0% 10.4%བཅས་སོ་སོར་འཕར་ནསGDPལ་ལེགས་སྐྱེས་འབུལ་ཚད4.3%དང་། 59.3% 36.4%བཅས་སོ་སོར་ཟིན་ཡོད། GDP0.5དང་། 6.64.1བཅས་སོ་སོར་སྐུལ་ཁྲིད་བྱས་པ་དང་། ཐོན་ལས་ཐེངས་གསུམ་ལེགས་སྒྲིག་བྱེད་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་། ཐོན་ལས་ཐེངས་གསུམ་གྱི་གྲུབ་ཆ་དེ་སྤྱི་ལོ2012ལོའི་13.4:47.2:39.4ནས12.8:47.4:39.8བར་ལེགས་སྒྲིག་བྱས་པ་བཅས་རེད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ6པར། ལུང་ཆོན་གྲོང་ཁྱེར་ལ་རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་ཞེས་མིང་བཏགས་པ་རེད།     སྤྱི་ལོ2017ལོའི་ཟླ7པར། ལུང་ཆོན་གྲོང་ཁྱེར་དེ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ནང་བཅུག་ཡོད།     སྤྱི་ལོ2018ལོའི་ཟླ11པར། ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྟོན་གྲངས་ཀྱི་མདུན་གྲལ100ཡི་ནང་ཚུད་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-21

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།