ཉིང་གོ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉིང་གོ་གྲོང་ཁྱེར།
ཉིང་གོ་ནི་ཨན་ཧུའེ་ཞིང་ཆེན་མངའ་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཞོན་ཁྲེང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱ་རྒྱུ་དང་། ཨན་ཧུའེ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཐེན་མུའུ་རི་བོའི་བྱང་འདབས། ཧྲུའེ་དབྱང་གཙང་པོའི་སྟོད་རྒྱུད་་བཅས་སུ་གནས་པ་དང་། ཤར་ངོས་ཧང་ཀྲོའུ་དང་ཉེ་ལ། ནུབ་ཕྱོགས་ཧོང་ཧྲན་དང་འབྲེལ་ཞིང་། ས་བབ་ལྷོ་ནས་བྱང་དུ་དམའ་ཞིང་། ཚ་ཁུལ་བྱང་མའི་དུས་རླུང་ནམ་ཟླའི་ཁུལ་ཡིན་པ་དང་། གནམ་གཤིས་དྲོ་བ་དང་། ཆར་ཆུ་འབེལ་བ། དུས་བཞི་གསལ་བ་བཅས་ཡིན། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2487ཡོད་པ་དང་། སྤྱི་ལོ2019ལོར་རྒྱུན་སྡོད་མི་འབོར་ཁྲི39.9ཡོད་ཅིང་། ཉིང་གོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཁྲོམ་གཞུང6དང་། གྲོང་རྡལ8 ཡུལ་ཚོ5ཡོད་པ་སྟེ། ཧོ་ཙི་ཞིའི་ཁྲོམ་གཞུང་དང་། ཞི་ཅིན་ཁྲོམ་གཞུང་། ནན་ཧྲན་ཁྲོམ་གཞུང་། ཝང་ཞི་ཁྲོམ་གཞུང་། ཀྲུའུ་ཧྥུང་ཁྲོམ་གཞུང་། ཐེན་ཧུའུ་ཁྲོམ་གཞུང་། ཞན་ཞ་གྲོང་རྡལ། ཀྲུང་ཞི་གྲོང་རྡལ། ཉིང་ཏུན་གྲོང་རྡལ། མེ་ལིན་གྲོང་རྡལ། ཧུའུ་ལེ་གྲོང་རྡལ། ཅ་ལུའུ་གྲོང་རྡལ། གྲུ་ཁའི་གྲོང་རྡལ། ཞ་ཞི་གྲོང་རྡལ། ཡུན་ཐི་ཡུལ་ཚོ། ཝན་ཡུལ་ཚོ། ནན་ཅི་ཡུལ་ཚོ། ཧྥང་ཐང་ཡུལ་ཚོ། ཆིང་ལུང་ཡུལ་ཚོལབཅས་ཡོད། ཧན་ཤར་མ་ཅན་ཨན་ཁྲི་ལོ་བཅུ་གསུམ་པར(སྤྱི་ལོ208)རྫོང་དུ་བཞག་པ་དང་། ལོ་ངོ1800ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། “ཀྲུང་གོའི་སྟར་ཀའི་ཕ་ཡུལ”དང་། “ཀྲུང་གོའི་ཡོན་ཀྲུའུ་ཡི་ཕ་ཡུལ” “ཀྲུང་གོའི་ཆན་ཧུའུ་ཡི་ཕ་ཡུལ”བཅས་ཡིན་པ་དང་། མངའ་ཁོངས་སུ་ཏུང་ཅིན་དང་། ཀྲུང་ཅིན། ཞི་ཅིན་བཅས་ཆུ་བོ་གསུམ་བཞུར་གྱིན་ཡོད་པ་དང་། རྒྱལ་ཁབ་རིམ་པའི་ཆུ་བེད་མཛེས་ལྗོངས་ཁུལ་དང་། རྒྱལ་ཁབ་རིམ་པའི་ནགས་ཚལ་སྤྱི་གླིང་ཆིང་ལུང་མཚེའུ། ཞིང་ཆེན་རིམ་པའི་ཤིང་ཟམ་རང་བྱུང་སྲུང་སྐྱོང་ཁུལ་བཅས་ཡོད་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་ཤིང་རིགས་ཀྱི་སྲན་དམར་གསོམ་སྡོང་དང་། ཉིང་གོ་གྲོང་ཁྱེར་ནི་རྒྱལ་ཁབ་རིམ་པའི་ཉིང་གོ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ(ཨན་ཧུའེ་ཉིང་གོ་གྲུ་ཁའི་སྐྱེ་ཁམས་ཐོན་ལས་གླིང)དང་ཨན་ཧུའེ་ཞིང་ཆེན་གྱི་ལྟེ་བའི་རྨང་གཞིའི་ལྷུ་ལག་ཐོན་ལས་གཅིག་སྡུད་འཕེལ་རྒྱས་རྟེན་གཞིའི་ཁག་དང་པོ་དེ་རེད། སྤྱི་ལོ2019ལོར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང་གྲོང་བརྒྱ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་རྫོང་གྲོང་བརྒྱ། རྒྱལ་ཡོངས་ཀྱི་མ་འཇོག་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང་གྲོང་བརྒྱ་སོགས་ཀྱི་གཟི་བརྗིད་མཚན་སྙན་ལ་བདམས་པ་རེད། སྤྱི་ལོ2019ལོར་ཉིང་གོ་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར367.3ཟིན་པ་དེ་དུས་མཚུངས་ལས8.1%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宁国市
ཕྱི་ཡིག་གི་མིང་།
Ningguo City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཨན་ཧུའེ་ཞིང་ཆེན་ཞོན་ཁྲེང་གྲོང་ཁྱེར་གྱི་ཧྭ་ཏུང་ས་ཁུལ།
མངའ་ཁོངས། 
ཁྲོམ་གཞུང6དང་གྲོང་རྡལ8 ཡུལ་ཚོ5བཅས་ཡོད།
སྦྲག་སྲིད་ཨང་རྟགས།
242300
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
341881
རླངས་འཁོར་ཚབ་ཨང་།
皖P
མི་གྲངས།
ཁྲི39.9(སྤྱི་ལོ2019ལོའི་རྒྱུན་སྡོད་མི་གྲངས)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2487ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0563
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར367.3(སྤྱི་ལོ2019ལོ)ཡོད།
མེ་འཁོར་འབབ་ཚུགས།
ཉིང་གོ་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ།

སུང་རྒྱལ་རབས་བྱང་མའི་སྐབས་སུ་ཞོན་ཁྲེང་ཅུན་གྱི་མངའ་ཁོངས་སུ་གཏོགས།

སུང་རྒྱལ་རབས་ལྷོ་མའི་ཆན་ཏའོ་སྲིད་ལོ་གཉིས་པར(སྤྱི་ལོ1166ལོར)ཉིང་གོ་ཧྥུ(སྐྱོང་ཞོན་ཀྲོའུ་དང་། ད་ལྟའི་ཨན་ཧུའེ་ཞོན་ཁྲེང་གྲོང་ཁྱེར་ཞོན་ཀྲོའུ་ཁུལ)ཡི་མངའ་ཁོངས་སུ་གཏོགས་པ་ཡིན།

ཡོན་ཀྲི་ཡོན་སྲིད་ལོ་བཅུ་བཞི་བར(སྤྱི་ལོ1277ལོའི་བར)ཧྲི་ཙུའུ་ཧུའུ་པི་ལེའི་སྲིད་གཞུང་དུ་བསྒྱུར་ཞིང་། ཉིང་གོ་ནི་ཉིང་གོ་ལུའུ་ཡི་མངའ་ཁོངས་སུ་གཏོགས།

ཡོན་ཀྲེང་ཁྲི་ལོ་བཅུ་བདུན་པའི་བར(སྤྱི་ལོ1357ལོར)ཀྲུའུ་ཡོན་ཀྲང་གིས་ལུའུ་བསྒྱུར་ཏེ་ཧྥུ་རུ་བསྒྱུར། ཉིང་གོ་ནི་ཉིང་གོ་སྲིད་གཞུང་གི་མངའ་ཁོངས་སུ་གཏོགས་པ་རེད།    

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)གོ་མེད་སྲིད་གཞུང་མི་དགོས་པར་བཟོས་པ་དང་། ཉིང་གོ་གྲོང་ཁྱེར་ཨན་ཧུའེ་ཞིང་ཆེན་གྱི་ཐད་གཏོགས་མངའ་ཁོངས་སུ་གཏོགས།     

མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོ)ཝུའུ་ཧུའུ་ཏའོ་ཡི་མངའ་ཁོངས་སུ་གཏོགས་པ་དང་མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོ)ཞོན་ཁྲེང་དབུ་བཞུགས་རྫོང་དཔོན་ཡིན་པ་དང་། ལོ་དེའི་ཟླ11པར་སྲིད་འཛིན་ལྟ་ཞིབ་ཁུལ་དགུ་པའི་མངའ་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་ཉེར་དགུ་པར(སྤྱི་ལོ1940ལོ)སྲིད་འཛིན་ལྟ་ཞིབ་ཁུལ་དྲུག་པར་གཏོགས།

མིན་གོའི་སྲིད་ལོ་སོ་ལྔ་པར(སྤྱི་ལོ1946ལོ)སྲིད་འཛིན་ལྟ་ཞིབ་ཁུལ་བདུན་པའི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ4བའི་ཚེས23ཉིན་ཉིང་གོ་གྲོང་ཁྱེར་བཅིངས་འགྲོལ་བཏང་བ་དང་། ཟླ5པར་ཤོན་ཁྲེང་ཆེད་ཁུལ་གྱི་མངའ་ཁོངས་གཏོགས་པ་ཡིན།    

སྤྱི་ལོ1952ལོའི་ཟླ1པོར་ཧུའེ་ཀྲོའུ་ཆེད་ཁུལ་དུ་གཏོགས།

སྤྱི་ལོ1956ལོའི་ཟླ2པར་ཝུའུ་ཧུའུ་ཆེད་ཁུལ་དུ་གཏོགས།

སྤྱི་ལོ1961ལོའི་ཟླ3པར་ཧུའེ་ཀྲོའུ་ཆེད་ཁུལ་དུ་བསྐྱར་དུ་གཏོགས།

སྤྱི་ལོ1980ལོའི་ཟླ1པོར་ཞོན་ཁྲེང་ས་ཁུལ་དུ་བསྒྱུར།  

སྤྱི་ལོ1997ལོའི་ཟླ3པའི་ཚེས11ཉིན་གྲོང་ཁྱེར་བཙུགས་པ་དེར་ཉིང་གོ་གྲོང་ཁྱེར་ཞེས་འབོད།    

2 སྲིད་འཛིན་ཁོངས་བགོས།     

སྤྱི་ལོ1997ལོར་ཉིང་གོ་རྫོང་གྲོང་ཁྱེར་དུ་བསྒྱུར་རྗེས། ཉིང་གོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གྲོང་རྡལ11དང་ཡུལ་ཚོ18ཡོད་པ་སྟེ། ཧོ་ཙི་ཞི་གྲོང་རྡལ་དང་། ཀྲུང་ཞི་གྲོང་རྡལ། ཧྲི་ཁོའུ་གྲོང་རྡལ། གྲུ་ཁའི་གྲོང་རྡལ། མེ་ལིན་གྲོང་རྡལ། སེང་གེ་གྲོང་རྡལ། ཞ་ཞི་གྲོང་རྡལ། ཉིན་ཏུན་གྲོང་རྡལ། ཧུའུ་ལེ་གྲོང་རྡལ། ཧྲན་མོན་ཡུལ་ཚོ། ཅ་ལུའུ་གྲོང་རྡལ། ཞན་ཞ་གྲོང་རྡལ། ཡའོ་ཀའོ་ཡུལ་ཚོ། ཝང་ཞི་ཡུལ་ཚོ། ཆའོ་ཐོའུ་ཡུལ་ཚོ། དབྱང་ཧྲན་ཡུལ་ཚོ། ཆིན་ལུང་ཡུལ་ཚོ། ཀྲུའུ་ཧྥེང་ཡུལ་ཚོ། ཕིན་ཞིན་ཡུལ་ཚོ། ལིན་ཚུན་ཡུལ་ཚོ། ཝན་ཡུལ་ཚོ། ཝན་ཅ་ཡུལ་ཚོ། ནན་ཅི་ཡུལ་ཚོ། ཀྲོང་ཡུལ་ཚོ། ཏུང་ཡུན་ཡུལ་ཚོ་བཅས་ཡོད། 

སྤྱི་ལོ2000ལོར་ཉིང་གོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གྲོང་རྡལ13དངཡུལ་ཚོ16ཡོད། 

སྤྱི་ལོ2004ལོའི་ལོ་མཇུག་ཏུ་ཉིང་གོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་སྲང་ལམ3དང་། གྲོང་རྡལ10ཡུལ་ཚོ6(དེའི་ནང་ནས་མི་རིགས་ཡུལ་ཚོ1བཅས་གཏོགས་ཡོད། )ཞི་ཅིན་སྲང་ལམ་དང་། ནན་ཧྲན་སྲང་ལམ། ཧོ་ཙི་ཞི་སྲང་ལམ། གྲུ་ཁའི་གྲོང་རྡལ། མེ་ལིན་གྲོང་རྡལ། ཀྲུང་ཞི་གྲོང་རྡལ། ཉིང་ཏུན་གྲོང་རྡལ། ཞན་ཞ་གྲོང་རྡལ། ཝང་ཞི་གྲོང་རྡལ། ཅ་ལུའུ་གྲོང་རྡལ། ཧུའུ་ལེ་གྲོང་རྡལ། ཞ་ཞི་གྲོང་རྡལ། ཐེན་ཧུའུ་གྲོང་རྡལ། ཡུན་ཐི་ཧྲེ་ཡུལ་ཚོ། ནན་ཅི་ཡུལ་ཚོ། ཝན་ཡུལ་ཚོ། ཀྲུའུ་ཧྥེང་ཡུལ་ཚོ། ཧྥང་ཐང་ཡུལ་ཚོ། ཆིན་ལུང་ཡུལ་ཚོ་བཅས་ཡོད།     སྤྱི་ལོ2013ལོ་ནས་བཟུང་ཉིང་གོའི་མངའ་ཁོངས་གཏོགས་སུ་ཁྲོམ་གཞུང6དང་། ཡུལ་ཚོ5 གྲོང་རྡལ8བཅས་ཡོད།

2019ལོའི་ཟླ་དང་པོའི་བར་ཉིང་གོ་གྲོང་ཁྱེར་ཁོངས་ཀྱི་ཧོ་ལི་ཤིས་དང་། ཤིས་ཅིན། ནན་ཧྲན། ཝང་ཤིས། ཀྲུའུ་ཧྥེང་། ཐེན་ཧུའུ་བཅས་ཁྲོམ་གཞུང་6དང་། ཞན་ཞ་དང་། ཀྲུང་ཞི། ཉིང་ཏུན། མེ་ལིན། ཧུའུ་ལེ། ཅ་ལམ། གྲུ་ཁ། ཞ་ཤིས་བཅས་གྲོང་རྡལ་8ཡོད་པ་དང་། ཡུན་ཐི་དང་། དབན་ཅ། ནན་ཅི། ཧྥང་ཐང་། ཆིང་ལུང་བཅས་ཤང་5ཡོད་པ་དང་ཁྱོན་གྲོང་ཚོ་ཨུ་ལྷན་102དང་། སྡེ་ཁུལ་གྲོང་ལྷན་18གྲོང་མི་ཨུ་ལྷན་10གྲོང་མི་ཚོགས་ཆུང་2502བཅས་ཡོད་པ་རེད། ཉིང་གོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ནུབ་ཅིན་སྲང་ལམ། 

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཉིང་གོ་གྲོང་ཁྱེར་ནི་ཨན་ཧུའེ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཐེན་མུའུ་རི་བོའི་བྱང་འདབས། ཧྲུའེ་དབྱང་གཙང་པོའི་སྟོད་རྒྱུད་་བཅས་སུ་གནས་པ་དང་། ཤར་ངོས་ཧང་ཀྲོའུ་དང་ཉེ་ལ། ནུབ་ཕྱོགས་ཧོང་ཧྲན་དང་འབྲེལ་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2487ཡོད།

3_2 ས་དབྱིབས།     

ཉིང་གོ་གྲོང་ཁྱེར་གྱི་ས་བབ་སྤྱིར་བཏང་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི300ནས500བར་ཡིན། ས་བབ་མཐོ་ཚད་སྨི1000ཡན་གྱི་མཐོ་ཚད་རྒྱ་ཁྱོན་གྱིས་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི0.6%བཟུང་བ་དང་། ས་བབ་མཐོ་ཚད་སྨི500ཡན་གྱི་མཐོ་ཚད་རྒྱ་ཁྱོན་གྱིས14.3%བཟུང་བ། ས་བབ་མཐོ་ཚད་སྨི200ནས500བར་གྱི་མཐོ་ཚད་རྒྱ་ཁྱོན་གྱིས41.8%བཟུང་བ། ས་བབ་མཐོ་ཚད་སྨི200མན་གྱི་མཐོ་ཚད་རྒྱ་ཁྱོན་གྱིས43.9%བཟུང་བ་བཅས་རེད།     ཉིང་གོ་གྲོང་ཁྱེར་གྱི་རི་རྒྱུད་མང་ཆེ་བ་ཤར་ལྷོའི་རྒྱུད་དང་ལྷོ་ནུབ་རྒྱུད་དུ་ཁྱབ་ཡོད་པ་དང་། སོ་སོར་ཐེན་མུའུ་རི་རྒྱུད་དང་ཧོང་ཧྲན་རི་རྒྱུད་ཀྱི་ཁོངས་སུ་གཏོགས་ཤིང་། མངའ་ཁོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི500ཡན་གྱི་རི་རྩེ་གཙོ་བོ46ཡོད།    

3_3 ནམ་ཟླ།    

ཉིང་གོ་གྲོང་ཁྱེར་ནི་ཚ་ཁུལ་བྱང་མའི་དུས་རླུང་དང་བརླན་གཤེར་ཆེ་བའི་ནམ་ཟླའི་ཁུལ་དུ་གཏོགས། གནམ་གཤིས་དྲོ་ལ། ཆར་ཆུ་འབེལ་བ། ཉི་འོད་ཕོག་པ། དུས་བཞི་གསལ་བ་བཅས་ཡིན། དཔྱིད་དུས་ཀྱི་གནམ་གཤིས་བརྟན་པོ་མིན་པ་དང་། དཔྱིད་མཇུག་དང་དབྱར་སྟོད་དུ་ཆར་ཆུ་འབེལ་བ་དང་། དབྱར་དུས་སུ་ཐན་པ་ཆེ་བ། སྟོན་དུས་དྲོད་ཚད་དམའ་རུ་འགྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན།

ཉིང་གོའི་ལོ་རེའི་ཆ་སྙོམས་དྲོད་ཚད15.4℃ཡིན་པ་དང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1426.9ཟིན་ལ། ལོ་ཧྲིལ་པོར་སད་མེད་དུས་ཉིན226ཡིན།

4 མི་འབོར།    

སྤྱི་ལོ2017ལོའི་ལོ་མཇུག་བར་ཉིང་གོ་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི38.5ཟིན་པ་དང་། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད9%ཟིན་པ་དེ་སྤྱི་ལོ2016ལོ་ལས་སྟོང་ཆ་0.8ཆག་པ་དང་། ཤི་ཚད7.2%ཟིན་ནས་སྟོང་ཆའི0.1འཕར་བ། རང་བྱུང་འཕར་ཚད1.8%ཡིན་པས་སྟོང་ཆའི0.9མར་ཆག་ཡོད། མི་རིགས་ནི་རྒྱ་རིགས་གཙོ་བོ་ཡིན།    

5 དཔལ་འབྱོར། 

སྤྱི་ལོ2017ལོར་ཉིང་གོ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར290.3མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2016ལོ་ལས8.8%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.0ཟིན་ནས3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར172.4ཟིན་ནས9.3%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར95.8ཟིན་ནས9.1%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ནི་7.6:59.4:33.0ཡིན། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར75397ཟིན་པ་དེ་ཨ་སྒོར11170ལ་ཕབ་ཡོད།     སྤྱི་ལོ2017ལོར་ཉིང་གོས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར44.9ལེགས་སྒྲུབ་བྱས་པ་དེ་སྤྱི་ལོ2016ལོ་ལས8.6%འཕར་བའི་ནང་ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར28.9ཟིན་ནས5.6%འཕར་ཡོད། ནོར་སྲིད་ཡོང་འབབ་ཚང་མའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར34.9ཟིན་ནས10.6%འཕར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར42.0ཟིན་ནས10.5%འཕར་ཡོད།     སྤྱི་ལོ2017ལོར་ཉིང་གོ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29472ཟིན་པ་དེ་ལོ་གོང་མ་ལས9.1%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་ནས་བལྟས་ན། རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར36897ཟིན་ནས8.3%འཕར་བ་དང་། གྲོང་གསེབ་ནས་བལྟས་ན། རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16402ཟིན་ནས9.2%འཕར་ཡོད།     སྤྱི་ལོ2017ལོར་ཉིང་གོ་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར363.8བཏང་བ་དེ་སྤྱི་ལོ2016ལོ་ལས8.5%འཕར་ཡོད། ཐོན་ལས་གསུམ་པ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར15.7བཏང་ནས29.9%མར་ཆག་པ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར208.8བཏང་ནས་26.8%འཕར་བའི་ནང་བཟོ་ལས་མ་འཇོག་སྒོར་དུང་ཕྱུར204.5ཟིན་ནས24.2%འཕར་བ། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར139.4བཏང་ནས6.1%མར་ཆག་ཡོད། ལོ་ཧྲིལ་པོར་ས་ཁང་བདག་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར31.7བཏང་ནས7.8%མར་ཆག་པ། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི80.8ཟིན་ནས9.6%འཕར་ཡོད།  

5_1 ཐོན་ལས་དང་པོ།     

སྤྱི་ལོ2017ལོར་ཉིང་གོས་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར37.3ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2016ལོ་ལས3.7%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང5.1%འཕར་བ་དང་། ནགས་ལས་ཐོན་སྐྱེད་རིན་ཐང0.5%འཕར་བ། འབྲོག་ལས་ཐོན་སྐྱེད་རིན་ཐང0.8%འཕར་བ། ཉ་ལས་ཐོན་སྐྱེད་རིན་ཐང5.7%འཕར་བ་བཅས་རེད། ལོ་ཧྲིལ་པོར་སྣུམ་རྒྱུའི་ཐོན་ཚད་ཏུན་ཁྲི1.3ཟིན་ནས0.4%འཕར་ཡོད། ཇ་ལོ་ཐོན་ཚད་ཏུན2705ཟིན་ནས0.2%འཕར་ཡོད། ཤིང་ཏོག་ཐོན་ཚད་ཏུན4700ཟིན་ནས2.1%མར་ཆག་ཡོད། སྲིང་བལ་ཐོན་ཚད་ཏུན134ཟིན་ནས0.2%འཕར་ཡོད། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི5.5ཟིན་ནས2.0%མར་ཆག་ཡོད། ཆུའི་ཐོན་རྫས་ཐོན་ཚད་ཏུན8399ཟིན་ནས3.5%འཕར་ཡོད།    སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཉིང་གོ་གྲོང་ཁྱེར་གྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི26.3ཟིན་ནས15.4%མར་ཆག་པ་དང་། ལོ་ཧྲིལ་པོར་རྫས་ལུད་སྤྱོད་ཚད་ཏུན9849ཟིན་ནས0.5%མརགཆག་པ། གྲོང་གསེབ་ཏུ་གློག་སྤྱོད་ཚད་སྟོང་ཝ་ཁྲི17203ཟིན་ཏེ2.1%འཕར་ཡོད།

སྤྱི་ལོ2020ལོའི་ཟླ2པའི་ཚེས26ཉིན་ཨན་ཧུའེ་ཞིང་ཆེན་ཉིང་གོ་གྲོང་ཁྱེར་ཉིང་གོ་ཧྲན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཁུལ་ཁག་གསུམ་པ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལེགས་ཆའི་ཁུལ་དུ་གཏན་འཁེལ་བྱས་པ་རེད།   

5_2 ཐོན་ལས་གཉིས་པ།      

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཉིང་གོ་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས338ཟིན་ཡོད། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྤྱི་ལོ2016ལོ་ལས9.8%འཕར་བ་དེའི་ནང་མ་རྐང་ལམ་ལུགས་ཀྱི་ཁེ་ལས9.7%འཕར་བ་དང་། ཕྱི་རྒྱལ་གྱི་ཚོང་པ་དང་། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཚོང་པས་མ་དངུལ་བཞག་པའི་ཁེ་ལས12.9%འཕར་ཡོད། ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང15.1%འཕར་ཡོད། གཙོ་ཁྲིད་ཐོན་ལས་ཆེན་པོ་གསུམ་གྱི་ཐོན་རྫས་རིན་ཐང17.4%འཕར་བའི་ནང་གློག་རྡུལ་ལྷུ་ལག་ཆེ་གྲས13.6%མར་ཆག་པ། བརྡར་བཟོད་ལུགས་མ7.9%འཕར་བ། རླངས་འཁོར་གྱི་ལྷུ་ལག22.9%འཕར་ཡོད། ནུས་ཁུངས་གྲོན་ཆུང་གི་ཨར་ལས་རྒྱུ་ཆ་དང་ནུས་ཁུངས་གསར་པ་བེད་སྤྱོད། སྐྱེ་དངོས་ཀྱི་སྨན་དང་སྨན་བཅོས། གློག་རྡུལ་ཆ་འཕྲིན་བཅས་གསར་དར་ཐོན་ལས་ཆེན་པོ་གསུམ་གྱི་ཐོན་རྫས་རིན་ཐང18.1%འཕར་ཡོད།     སྤྱི་ལོ2017ལོར་ཉིང་གོ་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་དཔལ་འབྱོར་ཕན་འབྲས་ཕྱོགས་བསྡུས་སྟོན་གྲངས275.7%ཟིན་པ་དེ་སྤྱི་ལོ2016ལོ་ལས་བརྒྱ་ཆའི་གྲངས4.4འཕར་ཡོད། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར616.0བྱུང་ནས16.3%འཕར་བ། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར65.4ཟིན་ནས19.1%འཕར་བ། ཁེ་སྤོགས་སྒོར་དུང་ཕྱུར51.3བྱུང་ནས19.0%འཕར་ཡོད།  

5_3 ཐོན་ལས་གསུམ་པ།     

སྤྱི་ལོ2017ལོར་ཉིང་གོས་ཡིག་ཟམ་གློག་འཕྲིན་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར3.6ཟིན་ཡོད། ལོ་མཇུག་ཏུ་ས་གནས་དེ་གའི་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི4.4དང་སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི45.1ཡོད་པ་རེད། མི་བརྒྱ་རེར་ཁ་པར129ཡོད་པ་དང་དྲ་སྦྲེལ་དྲ་ཆེན་སྤྱོད་མཁན་དུད་ཚང་ཁྲི13.8ཟིན་ནས9.5%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-21

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།