ཡའོ་ཧའེ་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡའོ་ཧའེ་ཆུས།
ཡའོ་ཧའེ་ཆུས་ནི་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་ཡི་གྲོང་ཁྱེར་ཁོངས་གཏོགས་ཆུས་ཤིག་ཡིན་པ་དང་། ཧོ་ཧྥེ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ཤར་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་ཧྥེ་ཏུང་རྫོང་གི་ས་མཚམས་དང་འབྲེལ་ཡོད། ལྷོ་ནུབ་དབར་ནན་དབྱིང་གཙང་པོ་དང་པན་ཆའོ་གཙང་པོ་ཡོད་པ་དང་། ལུའུ་དབྱང་ཆུས་དང་ཁ་གཏད་དུ་གནས་ཤིང་། བྱང་ཞིན་ཀྲན་ཆུས་ཀྱི་ས་མཚམས་དང་འབྲེལ་ཡོད། ས་བབ་ནི་བདེ་ཐང་གཙོ་བོ་ཡིན་པ་དང་། ཚ་ཁུལ་བྱང་མའི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ64.4ཡོད་པ་དང་། སྤྱི་ལོ2019ལོར་རྒྱུན་སྡོད་མི་འབོར་ཁྲི101.6ཡོད་ཅིང་། མངའ་ཁོངས་སུ་ཁྲོམ་གཞུང11དང་གྲོང་རྡལ1ཡོད་པ་སྟེ། སན་ལི་ཁྲོམ་གཞུང་དང་། ཅ་ཧྲན་ལམ་ཁྲོམ་གཞུང་། ཞི་བདེ་ལམ་ཁྲོམ་གཞུང་། མིང་ཀོང་ལམ་ཁྲོམ་གཞུང་། ཧུང་ཀོང་ཁྲོམ་གཞུང་། ཁྲང་ཧོའེ་ཁྲོམ་གཞུང་། ཧྥང་ལྷ་ཁང་ཁྲོམ་གཞུང་། ཆི་ལི་བབས་ཚུགས་ཁྲོམ་གཞུང་། ཧྲེང་ལི་ལམ་ཁྲོམ་གཞུང་། ཐུང་ལིང་ལམ་ཁྲོམ་གཞུང་། གྲོང་ཤར་ཁྲོམ་གཞུང་། ཏ་ཤིན་གྲོང་རྡལ་བཅས་ཡོད། ཡའོ་ཧའེ་ཆུས་ནི་ཧོ་ཧྥེ་གྲོང་ཁུལ་གྱི་ཤར་ཕྱོགས་འཕེལ་རྒྱས་ཀྱི“ཟམ་ཁའི་འགག་གནད”ཅིག་ཡིན་པ་དང་འགྲིམ་འགྲུལ་གྱི་འགག་རྩ་གལ་ཆེན་ཞིག་རེད། ཧའོ་ཞུས་དང་། ཧོ་ཉིང་། ཧོ་ཝུའུ་སོགས་མྱུར་བགྲོད་གཞུང་ལམ་གྱི་ས་མཚམས་བརྒལ་བ་དང་། ཨན་ཧུའེ་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་ས་ཚིགས་དང་། ཨན་ཧུའེ་སྦྲག་སྲིད་ལྟེ་བ། ཧོ་ཧྥེ་མེ་འཁོར་འབབ་ཚུགས་སོགས་འབབ་ཚུགས་ཁུལ་གྱི་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་དང་པོ་དང་ལམ་ཐིག་གཉིས་པ་སོགས་ས་འོག་ལྕགས་ལམ་གྱི་ལམ་ཐིག་མང་པོ་ཞིག་ཡའོ་ཧའེ་ཆུས་བརྒྱུད་དེ་ནན་ཧུ་གཙང་པོའི་ཆུ་ཐོག་སྐྱེལ་འདྲེན་བྱས་ནས་གཙང་པོ་དང་རྒྱ་མཚོར་ཤར་གཏོང་ཐུབ་པ་རེད། སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ20སྤྱི་ལོ19ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེན་ཁུལ་བརྒྱ་རུ་བདམས་པ་རེད། སྤྱི་ལོ2018ལོར་ཡའོ་ཧའེ་ཆུས་ཀྱིས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར556ཟིན་པ་དེ་དུས་མཚུངས་ལས5.3%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
瑶海区
ཕྱི་ཡིག་གི་མིང་།
Yaohai District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར།
མངའ་ཁོངས། 
ཁྲོམ་གཞུང11དང་གྲོང་རྡལ1ཡོད།
སྦྲག་སྲིད་ཨང་རྟགས།
230011
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
340102
རླངས་འཁོར་ཚབ་ཨང་།
皖A
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ64.4ཡོད།
མི་གྲངས།
ཁྲི101.6(སྤྱི་ལོ2019ལོའི་རྒྱུན་སྡོད་མི་གྲངས)ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཚབ་ཨང་།
0551
མེ་འཁོར་འབབ་ཚུགས།
ཧོ་ཧྥེ་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1968ལོའི་ཟླ5བའི་ཚེས18ཉིན། ཏུང་ཧྲི་ཆུས་མི་དམངས་ཀུང་ཧྲེ་མེད་པར་བཟོས་ཏེ། ཏུང་ཧྲི་ཆུས་མི་དམངས་སྲིད་གཞུང་བཙུགས། ལས་ཁུངས་བཅའ་སྡོད་བྱ་ཡུལ་པེང་པུའུ་ལམ་གྱི་ཨང་རྟགས472པར་ཡོད། དེ་སྔའི་ཏུང་ཁྲེང་ཆུས་མི་དམངས་ཀུང་ཧྲེའི་མངའ་ཁོངས་གཏོགས་ཀྱི་ཡན་ལག་ཁང་དེ་ལོ་དེའི་ཟླ9བའི་ཚེས3ཉིན་ཚང་མ་མེད་པ་བཟོས་ནས་ཁྲོམ་གཞུང་ཨུ་ཡོན་ལྷན་ཁང18ལ་བཅོས་སྒྲིག་བྱས་པ་རེད། དེའི་ནང་དུ་བཟོ་གྲྭ་ཁུལ་གྲོང་མིའི་ཁྲོམ་གཞུང6ཡོད། ལོ་དེའི་ཟླ6པར། ས་ཁུལ་དེའི་ཁོངས་གཏོགས་ཀྱི་ཞིང་ལས་དང་སྔོ་ཚོད་རུ་ཆེན21གྲོང་ཁྱེར་ཉེ་འདབས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་བགོས།     སྤྱི་ལོ1965ལོའི་ཟླ7པར། ཨན་ཧུའེ་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གིས་སྲང་ལམ་དོན་གཅོད་ཁང་འཛུགས་པ་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གསར་འཛུགས་བྱེད་པའི་མཛུབ་སྟོན་གྱི་དགོངས་དོན་ལྟར། ས་ཁུལ་དེར་རྒྱལ་ཁའི་ལམ་དང་སན་ལི་སྲང་ལམ། ཧྭ་ཁྲུང་། ཧུ་ཕིན་ལམ་བཅས་ཁྲོམ་ལམ་ཨུ་ཡོན་ལྷན་ཁང4གསར་འཛུགས་བྱས་པ་དང་། སྡོད་དམངས་ཨུ་ཡོན་ལྷན་ཁང་སྔོན་མ23ནས42བར་འཕར་སྣོན་བྱས། གཞན་ཡང་ཧོ་ཧྥེ་ཤ་རིགས་མཉམ་འབྲེལ་བཟོ་གྲྭ་དང་། ཧོ་ཧྥེའི་ཤོག་བུ་བཟོ་གྲྭ། ཧོ་ཧྥེའི་ཨར་ལས་རྒྱུ་ཆ་དངོས་བཤེར་བཟོ་གྲྭ་སོགས་བཟོ་གྲྭའི་ཁྱིམ་མི་ཨུ་ཡོན་ལྷན་ཁང3གསར་འཛུགས་བྱས།  

སྤྱི་ལོ1966ལོར“རིག་གནས་གསར་བརྗེ་ཆེན་པོའི”ལས་འགུལ་མགོ་བརྩམས་རྗེས། ས་ཁུལ་དེ་སྤྱི་ལོ1967ལོའི་ཟླ5བའི་ཚེས14ཉིན་དམག་གིས་དོ་དམ་བྱས་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཧོ་ཧྥེ་ཏུང་ཧྲི་ཆུས་ཀྱི་དམག་དོན་དོ་དམ་ཚན་ཆུང་བཙུགས་ནས་ཆུས་ཡོངས་ཀྱི་འགོ་ཁྲིད་དབང་ཆ་བླངས།    

སྤྱི་ལོ1968ལོའི་ཟླ2པའི་ཚེས29ཉིན། དམག་དོན་དོ་དམ་ཚན་ཆུང་གསར་བརྗེ་ཨུ་ཡོན་ལྷན་ཁང་དུ་བསྒྱུར། ཆུས་དེའི་དེ་སྔའི་ཁྲོམ་གཞུང་ཁོངས་གཏོགས་ལེགས་སྒྲིག་བྱས་ནས་ཁྲོམ་གཞུང་གསར་བརྗེའི་ཨུ་ཡོན་ལྷན་ཁང9ལ་བཅོས་སྒྲིག་བྱས་པ་རེད། "ལེ་དབར་བདུན་གྱི་འབབ་ཚུགས་དང་། སྲང་ལམ་མན་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་ཚང་མར་དམག་དོན་འཛུགས་སྐྲུན་ལག་བསྟར་བྱ་རྒྱུ་དང་། སྤྱི་ལོ1973ལོར་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་སྒྲིག་བཀོད་སླར་གསོ་བྱས་པ་རེད། དེའི་རིང་ཆུས་དེར་གྲོང་མིའི་ཨུ་ཡོན་ལྷན་ཁང48བཙུགས་ཡོད།    

སྤྱི་ལོ1979ལོར་ཨན་ཧུའེ་ཞིང་ཆེན་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་མཆན་བཀོད་བཀའ་ལན་བརྒྱུད་ཆུས་དེའི་གྲོང་ལྷན55རུ་རྒྱ་སྐྱེད་བཏང་ཡོད། 

སྤྱི་ལོ1980ལོའི་ཟླ1པོར། ཆུས་དེས་མི་དམངས་སྲིད་གཞུང་གི་མིང་དང་སྒྲིག་བཀོད་སླར་གསོ་བྱས་ཤིང་ཁོངས་གཏོགས་ཀྱི་ཁྲོམ་གཞུང་དང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ལོ་དེའི་ཟླ3པར་མིང་ངོ་མ་སླར་གསོ་བྱས་པ་རེད།   

སྤྱི་ལོ1989ལོར་ཆུས་དེར་སྡོད་དམངས་ཨུ་ཡོན་ལྷན་ཁང10དང་ཁྱིམ་མི་ཨུ་ཡོན་ལྷན་ཁང71གསར་འཛུགས་བྱས་པར་མ་ཟད། ཨན་ཧུའེ་ཞིང་ཆེན་གྱི་དམག་མིའི་ཁྱིམ་མིའི་ཞབས་ཞུ་ལྟེ་གནས་ཐོག་མ་བཙུགས།   

སྤྱི་ལོ1999ལོའི་ཟླ5པར་ཆུས་དེས་ཁོངས་གཏོགས་གྲོང་ལྷན32ལ་བཅོས་སྒྲིག་བྱས་པ་དང་དེ་རྗེས་སྤྱི་ལོ2001ལོའི་ཟླ9པར་ཁོངས་གཏོགས་ནང་མིའི་ཨུ་ལྷན་དང་གྲོང་ལྷན་ཟླ་སྒྲིལ་བཏང་ནས་སྡེ་ཁུལ་གྲོང་ལྷན82ལ་བཅོས་སྒྲིག་བྱས་པ་རེད།   

སྤྱི་ལོ2002ལོའི་ཟླ3པར་ཧོ་ཧྥེ་གྲོང་ཁྱེར་གྱི་ས་ཁོངས་དབྱེ་ནས་ལེགས་སྒྲིག་བྱས་པ་དང་། ཆུས་དེར་ཧོ་ཧྥེ་གྲོང་ཁྱེར་གྱི་ཡའོ་ཧའེ་ཆུས་ཞེས་མིང་བསྒྱུར།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2002ལོའི་ཟླ3པར་ཡའོ་ཧའེ་ཆུས་སུ་དེ་སྔའི་ཏུང་ཧྲི་ཆུས་ཀྱི་ཧུ་ཕིན་ལམ་དང་། ཧྲིན་ལེ་ལམ། ཏ་ཐུང་ལམ། ཐུང་ལིང་ལམ། ཆི་ལི་ས་ཚིགས། སན་ལི་ལམ། རླངས་འཁོར་འབབ་ཚུགས། མིང་ཀོང་ལམ། ཧུང་ཀོང་བཅས་ཁྲོམ་གཞུང9མངའ་ཁོངས་སུ་གཏོགས། དེ་སྔའི་ཡུལ་ཚོ1དང་། ཆི་ལི་ཐང་དང་ཏ་ཤིན་གྲོང་རྡལ2 ཁྲང་ཧོའེ་དང་ཧྥང་མིའོ་བཅས་ཁྲོམ་གཞུང2བཅས་སུ་དབྱེ་ཡོད། དེ་སྔའི་ཉེ་འཁོར་གྱི་གྲོང་ཚོ་དང་གྲོང་རྡལ་པན་ཆའོ་དང་ཝང་ཁྲེང་གྲོང་ཚོ་བཅས2སུ་དབྱེ་ཞིང་། པན་ཆའོ་གཙང་པོའི་ཤར་ངོས་ས་ཁོངས་ཀྱི་ཆི་ལི་ཐང་གྲོང་རྡལ་གྱི་དོ་དམ་བྱེད་ཁོངས་སུ་གཏོགས། ཧྥེ་ཏུང་རྫོང་ནས་མོ་ཏེན་ཡུལ་ཚོར(ཧྥེ་ཏུང་རྫོང་གི་ནུབ་རྒྱུད་དང་ཧོ་ཧྥེ་གྲོང་ཁྱེར་གྱི་དེ་སྔའི་ཉེ་འཁོར་གྱི་འདྲེས་མཚམས་སུ་གནས་པ་དང་། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ50ཙམ་དང་མི་འབོར་ཁྲི2.6ཡོད་པ)ཡོད་པ་དང་། ལེགས་སྒྲིག་བྱས་རྗེས། ཡའོ་ཧའེ་ཆུས་ཀྱི་མངའ་ཁོངས་སུ་ཁྲེང་ཏུང་དང་མོ་ཏེན་ཡུལ་ཚོ2དང་། ཆི་ལི་ཐང་དང་ཏ་ཞིང་གྲོང་རྡལ2 ཧུ་ཕིན་ལམ་དང་། ཧྲིན་ལེ་ལམ། ཏ་ཐུང་ལམ། ཐུང་ལིན་ལམ། ཆི་ལི་ལམ། སན་ལི་ལམ། རླངས་འཁོར་འབབ་ཚུགས། མིང་ཀོང་ལམ། ཧུང་ཀོང་། ཁྲང་ཧའེ། ཧྥང་མིའོ་བཅས་ཁྲོམ་ལམ11ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ142.90ཡོད་པ་དང་མི་འབོར་ཁྲི36.53ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི28.82ཡོད།    

སྤྱི་ལོ2004ལོར་ཁྲེང་ཏུང་ཡུལ་ཚོར་ཁྲེང་ཏུང་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས།

སྤྱི་ལོ2004ལོའི་ལོ་མཇུག་ཏུ་ཡའོ་ཧའེ་ཆུས་ཀྱི་མངའ་ཁོངས་སུ་ཁྲོམ་གཞུང12དང་། གྲོང་རྡལ2 ཡུལ་ཚོ1(དེའི་ནང་ས་ཚིགས་གསར་པའི་གསར་སྤེལ་ཁུལ་ཁོངས་གཏོགས་ཀྱི་ཁྲང་ཧོའེ་ཁྲོམ་གཞུང་དང་། ཧྥང་ལྷ་ཁང་ཁྲོམ་གཞུང་། ཆི་ལི་ཐང་གྲོང་རྡལ)བཅས་ཚུད་ཡོད།      སྤྱི་ལོ2005ལོར་ཁྲེང་ཏུང་ཁྲོམ་གཞུང་དུ་ཧྭ་ཁྲུང་སྡེ་ཁུལ་དང་ཏུང་ཆི་སྡེ་ཁུལ་དབྱེ་ནས་ཐུང་ལིང་ལམ་ཁྲོམ་གཞུང་དང་ཆི་ལི་འབབ་ཚུགས་ཁྲོམ་གཞུང་བདག་སྐྱོང་བྱེད་ཁོངས་སུ་བཅུག་པ་དང་ཏ་ཐུང་ལམ་ཁྲོམ་གཞུང་ཧོ་ཡུས་ལམ་སྡེ་ཁུལ་དང་མིང་ཀོང་ལམ་ཁྲོམ་གཞུང་གི་ཏ་ཝང་ལྷ་ཁང་སྡེ་ཁུལ་དུ་དབྱེ་ཡོད། མེ་འཁོར་འབབ་ཚུགས་ཁྲོམ་གཞུང་ཟུར་གསུམ་ལམ་ཐིག་སྡེ་ཁུལ་དང་ཧུང་ཤིང་གྲོང་ཚོའི་སྡེ་ཁུལ་དེ་འབབ་ཚུགས་གསར་པའི་ཚོད་ལྟའི་ཁུལ་གྱི་ཁོངས་སུ་དབྱེ་རྒྱུ་དང་། ས་ཚིགས་གསར་པའི་ཚོད་ལྟའི་ཁུལ་ཁྲང་ཧོའེ་ཁྲོམ་གཞུང་ཀྲའོ་ཚང་ཧྥང་གི་གྲོང་མིའི་ཚོགས་ཆུང་དེ་མེ་འཁོར་འབབ་ཚུགས་ཀྱི་ཁྲོམ་གཞུང་ཁོངས་སུ་འཇུག་རྒྱུ(གནས་སྐབས་འབབ་ཚུགས་གསར་པས་ཚབ་བྱས་ནས་དོ་དམ་བྱེད་རྒྱུ)དང་། རྒྱལ་ལམ་ཁྲོམ་གཞུང་ཏ་ཡའོ་དབན་སྡེ་ཁུལ་གྱི་སྒོ་རྟགས་བཞི་པའི536སྒོ་རའི་གྲོང་མིའི་ཚོགས་ཆུང་དེ་མེ་འཁོར་འབབ་ཚུགས་ཁྲོམ་གཞུང་གི་ཁོངས་གཏོགས་སུ་དབྱེ་རྒྱུ་དང་། ཏ་ཐུང་ལམ་ཁྲོམ་གཞུང་གི་ཐུང་ལིང་གྲོང་ཚོ་གསུམ་པའི་གྲོང་མིའི་ཚོགས་ཆུང་དེ་ཧོ་ཕིང་ལམ་ཁྲོམ་གཞུང་གི་ཁོངས་གཏོགས་སུ་དབྱེ་རྒྱུ་རེད།   

སྤྱི་ལོ2016ལོར་ཡའོ་ཧའེ་ཆུས་ཀྱིས་ཁྲོམ་གཞུང་ཁག་གཅིག་ལེགས་སྒྲིག་བྱས་ནས་ཁྲོམ་གཞུང་ཁག་གཅིག་གི་སྲིད་འཛིན་བདག་སྐྱོང་དབང་ཆའི་ཁྱབ་ཁོངས་ལེགས་སྒྲིག་བྱས་ཏེ་ཁྲོམ་གཞུང་མང་པོ་ཟླ་སྒྲིལ་གཏོང་བའམ་ཡང་ན་གཉིས་སུ་དབྱེ་རྒྱུ་རེད། སྤྱིའི་ཇུས་གཞི་ལེགས་སྒྲིག་བྱ་རྒྱུ་སྟེ། ཧྲིན་ལེ་ལམ་གྱི་ཁྲོམ་གཞུང་དང་མེ་འཁོར་འབབ་ཚུགས་ཀྱི་ཁྲོམ་གཞུང་ཧྲིལ་པོ་ཟླ་སྒྲིལ་བཏང་ནས་གསར་དུ་བཙུགས་པའི་ཧྲིན་ལེ་ལམ་གྱི་ཁྲོམ་གཞུང་། བགྲོད་ལམ་ཆེན་པོའི་ཁྲོམ་ལམ་དང་ཧུ་ཕིན་ལམ་གྱི་ཁྲོམ་ལམ་ཧྲིལ་པོ་ཟླ་སྒྲིལ་གཏོང་བ་དང་། ཙུ་ཕིན་ལམ་གྱི་ཁྲོམ་ལམ་གསར་དུ་འཛུགས་དགོས། ཁྲང་ཧོའེ་ཁྲོམ་གཞུང་ཤིན་པེང་པུའུ་ལམ་དང་ཧོའེ་ནན་ལྕགས་ལམ་གྱི་ནུབ་ངོས་ས་ཁོངས་དབྱེ་ནས་ཅ་ཧྲན་ལམ་གྱི་ཁྲོམ་གཞུང་གསར་དུ་བཙུགས་པ་རེད། མིང་ཀོང་ལམ་དང་། སན་ལི་ཁྲོམ་གཞུང་། ཐུང་ལིང་ལམ། ཆི་ལི་ས་ཚིགས། ཁྲེང་ཏུང་། ཧུང་ཀོང་། ཧྥང་མིའོ་སོགས་ཁྲོམ་གཞུང7དང་དེ་བཞིན་ཏ་ཤིན་གྲོང་རྡལ་དང་ལུང་ཀང་གསར་སྤེལ་ཁུལ་གྱི་སྲིད་འཛིན་ས་ཁོངས་ལ་འགྱུར་བ་བྱུང་མེད་པ་རེད། ལེགས་སྒྲིག་བྱས་རྗེས་ཆུས་ཡོངས་ཀྱི་ཁྲོམ་གཞུང་བསྡོམས་འབོར12ནས11བར་ཉུང་དུ་ཕྱིན་པ།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཡའོ་ཧའེ་ཆུས་ནི་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་ཡི་གྲོང་ཁྱེར་ཁོངས་གཏོགས་ཆུས་ཤིག་ཡིན་པ་དང་། ཧོ་ཧྥེ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་ཤར་རྒྱུད་དུ་གནས་པ་དང་། ཤར་ཕྱོགས་ཧྥེ་ཏུང་རྫོང་གི་ས་མཚམས་དང་འབྲེལ་ཡོད། ལྷོ་ནུབ་དབར་ནན་དབྱིང་གཙང་པོ་དང་པན་ཆའོ་གཙང་པོ་ཡོད་པ་དང་། ལུའུ་དབྱང་ཆུས་དང་ཁ་གཏད་དུ་གནས་ཤིང་། བྱང་ཞིན་ཀྲན་ཆུས་ཀྱི་ས་མཚམས་དང་འབྲེལ་ཡོད། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ64.4ཡོད

3_2 ས་དབྱིབས།  

ཡའོ་ཧའེ་ཆུས་ཀྱི་ས་ཁུལ་ཡོངས་ཡན་ཧྲན་རི་བོའི་དུས་ཀྱི་གཞོང་སས་བཅད་ཡོད་ཅིང་། བཟོ་སྐྲུན་ས་གཤིས་ནི་གཙོ་བོ་ས་རྨང་སྙི་མོ་དང་ས་སྦོས་ཡིན་པས། ཡང་མོའི་རིགས་ཀྱི་འཛུགས་སྐྲུན་ལ་འཚམ། གལ་ཏེ་ཐོག་བརྩེགས་ཁང་ཆེན་བསྐྲུན་ན་ས་ཡོམ་སྔོན་འགོག་གི་བྱ་ཐབས་སྤྱོད་དགོས། ཆུས་ཡོངས་ཀྱི་ས་བབ་སྤྱིའི་ཆ་ནས་དམའ་བ་དང་ཁོད་སྙོམས་པོ་ཡིན། 

3_3     ནམ་ཟླ།  

ཡའོ་ཧའེ་ཆུས་ནི་འཕྲེད་ཐིག་དཀྱིལ་མའི་ས་རྒྱུད་དུ་གནས་པ་དང་། འབྲི་ཆུ་དང་ཧོའེ་ཧུ་ཆུ་བོའི་བར་དུ་གནས་པ་དང་། ལོ་ཧྲིལ་པོར་དགུན་གྲང་ཞིང་དབྱར་དྲོ་བ། སྟོན་དཔྱིད་འཇམ་ལ། དྲོད་ཁུལ་ནས་ཚ་ཁུལ་ཕལ་པའི་བར་བརྒལ་ཁུལ་གྱི་ནམ་ཟླའི་རིགས་སུ་གཏོགས་པ་དང་། ཚ་ཁུལ་ཕལ་པའི་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླ་ཡིན།     མི་འབོར།     སྤྱི་ལོ2019ལོར་ཡའོ་ཧའེ་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི101.6ཟིན་པ་དེ་སྤྱི་ལོ2018ལོ་ལས་མི་ཁྲི1.6འཕར་ཡོད།    

4 དཔལ་འབྱོར།    

ཡའོ་ཧའེ་ཆུས་ནི་ཧོ་ཧྥེ་གྲོང་ཁྱེར་གྱི་སྲོལ་རྒྱུན་བཟོ་ལས་ཁུལ་ཡིན། མངའ་ཁོངས་སུ་མཱ་ཀང(ཧོ་ཧྥེ)ཀུང་སི་དང་། ཁིལ་བུལ་རྫས་འགྱུར་བཟོ་ལས། ཧྲེང་ཧྭ་ཟངས་ལས། ལྗང་མདོག་གློག་ཐག་དང་། ཅིན་ཀྲུང་ཤོག་ལས། ཧྭ་ཡོན་འཁེལ་འཐག་སོགས་བཟོ་ལས་ཁེ་ལས་ཆེ་འབྲིང་ཁག་ཅིག་འདུས་ཡོད་པ་དང་། ངར་ལྕགས་རྫས་འགྱུར་བཟོ་ལས་དང་། འཕྲུལ་ཆས་གློག་ཆས། འཁེལ་འཐག་གྱོན་ཆས། ཁྱིམ་ཆས་དང་ཨར་ལས་རྒྱུ་ཆས། ཤོག་བུ་བཟོ་བའི་ཀ་རྟེན་ཐོན་ལས་ཆེན་པོ་ལྔ་རགས་ཙམ་ཆགས་ཡོད་པས། གྲོང་ཁྱེར་ཡོངས་ཀྱི་ལས་སྣོན་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན།     སྤྱི་ལོ2018ལོར་ཡའོ་ཧའེ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར556ཟིན་པ་དང་། ཐོན་ལས་གསུམ་པའི་བསྡུར་ཚད0:27.8:72.2ཡིན་པ། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར26.11ཟིན་པ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར10%ཙམ་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར42927ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད83%ཡིན་པ་བཅས་རེད།   

4_1   ཐོན་ལས་དང་པོ།     

ཡའོ་ཧའེ་ཆུས་ནི་ཧུ་ཧྥེ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཡིན་པས་ཐོན་ལས་དང་པོ་མེད།     

4_2 ཐོན་ལས་གཉིས་པ།     

སྤྱི་ལོ2018ལོར་ཡའོ་ཧའེ་ཆུས་གྲོང་ཁྱེར་ཚན་རྩལ་བཟོ་ལས་གླིང་གིས་ཀྲུང་ཤིན་ཧུང་ལེན་གོ་ལྔ་དང་རུའེ་ཡུས་ཚན་རྩལ་སོགས་ཁེ་ལས20གསར་དུ་ནང་འདྲེན་བྱས་པ་དང་། གླིང་ཡོངས་སུ་རིམ་རྩིས་བྱས་ན་ཁེ་ལས111ཡོད་ལ། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི8ཙམ་ཟིན། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར6.7དང་ཁྲལ་འབབ་སྒོར་ཁྲི4000ཟིན་རྒྱུ་རེད། ཟོག་སྦྲེལ་དྲ་རྒྱའི་ཚན་རྩལ་ཐོན་ལས་གླིང་མུའུ315སྤྱོད་འགོ་ཚུགས་ཁུལ་ཕྱོགས་ཡོངས་ནས་ལས་འགོ་ཚུགས་པ་དང་སྤྱི་པའི་ཞབས་ཞུའི་ལས་སྟེགས་སྤྱོད་ཉེར་ཡོད་པ་རེད། ཕུའུ་ཟོག་དྲ་སྦྲེལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་གསར་དུ་བཙུགས་པ་དང་ཤིན་ཀྲུང་ཐེའི་རིག་ནུས་ཁྱིམ་སྡོད་ཐོན་སྐྱེད་རྟེན་གཞིའི་བྱེད་པོ་བསྐྲུན་ཟིན་པ་རེད། ལོ་ཧྲིལ་པོར་ཨར་སྐྲུན་ལས་རིགས་ལ་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར4.22བྱུང་བ་དེས་ལྗོངས་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཀྱི16.16%བཟུང་ཡོད།   

4_3   ཐོན་ལས་གསུམ་པ།  

སྤྱི་ལོ2018ལོར་ཡའོ་ཧའེ་ཆུས་ཀྱི་ཐོན་ལས་གསུམ་པའི་བསྡུར་ཚད་བཟུང་ཚད70%ལས་ཐོག་མར་བརྒལ་བ་དང་། ལས་ཞུགས་ལས་གཏོད་ཞབས་ཞུའི་ལྟེ་གནས་དང་ཡའོ་ཧའེ་ཟོག་སྦྲེལ་དྲ་རྒྱའི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་རྣམ་གྲངས2ལ་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི1540ཐོབ་པ། ཨན་ཧུའེ་ཧྲང་རུང་སྨན་བཅོས་དང་ཡུས་ཤིན་ཁྱིམ་གཞིས་སོགས་རྣམ་གྲངས་5ལ་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་སྒོར་ཁྲི5818མར་ཆག་ཡང་དང་རྩ་ཆག་བཏང་བ་རེད། མ་དངུལ་སྒོར་ཁྲི5570བཏང་བའི་ཧེང་ཐུང་རིག་གནས་ཐོན་ལས་གླིང་གི“འབྲི་ཆུ180”གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་ཁེ་ལས30ཙམ་དུ་བཅའ་སྡོད་བྱས་ཡོད། ཁེ་ལའེ་ཕུའུ་ཞབས་ཞུའི་ལས་སྟེགས་བཟོ་འཕྲིན་པུའི་བཟོ་སྐྲུན་ལས་རིགས་ཀྱི“གཉིས་གཏོད”ཀྱི་ཚོད་ལྟའི་དཔེ་སྟོན་ནང་ཚུད་པ་དང་། དངུལ་ཁང་ཟོག་འབྲེལ་དང་དབྱིན་ཧྲན་སྲིང་བལ་སོ་མ་ར་ཙ་སོགས་ཁེ་ལས་ཀྱི་ལག་རྩལ་ལྟེ་གནས་4གྲོང་ཁྱེར་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ་པ། ཞིང་ཆེན་འགྲིམ་འགྲུལ་རྩད་ཞིབ་ཇུས་འགོད་ཁང་དང་ཧོ་ཧྥེ་ཏིང་རུའེ་ཚད་ལེན་ཚོད་འཛིན་སོགས་ཁེ་ལས5རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་སུ་རིམ་སྤོར་བྱས་པ། ཧྥན་དབྱང་འཕྲིན་གཏོང་དེ“ཆེད་མཁས་རྩེར་སོན་དང་དམིགས་བསལ་གསར་པའི”པང་ངོས་སུ་སྒོ་བྱང་དུ་བཀལ་བ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-21

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།