ཧྲུན་ཁྲེང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲུན་ཁྲེང་ཆུས།
ཧྲུན་ཁྲེང་ཆུས་ནི་ལིའོ་ཉིང་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧྥུའུ་ཧྲུན་གྲོང་ཁྱེར་སྲིད་གཞུང་གི་གནས་ཡུལ་ཡིན། དེ་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཡོད་པ་དང་། བྱང་ནི་ཐིའེ་ལིང་གྲོང་ཁྱེར་གྱི་ཐིའེ་ལིང་རྫོང་དང་མཐའ་འབྲེལ་ཡོད། ནུབ་ནི་ཧྲེན་དབྱང་གྲོང་ཁྱེར་ཧྲེན་པེ་ཁུལ་གསར། ཧྥུའུ་ཧྲུན་ཀའོ་ཝན་དམིགས་བསལ་ཁུལ་བཅས་སུ་འབྲེལ་ཡོད། ཤར་ངོས་ཏུང་ཀྲོའུ་ཆུས་དང་འབྲེལ་ཡོད་པ་དང་། ལྷོ་ངོས་ནི་ཞིན་ཧྥུའུ་ཆུས་དང་ཝང་ཧྭ་ཆུས་གཉིས་ཀྱི་ཁ་གཏད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ348ཡོད་པ་དེ་གཞུང་ཐིག་ཤར་མ123°46′00"-124°003′40"དང་། འཕྲེད་ཐིག་བྱང་མ41°52′24"-42°02′06"ཡི་བར་དུ་ཆགས་ཡོད། སྤྱི་ལོ2014ལོར་ཧྲུན་ཁྲེང་ཆུས་ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར210ཟིན་པ་དེ་དུས་མཚུངས་ལས5%འཕར་ཡོད། སྤྱི་ལོ2014ལོའི་བར་ཧྥུའུ་ཧྲུན་གྲོང་ཁྱེར་ཧྲུན་ཁྲེང་ཆུས་ཁོངས་གཏོགས་སུ་ཁྲོམ་ལམ6དང་། ཤང2གྲོང་རྡལ1བཅས་ཡོད་ལ་རྒྱུན་སྡོད་མི་གྲངས་ཁྲི50ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
顺城区
ཕྱི་ཡིག་གི་མིང་།
Shuncheng District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ348ཡོད།
གནས་ཡུལ།
ལིའོ་དབུས་ས་ཁུལ་དུ་གནས་ཡོད།
མི་འབོར།
རྒྱུན་སྡོད་མི་འབོར་ཁྲི50ཡོད། (སྤྱི་ལོ2014ལོ)
​ཡུལ་སྐད། 
བྱང་ཤར་སྐད།
གནམ་གཤིས།
དྲོད་རྒྱུད་དུས་རླུང་ནམ་ཟླ།
མངའ་ཁོངས།
ཁྲོམ་གཞུང6དངཤང2གྲོང་རྡལ1བཅས་ཡོད།
མཛེས་ལྗོངས་གྲགས་ཅན། 
ཀའོ་ཨར་ཧྲན་སྤྱི་གླིང་སོགས།
ས་ཁོངས་ཁ་པར་ཨང་རྟགས།
024
མེ་འཁོར་འབབ་ཚུགས།
ཧྥུའུ་ཧྲུན་བྱང་ཚུགས།
སྲིད་གཞུང་གནས་ཡུལ།
ཁྲང་ཁྲུན་སྲང་ལམ་ཞིན་ཁྲེང་ལམ་གྱི་ཤར་མཚམས་ཀྱི་ཨང་རྟགས1པོ་རུ་གནས་ཡོད།
རླངས་འཁོར་ཚབ་ཨང་།
ལིའོ(辽)D
​སྲིད་འཛིན་ཚབ་ཨང་། 
210411
སྦྲག་སྲིད་ཨང་རྟགས། 
113006
1 ​ངོ་སྤྲོད་མདོར་བསྡུས།

ཧྲུན་ཁྲེང་ཆུས་ནི་ལིའོ་ཉིང་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧྥུའུ་ཧྲུན་གྲོང་ཁྱེར་སྲིད་གཞུང་གི་གནས་ཡུལ་ཡིན། དེ་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཡོད་པ་དང་། བྱང་ནི་ཐིའེ་ལིང་གྲོང་ཁྱེར་གྱི་ཐིའེ་ལིང་རྫོང་དང་མཐའ་འབྲེལ་ཡོད། ནུབ་ནི་ཧྲེན་དབྱང་གྲོང་ཁྱེར་ཧྲེན་པེ་ཁུལ་གསར། ཧྥུའུ་ཧྲུན་ཀའོ་ཝན་དམིགས་བསལ་ཁུལ་བཅས་སུ་འབྲེལ་ཡོད། ཤར་ངོས་ཏུང་ཀྲོའུ་ཆུས་དང་འབྲེལ་ཡོད་པ་དང་། ལྷོ་ངོས་ནི་ཞིན་ཧྥུའུ་ཆུས་དང་ཝང་ཧྭ་ཆུས་གཉིས་ཀྱི་ཁ་གཏད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ348ཡོད་པ་དེ་གཞུང་ཐིག་ཤར་མ123°46′00"-124°003′40"དང་། འཕྲེད་ཐིག་བྱང་མ123°46′00"-124°003′40"ཡི་བར་དུ་ཆགས་ཡོད།

སྤྱི་ལོ2014ལོར་ཧྲུན་ཁྲེང་ཆུས་ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར210ཟིན་པ་དེ་དུས་མཚུངས་ལས5%འཕར་ཡོད། སྤྱི་ལོ2014ལོའི་བར་ཧྥུའུ་ཧྲུན་གྲོང་ཁྱེར་ཧྲུན་ཁྲེང་ཆུས་ཁོངས་གཏོགས་སུ་ཁྲོམ་ལམ6དང་། ཤང2གྲོང་རྡལ1བཅས་ཡོད་ལ་རྒྱུན་སྡོད་མི་གྲངས་ཁྲི50ཡོད།    

2 འཛུགས་སྐྲུན་འཕེལ་རིམ།

སྤྱི་ལོ1956ལོར་ཐིའེ་ལིང་རྫོང་དང་། ཆིང་ཡོན་རྫོང་། པུན་ཞི་རྫོང་བཅས་ཀྱི་ས་ཁོངས་ཁ་ཤས་སུ་བགོས། ལོ་དེར་ཧུ་པེའི་ཆུས་སུ་བསྒྱུར།

སྤྱི་ལོ1959ལོར་གྲོང་ཁྱེར་ཉེ་འདབས་ཀྱི་སྲང་ལམ་སླར་གསོ་བྱས།

སྤྱི་ལོ1961ལོར་ཧྥུའུ་ཧྲུན་རྫོང་དུ་བསྒྱུར།

སྤྱི་ལོ1978ལོར་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཉེ་འདབས་སུ་བཙུགས།

སྤྱི་ལོ1988ལོར་ཧྥུའུ་ཧྲུན་ཆུས་སུ་མིང་བསྒྱུར།

སྤྱི་ལོ1997ལོར་ཧྲུན་ཁྲེང་ཆུས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ561.5ཡོད་པ་དེའི་ཁོངས་སུ་སྲང་ལམ2དང་། གྲོང་རྡལ3ཤང5ཡོད་པ་སྟེ། སྲང་ལམ་གཉིས་ནི་ཧུ་ཏུང་སྲང་ལམ་དང་ཧྲི་ཅཱ་སྲང་ལམ་དང་། གྲོང་རྡལ3ནི་ལི་ཧྲི་ཁྲའོ་ཞན་རིགས་གྲོང་རྡལ། ཆན་ཏེན་ཁྲའོ་ཞན་རིགས་གྲོང་རྡལ། ཐཱ་ཡུས་གྲོང་རྡལ་བཅས་ཡིན། ཤང་5ནི་ཆན་ཅིན་ཤང་། ཧུའེ་ཡོན་ཤང་། ཧུ་པེ་ཤང་། ཧོང་ཆི་ཤང་། ཉི་ཕན་ཤང་བཅས་ཡིན།

སྤྱི་ལོ1999ལོར་ལིའོ་ཉིང་ཞིང་ཆེན་སྲིད་གཞུང་གིས་ཧུན་ཧུ་ཆུ་བོའི་བྱང་ངོས་ཀྱི་དེ་སྔའི་ཞིན་ཧྥུའུ་ཆུས་སུ་གཏོགས་པའི་ཅང་ཅུན་པའོ་དང་། ཧྥུའུ་ཧྲུན་གྲོང་ཁྱེར། ཤིན་ཧྭ། ཀེ་པུའུ། ཀེ་པུའུ་གྲོང་གསར་བཅས་ཁྲོམ་གཞུང་དོན་གཅོད་ཁྲུའུ5རུ་དབྱེ་རྒྱུའི་ཆོག་མཆན་སྤྲད་པ་དང་། དེ་སྔའི་གྲོང་ཁྱེར་ཧྲུན་ཁྲེང་ཆུས་སུ་གཏོགས་པའི་ཐ་ཡུས་གྲོང་རྡལ་དང་། ལི་ཧྲི་གྲོང་རྡལ། ཀའོ་ཝན་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཅས་ཝང་ཧྭ་ཆུས་ཁོངས་སུ་དབྱེ། དེ་སྔའི་ཧྲུན་ཁྲེང་ཆུས་ཀྱི་ཁོངས་སུ་གཏོགས་པའི་ཉེན་ཕན་ཤང་དང་ཆན་ཅིན་ཤང་གཉིས་ལུའུ་ཐེན་ཆུས་སུ་དབྱེ། ཧུན་ཧུ་གཙང་པོའི་ལྷོ་ངོས་ཀྱི་དེ་སྔའི་ཧྲུན་ཁྲེང་ཆུས་ཧུ་པེ་ཤང་གི་ཡུས་ལིན་དང་། ཝན་ཞིན། ཤིན་ལིན་བཅས“མཉམ་འབྲེལ་ཁང”གསུམ་ཞིན་ཧྥུའུ་ཆུས་ཁོངས་སུ་དབྱེ།

སྤྱི་ལོ1999ལོར་ལིའོ་ཉིང་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་གནང་བ་ལྟར། ཧུང་ཆི་ཤང་མེད་པར་བཟོས་ནས་དེའི་ཁོངས་གཏོགས་ས་ཁོངས་ཧུ་པེའི་ཤང་དུ་ཟླ་བསྒྲིལ་བཏང་བ་དང་ཟླ་བསྒྲིལ་བཏང་རྗེས་ཧུ་པེའི་ཤང་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ98.2ཟིན་པ་དང་། ཆན་ཏེན་ཁྲའོ་ཞན་རིགས་ཀྱི་གྲོང་རྡལ་ཕྱིར་འཐེན་བྱས་ནས་ཆན་ཏེན་གྲོང་རྡལ་བཙུགས།

སྤྱི་ལོ2000ལོར་ཧྲུན་ཁྲེང་ཆུས་ཀེ་པུའུ་གྲོང་གསར་གྱི་ཁྲོམ་གཞུང་མེད་པར་བཟོས། དེར་བརྟེན་གྲོང་ཁུལ་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང7དང་། གྲོང་རྡལ1ཤང2བཅས་ཡོད།

3 སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།

སྤྱི་ལོ2014ལོའི་བར་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཧྲུན་ཁྲེང་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང6དང་ཤང2དང་གྲོང་རྡལ1བཅས་ཡོད་པར་ཁྱོན་སྡེ་ཁུལ68དང་གྲོང་ཚོ38ཡོད། ཆུས་མི་དམངས་སྲིད་གཞུང་ཁྲང་ཁྲུན་སྲང་ལམ་ཞིན་ཁྲེང་ལམ་གྱི་ཤར་དུམ་ཨང་རྟགས1པོ་རུ་གནས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཧྲུན་ཁྲེང་ཆུས་ནི་ལིའོ་ཉིང་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཧྥུའུ་ཧྲུན་གྲོང་ཁྱེར་སྲིད་གཞུང་གི་གནས་ཡུལ་ཡིན། དེ་ནི་ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཡོད་ལ། བྱང་ནི་ཐིའེ་ལིང་གྲོང་ཁྱེར་གྱི་ཐིའེ་ལིང་རྫོང་དང་མཐའ་འབྲེལ་ཡོད། ནུབ་ནི་ཧྲེན་དབྱང་གྲོང་ཁྱེར་ཧྲེན་པེ་ཁུལ་གསར། ཧྥུའུ་ཧྲུན་ཀའོ་ཝན་དམིགས་བསལ་ཁུལ་བཅས་སུ་འབྲེལ་ཡོད། ཤར་ངོས་ཏུང་ཀྲོའུ་ཆུས་དང་འབྲེལ་ཡོད་པ་དང་། ལྷོ་ངོས་ཞིན་ཧྥུའུ་ཆུས་དང་ཝང་ཧྭ་ཆུས་གཉིས་ཀྱི་ཁ་གཏད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ348ཡོད་པ་དེ་གཞུང་ཐིག་ཤར་མ123°46′00"-124°003′40"དང་། འཕྲེད་ཐིག་བྱང་མ123°46′00"-124°003′40"ཡི་བར་དུ་ཆགས་ཡོད།

4_2 ནམ་ཟླ།

ཧྲུན་ཁྲེང་ཆུས་ནི་དབུས་དྲོད་ཁུལ་དུ་གནས་པ་དང་། སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞིར་དབྱེ་བ་གསལ་པོ་ཡོད། དབྱར་དུས་དྲོད་ཞིང་ཆར་ཆུ་མང་བ་དང་། དགུན་དུས་གྲང་ངར་ཆེ། དཔྱིད་དུས་དང་སྟོན་དུས་གཉིས་ཅུང་ཐུང་ལ། རླུང་མང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ13.9ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི826.8ཟིན་ཡོད། གངས་འབབ་པའི་ཉིན་གྲངས་ལོ་ལྟར་ཆ་སྙོམས་ཉིན24ཡིན། ས་ངོས་སུ་འཁྱགས་པ་ཐེབས་པའི་གཏིང་ཚད་སྨི1.2-1.4བཅས་ཟིན་ཡོད། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི797ཟིན་ཡོད་པ་དང་། ལོ་རེར་ཆ་སྙོམས་སད་མེད་དུས་ཉིན152ཡིན།

5 མི་འབོར་དང་མི་རིགས།

སྤྱི་ལོ2014ལོའི་བར། ཧྥུའུ་ཧྲུན་གྲོང་ཁུལ་དུ་རྒྱུན་སྡོད་མི་འབོར་ཁྲི50ཡོད་པ་དང་། དེ་ནི་མི་རིགས་མང་པོ་ཁ་ཐོར་དུ་སྡོད་པའི་ས་ཁུལ་ཞིག་ཡིན་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཅུང་མང་བ་རེད། མི་འབོར་ཁྲི་ལས་བརྒལ་བའི་གྲངས་ཉུང་མི་རིགས་ལ་མན་ཇུ་རིགས་དང་། ཁྲའོ་ཞན་རིགས། ཧུའེ་རིགས་བཅས་ཡོད། མི་འབོར5000ལས་དམའ་ཡང3000ལས་མཐོ་བའི་མི་རིགས་ལ་སོག་རིགས་དང་ཞི་པོ་རིགས་ཡོད། དེ་མིན་གྲངས་ཉུང་མི་རིགས་གཞན་གྱི་མི་འབོར་ཚང་མ200ཡན་ཟིན་གྱི་མེད།

6 དཔལ་འབྱོར།

སྤྱི་ལོ2014ལོར་ཧྲུན་ཁྲེང་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར210ཟིན་པ་དེ་དུས་མཚུངས་ལས5%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར15.76ཟིན་ནས་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར12.2ཟིན་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར123ཟིན་པ་དེ་དུས་མཚུངས་ལས11.2%འཕར་ཡོད། གྲོང་ཁྱེར་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26415ཟིན་པ་དེ་དུས་མཚུངས་ལས་སྤྱི་ལོ2013ལོ་དང་བསྡུར་ན10%འཕར་ཡོད། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་ཁྲི6170ཟིན་པ་དང་། ས་ཁོངས་ཕྱིའི་མ་དངུལ་ནང་འདྲེན་བྱས་པའི་ཞིང་ཆེན་ཕྱིའི་མ་དངུལ་སྒོར་དུང་ཕྱུར97.2ཟིན་ནས་ལོ་ཧྲིལ་པོའི་ལས་འགན་གྱི170%ལེགས་གྲུབ་བྱུང་ཡོད།

7 སྤྱི་ཚོགས་ལས་དོན།
7_1 གྲོང་ཁྱེར་འཛུགས་སྐྲུན།

སྤྱི་ལོ2013ལོའི་བར་ཧྲུན་ཁྲེང་ཆུས་སུ་འཕྲོད་བསྟེན་གྱི་ཁུག་ཀྱོག་ལྔ་བཅོས་སྒྲིག་དང་། “གང་འདོད་དྲུག”དང“གད་སྙིགས” “གནོད་འཚེ་བཞི” “འཛེར་སྒྲས་དམངས་ལ་གནོད་འཚེ་བཟོ་བ”སོགས་བཅོས་སྒྲིག་ནང་དོན་དུ་བྱས་པའི“བཅོས་སྒྲིག་ལྔའི”ཆེད་དོན་བྱ་སྤྱོད་སྤེལ་བ་དང་། ཆེད་ལས་ཚན་པ་དང་ཆུས་བཅའ་སྡོད་ཚན་པ176བྱ་སྤྱོད་ཆེན་པོ་ཐེངས་ལྔ་ལ་ཞུགས། འཕྲོད་བསྟེན་གྱི་ཁུག་ཀྱོག་ཁག10ལྷག་ཙམ་གཙང་བཤེར་བྱས། “དོ་དམ་མི་བྱེད་པའི”གད་སྙིགས་ཏུན4000ལྷག་ཙམ་གཙང་བཤེར་བྱས་པ་དང་། བརྡ་ཁྱབ་ཆུང་གྲས་ཁྲི3ལྷག་ཙམ་གཙང་བཤེར་བྱས། ཁོངས་གཏོགས་ཁུལ་གྱི་གད་སྙིགས་སྦུག་ལམ812དང་ས་འོག་ཆུ་ཁྲོན60སོགས“གནོད་པ་བཞི”གནས་སྡོད་བྱ་ཡུལ་དུ་གཙང་སེལ་བྱས། གད་སྙིགས་ཕག3000གཙང་བཤེར་བྱས། འུར་སྒྲས་མང་ཚོགས་ལ་གནོད་པ་ཐེབས་བཞིན་ཡོད་པ260ལྷག་ཙམ་ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

7_2 སློབ་གསོ།

སྤྱི་ལོ2013ལོའི་བར་ཧྲུན་ཁྲེང་ཆུས་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ47ཡོད་པ་དེའི་ནང་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ2(མི་རིགས་སློབ་གྲྭ་1ཚུད་ཡོད)དང་། དམའ་རིམ་སློབ་འབྲིང10(གྲོང་ཁྱེར་གྱི་དམའ་རིམ་སློབ་འབྲིང6དང་། གྲོང་གསེབ་ཀྱི་དམའ་རིམ་སློབ་འབྲིང3དམངས་དོན་གཞུང་ལས་ཀྱི་དམའ་རིམ་སློབ་འབྲིང་1)བཅས་དང་། སློབ་ཆུང32(གྲོང་ཁྱེར་གྱི་སློབ་ཆུང16དང་། གྲོང་གསེབ་ཀྱི་སློབ་ཆུང15དམངས་དོན་གཞུང་ལས་རོགས་སྐྱོར་སློབ་ཆུང1)བཅས་དང་། བུ་བཅོལ་ཁང1འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ1དགེ་རྒན་ཟབ་སྦྱོང་སློབ་གྲྭ1བཅས་ཡོད། སློབ་གྲྭར་ཡོད་པའི་སློབ་མ28918ཡོད་པའི་ནང་དམའ་རིམ་སློབ་འབྲིང་གི་སློབ་མ10473དང་སློབ་ཆུང་སློབ་མ18445ཡོད། ལྗོངས་ཡོངས་ཀྱི་ལས་ཐོག་དགེ་རྒན་དང་ལས་བཟོ2565དང་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན1558ཡོད། མཐོ་རིམ་དགེ་རྒན(སློབ་ཆུང་གི་མཐོ་ཚད་ཚུད་པ)270ཡོད་པ་དང་སློབ་འབྲིང་གི་རིམ་པ(སློབ་ཆུང་གི་མཐོ་རིམ་ཚུད་པ)1037ཡོད། ཞིང་ཆེན་རིམ་པའི་རྐང་འཛིན་དགེ་རྒན16དང་། གྲོང་ཁྱེར་རིམ་པའི་རྐང་འཛིན་དགེ་རྒན168ཆུས་རིམ་པའི་རྐང་འཛིན་དགེ་རྒན447གྲོང་ཁྱེར་གྱི་བྱང་ཚད་སློབ་གསོའི་རྩེར་སོན་ཤེས་ལྡན་མི་སྣ3བཅས་ཡོད

7_3 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2013ལོའི་བར་ཧྲུན་ཁྲེང་ས་ཁོངས་སུ་གྲོང་ཁྱེར་དེ་ཡོངས་ཀྱི་ཆུ་ཚད་མཐོ་ཤོས་ཀྱི་རིམ་གསུམ་ཀ་པ་རིམ་པའི་ཕྱོགས་བསྡུས་སྨན་ཁང་གྲོང་ཁྱེར་ལྟེ་གནས་ཀྱི་སྨན་ཁང་ཡོད་ལ། རིམ་པ་གསུམ་པའི་ཁ་པ་སོགས་ཆེད་ཚན་སྨན་ཁང་ཡང་ཡོད་པ་དཔེར་ན། ཧྥུའུ་ཧྲུན་གྲོང་ཁྱེར་འགོ་ནད་སྨན་ཁང་དང་། གྲོང་ཁྱེར་སྐྲན་ནད་སྨན་ཁང་། ཧྥུའུ་ཧྲུན་སོལ་གཏེར་སྨྱོ་ནད་སྨན་ཁང་བཅས་ཡོད་པ་རེད། སྲིད་གཞུང་གིས་མ་དངུལ་བཏང་ནས་བཙུགས་པའི་རིམ་གཉིས་སྨན་ཁང་ཁུལ་ལྟེ་བའི་སྨན་ཁང་དང་། ཆུས་མི་དམངས་སྨན་ཁང་། ཆུས་ཀྲུང་ལུགས་སྨན་ཁང་བཅས་ཡོད་ལ། ཁེ་ལས་དང་མི་སྒེར་གྱིས་གཉེར་བའི་སྨན་ཁང་དཔེར་ན། རྡོ་སྣུམ་བཟོ་གྲྭ་དང་པོའི་ལས་བཟོའི་སྨན་ཁང་དང་། ཡིད་རྟོན་མངགས་བཅོལ་ལས་བཟོའི་སྨན་ཁང་། ཐུང་ཐའེ་སྨན་ཁང་། བྱམས་སེམས་སྨན་ཁང་། དེ་བས་མང་བའི་ཁེ་ལས་འཕྲོད་བསྟེན་ཁང་། ཤང་ཁྲོམ་གཞུང་འཕྲོད་བསྟེན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་། ཁེར་རྐྱང་སྨན་བཅོས་ཁང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ས་ཚིགས་སོགས་སྨན་བཅོས་སྒྲིག་གཞི་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་ནས་སྨན་བཅོས་སྒྲིག་གཞིའི་བསྡོམས་འབོར200ལྷག་ཙམ་ཟིན་ཡོད། ཧྲུན་ཁྲེང་གྲོང་ཁུལ་དུ་སྔ་རྗེས་སུ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས31བཙུགས་ནས་ལྗོངས་ཡོངས་ཀྱི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ཁྱབ་ཚད100%ཟིན་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-31

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།