ཆི་ཧོ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆི་ཧོ་རྫོང་།
ཆི་ཧོ་རྫོང་ནི་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ལ། ཏེ་ཀྲོའུ་གྲོང་ཁྱེར་གྱི་ལྷོ་སྣེ་རུ་གནས་པ་དང་། རྨ་ཆུས་བར་ཆོད་ནས་ཅི་ནན་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1411ཡོད་ལ། སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཆི་ཧོ་རྫོང་ཁོངས་སུ་ཡུལ་ཚོ2དང་། གྲོང་རྡལ11 ཁྲོམ་ལམ2བཅས་ཡོད་ལ། རྒྱུན་སྡོད་མི་འབོར་ཁྲི62.2ཡོད། ཆི་ཧོ་རྫོང་དུ་ལུང་ཧྲན་རིག་གནས་ཀྱི་རྗེས་ཤུལ་དང་། ཡན་དབྱིན་མཆོད་ཁང་། ཧན་རྒྱལ་རབས་ཤར་མའི་གནའ་བོའི་བང་སོ་སོགས་གནའ་ཤུལ་དུ་མ་ཡོད་ལ། མངའ་ཁོངས་སུ་ལྕགས་ལམ4དང་། མྱུར་བགྲོད་གཞུང་ལམ4 རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ5 མྱུར་བགྲོད་འབུད་སྒོ7བཅས་ཡོད། མངའ་ཁོངས་ཀྱི་རྨ་ཆུའི་འགྲམ་རྒྱུད་ཀྱི་རིང་ཚད་ལ་སྟོང་སྨི62.5ཡོད་ལ། ལོ་རེར་རྨ་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར3.5ཟིན་ཡོད། ས་འོག་ཏུ་རྡོ་སོལ་དང་། རྡོ་སྣུམ། རྡོ་ཀོང་། གཏེར་ཆུ་སྤུས་ལེགས་སོགས་ཡོད། སྤྱི་ལོ2018ལོར་ཆི་ཧོ་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར445.14ཟིན་པ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར52.52བྱུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
齐河县
ཕྱི་ཡིག་གི་མིང་།
Qihe County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ས་ཁོངས་ཁ་པར་ཨང་རྟགས།
0534
སྦྲག་སྲིད་ཨང་རྟགས།
251100
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1411ཡོད།
མི་འབོར།
ཁྲི62.2ཡོད།(སྤྱི་ལོ2018ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ལུའུN 鲁N
སྲིད་འཛིན་ཚབ་ཨང་།
371425
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར445.14ཡིན།(སྤྱི་ལོ2018ལོ)
1 ​ལོ་རྒྱུས་འཕེལ་རིམ།

ས་འོག་ནས་ཐོན་པའི་རིག་དངོས་ཀྱིས་ར་སྤྲོད་བྱས་པར་གཞིགས་ན། ཕལ་ཆེར་ལོ་ངོ་བཞི་སྟོང་ལྷག་གི་སྔོན་དུ་ཆི་ཧོའི་མངའ་ཁོངས་སུ་མིའི་རིགས་འདུས་སྡོད་བྱས་ཡོད།

ཞ་ཧྲང་རྒྱལ་རབས་ཀྱི་སྐབས་སུ་ཡན་ཀྲོའུ་ཡི་མངའ་ཁོངས་ཡིན་པ་དང་། ཀྲོའུ་ནུབ་མའི་སྐབས་སུ་ཆི་རྒྱལ་ཁབ་ཀྱི་ས་ཆ་ཡིན།  

ཆིན་ཧྲི་ཧོང་ཁྲི་ལོ་ཉེར་དྲུག་པར(སྤྱི་ལོ་སྔོན་གྱི221ལོ)ཆིན་ཧྲི་ཧོང་གིས་ཅུན་དང་རྫོང་བཙུགས་ཏེ་ཆི་རྫོང་གི་མིང་ཀྲུའུ་ཁོ་རྫོང་དུ་བསྒྱུར།

ཧན་ནུབ་མའི་ཀའོ་ཙུའུ་ཁྲི་ལོ་བཅུ་གཅིག་པར(སྤྱི་ལོ་སྔོན་གྱི196ལོ)ཀྲུའུ་ཁོ་རྫོང་ཀྲུའུ་ཨ་རྫོང་ཞེས་པར་བསྒྱུར།

ཧན་ཤར་མའི་ཅན་ཝུའུ་ཁྲི་ལོ་ལྔ་པར་སླར་ཡང་ཀྲུའུ་ཨ་རྫོང་ཞེས་འབོད།

ཅིན་རྒྱལ་རབས་ཤར་མའི་སྐབས་སུ་ཀྲུའུ་ཨ་རྫོང་ཅུན་དུ་འཕར་ལ། ལྷོ་བྱང་རྒྱལ་རབས་ཀྱི་སྐབས་སུ་ཅུན་ཕྱིར་འཐེན་བྱས་ནས་རྫོང་སླར་གསོ་བྱས།

ཐང་ཐེན་པའོ་ཁྲི་ལོར(སྤྱི་ལོ742ལོ)ཀྲུའུ་ཨ་རྫོང་ནི་ཡུས་ཁྲེང་རྫོང་དུ་བསྒྱུར། ཆན་ཡོན་ཁྲི་ལོ་གཉིས་པར(སྤྱི་ལོ759ལོ)གྲོང་ཁྱེར་ཆན་ཧྲན་སྡེ་བར་སྤོས་ཤིང་། དེང་གི་ཡུས་ཁྲེང་ཆུས་སུ་སྤོས། དེ་སྔའི་རྫོང་མཁར་ལ་ཀེང་ཅི་གྲོང་བརྡལ་ཞེས་འབོད།

སུང་རྒྱལ་རབས་ཀྱི་སྐབས་སུ་ཀེང་ཅི་གྲོང་རྡལ་དེ་ཅི་ཧོ་གྲོང་རྡལ་དུ་བསྒྱུར། དེ་རྗེས་ཆི་ཧོ་གྲོང་རྡལ་ཞེས་འབོད།

ཅིན་རྒྱལ་རབས་ཀྱི་སྐབས་སུ་ཧའེ་ཁྲི་ལོ་བརྒྱད་པར(སྤྱི་ལོ1130ལོ)གྲོང་རྡལ་ནས་རྫོང་དུ་བསྒྱུར་ཞིང་མིང་ལ་ཆི་ཧོ་རྫོང་ཟེར་ལ། ཅི་ནན་ཧྥུ་ཡི་ཁོངས་སུ་གཏོགས།

ཡོན་རྒྱལ་རབས་ཀྱི་སྐབས་སུ་ཆི་ཧོ་རྫོང་ཡན་ནན་ཧོ་པེ་ཏའོ་ཏེ་ཀྲོའུ་ཡི་ཁོངས་སུ་གཏོགས།

མིང་རྒྱལ་རབས་ཀྱི་སྐབས་སུ་ཆི་ཧོ་རྫོང་ཅི་ནན་ཧྥུ་ཡི་ཁོངས་སུ་གཏོགས།

ཆིང་རྒྱལ་རབས་ཀྱི་སྐབས་སུ་ཆི་ཧོ་རྫོང་ཧྲན་ཏུང་པུའུ་ཀྲིན་ཧྲི་སི་ཅི་ནན་ཧྥུ་ཡི་ཁོངས་སུ་གཏོགས།

མིན་གོའི་དུས་སྐབས་སུ(སྤྱི་ལོ1912ལོ་ནས་སྤྱི་ལོ1949ལོའི་བར)ཆི་ཧོ་རྫོང་ཏའེ་པེ་ཏའོ་དང་ཅི་ནན་ཏའོ་ཡི་ཁོངས་སུ་གཏོགས།

འཇར་འགོག་དམག་འཁྲུག་གི་དུས་སྐབས་སུ(སྤྱི་ལོ1937ལོ་ནས་སྤྱི་ལོ1945ལོའི་བར)ཆི་ཧོ་རྫོང་གི་ས་ཁོངས་ནི་བྱང་དབུས་ལྷོ་གསུམ་གྱི་མི་དམངས་སྲིད་དབང་གི་ཁོངས་གཏོགས་ཡིན། དེ་དག་ནི་སོར་སོར་དབྱི་པེ་ཀྲོན་ཧྲུའུ་དང་། ཐའེ་ཞི་ཀྲོན་ཧྲུའུ། ཅི་ལུའུ་ཡུས་ས་ཁུལ་གྱི་ཀྲོན་ཧྲུའུ་བཅས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1950ལོར་ཆི་ཧོ་རྫོང་ཏེ་ཀྲོའུ་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1956ལོར་ཆི་ཧོ་རྫོང་ལེའོ་ཁྲེང་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1961ལོར་ཆི་ཧོ་རྫོང་ཧྥུ་ལི་ཏེ་ཀྲོའུ་ཡི་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1994ལོའི་ཟླ12པར་ཏེ་ཀྲོའུ་ས་ཁུལ་ནས་ཏེ་ཀྲོའུ་གྲོང་ཁྱེར་དུ་མིང་བསྒྱུར་ཏེ་སྔར་བཞིན་ཏེ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

2 སྲིད་འཛིན་ཁུལ་དབྱེ།
2_1 ཁུལ་དབྱེའི་འཕེལ་རིམ།

སྤྱི་ལོ1956ལོར་ཁྲང་ཆིང་རྫོང་གི་ཧོ་ཞི་ས་ཁུལ་དེ་ཆི་ཧོ་རྫོང་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1989ལོར། སང་ཙི་ཏེན་གྲོང་རྡལ་དང་། ཏ་ཝང་ཡུལ་ཚོ། ཅིན་ཅ་ཡུལ་ཚོ་ཅི་ནན་གྲོང་ཁྱེར་ལི་ཁྲེང་ཆུས་སུ་བགོས།

སྤྱི་ལོ1991ལོར་ཆི་ཧོ་རྫོང་ཁོངས་གཏོགས་སུ་གྲོང་རྡལ4དང་ཡུལ་ཚོ17 སྲིད་འཛིན་གྲོང་ཚོ1012 རང་བྱུང་གྲོང་ཚོ1048བཅས་ཡོད།

སྤྱི་ལོ1995ལོའི་ཟླ12པར་ཞའོ་ཀྲོའུ་ཡུལ་ཚོ་ཕྱིར་འཐེན་བྱས་ནས་གྲོང་རྡལ་དུ་བསྒྱུར་ཞིང་། མིང་ལ་ཀྲུའུ་ཨ་གྲོང་རྡལ་ཟེར། རྫོང་ཡོངས་ཀྱི་ཁོངས་སུ་གྲོང་རྡལ5དང་ཡུལ་ཚོ16ཡོད་པ་སྟེ། ཡན་ཁྲེང་གྲོང་རྡལ་དང་། མ་པེ་སི་གྲོང་རྡལ། ཅའོ་མིའོ་གྲོང་རྡལ། ཀྲའོ་ཀོན་གྲོང་རྡལ། ཀྲུའུ་ཨ་གྲོང་རྡལ། ཅའོ་པིན་ཐུན་ཡུལ་ཚོ། ཨན་ཐོའུ་ཡུལ་ཚོ། ཞོན་ཀྲང་ཐུན་གྲོང་རྡལ། ཏ་ཧོང་ཡུལ་ཚོ། ནན་པེ་ཡུལ་ཚོ། ཧྭ་ཏེན་ཡུལ་ཚོ། ལིའུ་ཆའོ་ཡུལ་ཚོ། ཝུའུ་ཐོའུ་ཡུལ་ཚོ། ཕན་ཏན་ཡུལ་ཚོ། ཏ་ཀྲང་ཡུལ་ཚོ། རེན་ལི་ཅི་ཡུལ་ཚོ། མ་ཅི་ཡུལ་ཚོ། ཧུའུ་ཀོན་ཐུན་ཡུལ་ཚོ། ཧྥུ་ཅུའེ་ཡུལ་ཚོ། ཅ་ཧྲི་ཡུལ་ཚོ། ཧྥུ་ཡིང་ཡུལ་ཚོ་བཅས་ཡིན།

སྤྱི་ལོ2000ལོའི་ཟླ6པར་ཡུལ་ཚོ་དང་གྲོང་རྡལ་ཁག་གཅིག་ཟླ་སྒྲིལ་བཏང་བ་དང་ཟླ་སྒྲིལ་བཏང་རྗེས་གྲོང་རྡལ9དང་ཡུལ་ཚོ5ཡོད། དེའི་ནང་དུ་ཡན་ཁྲེང་གྲོང་རྡལ་དང་། ཅའོ་པིན་ཐུན་ཡུལ་ཚོ། ནན་པེ་ཡུལ་ཚོ་བཅས་ཡན་ཁྲེང་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་། ཀྲུའུ་ཨ་གྲོང་རྡལ་དང་ཧྲི་ཡིང་ཡུལ་ཚོ་ཟླ་སྒྲིལ་བཏང་ནས་ཀྲུའུ་ཨ་གྲོང་རྡལ་དུ་བསྒྱུར། ཕན་ཏན་ཡུལ་ཚོ་དང་ཝུའུ་ཐོའུ་ཡུལ་ཚོ་ཟླ་སྒྲིལ་བཏང་ནས་ཕན་ཏན་གྲོང་རྡལ་དུ་བསྒྱུར། ཅའོ་མིའོ་གྲོང་རྡལ་དང་ཅ་ཧྲི་ཡུལ་ཚོ་ཟླ་སྒྲིལ་བཏང་ནས་ཅའོ་མིའོ་གྲོང་རྡལ་དུ་བསྒྱུར། ཧུའུ་ཀོན་ཐུན་ཡུལ་ཚོ་དང་ཧྥུའུ་ཅུས་ཏན་ཡུལ་ཚོ་ཧུའུ་ཀོན་ཐུན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། རེན་ལི་ཅི་ཡུལ་ཚོ་དང་ཏ་ཀྲང་ཡུལ་ཚོ་ཟླ་སྒྲིལ་བཏང་ནས་རེན་ལི་ཅི་གྲོང་རྡལ་དུ་བསྒྱུར།

སྤྱི་ལོ2014ལོའི་ཟླ5པར་ཧྭ་ཏན་དང་ལིའུ་ཆའོ་ཡུལ་ཚོ་ཕྱིར་འཐེན་བྱས་ནས་གྲོང་རྡལ་དུ་བསྒྱུར།

2_2 ཁུལ་དབྱེའི་གནས་ཚུལ་ཞིབ་ཕྲ།

ཆི་ཧོ་རྫོང་ཁོངས་སུ་ཁྲོམ་ལམ2དང་། གྲོང་རྡལ11 ཡུལ་ཚོ2བཅས་ཡོད་པ་སྟེ། ཡན་ཁྲེང་ཁྲོམ་ལམ་དང་། ཡན་པེ་ཁྲོམ་ལམ། པི་པེ་གྲོང་རྡལ། ཅའོ་མིའོ་གྲོང་རྡལ། ཀྲའོ་ཀོན་གྲོང་རྡལ། ཀྲུའུ་ཨ་གྲོང་རྡལ། རེན་ལི་ཅི་གྲོང་རྡལ། ཕན་ཏན་གྲོང་རྡལ། ཧུའུ་ཀོན་ཐུན་གྲོང་རྡལ། ཞོན་ཀྲང་ཐུན་གྲོང་རྡལ། མ་ཅི་གྲོང་རྡལ། ཧྭ་ཏན་གྲོང་རྡལ། ལིའུ་ཆའོ་གྲོང་རྡལ། ཨན་ཐོའུ་ཡུལ་ཚོ། ཏ་ཧོང་ཡུལ་ཚོ་བཅས་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཆི་ཧོ་རྫོང་ནི་ཧྲན་ཏུང་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཅི་ནན་གྲོང་ཁྱེར་གྱི་ནུབ་ངོས་སུ་ཡོད་ལ། ས་ཁམས་གནས་ཡུལ་ནི་བྱང་གི་འཕྲེད་ཐིག36°24′37″—37°1′44″དང་ཤར་གྱི་གཞུང་ཐིག116°23′28″—116°57′35″བར་དུ་གནས་ཡོད། ཤར་དང་ཤར་ལྷོ་ཅི་ནན་གྲོང་ཁྱེར་གྱི་ཐེན་ཆའོ་ཆུས་དང་འབྲེལ་ཞིང་། རྨ་ཆུས་བར་ཆོད་ནས་ཅི་ནན་གྲོང་ཁྱེར་གྱི་ཧུའེ་དབྱིན་ཆུས་དང་ཁྲང་ཆིང་ཆུས་ཕན་ཚུན་ཁ་གཏད་དུ་གནས་ཡོད། ཅི་ནན་གྲོང་ཁྱེར་གྱི་ལྟེ་གནས་དང་བར་ཐག་སྟོང་སྨི28ཡོད་པ་དང་། ཁྲང་ཆིང་ཆུས་ཀྱི་སྡོད་གནས་དང་བར་ཐག་སྟོང་སྨི26.5ཡོད། ལྷོ་དང་ལྷོ་ནུབ། ཤར་ངོས་བཅས་ཏུང་ཨ་དང་། ཡོན་ཕིང་། ཀའོ་ཐང་བཅས་རྫོང་གསུམ་དང་ས་མཚམས་འབྲེལ་ཡོད་ལ། ཏུང་ཨ་རྫོང་དང་བར་ཐག་སྟོང་སྨི68.5ཡོད། ཆན་ཕིང་རྫོང་དང་བར་ཐག་སྟོང་སྨི50.5དང་། ཀའོ་ཐང་རྫོང་དང་བར་ཐག་སྟོང་སྨི40ཡོད། ནུབ་དང་ནུབ་བྱང་གི་ཕྱོགས་སུ་ཡུས་ཁྲེང་གྲོང་ཁྱེར་དང་ཁྱིམག་མཚེས་ཡིན་ལ། རྫོང་མཁར་ནས་ཡུས་ཁྲེང་གྲོང་ཁྱེར་དང་བར་ཐག་སྟོང་སྨི19ཡོད། བྱང་རྒྱུད་ལིན་དབྱི་རྫོང་དང་འབྲེལ་ཞིང་། རྫོང་གྲོང་ནས་ལིན་དབྱི་རྫོང་དང་བར་ཐག་སྟོང་སྨི45.5ཡོད། བྱང་ཤར་ཅི་ནན་གྲོང་ཁྱེར་ཅི་དབྱང་ཆུས་དང་འབྲེལ་ཞིང་། རྫོང་མཁར་ཅི་དབྱང་ཆུས་དང་བར་ཐག་སྟོང་སྨི45.5ཡོད། རྫོང་མཁར་ནས་ཏེ་ཀྲོའུ་གྲོང་ཁྱེར་གནས་ཡུལ་ཏེ་ཁྲེང་ཆུས་དང་བར་ཐག་སྤྱི་ལེ83ཡོད། པེ་ཅིང་གྲོང་ཁྱེར་དང་བར་ཐག་སྟོང་སྨི355ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1411ཡོད།

3_2 ནམ་ཟླ།

ཆི་ཧོ་རྫོང་ནི་དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས་ཤིང་། གནམ་གཤིས་ཀྱི་ཁྱད་ཆོས་གཙོ་བོ་ནི་དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་དང་། གནམ་གཤིས་དྲོ་ལ། གྲང་ངར་ཆེ་བའི་དུས་ཚིགས་དང་བརླན་གཤེར་ཆེ་བའི་དུས་ཚིགས་མངོན་གསལ་དོད་པ། དཔྱིད་དུས་ཐན་པ་ཆེ་ཞིང་ཆར་ཆུ་ཉུང་ལ་བྱེ་རླུང་མང་བ་དང་། དབྱར་དུས་ཚ་བ་ཆེ་བ་དང་ཆར་པ་མང་བའི་དུས་སུ་ཞོད་སྐྱོན་ཡོད་པ། སྟོན་དུས་གྲང་ངར་ཆེ་བ་དང་སྟོན་མཇུག་ཏུ་ཐན་པ་འབྱུང་ལ། དགུན་དུས་གྲང་ངར་ཆེ་ལ་ཆར་ཆུ་ཉུང་།

4 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཆི་ཧོ་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི62.2ཟིན་པ་དང་། ཁྱིམ་ཐོའི་མི་འབོར་ཁྲི64.2ཟིན་ལ། ལོ་ཧྲིལ་པོར་གསར་དུ་སྐྱེས་པའི་མི་འབོར7946ཟིན་ཞིང་། ཕྲུ་གུ་སྐྱེ་ཚད12.42‰ཟིན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་འབོར3704ཟིན་ནས་ཤི་ཚད5.79‰ཟིན་ཞིང་། མི་འབོར་རང་བྱུང་འཕར་ཚད6.63‰ཟིན་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན3.64%མར་ཆག་ཡོད།

5 དཔལ་འབྱོར།

སྤྱི་ལོ2018ལོར་ཆི་ཧོ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར445.14ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས7.8%འཕར་བ་དང་། མི་རེའི་ཆ་སྙོམསGDPསྒོར71630ཟིན་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར49.27ཟིན་ནས་ལོ་སྔོན་མ་ལས3.3%འཕར་ཞིང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར210.24ཟིན་ནས་ལོ་སྔོན་མ་ལས7.4%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར185.63བྱུང་ནས་ལོ་སྔོན་མ་ལས9.1%འཕར་ཡོད། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་ཐེངས་གསུམ་ནི11.1:47.2:41.7ཡིན།

སྤྱི་ལོ2018ལོར་ཆི་ཧོ་རྫོང་ཁོངས་ཀྱི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར52.52བྱུང་བ་དེ་ལོ་སྔོན་མ་ལས25.28%འཕར་ཡོད། ལོ་ཧྲིལ་པོར་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར32.88ཟིན་པ་དེ་ལོ་སྔོན་མ་ལས16.03%འཕར་ཡོད། དེའི་ནང་དུ་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར26.69ཟིན་པ་དེ་ལོ་སྔོན་མ་ལས32.66%འཕར་བ་དེས་ས་གནས་ནོར་སྲིད་ཡོང་འབབ་ནང་བཟུང་བའི་བསྡུར་ཚད81.2%ཟིན་ནས་སྤྱི་ལོ2017ལོ་ལས10%འཕར་ཡོད། རྫོང་ཡོངས་ཀྱི་ནོར་སྲིད་འགྲོ་སོང་སྒོར་དུང་ཕྱུར36.82ཟིན་པ་དེ་ལོ་སྔོན་མ་ལས3.48%འཕར་ཡོད། དམངས་འཚོའི་འགྲོ་སྒོ་སྒོར་དུང་ཕྱུར31ཟིན་པ་དེས་ནོར་སྲིད་ཀྱི་སྤྱིའི་འགྲོ་སྒོའི་བསྡུར་ཚད་ཀྱི84%ཟིན་ཡོད། དེའི་ནང་དུ་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར7.77དང་། སྨན་བཅོས་འཕྲོད་བསྟེན་གྱི་འགྲོ་སྒོ་སྒོར་དུང་ཕྱུར2.51 སློབ་གསོའི་འགྲོ་སྒོ་སྒོར་དུང་ཕྱུར6.35 ཞིང་ནགས་ཆུ་གསུམ་གྱི་འགྲོ་སྒོ་སྒོར་དུང་ཕྱུར4.59བཅས་ཚུད་ཡོད། རྫོང་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར47.51ཟིན་པ་དེ་ལོ་སྔོན་མ་ལས37.18%འཕར་ཡོད།

སྤྱི་ལོ2018ལོར་ཆི་ཧོ་རྫོང་གི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར་ཁྲི2.1ཟིན་པ་དེ་ལོ་སྔོན་མ་ལས8.2%འཕར་ཡོད་ལ། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར་ཁྲི2.69ཟིན་པ་དེ་ལོ་སྔོན་མ་ལས7.7%འཕར་ཞིང་། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར་ཁྲི1.48ཟིན་པ་དེ་ལོ་སྔོན་མ་ལས8.7%འཕར་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ11པའི་ཚེས18ཉིན། ཆི་ཧོ་རྫོང་དེ“ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་འདེགས་སྐྱོར་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་རྫོང”དུ་བདམས།

སྤྱི་ལོ2019ལོའི་ཟླ10པའི་ཚེས8ཉིན། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཀྱི་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཀྱི་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཀྱི་ཕུལ་བྱུང་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་དང་། རྒྱལ་ཡོངས་ཀྱི་ཞིང་པའི་མཉམ་ལས་ཁང་གི་སྤུས་ཚད་མཐོར་གཏོང་གི་ཚོད་ལྟའི་ཚན་པ་བཅས་སུ་བདམས།

སྤྱི་ལོ2019ལོའི་ཟླ12པའི་ཚེས25ཉིན། ཧྲན་ཏུང་ཞིང་ཆེན་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོར་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-02

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།