ཏུང་ཀྲི་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏུང་ཀྲི་རྫོང་།
ཏུང་ཀྲི་རྫོང་ནི་ཨན་ཧུའེ་ཞིང་ཆེན་ཁྲི་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན་ཞིང་། ཨན་ཧུའེ་ཞིང་ཆེན་གྱི་ལྷོ་རྒྱུད་དང་འབྲི་ཆུའི་སྨད་རྒྱུད་ཀྱི་ལྷོ་ངོགས་སུ་གནས་ཡོད། ས་བབ་ལྷོ་མཐོ་ལ་བྱང་ཐང་དམའ་བ་དང་། འབྲི་ཆུའི་བདེ་ཐང་དང་རི་མ་ཐང་འབྲིང་གི་ཁོངས་སུ་གཏོགས་ཤིང་། དེ་ནི་ཚ་ཁུལ་བྱང་མའི་བརླན་གཤེར་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ3261ཟིན་པ་དང་། སྤྱི་ལོ2019ལོར་རྒྱུན་སྡོད་མི་འབོར་ཁྲི49.2ཟིན་ལ། དེའི་ཁོངས་སུ་གྲོང་རྡལ12དང་ཡུལ་ཚོ3ཡོད་པ་སྟེ། ཡའོ་ཏུའུ་གྲོང་རྡལ་དང་། ཏུང་ལིའུ་གྲོང་རྡལ། ཏ་ཏུའུ་ཁོའུ་གྲོང་རྡལ། ཞང་ཡུས་གྲོང་རྡལ། ཧྲེང་ཧྲེང་གྲོང་རྡལ། ཀྲང་ཞི་གྲོང་རྡལ། དབྱང་ཧུའུ་གྲོང་རྡལ། ཀེ་ཀུང་གྲོང་རྡལ། ཀོན་ཀང་གྲོང་རྡལ། ཀྲའོ་ཐན་གྲོང་རྡལ། ལུང་ཆོན་གྲོང་རྡལ། ཉི་ཞི་གྲོང་རྡལ། མེ་ཏོག་ལྡུམ་ར་ཡུལ་ཚོ། མུ་ཐ་ཡུལ་ཚོ། ཆིང་ཧྲན་ཡུལ་ཚོ་བཅས་ཡོད། ཏུང་ཀྲེ་རྫོང་ནི་སྤྱི་ལོ1959ལོར་ཏུང་ལིའུ་དང་ཀྲི་ཏེ་རྫོང་གཉིས་ཟླ་སྒྲིལ་བཏང་ནས་བཙུགས་པ་ཞིག་ཡིན་ཞིང་། སོ་སོར་ཡིག་འབྲུ་དང་པོ་རེ་བཏགས་ནས་མིང་དེ་ལྟར་ཐོགས་པ་དང་། རྫོང་ཁོངས་སུ་ཡའོ་ཏུའུ་གཙང་པོ་དང་ཧྲུན་ཀེང་རི་བོ་ཡོད་ཅིང་། གནའ་དུས་ནས“ཡའོ་ཧྲུན་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད། དེ་སྔའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཧྲུའུ་ཐའོ། མི་རིགས་བཟོ་ལས་གསར་གཏོད་བྱེད་མཁན་ཀྲོའུ་ཞུའེ་ཤིས་ཀྱི་ཕ་ཡུལ་དང་གནའ་བོའི་མིའི་རིགས་ཀྱི་འགྱུར་རྡོ་སྔོག་འདོན་བྱ་ཡུལ་དང་རྒྱལ་སྤྱི་རིམ་པའི་འདམ་ར་གཙོ་བོའི་རང་བྱུང་སྲུང་སྐྱོང་ཁུལ་ཧྲེང་ཅིན་མཚེའུ་བཅས་ཀྱི་གནས་ཡུལ་བཅས་རེད། ཤར་ནས་རྫོང་ལ་འབྲི་ཆུའི་ཆུ་ལམ་སྟོང་སྨི85ཡོད་པ་དང་། ཟངས་ཀྱི་ལྕགས་ལམ་དགུ་པ་དང་། ཨན་ཅིང་མྱུར་བགྲོད་གཞུང་ལམ། འབྲི་ཆུའི་རྒྱུད་ཀྱི་མྱུར་བགྲོད་གཞུང་ལམ། ཤར་ནས་ཅིའུ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ། ཅི་ཀོང་མྱུར་བགྲོད་གཞུང་ལམ། རྒྱལ་ལམ206དང318 ཞིང་ཆེན་གྱི་གཞུང་ལམ5བཅས་འཕྲེད་གཞུང་དུ་བསྣོལ་ཡོད། སྤྱི་ལོ2018ལོར་ཏུང་ཀྲི་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར167.8ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས5.7%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར28.3ཟིན་ནས3.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར64.4ཟིན་ནས6.9%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར75.1ཟིན་ནས5.6%འཕར་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东至县
ཕྱི་ཡིག་གི་མིང་།
Dongzhi County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཏྭ་ཏུང་ས་ཁུལ།
མངའ་ཁོངས། 
གྲོང་རྡལ12དང་ཡུལ་ཚོ3ཡོད།
སྦྲག་སྲིད་ཨང་རྟགས།
247200
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
341721
རླངས་འཁོར་ཚབ་ཨང་།
皖R
མི་གྲངས།
ཁྲི49.2(སྤྱི་ལོ2019ལོའི་རྒྱུན་སྡོད་མི་གྲངས)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ3261ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0566
གནས་ཡུལ།
ཨན་ཧུའེ་ཞིང་ཆེན་གྱི་ལྷོ་རྒྱུད་དང་འབྲི་ཆུ་སྨད་རྒྱུད་ཀྱི་ལྷོ་འགྲམ།
མེ་འཁོར་འབབ་ཚུགས།
ཏུང་ཀྲི་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ།

སུང་རྒྱལ་རབས་བྱང་མའི་ཐའེ་ཕིན་ཞིན་གོ་ནས་ལོ་གསུམ་གྱི་རིང་ལ་ཁྲི་ཀྲོའུ་ཁྲི་དབྱང་ཅུན་དུ་བསྒྱུར་པར་མ་ཟད། ཀུའེ་ཁྲི་ཡི་ཅིན་དབྱང་ཞང་གི་དབྱི་ཏུང་ལིའུ་ཡང་བཅད་ཅིང་། སུང་རྒྱལ་རབས་གཉིས་ཀྱི་སྐབས་སུ་ཏུང་ལིའུ་དང་ཅན་ཏེ་རྫོང་གཉིས་ཀ་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་ལམ་ཁྲི་ཀྲོའུ་ཁྲི་དབྱང་ཅུན་གྱི་ཁོངས་སུ་གཏོགས།

ཡོན་རྒྱལ་རབས་ཀྱི་དུས་འགོར་ཅང་ཧོའེ་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཤིང་། ཁྲི་ལོ་ཉེར་གཅིག་པར(སྤྱི་ལོ1284)ཅང་སུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་། ཁྲི་ལོ་ཉེར་གསུམ་ལོར་ཅང་ཀྲེ་ཞིང་ཆེན་གྱི་ཁྲི་ཀྲོའུ་ལམ་གྱི་ཁོངས་སུ་གཏོགས་པ་རེད།     མིང་རྒྱལ་རབས་ཀྱི་དུས་འགོར་ཁྲི་ཀྲོའུ་སྲིད་གཞུང་གི་མངའ་འོག་ཏུ་གཏོགས།

མིང་ཧུང་ཝུའུ་ཡི་དུས་འགོར། སྔར་བཞིན་ཁྲི་ཀྲོའུ་ཧྥུ་ཞེས་པར་བསྒྱུར།

སྤྱི་ལོ1645ལོར་ཨན་ཧུའེ་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས།

ཁྲི་ལོ་བཅུ་གཅིག་པ་སྟེ་སྤྱི་ལོ1723ལོར་ལི་ཅང་གཙང་པོའི་སྤྱི་ཁྱབ་གཡུང་ཀྲེང་ཨན་ཧུའེ་ཞིང་ཆེན་གྱི་ཉིང་ཁྲི་ཐའེ་ཏའོ་རུ་གཏོགས།  

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོ)ཏུང་ལིའུ་དང་ཅན་ཏེ་རྫོང་གཉིས་ཨན་ཧུའེ་ཞིང་ཆེན་གྱི་ཐད་གཏོགས་མངའ་ཁོངས་ཡིན།

མིན་གོའི་ལོ་གསུམ་པའི(སྤྱི་ལོ1914ལོ)ཟླ6པ་ནས་མིན་གོའི་སྲིད་ལོ་བཅུ་བདུན་པའི་བར(སྤྱི་ལོ1928ལོ)ཟླ8པའི་ཟླ་མཇུག་ཏུ་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་ཏའོ་ཡི་མངའ་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་ཉེར་གཅིག་པའི(སྤྱི་ལོ1932ལོ)ཟླ10པར་ཆིའུ་ཕུའུ་རྫོང་ནས་ཏེ་རྫོང་དུ་མིང་སླར་གསོ་བྱས་པ་དང་། ཟླ་དེར་ཨན་ཧུའེ་ཞིང་ཆེན་གྱི་ཆེད་ཁུལ་བརྒྱད་པའི་ཁོངས་སུ་བསྒྱུར།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བརྒྱད་པརའི(སྤྱི་ལོ1949ལོའི)ཟླ4བའི་ཚེས22ཉིན་དང23ཉིན་གྱི་སྔ་རྗེས་སུ་རྫོང་དེ་གཉིས་བཅིངས་འགྲོལ་བཏང་བ་དང་། ལོ་དེའི་ཟླ5བའི་ཚེས13ཉིན་ཨན་ཧུའེ་ལྷོ་རྒྱུད་ཀྱི་སྲིད་འཛིན་ཀུང་ཧྲུའུ་ཁྲེ་ཀྲོའུ་ཆེད་ཁུལ་གྱི་མངའ་ཁོངས་སུ་གཏོགས།   

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་རྫོང་གཉིས་སྔར་བཞིན་ཨན་ཧུའེ་ལྷོ་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཁྲི་ཀྲོའུ་ཆེད་ཁུལ་གྱི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1953ལོའི་ཟླ2པའི་ཚེས24ཉིན་ཨན་ཧུའེ་ཞིང་ཆེན་ཨན་ཆིན་ཆེད་ཁུལ་དུ་བསྒྱུར།

སྤྱི་ལོ1959ལོའི་ཟླ5བའི་ཚེས15ཉིན། རྫོང་གཉིས་ཏུང་ཀྲི་རྫོང་དུ་ཟླ་སྒྲིལ་བཏང་ཞིང་། ཡའོ་ཏུའུ་གྲོང་རྡལ་རྫོང་མཁར་བྱས་ཤིང་། སྔར་བཞིན་ཨན་ཆིན་ཆེད་ཁུལ་དུ་གཏོགས།

སྤྱི་ལོ1965ལོའི་ཟླ7པའི་ཚེས14ཉིན་ཏུང་ཀྲི་རྫོང་ནས་ཁྲི་ཀྲོའུ་ཆེད་ཁུལ་དུ་བསྒྱུར།

སྤྱི་ལོ1971ལོའི་ཟླ3པའི་ཚེས29ཉིན་ཆེད་ཁུལ་དུ་བསྒྱུར།

སྤྱི་ལོ1980ལོའི་ཟླ1པོའི་ཚེས29ཉིན་ཨན་ཆིན་སྲིད་འཛིན་ཀུང་ཧྲུའུ་ཡི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1988ལོའི་ཟླ9བའི་ཚེས2ཉིན་ཁྲི་ཀྲོའུ་སྲིད་འཛིན་ཀུང་ཧྲུའུ་སླར་གསོ་བྱས་པ་དང་། ཏུང་ཀྲི་རྫོང་གི་མངའ་ཁོངས་ཁྲེ་ཀྲོའུ་སྲིད་འཛིན་ཀུང་ཧྲུའུ་ཡི་མངའ་ཁོངས་སུ་གཏོགས་པ་རེད།

2 སྲིད་འཛིན་ཁོངས་བགོས།   

སྤྱི་ལོ2018ལོ་བར་ཏུང་ཀྲི་རྫོང་ཁོངས་གཏོགས་སུ་གྲོང་རྡལ12དང་ཡུལ་ཚོ3ཡོད་པ་སྟེ། ཡའོ་ཏུའུ་གྲོང་རྡལ་དང་། ཏུང་ལིའུ་གྲོང་རྡལ། ཏ་ཏུའུ་ཁོའུ་གྲོང་རྡལ། ཧྲེང་ཧྲེང་གྲོང་རྡལ། ཀྲང་ཤིས་གྲོང་རྡལ། དབྱང་ཧུའུ་གྲོང་རྡལ། ཀེ་ཀུང་གྲོང་རྡལ། ཤང་ཡུས་གྲོང་རྡལ། ཀོན་ཀང་གྲོང་རྡལ། ཀྲའོ་ཐན་གྲོང་རྡལ། ལུང་ཆོན་གྲོང་རྡལ། ཉི་ཤིས་གྲོང་རྡལ། ཧྭ་ཡོན་ཡུལ་ཚོ། མུ་ཐ་ཡུལ་ཚོ། ཆིང་ཧྲན་ཡུལ་ཚོ་བཅས་རེད། ཏུང་ཀྲི་རྫོང་ནི་རྫོང་མི་དམངས་སྲིད་གཞུང་གི་ཡའོ་ཏུའུ་གྲོང་རྡལ་སྲིད་དོན་ཁུལ་གསར་དུ་ཡོད།     ཏུང་ཀྲི་རྫོང་ནི་འབྲི་ཆུའི་ལྷོ་འགྲམ་དུ་གནས་པ་དང་། འབྲི་ཆུའི་བདེ་ཐང་ཁུལ་དང་ཝན་ནན་རི་ཁུལ་གྱི་རིམ་པ་དང་པོའི་ས་དབྱིབས་ཁུལ་གཉིས་པར་གནས་ཡོད། རྫོང་གི་མངའ་ཁོངས་ཀྱི་ནུབ་བྱང་གཙང་འགྲམ་དང་ཉེ་ཞིང་། འབྲི་ཆུའི་བདེ་ཐང་ཁུལ(Iརིམ་པའི་ཁུལ)གྱི་ཝང་ཅང་གཙང་པོ་དང་། ཤར་ནས་གངས་རིའི་མཚེའུ་ཡི་བདེ་ཐང་ཁུལ་དང་། (IIརིམ་པའི་ཁུལ་བཅས་སུ་གཏོགས་པ་དང་། དེ་ལ་འབྲི་ཆུའི་ནུབ་ཀྱི་མཚེའུའི་བདེ་ཐང་ཁུལ་ཡང་ཟེར། ) དབུས་རྒྱུད་དང་ལྷོ་རྒྱུད་ནི་ཝན་ནན་རི་ཁུལ(Iརིམ་པའི་ས་ཁུལ)གྱི་ནུབ་བྱང་རྒྱུད་ཀྱི་རི་མ་ཐང(I2རིམ་པའི་ས་ཁུལ)བཅས་ཡིན།  

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཏུང་ཀྲི་རྫོང་ནི་ཨན་ཧུའེ་ཞིང་ཆེན་ཁྲི་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན་ཞིང་། ཨན་ཧུའེ་ཞིང་ཆེན་གྱི་ལྷོ་རྒྱུད་དང་འབྲི་ཆུའི་སྨད་རྒྱུད་ཀྱི་ལྷོ་ངོགས་སུ་གནས་ཡོད། ས་བབ་ལྷོ་མཐོ་ལ་བྱང་ཐང་དམའ་བ་དང་། འབྲི་ཆུའི་བདེ་ཐང་དང་རི་མ་ཐང་འབྲིང་གི་ཁོངས་སུ་གཏོགས་ཤིང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ3261ཡོད།

3_2 ནམ་ཟླ།   

ཏུང་ཀྲི་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་ནམ་ཟླར་གཏོགས་པ་དང་། ཆར་བ་དང་ཚ་བ་ཆེ་ཚད་་དུས་མཚུངས་ཡིན་ལ། ཉི་འོད་ཕོག་ཚད་ལེགས་ཤིང་ཆར་ཆུ་འབེལ་བ། ཤར་ནས་གནམ་གཤིས་དྲོ་ཞིང་བརླན་གཤེར་ཆེ་བ་དང་། དྲོད་ཚད་མཐོ་ཤོས40.2℃དང་། དྲོད་ཚད་དམའ་ཤོས-10.2℃ཡིན། སྟོན་དཔྱིད་ཅུང་ཐུང་ཞིང་། དབྱར་དགུན་ཅུང་རིང་བའི་ནམ་ཟླའི་ཁྱད་ཆོས་ལྡན།    

4 མི་འབོར། 

སྤྱི་ལོ2018ལོའི་ལོ་མཇུག་བར་ཏུང་ཀྲི་རྫོང་གི་ཐེམ་ཐོའི་མི་འབོར་ཁྲི54.9ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.1ཉུང་དུ་ཕྱིན་པ་དང་། རྒྱུན་སྡོད་མི་འབོར་ཁྲི48.9ཡོད་པ་དང་མི་ཁྲི0.8འཕར་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད10.09%ཟིན་པ་དང་། ཤི་ཚད5.41%ཟིན་པ། རང་བྱུང་གི་འཕར་ཚད4.68%ཟིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2018ལོར་ཏུང་ཀྲི་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར167.8བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས5.7%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར28.3ཟིན་ནས3.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར64.4ཟིན་ནས6.9%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར75.1ཟིན་ནས5.6%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི16.8:40.9:42.3ནས16.9:38.4:44.7བར་ལེགས་སྒྲིག་བྱས་པ་དེའི་ནང་བཟོ་ལས་འཕར་ཐང་གིསGDPཡི་བསྡུར་གྲངས་བཟུང་ཚད32.9%ཟིན་ཡོད། ལས་བཟོ་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མི་རེར་སྒོར44656ཟིན་ཡོད། མི་རེའི་ཆ་སྙོམསGDP(རྒྱུན་སྡོད་མི་འབོར་ལྟར་བརྩིས་ན)སྒོར34321ཡིན་པ་དེ་ལོ་གོང་མ་ལས་སྒོར4405འཕར་ཡོད།

སྤྱི་ལོ2018ལོར་ཏུང་ཀྲི་རྫོང་གི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར15.8ཟིན་པ་དེ་ལོ་གོང་མ་ལས6.8%འཕར་བའི་ནང་ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར9.8ཟིན་ནས7.5%མར་ཆག་ཡོད། ནོར་སྲིད་ཡོང་འབབ་ཚང་མའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར11.8ཟིན་ནས5.3%འཕར་ཡོད། ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར31.5ཟིན་ནས4.7%འཕར་ཡོད། གཙོ་གནད་གཏོང་སྒོའི་རྣམ་གྲངས་ནས་བལྟས་ན། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ7.5%ཆག་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ5.3%འཕར་བ། ཞིང་ནགས་ཆུ་གསུམ་གྱི་ལས་དོན་གཏོང་སྒོ8.4%མར་ཆག་པ། སློབ་གསོའི་གཏོང་སྒོ0.1%འཕར་ཡོད།

སྤྱི་ལོ2018ལོར་ཏུང་ཀྲི་རྫོང་གི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལོ་གོང་མ་ལས12.2%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོ14.5%འཕར་བ་དང་། ཐོན་ལས་གཉིས་པ47.6%འཕར་བ། ཐོན་ལས་གསུམ་པ་དུས་མཚུངས་ལས3.9%མར་ཆག་ཡོད།
    སྤྱི་ལོ2018ལོར་ཏུང་ཀྲི་རྫོང་གི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21650ཟིན་པ་དེ་ལོ་གོང་མ་ལས9.2%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29365ཟིན་ནས8.6%འཕར་བ་དང་། མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར17243ཟིན་ནས2.0%འཕར་བ། དེའི་ནང་བཟའ་བཅའ་དང་། དུ་བ། ཨ་རག་བཅས་ཀྱི་གཏོང་སྒོ4.1%མར་ཆག་པ་དང་། གྱོན་ཆས5.0%མར་ཆག་པ། སྡོད་ཁང43.9%འཕར་བ། འཚོ་བའི་མཁོ་ཆས་དང་ཞབས་ཞུ73.1%འཕར་བ། འགྲིམ་འགྲུལ་དང་འཕྲིན་གཏོང་9.9%མར་ཆག་པ། སློབ་གསོ་རིག་གནས་རོལ་རྩེད་ཞབས་ཞུ22%མར་ཆག་པ། སྨན་བཅོས་འཕྲོད་སྦྱོར19.0%མར་ཆག་པ་བཅས་རེད། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14721ཟིན་ནས་སྔ་ལོ་ལས9.2%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར11558ཡིན་པས10.0%འཕར་ཡོད། དེའི་ནང་ཐ་མག་དང་ཨ་རག་གི་གཏོང་སྒོ4.0%འཕར་བ་དང་། གྱོན་ཆས3.4%འཕར་བ། སྡོད་ཁང25%འཕར་བ། འཚོ་བའི་མཁོ་ཆས་དང་ཞབས་ཞུ1.8%མར་ཆག་པ། འགྲིམ་འགྲུལ་དང་འཕྲིན་གཏོང་14.0%ཆག་པ། སློབ་གསོ་དང་རིག་གནས་རོལ་རྩེད་16.7%ཆག་པ། སྨན་བཅོས་འཕྲོད་སྦྱོར་6%འཕར་བ་བཅས་རེད།

5_1 ཐོན་ལས་དང་པོ།  

སྤྱི་ལོ2018ལོར་ཏུང་ཀྲི་རྫོང་གི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང68055ཟིན་པའི་ནང་འབྲུ་རིགས་རྨོ་འདེབས་ཁྱོན་བསྡོམས་སྤྱི་ཆིང52162དང་། སྣུམ་རྒྱུ་རྨོ་འདེབས་ཁྱོན་བསྡོམས་སྤྱི་ཆིང28076 སྲིང་བལ་འདེབས་ཁྱོན་སྤྱི་ཆིང810 སྔོ་ཚལ་རྨོ་འདེབས་ཁྱོན་བསྡོམས་སྤྱི་ཆིང4165བཅས་ཡོད་པ་རེད། ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི26.4ཟིན་པ་དང་། སྣུམ་རྒྱུ་ཐོན་ཚད་ཏུན་ཁྲི6.8ཟིན་པ། སྲིང་བལ་ཐོན་ཚད་ཏུན་ཁྲི0.5ཟིན་ཡོད།    

5_2 ཐོན་ལས་གཉིས་པ།    

སྤྱི་ལོ2018ལོར་ཏུང་ཀྲི་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས164ཡོད་པའི་ནང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས22དང་མཐོ་གསར་ལག་རྩལ་གྱི་ཐོན་ལས63ཡོད་པ་དང་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ལོ་གོང་མ་ལས8.8%འཕར་ཡོད། ལོ་ཧྲིལ་པོར་བྱང་ཚད་ཀྱི་རིམ་པ་ལྡན་པའི་སྤྱིའི་འགན་གཙང་ལེན་དང་ཆེད་ལས་འགན་གཙང་ལེན་གྱི་ཨར་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར14.5ཟིན་པ་དང་། ཁང་པ་བཟོ་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི137.0ཟིན་ཡོད།     

5_3 ཐོན་ལས་གསུམ་པ།   

སྤྱི་ལོ2018ལོར་ཏུང་ཀྲི་རྫོང་གི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར17.9བཏང་བ་དེ་ལོ་གོང་མ་ལས་6.1%ཆག་ཡོད། ཚོང་སྒྱུར་སྡོད་ཁང་གི་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི39.6ཟིན་ནས22.0%འཕར་བ། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར17.4ཟིན་ནས22.5%འཕར་བ་དང་ལོ་མཇུག་ཏུ་ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི12.8ཟིན་ནས7.3%མར་ཆག་ཡོད།     སྤྱི་ལོ2018ལོར་ཏུང་ཀྲི་རྫོང་གི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར51.2ཟིན་ནས་ལོ་གོང་མ་ལས11.2%འཕར་བའི་ནང་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར11.8ཟིན་ནས11.7%འཕར་ཡོད།    སྤྱི་ལ 2018ལོར་ཏུང་ཀྲི་རྫོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི13284ཟིན་ནས47.0%འཕར་ཡོད། ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་དངུལ་ཨ་སྒོར་ཁྲི5550བཞག་པ་དངོས་སུ་བེད་སྤྱོད་བྱས་པས5.1%འཕར་ཡོད།     སྤྱི་ལོ2018ལོར་ཏུང་ཀྲི་རྫོང་གི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་105.3ཟིན་ནས་12.1%འཕར་ཡོད།     སྤྱི་ལོ2018ལོའི་ལོ་མཇུག་བར་ཏུང་ཀྲི་རྫོང་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར238.8ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར12.0འཕར་ནས5.3%འཕར་ཡོད། དེའི་ནང་ཁྱིམ་དུད་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར183.6ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར18.3འཕར་ནས11.1%འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྣ་ཚོགས་ལྷག་གྲངས་སྒོར་དུང་ཕྱུར113.8ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར6.3འཕར་ནས5.8%འཕར་བ་བཅས་སོ།།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཨན་ཧུའེ་ཞིང་ཆེན། ཏུང་ཀྲི་རྫོང།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-21

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།