ཀྲེན་ཡན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲེན་ཡན་རྫོང་།
ཀྲེན་ལའེ་རྫོང་ནི་ཅི་ལིན་ཞིང་ཆེན་པའེ་ཁྲང་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་ཤིང་། ཅི་ལིན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་པའེ་ཁྲངགྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4737ཡོད། སྤྱི་ལོ2016ལོའི་བར་དུ་ཀྲེན་ལའེ་རྫོང་གི་མི་གྲངས་བསྡོམས་འབོར་ཁྲི30ཟིན་པ་དང་། སོག་རིགས་དང་། མན་ཇུ་རིགས། ཁྲའོ་ཞན་རིགས། ཧུའེ་རིགས། ཞི་པོ་རིགས། ཏ་ཝོར་རིགས་སོགས་གྲངས་ཉུང་མི་རིགས20ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་གྲངས་བསྡོམས་འབོར་ཁྲི2.3ཡོད། སྤྱི་ལོ2018ལོའི་བར་དུ་ཀྲེན་ལའེ་རྫོང་གི་མངའ་འོག་ཏུ་གྲོང་རྡལ7དང་། ཡུལ་ཚོ4 ཞིང་ར7བཅས་ཡོད་པ་དང་། རྫོང་སྲིད་གཞུང་་ཡུང་ཨན་ནུབ་ལམ་གྱི་ཨང407པར་བཅའ་སྡོད་བྱས་ཡོད། ཆིན་ཞོན་ཐུང་སྲིད་ལོ་གཉིས་པར(སྤྱི་ལོ1910ལོར)ཀྲེན་ཏུང་རྫོང་བཙུགས་ཤིང་། ཧྥེང་ཐེན་ཞིང་ཆེན་ཐའོ་ནན་ཧྥུ་ཡི་མངའ་ཁོངས་སུ་གཏོགས་པ་ཡིན། མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོའི)ཟླ8པར་ཀྲེན་ཏུང་དང་ཡུས་པེ་རྫོང་གཉིས་ཟླ་སྒྲིལ་བཏང་ནས་ཀྲེན་དབྱིན་རྫོང་དུ་གྱུར་པ་དང་། ལིའོ་པེ་ཞིང་ཆེན་གྱི་ཐད་གཏོགས་རྫོང་ཡིན། (སྤྱི་ལོ1993ལོའི་ཟླ6པའི་ཚེས14ཉིན་པའེ་ཁྲང་གྲོང་ཁྱེར(ས་གནས་རིམ་པ)བཙུགས་ནས་པའེ་ཁྲང་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས། ཀྲེན་ཡན་རྫོང་གི་ནུབ་བྱང་རྒྱུད་དུ་ཏ་ཞིང་ཨན་ལིང་གི་མཐའ་སྐོར་གྱི་ས་བབ་ཅུང་མཐོ་བ་དང་། དབུས་རྒྱུད་དུ་རྒྱུན་མི་ཆད་པའི་ས་འབུར་མང་བ་དང་། ཤར་རྒྱུད་དང་ལྷོ་རྒྱུད་དུ་ནེན་ཅང་གཙང་པོ་དང་ཐའོ་ཨེར་ཆུ་བོའི་མཐའ་བསྐོར་ཡོད་ཅིང་། གཙང་པོའི་འགྲམ་རྒྱུད་ནི་ས་རྒྱུ་ཅུང་གཤིན་པའི་བདས་བསགས་བདེ་ཐང་ཡིན། ས་བབ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་པ་ཡིན། ཀྲེན་ལའེ་རྫོང་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། དུས་བཞིའི་དབྱེ་མཚམས་གསལ་པོ་ཡོད། ཀྲེན་ལའེ་རྫོང་གི་མངའ་ཁོངས་སུ་ཐུའུ་ཝུའུ་གཞུང་ལམ་དང་ཆི་ཧྲོང་གཞུང་ལམ་དང་། ཕིང་ཆི་ལྕགས་ལམ། ཁྲང་པའེ་ཝུའུ་མྱུར་བགྲོད་ལྕགས་ལམ། ནེན་ཏན་མྱུར་བགྲོད་གཞུང་ལམ། ཧུའེ་ཁྲུན་ནས་ཝུའུ་ལན་ཧའོ་ཐེ་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་འབྲེལ་མཐུད་བྱས་ཡོད། སྤྱི་ལོ2018ལོར་ཀྲེན་ལའེ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར6%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས5%འཕར། ས་གནས་རིམ་པའི་ནོར་སྲིད་ཡོང་འབབ0.2%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར2%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ6.5%འཕར། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ11.9%འཕར་བ་ཡིན། སྤྱི་ལོ2010ལོའི་ཟླ11པར་ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་ཀྱིས་ཀྲེན་ལའེ་རྫོང་གི“ཀྲུང་གོའི་ཁྲུང་ཁྲུང་དཀར་པོའི་ཕ་ཡུལ”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད་པ་ཡིན། སྤྱི་ལོ2016ལོར་ཀྲེན་ཡན་རྫོང་སྒྲིག་ཁོངས་གཞུང་ལས་ཁང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ཀྲུང་དབྱང་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས“རྒྱལ་ཡོངས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ”ལ་བདམས་པ་རེད། སྤྱི་ལོ2018ལོར། རྒྱལ་ཁབ་འཕྲོད་བསྟེན་རྫོང་གྲོང་ལ(ཡུལ་གྲོང)བསྐྱར་དུ་ངོས་འཛིན་བྱས་ཡོད། སྤྱི་ལོ2019ལོའི་ཟླ5པའི་ཚེས26ཉིན། ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཀྲེན་ལའེ་རྫོང་དབུལ་ཕོངས་རྫོང་ནས་ཕྱིར་འཐེན་བྱེད་པར་ཆོག་མཆན་བཀོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
镇赉县
ཕྱི་ཡིག་གི་མིང་།
Zhenlai
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང།
ཁོངས་གཏོགས་ས་ཁུལ།
ཅི་ལིན་ཞིང་ཆེན་པའེ་ཁྲེང་གྲོང་ཁྱེར་གྱི་བྱང་རྒྱུད།
མངའ་ཁོངས། 
གྲོང་རྡལ7དང་ཡུལ་ཚོ4ཡོད།
སྦྲག་སྲིད་ཨང་རྟགས།
137300
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
220821
རླངས་འཁོར་ཚབ་ཨང་།
吉G
མི་གྲངས།
ཁྲི30(སྤྱི་ལོ2016ལོ)ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4737ཡོད།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར141.6(སྤྱི་ལོ2017ལོ)ཡོད།
ས་ཁོངས་ཁ་པར་ཚབ་ཨང་།
0436
ཡུལ་སྐད།
བྱང་ཤར་སྐད།
མེ་འཁོར་འབབ་ཚུགས།
ཀྲེན་ལའེ་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ།    

ཀྲེན་ལའེ་རྫོང་གི་མངའ་ཁོངས་སུ་ལོ་ངོ5000སྔོན་གྱི་རྡོ་ཆས་གསར་བའི་དུས་སྐབས་སུ་མིའི་རིགས་འཚོ་སྡོད་བྱེད་བཞིན་ཡོད་ལ། ཕྱིས་སུ་ཏུང་ཧུའུ་དང་སུའུ་ཧྲིན། ཧྥུ་ཡུས། ཞན་པེ། ཆི་ཏན། ཉུས་ཀྲེན་སོགས་མི་རིགས་མང་པོ་ཞིག་དེ་གར་རྒྱུད་སྤེལ་དང་འཚོ་གནས་བྱས་མྱོང་ཡོད།   

ལིའོ་དང་ཅིན་རྒྱལ་རབས་ཀྱི་དུས་སྐབས་སུ། པེ་ཅིན་གྱི་ཏའོ་ཐའེ་ཀྲོའུ་ཡི་མངའ་ཁོངས་སུ་གཏོགས་པ་ཡིན།  

ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་ཀྲུང་ཧྲུའུ་ཞིང་ཆེན་ཐའེ་ཉིན་ལྕགས་ལམ་གྱི་མངའ་ཁོངས་སུ་གཏོགས་པ་ཡིན། 

ཡོན་རྒྱལ་རབས་ནས་ཆིང་རྒྱལ་རབས་ཀྱི་དུས་མཇུག་བར། མངའ་ཁོངས་ནི་སོག་པོའི་རྒྱལ་པོའི་སྐུ་དྲག་གི་ཕྱུགས་ས་ཡིན།

མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོ)ཧྥེང་ཐེན་ཞིང་ཆེན་ནི་ལིའོ་ཉིན་ཞིང་ཆེན་དང་། ཀྲེན་ཏུང་རྫོང་ནི་ལིའོ་ཉིན་ཞིང་ཆེན་ལ་བསྒྱུར།

མིན་གོའི་སྲིད་ལོ་ཉེར་གསུམ་པར(སྤྱི་ལོ1934ལོ)ཟླ12པར་ཀྲེན་ཏུང་རྫོང་གི་ཁོངས་སུ་གཏོགས་པའི་ལུང་ཅང་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་སོ་བཞི་པའི(སྤྱི་ལོ1945ལོ)ཟླ8པའི་ཚེས3ཉིན་མིན་གོའི་སྲིད་གཞུང་གིས《བྱང་ཤར་ཞིང་ཆེན་ཁག་གི་ཐག་གཅོད་བྱེད་ཐབས་ཀྱི་རྩ་གནད》ཅེས་པའི་དོན་ཚན་དྲུག་ཁྱབ་བསྒྲགས་བྱས་ཏེ་བྱང་ཤར་ཞིང་ཆེན་གསུམ་ནི་ཞིང་ཆེན་དགུའི་ཁོངས་སུ་བཅད་པ་དང་། ཀྲེན་ཏུང་རྫོང་ནི་ལིའོ་པེ་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཡོད། ཟླ11པར།ཀྲུང་གུང་ཀྲུང་དབྱང་བྱང་ཤར་ཅུས་ཀྱིས་ཆི་ཆི་ཧར་དུ་ནེན་ཅང་ཞིང་ཆེན་དང་། ཀྲེན་ཏུང་རྫོང་གི་ཁོངས་གཏོགས་ནེན་ཅང་ཞིང་ཆེན་པའེ་ཁྲེང་ཙིའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས།

མིན་གོའི་སྲིད་ལོ་སོ་ལྔ་པའི(སྤྱི་ལོ1946ལོ)ཟླ3པར་ནེན་ཅང་ཞིང་ཆེན་ནི་ནེན་ནན་དང་ནེན་པེ་སྲིད་འཛིན་ཁུལ་གཉིས་སུ་ཕྱེ་ནས་ཏ་ལའེ་རྫོང(དེང་གི་ཏ་ཨན་རྫོང)དུ་ཐོ་པོ་གཙང་པོའི་བྱང་རྒྱུད་ས་ཁུལ་དུ་ལའེ་པེ་རྫོང་བཙུགས་པ་དང་ནེན་ནན་སྲིད་འཛིན་ཁུལ་གྱི་མངའ་ཁོངས་སུ་གཏོགས་ཡོད་པར་བྱས་ཡོད། ཟླ5བའི་ཟླ་དཀྱིལ་དུ་ནེན་ཅང་ཞིང་ཆེན་དང་ཀྲེན་ཏུང་རྫོང་ནི་ནེན་ཅང་ཞིང་ཆེན་གྱི་མངའ་ཁོངས་སུ་བསྡུས། ཟླ6པར་ཅི་ཅང་སྲིད་འཛིན་ཀུང་ཧྲུའུ་བཙུགས་པ་དང་། ཀྲེན་ཏུང་རྫོང་ནི་ལིའོ་ཅི་སྲིད་འཛིན་ཁུལ་གྱི་ཀྲོན་ཡོན་ཁང་བཞི་པར་བགོས་པ་རེད། ཟླ6པར་ལིའོ་ཅི་སྲིད་འཛིན་ཁུལ་གྱི་ཆེད་མངགས་ལས་ཁུངས་ཨང་བཞི་བར་བསྐོས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོའི)ཟླ2པར་ལིའོ་ཅི་སྲིད་འཛིན་ས་ཁུལ་མེད་པར་བཟོས་ཏེ་ལིའོ་པེ་ཞིང་ཆེན་དུ་བསྒྱུར་རྒྱུ་དང་། ཀྲེན་ཏུང་དང་དབྱིན་པེ་གཉིས་ལིའོ་པེ་ཞིང་ཆེན་གྱི་ཀྲོན་ཆུས་བཞི་པར་བསྒྱུར་རྒྱུ། ཟླ8པར་ཀྲེན་ཏུང་དང་ཡུས་པེ་རྫོང་གཉིས་ཀྲེན་ལའེ་རྫོང་དུ་ཟླ་སྒྲིལ་བཏང་ནས་ལིའོ་པེ་ཞིང་ཆེན་གྱི་ཐད་གཏོགས་རྫོང་གི་མངའ་ཁོངས་ཡིན།   

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོའི)ཟླ་དང་པོར་ལིའོ་པེ་ཞིང་ཆེན་སྲིད་གཞུང་གི་རྒྱབ་ཕྱོགས་དོན་གཅོད་ཁང་གིས་ཀྲེན་ཡོན་རྫོང་ལ་དོ་དམ་བྱས། ཟླ7པར། གྲོང་རྡལ་གྱི་རྫོང་དེ་ནེན་ཅང་ཞིང་ཆེན་གྱི་ཁོངས་སུ་གཏོགས།  

མིན་གོའི་སྲིད་ལོ་སོ་བརྒྱད་པའི(སྤྱི་ལོ1949ལོའི)ཟླ4པར་ནེན་ཅང་ཞིང་ཆེན་གྱི་སྒྲིག་གཞི་མེད་པར་བཟོས་པ་དང་། ཀྲེན་ལའེ་རྫོང་ཧེ་ལུང་ཅང་ཞིང་ཆེན་གྱི་ཁོངས་སུ་གཏོགས། 

སྤྱི་ལོ1954ལོའི་ཟླ8པར། ཅི་ལིན་ཞིང་ཆེན་པའེ་ཁྲེང་ཙི་ཀྲོན་ཡོན་ཀུང་ཧྲུའུ་(པའེ་ཁྲེང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་)ཡི་མངའ་འོག་ཏུ་བཅུག  

སྤྱི་ལོ1993ལོའི་ཟླ6པའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པའེ་ཁྲང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་མེད་པ་བཟོས་ནས་པའེ་ཁྲེང་གྲོང་ཁྱེར་(ས་གནས་རིམ་པ)བཙུགས་པ་དང་། ཀྲེན་ལའེ་རྫོང་པའེ་ཁྲང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཡོད།

2 སྲིད་འཛིན་ཁོངས་བགོས།    

སྤྱི་ལོ2018ལོ་བར་ཀྲེན་ལའེ་རྫོང་གི་གཤམ་འོག་ཏུ་གྲོང་རྡལ7དང་ཡུལ་ཚོ4ཡོད་པ་སྟེ། ཀྲེན་ཡན་གྲོང་རྡལ་དང་། ཐན་ཐུང་གྲོང་རྡལ། ཏུང་ཕིང་གྲོང་རྡལ། ཏ་ཐུན་གྲོང་རྡལ། གཙང་རྒྱུད་གྲོང་རྡལ། ཝུའུ་ཀན་ཧྲུའུ་གྲོང་རྡལ། ཧེ་ཡུས་ཕའོ་གྲོང་རྡལ། ཧ་ཐུའུ་རླངས་སོག་རིགས་ཡུལ་ཚོ། མོ་མོ་ཀེ་སོག་རིགས་ཡུལ་ཚོ། ཅན་ཕིང་ཡུལ་ཚོ། དགའ་རྒན་ཡུལ་ཚོ། གཞན་ཡང་ཡུལ་ཚོ་རིམ་པའི་ར་བ7ཡོད་པ་སྟེ། པའོ་ཞིང་ར་དང་། སི་ཧྥང་ཀྲེ་ཙེ་ཞིང་ར། པའེ་དབྱིང་ཆན་ཧའེ་འབྲོག་ར། སོན་བཟང་གསོ་སྤེལ་ར་བ། ཅིའུ་ལུང་ཧྲན་རྟ་ར། ཏ་ཀང་ནགས་ར། རྒྱལ་གཉེར་ཉ་ར་བཅས་ཡོད། རྫོང་སྲིད་གཞུང་ནི་ཀྲེན་ལའེ་རྫོང་གི་ཡུང་ཨན་ནུབ་ལམ་གྱི་ཨང407པར་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག 
3_1 གནས་ཡུལ།  

ཀྲེན་ལའེ་རྫོང་ནི་ཅི་ལིན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། པའེ་ཁྲང་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཤིང་། ཤར་དུ་ནེན་ཅང་གཙང་པོ་དང་ཧེ་ལུང་ཅང་ཏུར་པོ་ཐེ་སོག་རིགས་རང་སྐྱོང་རྫོང་། ཀྲའོ་ཡོན་རྫོང་བཅས་གཙང་པོས་བར་ཆོད་ཅིང་། ནུབ་ཏུ་ནང་སོག་རང་སྐྱོང་ལྗོངས་ཁོར་ཆིན་གཡས་རུ་རུ་དར་ཡོད་ལ། ལྷོ་དང་ལྷོ་ནུབ་སོ་སོར་ཏ་ཨན་གྲོང་ཁྱེར་དང་ཐའོ་པེ་ཆུས་དང་འབྲེལ་ཞིང་། བྱང་དུ་ཧེ་ལུང་ཅང་ཐའེ་ལའེ་རྫོང་དང་ནང་སོག་རང་སྐྱོང་ལྗོངས་ཀྲ་ཅི་ཐེ་ཆི་དང་འབྲེལ་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ47371ཡོད།

3_2 ས་དབྱིབས།    

ཀྲེན་ལའེ་རྫོང་གི་ནུབ་བྱང་རྒྱུད་ནི་ཏ་ཞིན་ཨན་ལིང་གི་མཐའ་སྐོར་གྱི་ས་བབ་ཅུང་མཐོ་ཞིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི160ནས210བར་ཡོད་པ་དང་། ས་བབ་མཐོ་ཚད་སྨི131ནས170ཡོད་པ་དང་། ཤར་རྒྱུད་དང་ལྷོ་རྒྱུད་དུ་ནེན་ཅང་གཙང་པོ་དང་ཐའོ་ཨེར་གཙང་པོ་བསྐོར་ཡོད་པ་དང་། གཙང་པོའི་འགྲམ་རྒྱུད་ནི་ས་རྒྱུ་ཅུང་གཤིན་པའི་བདས་བསགས་བདེ་ཐང་ཡིན་ལ། ས་བབ་མཐོ་ཚད་སྨི128ནས150ཡོད། ས་བབ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་ཅིང་། ས་རྒྱུ་ནི་ས་ནག་གཙོ་བོ་དང་། ས་ཆ་ཁ་ཤས་སུ་ད་དུང་ཀལ་ནག་ས་དང་། རླུང་བྱེ་ས་ཡང་ཡོད།    

3_3 ​ནམ་ཟླ།    

ཀྲེན་ལའེ་རྫོང་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ལ། ལོ་རེའི་ཆ་སྙོམས་དྲོད་ཚད4.9℃ཡིན་པ་དང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི402དང་། ལོ་རེའི་ཆ་སྙོམས་སད་མེད་དུས་ཉིན152ཡིན། ལོ་ཧྲིལ་པོར་བྱང་རླུང་དང་། ལོ་རེའི་ཆ་སྙོམས་རླུང་གི་མྱུར་ཚད་སྐར་ཆ་རེར་སྨི3.1ཡིན།

4 མི་འབོར་དང་མི་རིགས། 

སྤྱི་ལོ2016ལོའི་བར་ཀྲེན་ལའེ་རྫོང་གི་མི་འབོར་བསྡོམས་འབོར་ཁྲི30ཟིན་པའི་ནང་ཞིང་ལས་མི་འབོར་ཁྲི20ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི66.7%བཟུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི10ཡོད་པ་དེས་རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི33.3%བཟུང་ཡོད།     ཀྲེན་ལའེ་རྫོང་དུ་སོག་རིགས་དང་། མན་ཇུ་རིགས། ཁྲའོ་ཞན་རིགས། ཧུའེ་རིགས། ཞི་པོ་རིགས། ཏ་ཝོར་རིགས་སོགས་གྲངས་ཉུང་མི་རིགས20ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྤྱིའི་མི་འབོར་ཁྲི2.3ཡོད་པའི་ནང་སོག་རིགས18000ལྷག་ཙམ་དང་། མན་ཇུ་རིགས4400ལྷག་ཙམ། ཁྲའོ་ཞན་རིགས400ལྷག་ཙམ། ཧུའེ་རིགས200ལྷག་ཙམ། ཞི་པོ་རིགས50ལྷག་ཙམ། ཏ་ཝོར་རིགས30ལྷག་ཙམ་བཅས་ཡོད། རྫོང་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ཡུལ་ཚོ(གྲོང་རྡལ)2ཡོད་པ་དང་མི་རིགས་གྲོང་ཚོ(གྲངས་ཉུང་མི་རིགས་ཀྱི་ཤང་གྲོང12ཡོད་པ་སྟེ། མོ་ཀེ་སོག་རིགས་ཡུལ་ཚོ་དང་ཧ་ཐུའུ་རླིད་སོག་རིགས་ཡུལ་ཚོ་ཡོད་ལ། མི་རིགས་གྲོང་ཚོར་དབྱིན་ཐའེ་གྲོང་ཚོ་དང་། པ་ཅ་ཙི་གྲོང་ཚོ། ཏའེ་ཐོའུ་གྲོང་ཚོ་བཅས་དང་། ཚི་ལེ་གྲོང་ཚོ་དང་། ནུབ་ལུང་གྲོང་ཚོ། ཧྲའོ་ལི་གྲོང་ཚོ་མདུན་མ། ཧྲའོ་ལི་གྲོང་ཚོ། མཐུན་སྒྲིལ་གྲོང་ཚོ་རྒྱབ་མ། གྲོང་ཚོ་གསར་འཛུགས། ཡུས་ཅ་ཙི་གྲོང་ཚོ། མཐའ་སྐོར་གྲོང་ཚོ། ཏ་ལུང་གྲོང་ཚོ)བཅས་ཡོད།

5 དཔལ་འབྱོར།

སྤྱི་ལོ2017ལོར་ཀྲེན་ལའེ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར141.6ཟིན་ནས6%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར158.4བཏང་ནས6.9%འཕར། ས་གནས་རིམ་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར5.84ཟིན་ནས་བསྡུར་གཞི་ཡོད་པའི་སྒོ་ནས5%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར36ཟིན་ནས10%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21851ཟིན་ནས8%འཕར། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར8664ཟིན་ནས8%འཕར་ཡོད།     སྤྱི་ལོ2018ལོར་ཀྲེན་ལའེ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར6%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས5%འཕར། ས་གནས་རིམ་པའི་ནོར་སྲིད་ཡོང་འབབ0.2%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར2%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ6.5%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ11.9%འཕར་བ་བཅས་སོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-21

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།