མིང་ཀོང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིང་ཀོང་གྲོང་ཁྱེར།
མིང་ཀོང་གྲོང་ཁྱེར་གྱི་བསྡུས་མིང་ལ་མིང་དང་མིང་གཞན་ལ་ཅ་ཧྲན་ཟེར་ཞིང་། ཨན་ཧུའེ་ཞིང་ཆེན་ཡན་ཀྲོའུ་གྲོང་ཁྱེར་གྱིས་ཚབ་ཏུ་དོ་དམ་བྱེད་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན། དེ་ནི་ནན་ཅིང་གྲོང་ཁྱེར་མངའ་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་ཨན་ཧུའེ་ཞིང་ཆེན་བྱང་ཤར་རྒྱུད་ཀྱི་མཐའ་མཚམས་དང་། ཅང་ཧོའེ་ཡན་ལག་ཧྲུའེ་ལིན་གྱི་བྱང་ངོས་སུ་གནས་པ་ཡིན། མིང་ཀོང་གྲོང་ཁྱེར་གྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2335ཟིན་པ་དང་། སྤྱི་ལོ2017ལོར་རྒྱུན་སྡོད་མི་འབོར་ཁྲི64.4ཟིན་ཡོད། སྤྱི་ལོ2018ལོའི་བར་མིང་ཀོང་གྲོང་ཁྱེར་མངའ་ཁོངས་ཀྱི་ཞ་མིང་ཀོང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང4དང་གྲོང་རྡལ12 ཡུལ་ཚོ1ཡོད་པ་སྟེ། ལྷོ་ཕྱོགས་ཁྲུའུ་ཀྲོའུ་གྲོང་ཁྱེར་གྱི་ནན་ཡན་ཆུས་ཀྱི་ས་མཚམས་དང་འབྲེལ་ལ། བྱང་ཕྱོགས་ཧོའེ་ཧུ་ཆུ་བོ་དང་། ཝུའུ་ཧུ་རྫོང་གི་ས་མཚམས་དང་འབྲེལ་བ། ཤར་ཕྱོགས་ཅང་སུའུ་ཞིང་ཆེན་གྱི་ཧུའེ་ཡུས་དང་སི་ཧུང་རྫོང་བཅས་དང་ཁྱིམ་མཚེས་ཡིན། ནུབ་ཕྱོགས་ཏིང་ཡོན་དང་ཧྥེང་དབྱང་རྫོང་གཉིས་དང་ཐག་ཉེ་བ་ཡིན། མིང་ཀོང་སྲིད་གཞུང་ནི་ལུང་ཧྲན་ཤར་ལམ་ཨང109པར་ཡོད། མིང་ཀོང་གྲོང་ཁྱེར་ནི་སྤྱི་ལོ1994ལོའི་ཟླ5འི་ཚེས31ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྫོང་གྲོང་ཁྱེར་དུ་བསྒྱུར་བ་དང་། ཆུས་ཀྲོའུ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཅིང་། ནན་ཅིང་གྲོང་ཁྱེར་གྱི་མཉམ་ལས་གྲོང་ཁྱེར་ཞིག་ཡིན་ལ། ཝན་ཅང་གྲོང་ཁྱེར་གྱིས་ཐོན་ལས་གཞན་སྒྱུར་དཔེ་སྟོན་ཁུལ་གྱི་ཁོངས་མིའི་གྲོང་ཁྱེར་ཞིག་ཀྱང་རེད། མིང་ཀོང་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2335ཟིན་པ་དང་སྤྱི་ལོ2017ལོར་རྒྱུན་སྡོད་མི་འབོར་ཁྲི64.4ཟིན་ཡོད། མིང་ཀོང་གྲོང་ཁྱེར་ནི་རྒྱལ་ཡོངས་ཀྱི་ཚན་རྩལ་སྔོན་ཐོན་གྲོང་ཁྱེར་དང་། རྒྱལ་ཡོངས་རིག་གནས་སྔོན་ཐོན་གྲོང་ཁྱེར། རྒྱལ་ཡོངས་ཆུ་ཐོན་སྟོབས་ལྡན་གྲོང་ཁྱེར་བརྒྱ། རྒྱལ་ཡོངས་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་གྲོང་ཁྱེར། རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར། རྒྱལ་ཡོངས་སྡིག་སྲིན་ཐོན་ལས་སྔོན་ཐོན་རྫོང་། ཞིང་ཆེན་རིམ་པའི་དཔལ་ཡོན་རྫོང(གྲོང་ཁྱེར) ཞིང་ཆེན་རིམ་པའི་སྐྱེད་ཚལ་གྲོང་ཁྱེར། ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་ཁྱེར་བཅས་ཡིན། སྤྱི་ལོ2017ལོའི་ཟླ9པར་ཨན་ཧུའེ་ཞིང་ཆེན་གྱི་མིང་ཀོང་གྲོང་ཁྱེར་ནི“སྤྱི་ལོ2017ལོའི་རབ་མཛེས་ཀྲུང་གོའི་མིང་ཐོའི”དམིགས་སའི་གྲོང་ཁྱེར་གྱི་མིང་ཐོའི་ནང་ཚུད་པ་རེད། སྤྱི་ལོ2019ལོར་ཨན་ཧུའེ་ཞིང་ཆེན་གྱི་མིང་ཀོང་གྲོང་ཁྱེར་ནི་སྤྱི་ལོ2019ལོའི་རྒྱལ་ཁབ་སྐྱེད་ཚལ་གྲོང་ཁྱེར་དུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
明光市
ཕྱི་ཡིག་གི་མིང་།
Mingguang
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཨན་ཧུའེ་ཞིང་ཆེན་ཁྲུའུ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས། 
གྲོང་རྡལ11དང་ཁྲོམ་གཞུང4 ཡུལ་ཚོ1 སྡེ་ཁུལ15བཅས་ཡོད།
སྦྲག་སྲིད་ཨང་རྟགས།
239400
མི་གྲངས།
ཁྲི64.4(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2335ཡོད།
སྲིད་འཛིན་ཁག་བགོས་ཚབ་ཨང་།
341182
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར152.6ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0550
མེ་འཁོར་འབབ་ཚུགས།
མིང་ཀོང་འབབ་ཚིགས། མིང་ཀོང་འབབ་ཚུགས་ལྷོ་མ།
རླངས་འཁོར་ཚབ་ཨང་།
皖M
1 ལོ་རྒྱུས་འཕེལ་རིམ།

ཀྲུང་ཧྭ་མིན་གོའི་དུས་སྐབས། པེ་དབྱང་སྲིད་གཞུང་གིས་དབང་སྒྱུར་བྱེད་པའི་དུས་རབས་སུ། ཏིང་ཡོན་དང་ལའེ་ཨན། ཡན་རྫོང་། ཡན་ཅི་རྫོང་བཅས་རྫོང4ཚང་མ་ཨན་ཧུའེ་ཞིང་ཆེན་གྱི་ཐད་གཏོགས་ཡིན།

མིན་གོའི་སྲིད་ལོ་ཉི་ཤུ་པའི(སྤྱི་ལོ1931ལོ་)ཟླ5པར་དེ་སྔའི་ཧུའེ་ཡུས་རྫོང་ཁོངས་ཀྱི་སན་ཅེ་ཧྲི་མི་དྲག་ཧྲའོ་ཧྲུའུ་ཀུའུ་དང་ཝུའུ་ཡུས་སོགས་ཀྱིས་ཨན་ཧུའེ་ཞིང་ཆེན་སྲིད་གཞུང་དང་ནན་ཅིན་རྒྱལ་དམངས་སྲིད་གཞུང་གི་ནང་སྲིད་པུའུ་ལ“སྲིད་འཛིན་ས་ཁོངས་བསྒྱུར་རྒྱུའི་རེ་འདུན་ཞུས་ཏེ་རྫོང་སོ་སོར་ཕྱེ་ནས་སྐྱོང་རྒྱུའི”རེ་བ་ཞུས་ཤིང་། གོ་མིན་ཏང་གིས་སྐབས་དེར་ཧུའེ་ཡུས་དང་ལའེ་ཡུས་རྫོང་བཞི་ཡི་འབྲེལ་མཚམས་ས་ཁུལ་ལ་དབང་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཅ་ཧྲན་རྫོང་འཛུགས་རྒྱུར་ཡིད་མཐུན་བྱ་རྒྱུའི་གྲོས་ཐག་བཅད་པ་རེད། 

འཇར་འགོག་དམག་འཁྲུག་གི་སྐབས་སུ་མིན་གོའི་སྲིད་ལོ་ཉེར་དགུ་པའི(སྤྱི་ལོ1940ལོའི)ཟླ2པར་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཅ་ཧྲན་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་དེ་ཧྲན་ཀྲེན་ནས་ལའེ་ཆའོ་རུ་བཙུགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་གཉིས་པའི(སྤྱི་ལོ1943ལོའི)ཟླ3པར་ཏའེ་ཡུས་འཇར་འགོག་དམངས་གཙོའི་སྲིད་གཞུང་དང་ཟླ་སྒྲིལ་བཏང་ནས་ཆིའུ་ཅ་དོན་གཅོད་ཁང་དུ་གྱུར།

མིན་གོའི་སྲིད་ལོ་སུམ་ཅུ་སོ་གསུམ་པའི(སྤྱི་ལོ1944ལོ)ཟླ10པར་མིང་ཀོང་གྲོང་ཁྱེར་གྱི་མངའ་ཁོངས་སུ་ད་དུང་ཡུས་ཧྥེང་ཅ་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་ཡོད། (སྤྱི་ལོ1941ལོ་ནས་སྤྱི་ལོ1945ལོའི་བར་བཙུགས )

འཇར་འགོག་སྲིད་དབང་ནི་མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོ)ཟླ11པའི་རྗེས་སུ་ཅ་ཧྲན་རྫོང་ཡང་ཡིན་ཞིང་། ཅང་སུའུ་དང་ཨན་ཧུའེ་འབྲེལ་མཚམས་ས་ཁུལ་གྱི་སྲིད་འཛིན་ས་ཁུལ་གསུམ་པའི་ཁོངས་སུ་གཏོགས།

སྤྱི་ལོ1945ལོ་ནས1946ལོའི་ཟླ9པའི་བར་བྱང་ཕྱོགས་སུ་ཕྱིར་འཐེན་བྱས་ནས་མེད་པར་བཟོས་པ་རེད།

བཅིངས་འགྲོལ་དམག་འཁྲུག་གི་སྐབས་སུ་མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོའི)ཟླ5བའི་ཚེས28ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཅང་ཧོའེ་སྲིད་འཛིན་ཀུང་ཧྲུའུ་གསར་འཛུགས་བྱས་པ་རེད། ཟླ6པའི་ཚེས4ཉིན་ལེགས་སྒྲིག་བྱས་པའི་ཅ་ཧྲན་རྫོང་གི་ཁོངས་སུ་གཏོགས་པའི་ས་ཁུལ་དང་པོ་ཡིན།

མིན་གོའི་སྲིད་ལོ་སོ་བརྒྱད་པའི(སྤྱི་ལོ1949ལོའི)ཟླ1པོའི་ཚེས21ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཅ་ཧྲན་རྫོང་གི་གྲོང་ཁྱེར་མིན་ཀོང་གྲོང་རྡལ་བཅིངས་འགྲོལ་བཏང་བ་རེད། ཟླ2པར་སྔ་རྗེས་སུ་ཅ་ཧྲན་རྫོང་མི་དམངས་སྲིད་གཞུང་དང་མིང་ཀོང་གྲོང་ཁྱེར་སྲིད་གཞུང་བཙུགས། ཟླ4བར། མིང་ཀོང་གྲོང་ཁྱེར་མིང་ཀོང་ཆུས་ལ་བསྒྱུར། ཟླ4བའི་ཚེས15ཉིན་ཨན་ཧུའེ་བྱང་རྒྱུད་ཀྱི་མི་དམངས་སྲིད་འཛིན་ཀུང་ཧྲུའུ་ཡིས་སྤྱི་བསྒྲགས་བྱས་པ་དང་། ཅ་ཧྲན་རྫོང་ནི་ཨན་ཧུའེ་བྱང་རྒྱུད་ཀྱི་མི་དམངས་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། རྫོང་གི་ཆེད་ཁུལ་གྱི་མངའ་ཁོངས་སུ་གཏོགས།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་སྐབས། རྒྱལ་ཁབ་བཙུགས་རྗེས་སྤྱི་ལོ1949ལོའི་ཟླ10བའི་ཚེས1ཉིན་རྒྱལ་ཁབ་བཙུགས་པ་དང་། ཅ་ཧྲན་རྫོང་ནི་སྔར་བཞིན་ཨན་ཧུའེ་བྱང་རྒྱུད་ཀྱི་མི་དམངས་སྲིད་འཛིན་ཀུང་ཧྲུའུ་ཡི་ཧུའེ་རྫོང་ཆེད་ཁུལ་དུ་གཏོགས།

སྤྱི་ལོ1956ལོའི་ཟླ1པོའི་ཚེས12ཉིན། ཁྲུའུ་རྫོང་གི་ཆེད་ཁུལ་མེད་པར་བཟོས།

སྤྱི་ལོ1961ལོའི་ཟླ4བའི་ཚེས7ལ། པེང་པུའུ་ཆེད་ཁུལ་ཕྱིར་འཐེན་བྱས་ཏེ། ཆི་རྫོང་ཆེད་ཁུལ་སླར་གསོ་བྱས་ནས་ཅ་ཧྲན་རྫོང་གི་ཁོངས་གཏོགས་ཡིན།

སྤྱི་ལོ1968ལོའི་ཟླ8པའི་ཚེས12ཉིན། ཅ་ཧྲན་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1980ལོའི་ཟླ3པར། ཅ་ཧྲན་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ཅ་ཧྲན་རྫོང་མི་དམངས་སྲིད་གཞུང་དུ་བསྒྱུར།

2 སྲིད་འཛིན་ཁོངས་བགོས།    

སྤྱི་ལོ2019ལོ་བར་མིང་ཀོང་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཁྲོམ་གཞུང4དང་གྲོང་རྡལ12 ཡུལ་ཚོ1 གྲོང་ཚོ135དང་སྡེ་ཁུལ15ཡོད་པ་རེད། ཧན་ཧྲན་སྡེ་ཁུལ་དང་། རི་ལམ་སྡེ་ཁུལ། ལུང་ཧྲན་སྡེ་ཁུལ། འགྲིམ་འགྲུལ་ལམ་སྡེ་ཁུལ། ལྟེ་བའི་ལམ་སྡེ་ཁུལ། གྲོང་ཁྱེར་སྲིད་གཞུང་སྡེ་ཁུལ། ཧོང་ཡན་སྡེ་ཁུལ། ཧྭ་ཡོན་སྡེ་ཁུལ། ནན་ཏ་དགོན་སྡེ་ཁུལ། པིན་ཧུའུ་སྡེ་ཁུལ་བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

མིང་ཀོང་གྲོང་ཁྱེར་ནི་ནན་ཅིང་གྲོང་ཁྱེར་མངའ་ཁོངས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་ཨན་ཧུའེ་ཞིང་ཆེན་བྱང་ཤར་རྒྱུད་ཀྱི་མཐའ་མཚམས་དང་། ཅང་ཧོའེ་ཡན་ལག་ཧྲུའེ་ལིན་གྱི་བྱང་ངོས་སུ་གནས་པ་ཡིན།  ལྷོ་ཕྱོགས་ཁྲུའུ་ཀྲོའུ་གྲོང་ཁྱེར་གྱི་ནན་ཡན་ཆུས་ཀྱི་ས་མཚམས་དང་འབྲེལ་ལ། བྱང་ཕྱོགས་ཧོའེ་ཧུ་ཆུ་བོ་དང་། ཝུའུ་ཧུ་རྫོང་གི་ས་མཚམས་དང་འབྲེལ་བ། ཤར་ཕྱོགས་ཅང་སུའུ་ཞིང་ཆེན་གྱི་ཧུའེ་ཡུས་དང་སི་ཧུང་རྫོང་བཅས་དང་ཁྱིམ་མཚེས་ཡིན། ནུབ་ཕྱོགས་ཏིང་ཡོན་དང་ཧྥེང་དབྱང་རྫོང་གཉིས་དང་ཐག་ཉེ་བ་ཡིན། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2335ཡོད།

3_2 ས་དབྱིབས།   

མིང་ཀོང་གྲོང་ཁྱེར་གྱི་ས་བབ་ལྷོ་ཕྱོགས་མཐོ་ཞིང་བྱང་ཕྱོགས་དམའ་བ་དང་། མངའ་ཁོངས་ཀྱི་ལྷོ་ཕྱོགས་ནི་དམའ་བའི་རི་ཁུལ་དང་། སྤྱིའི་རྒྱ་ཁྱོན་གྱི35%ཟིན་པ། དབུས་རྒྱུད་ནི་དེའུ་འབུར་ཡིན་པ། སྤྱིའི་རྒྱ་ཁྱོན་གྱི50%ཟིན་པ། བྱང་རྒྱུད་ནི་བདེ་ཐང་གིས10%ཟིན་པ། མཚེའུ་ཡིས5%ཟིན།  

3_3 ནམ་ཟླ།  

མིང་ཀོང་གྲོང་ཁྱེར་གྱི་ནམ་ཟླ་ནི་ཚ་ཁུལ་བྱང་མ་ནས་དྲོད་ཁུལ་དུ་བར་བརྒལ་བྱེད་པའི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་གི་ནམ་ཟླ་ཡིན་ཞིང་། དུས་བཞི་གསལ་བ་དང་། ཉི་འོད་མང་བ། ཆར་ཆུ་དང་ཚ་བ་ཆེ་བ། ལོ་རེའི་ཆ་སྙོམས་དྲོད་ཚད15℃དང་། ལོ་ཧྲིལ་པོར་སད་མེད་དུས་ཉིན219ཡིན། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2200ཡིན། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི934.1ཟིན།

4 མི་འབོར་དང་མི་རིགས།   
4_1 མི་འབོར།    

སྤྱི་ལོ2018ལོ་ནས་སྤྱི་ལོ2019ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི64.4ཟིན་པ་དེ་ལོ་གོང་མ་ལས་ཅུང་ཆག་པ་དང་། རྒྱུན་སྡོད་མི་འབོར་ཁྲི54.9ཟིན་པ་དེ་ལོ་གོང་མ་ལས་མི་ཁྲི0.42འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད49.72%ཡིན་ཞིང་། ལོ་གོང་མ་ལས་བརྒྱ་ཆའི1.5འཕར་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད14.66%དང་། ཤི་ཚད9.5རང་བྱུང་གི་འཕར་ཚད5.16.4ཡིན།     སྤྱི་ལོ2018ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི64.4ཟིན་པའི་ནང་སྐྱེས་པ་ཁྲི33.2དང་བུད་མེད་ཁྲི31.2ཟིན་ཡོད། མི་འབོར་བསྡོམས་འབོར་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི་མི་འབོར་ཁྲི18.1དང་གྲོང་གསེབ་ཀྱི་ཐེམ་ཐོའི་ཐེམ་ཐོ་ཁྲི46.3ཟིན་ཡོད། ལོ་དེར་སྐྱེས་པའི་མི་འབོར་ཁྲི0.91ཟིན་པའི་ནང་སྐྱེས་པ་ཁྲི0.47དང་བུད་མེད་ཁྲི0.44ཡོད་པ་རེད། ལོ་དེར་མི་ཁྲི0.61ཤི་བ་དེའི་ནང་སྐྱེས་པ་ཁྲི0.34དང་བུད་མེད་ཁྲི0.274ཡོད་པ་རེད། 

4_2 མི་རིགས།     

མིང་ཀོང་གྲོང་ཁྱེར་གྱི་མི་རིགས་གཙོ་བོ་རྒྱ་རིགས་ཡིན་པ་དང་། དེའི་ནང་གྲངས་ཉུང་མི་རིགས་ལ་ཧ་སག་རིགས་དང་། ཧྲེ་རིགས། ཀའོ་ཧྲན་རིགས། ཁོར་ཁེ་ཙི་རིགས། ཏ་ཝོར་རིགས། ཧུའེ་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས་སོགས་མི་རིགས25འདུས་སྡོད་བྱས་ཡོད།  

5 དཔལ་འབྱོར།      

སྤྱི་ལོ2018ལོ་ཧྲིལ་པོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར152.6བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་ལོ་གོང་མ་ལས6.5%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར34.5ཟིན་ནས3.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར46.3ཟིན་ནས7.2%འཕར་བ་དེའི་ནང་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར35.8ཟིན་ནས7.2%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར71.8ཟིན་ནས7.7%འཕར་ཡོད། ཐོན་ལས་གསུམ་པོའི་བསྡུར་ཚད22.6:30.4:47ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་ཐོན་ལས་གསུམ་པོའི་བསྡུར་ཚད་བརྒྱ་ཆའི་གྲངས1མཐོ་རུ་ཕྱིན་པ་དང་། ཐོན་ལས་གཉིས་པའི་བསྡུར་ཚད་བརྒྱ་ཆའི་གྲངས0.4མཐོ་རུ་ཕྱིན་པ། ཐོན་ལས་དང་པོའི་བསྡུར་ཚད་བརྒྱ་ཆའི་གྲངས1.4མར་ཆག་པ་བཅས་རེད། བཟོ་ལས་ཀྱི་འཕར་ཐང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད23.4%ཟིན་ནས་སྔ་ལོ་ལས་བརྒྱ་ཆའི་གྲངས0.3འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར28021ཡིན་པ་དེ་ལོ་གོང་མ་ལས་སྒོར2240འཕར་ཡོད།    

5_1 ཐོན་ལས་དང་པོ།    

སྤྱི་ལོ2018ལོ་ཧྲིལ་པོར་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི230.4ཟིན་པ་དེ་ལོ་གོང་མ་ལས་མུའུ་ཁྲ1.9ཉུང་དུ་ཕྱིན་པའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི200.9ཟིན་ནས་མུའུ་ཁྲི3.0ཉུང་དུ་ཕྱིན་པ་དང་། སྣུམ་རྒྱུ་མུའུ་ཁྲི19.7ཟིན་པ་དེ་ལོ་གོང་མ་ལས་མུའུ་ཁྲི0.4ཉུང་དུ་ཕྱིན་པ། སྲིང་བལ་གྱི་རྒྱ་ཁྱོན་མུའུ་ཁྲི0.24ཟིན་པ་དེ་སྔ་ལོ་དང་མཉམ་པ་དང་། སྔོ་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི4.6ཟིན་པ་དང་མུའུ་ཁྲི0.1མང་དུ་ཕྱིན་ཡོད།

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2018ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་ཁྱོན་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས94ཡོད་པ་དེ་ལོ་གོང་མ་ལས16.1%མར་ཆག་པ་དང་། ལོ་ཧྲིལ་པོར་ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང8.0%འཕར་བ་དང་། དེའི་ནང་མ་རྐང་ལམ་ལུགས་ཀྱི་ཁེ་ལས11.6%འཕར་བ་དང་། ཕྱི་རྒྱལ་གྱི་ཚོང་པ་དང་ཀང་ཨའོ་ཐའེ་གསུམ་གྱི་མ་འཇོག་ཁེ་ལས8.1%འཕར་བ། ཁེ་ལས་རིགས་གཞན་དག0.8%ཆག་ཡོད།     ལོ་ཧྲིལ་པོར་ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར8.8%འཕར་བ་དང་ཕྱིར་ཚོང་ཐོན་རྫས་རིན་ཐང9.8%འཕར་བ། གཙོ་གཉེར་ལས་སྒོའི་ཡོང་འབབ12.8%འཕར་བ། ཐོན་འཚོང་བྱེད་ཚད98%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.8འཕར་ཡོད།  

5_3 ཐོན་ལས་གསུམ་པ།   

སྤྱི་ལོ2018ལོར་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར82ཟིན་པ་དེ་དུས་མཚུངས་ལས14.1%འཕར་ཡོད། བྲིན་ཚོང་ཚན་པ་གནས་ཡུལ་གཞིར་བཟུང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར68.9ཟིན་པ་དེ་ལོ་གོང་མ་ལས13.5%འཕར་བའི་ནང་གྲོང་ཁུལ་གྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར53.2ཟིན་པ་དེ་དུས་མཚུངས་ལས13.9%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར13.0ཟིན་པ་དེ་ལོ་གོང་མ་ལས17.6%འཕར་ཡོད། བཅད་གྲངས་ཀྱི་ཚད་གཞི་ལྟར་དབྱེ་ན་བཅད་གྲངས་ཡན་གྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར23.2ཟིན་ནས16.7%འཕར་རྒྱུ། བཅད་གྲངས་མན་གྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར58.7ཟིན་ནས16.0%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-27

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།