ཁྲའོ་དབྱང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲའོ་དབྱང་རྫོང་།
ཁྲའོ་དབྱང་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ལིའོ་ཉིང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་ཡོད་པ་དང་། ཏཱ་ལིན་ཧུ་གཙང་པོའི་དབུས་རྒྱུད་དང་སྟོད་རྒྱུད་དུ་གནས་ཡོད། ཤར་དང་ཤར་ལྷོ་ནི་ལིང་ཧའེ་གྲོང་ཁྱེར་དང་ཧུའུ་ལུའུ་ཏའོ་གྲོང་ཁྱེར་བཅས་ཀྱི་ནན་ཕིའོ་ཆུས་དང་ལེན་ཧྲན་ཆུས་གཉིས་དང་འབྲེལ་ཡོད། ནུབ་དང་། ལྷོ་ནུབ་ནི། ཅན་ཕིང་དང་། ཁཱ་ཙུའུ། ཅན་ཁྲང་བཅས་དང་འབྲེལ་ཡོད་པ་མ་ཟད། བྱང་གི་པེ་ཕིའོ་དང་ནང་སོག་རང་སྐྱོང་ལྗོངས་ཨའོ་ཧན་ཆི་དང་མཐའ་མཚམས་འབྲེལ་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ109.1དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ76.2ཟིན་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4215ཡོད་པ་དང་། ཁོངས་གཏོགས་སུ་གྲོང་རྡལ8དང་། ཤང15མི་རིགས་ཤང2བཅས་ཡོད་པ་དང་མི་འབོར་ཁྲི62ཡོད་པ་དང་སྤྱི་ལོ2013ལོར་ཁྲའོ་དབྱང་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི14.66ཟིན་ཡོད། ཁྲའོ་དབྱང་རྫོང་དུ་ཕི་ཧྲན་ལུང་ཤུར་དང་། ནུའུ་ལུའུ་ཨེར་ཧུའུ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ། ཆིང་ཧྥུང་ལིང་སོགས་མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
朝阳县
ཕྱི་ཡིག་གི་མིང་།
Chaoyang County
མིང་གཞན།
ལྕང་མའི་གྲོང་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4215ཡོད།
ཡུལ་སྐད།
པེ་ཅིང་སྐད།
​མི་འབོར། 
ཁྲི62ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
གནམ་གཤིས།
དྲོད་རྒྱུད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
​ཁོངས་གཏོགས་ས་ཁུལ། 
ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར།
མཛེས་ལྗོངས་གྲགས་ཅན།
སྟོང་སྐུའི་བྲག་ཕུག་དང་ཚོས་སེར་སྡོང་པོའི་ཕུག་པ། ཆིན་ཧྥུང་ལིང་། ནུའུ་ལུའུ་ཨེར་ཧུའུ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ། ཀྲའོ་ཧྲང་ཀྲིའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་སོགས་ཡོད།
མངའ་ཁོངས།
མངའ་ཁོངས་སུ་གྲོང་རྡལ8དང་། ཤང15མི་རིགས་ཤང2བཅས་ཡོད།
​གནམ་གྲུ་ཐང་།
ཁྲའོ་དབྱང་གནམ་གྲུ་ཐང་།
​ས་ཁོངས་ཁ་པར་ཨང་རྟགས། 
0421
​མེ་འཁོར་འབབ་ཚུགས།
ནའེ་ལིན་ཀའོ་འབབ་ཚུགས།
སྦྲག་སྲིད་ཨང་རྟགས།
122000
​རླངས་འཁོར་ཚབ་ཨང་།
ལིའོ(辽)N
​གནས་ཡུལ།
ཁྲའོ་དབྱང་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་གནས་ཡོད།
​སྲིད་འཛིན་ཚབ་ཨང་།
211321
​GDP 
སྒོར་དུང་ཕྱུར119ཡོད།
1 ངོ་སྤྲོད་མདོར་བསྡུས།

ཁྲའོ་དབྱང་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ལིའོ་ཉིང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་ཡོད་པ་དང་། ཏཱ་ལིན་ཧུ་གཙང་པོའི་དབུས་རྒྱུད་དང་སྟོད་རྒྱུད་དུ་གནས་ཡོད། ཤར་དང་ཤར་ལྷོ་ནི་ལིང་ཧའེ་གྲོང་ཁྱེར་དང་ཧུའུ་ལུའུ་ཏའོ་གྲོང་ཁྱེར་བཅས་ཀྱི་ནན་ཕིའོ་ཆུས་དང་ལེན་ཧྲན་ཆུས་གཉིས་དང་འབྲེལ་ཡོད། ནུབ་དང་། ལྷོ་ནུབ་ནི། ཅན་ཕིང་དང་། ཁཱ་ཙུའུ། ཅན་ཁྲང་བཅས་དང་འབྲེལ་ཡོད་པ་མ་ཟད། བྱང་གི་པེ་ཕིའོ་དང་ནང་སོག་རང་སྐྱོང་ལྗོངས་ཨའོ་ཧན་ཆི་དང་མཐའ་མཚམས་འབྲེལ་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ109.1དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ76.2ཟིན་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4215ཡོད་པ་དང་། ཁོངས་གཏོགས་སུ་གྲོང་རྡལ8དང་། ཤང15མི་རིགས་ཤང2བཅས་ཡོད་པ་དང་མི་འབོར་ཁྲི62ཡོད་པ་དང་སྤྱི་ལོ2013ལོར་ཁྲའོ་དབྱང་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི14.66ཟིན་ཡོད། ཁྲའོ་དབྱང་རྫོང་དུ་ཕི་ཧྲན་ལུང་ཤུར་དང་། ནུའུ་ལུའུ་ཨེར་ཧུའུ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ། ཆིང་ཧྥུང་ལིང་སོགས་མཛེས་ལྗོངས་ཁུལ་སོགས་མཛེས་ལྗོངས་ཁུལ་གྲགས་ཅན་ཡོད།

2 འཛུགས་སྐྲུན་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ10ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་སྐབས། ཁྲའོ་དབྱང་རྫོང་ནི་རེ་ཧུ་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1956ལོར་ཁྲའོ་དབྱང་རྫོང་རེ་ཧུ་ཞིང་ཆེན་ནས་ལིའོ་ཉིང་ཞིང་ཆེན་གྱི་མངའ་འོག་ཏུ་བཅུག་ནས་ད་ལྟའི་བར་འགོར།

སྤྱི་ལོ1958ལོར་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1964ལོར་ཁྲའོ་དབྱང་གྲོང་ཁྱེར་ཁྲའོ་དབྱང་སྲིད་འཛིན་ཀུང་ཧྲུའུ་རུ་བསྒྱུར། ཁྲའོ་དབྱང་རྫོང་ཁོངས་ཁྲའོ་དབྱང་སྲིད་འཛིན་ཀུང་ཧྲུའུ་ཡི་འགན་བཞེས།

སྤྱི་ལོ1970ལོར་ཁྲའོ་དབྱང་ཀྲོན་ཆུས་ཁྲའོ་དབྱང་ས་ཁུལ་དུ་བསྒྱུར།

སྤྱི་ལོ1979ལོའི་ཟླ8པའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲའོ་དབྱང་གྲོང་ཁྱེར་བསྐྱར་འཛུགས་བྱེད་པར་ཆོག་མཆན་བཀོད། (སྤྱི་ལོ1980ལོའི་ཟླ6པར་དངོས་སུ་བཙུགས) ཁྲའོ་དབྱང་གྲོང་ཁྱེར་ལ་ཁྲའོ་དབྱང་ས་ཁུལ་གྱིས་འགོ་ཁྲིད་བྱས། ས་ཁུལ་ཁྲའོ་དབྱང་གྲོང་ཁྱེར་དུ་བཅའ་སྡོད་བྱས་ཤིང་། དེའི་ཁོངས་སུ་གྲོང་ཁྱེར1དང་། རྫོང5རང་སྐྱོང་རྫོང1བཅས་གཏོགས་ཡོད།

སྤྱི་ལོ1984ལོའི་ཟླ6པའི་ཚེས30ཉིན། ཁྲའོ་དབྱང་གྲོང་ཁྱེར་དེ་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་དུ་འཕར་ཞིང་། ཧྲོང་ཐཱ་དང་ལུང་ཁྲེང་ཆུས་གཉིས་བཙུགས་ཏེ། ཁྲའོ་དབྱང་ས་ཁུལ་མེད་པར་བཏང་། ཁྲའོ་དབྱང་དང་པེ་ཕིའོ། ཅན་ཕིང་། ཅན་ཁྲང་། ལིང་ཡོན་བཅས་རྫོང5དང་ཁར་ཆིན་སོག་རིགས་རང་སྐྱོང་རྫོང་ཁྲའོ་དབྱང་གྲོང་ཁྱེར་གྱི་མངའ་ཁོངས་སུ་བཅུག

སྤྱི་ལོ2007ལོའི་ཟླ2པར་ལིའོ་ཉིང་ཞིང་ཆེན་སྲིད་གཞུང་གི《ཁྲའོ་དབྱང་རྫོང་ལིའུ་གྲོང་རྡལ་དུ་འཛུགས་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན》(ལིའོ་ཉིང་སྲིད་གཞུང་གི་ཡིག་ཆ[2002]ཡིག་ཨང183པ)ཁྲའོ་དབྱང་རྫོང་མི་དམངས་སྲིད་གཞུང་ཁྲའོ་དབྱང་གྲོང་ཁྱེར་ཧྲོང་ཐཱ་ཆུས་ནས་ཁྲའོ་དབྱང་རྫོང་ལིའུ་ཁྲེང་གྲོང་རྡལ་དུ་སྤོས།

སྤྱི་ལོ2014ལོར་ལིའུ་ཁྲེང་གྲོང་རྡལ་དུ་ཁྲོམ་གཞུང་བཙུགས་པ་དང་སྤྱི་ལོ2015ལོའི་ཟླ4པར་དངོས་སུ་ལག་བསྟར་བྱས།

སྤྱི་ལོ2019ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བཀའ་ལན་གནང་བ་དང་ཁྲའོ་དབྱང་རྫོང་གནས་ཡུལ་ཁྲའོ་དབྱང་གྲོང་ཁྱེར་ཧྲོང་ཐཱ་ཆུས་ནས་ལིའུ་ཁྲེང་ཁྲོམ་གཞུང་དུ་དངོས་སུ་གནས་སྤོར་བ་ཡིན།

3 སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས།

སྤྱི་ལོ2019ལོའི་ཟླ3ཚེས1ཉིན་བར་ཁྲའོ་དབྱང་རྫོང་ཁོངས་གཏོགས་སུ་ཤང་དང་། གྲོང་རྡལ། ཞིང་ར། ཁྲོམ་གཞུང་བཅས29ཡོད། དེའི་ནང་གྲོང་རྡལ13ཡོད་པ་དེ་དག་ནི་ལིའུ་ཅཱ་ཙི་གྲོང་རྡལ་དང་། ཝ་ཧྥང་ཙི་གྲོང་རྡལ། ཡང་ཧྲན་གྲོང་རྡལ། པོ་ལུའོ་ཁྲི་གྲོང་རྡལ། ཏུང་ཏཱ་ཏའོ་གྲོང་རྡལ། ཨར་ཧྲི་ཅཱ་ཙི་གྲོང་རྡལ། ཏཱ་མིའོ་གྲོང་རྡལ། ཆིང་ཧྥུང་ལིང་གྲོང་རྡལ། མུའུ་ཁྲེང་ཙི་གྲོང་རྡལ། ཐའེ་ཙི་གྲོང་རྡལ། ནན་ཧྲོང་མིའོ་གྲོང་རྡལ། ཆི་ཏའོ་ལིང་གྲོང་རྡལ། ཧྲེང་ལི་གྲོང་རྡལ་བཅས་ཡིན་པ་དང་། ཤང12ནི་ཀུའུ་ཧྲན་ཙི་ཤང་དང་། པེ་ཀོའུ་མོན་ཙི་ཤང་། ཧྲང་ཀྲི་ཤང་། ཞི་དབྱིན་ཙི་ཤང་། པེ་སི་ཅཱ་ཙི་ཤང་། ཏུང་ཏཱ་ཐུན་ཤང་། ཧེ་ཉིའུ་དབྱིན་ཙི་ཤང་། ཝང་དབྱིན་ཙི་ཤང་། སུང་ལིན་མོན་ཤང་། ཝུའུ་ལན་ཧོ་ཧྲུའོ་ཤང་། དབྱང་ཧྲུའུ་ཝན་ཤང་། ཀེན་ཏེ་ཤང་། ཞི་ཝུའུ་ཅཱ་ཙི་ཤང་བཅས་ཡིན། རྒྱལ་གཉེར་ཞིང་ར1སྟེ་ཅ་ཅཱ་ཏེན་ཞིང་ར་ཡིན་པ་དང་། སྲང་ལམ1སྟེ་ལིའུ་ཁྲེང་ཁྲོམ་གཞུང་། རྫོང་ཡོངས་སུ་གྲོང་ཚོ298དང་སྡེ་ཁུལ1ཡོད།

4 མི་འབོར་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2019ལོའི་ལོ་མཇུག་བར་ཁྲའོ་དབྱང་རྫོང་གི་ཐེམ་ཐོའི་མི་གྲངས་ཁྲི62ཟིན་ནས་མི2174ཉུང་དུ་ཕྱིན་ཡོད། དེའི་ནང་ཞིང་ལས་མི་འབོར529498ཡོད་པ་དེས་ཁྲའོ་དབྱང་རྫོང་གི་མི་འབོར་བསྡོམས་འབོར་གྱི94.1%བཟུང་ཡོད་པ་དང་། ཞིང་ལས་མིན་པའི་མི་འབོར33130ཟིན་པ་དེས་ཁྲའོ་དབྱང་རྫོང་གི་མི་འབོར་བསྡོམས་འབོར་གྱི5.9%བཟུང་ཡོད།

4_2 མི་རིགས།

སྤྱི་ལོ2013ལོའི་བར་ཁྲའོ་དབྱང་རྫོང་དུ་རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུའེ་རིགས། ཁྲའོ་ཞན་རིགས། མིའོ་རིགས། ཀྲོང་རིགས། ཨུ་རུ་སུ་རིགས། ཤིས་པོ་རིགས། ཨོ་ལུན་ཁྲུན་སོགས་མི་རིགས12ཡོད།

5 ས་ཁམས་ཁོར་ཡུག
5_1 གནས་ཡུལ།

ཁྲའོ་དབྱང་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པ་དང་བྱང་གི་འཕྲེད་ཐིག40°55′-41°54′དང་། ཤར་གྱི་གཞུང་ཐིག119°52′-120°47′ཡིན། ཤར་ངོས་སུ་ལིའོ་ཉིང་དབུས་རྒྱུད་བཟོ་ལས་གྲོང་ཁྱེར་ཁྱུ་ཚོགས་དང་འབྲེལ་ཞིང་། ལྷོ་རུ་པོ་ཧའེ་རྒྱ་མཚོའི་འགྲམ་རྒྱུད་དང་འབྲེལ་ཡོད། ནུབ་ཏུ་ཅིང་ཅིན་ཐང་གི་དཔལ་འབྱོར་ཁུལ་དང་འབྲེལ་ཡོད། བྱང་དུ་ནང་སོག་གི་དབུས་སུ་གནས་པ་བཅས་ཀྱིས་པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་གྲུབ་ཡོད། རྒྱལ་ས་པེ་ཅིང་དང་བར་ཐག་སྤྱི་ལེ518ཡོད་པ་དང་། ཞིང་ཆེན་ལྟེ་གནས་ཧྲེན་དབྱང་དང་བར་ཐག་སྤྱི་ལེ328ཡོད། ཅིན་ཀྲོའུ་གྲུ་ཁ་དང་བར་ཐག་སྤྱི་ལེ90ཡོད། ས་ཁམས་གནས་བབ་ལེགས་པ་པ་དང་། ལྷོ་བྱང་གི་བར་ཐག་རིང་ཤོས་སྤྱི་ལེ109.1ཟིན་པ་དང་ཤར་ནུབ་ཀྱི་བར་ཐག་རིང་ཤོས་སྤྱི་ལེ76.2ཟིན་པ་དང་སྤྱིའི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4215ཟིན་ཡོད།

5_2 ནམ་ཟླ།

ཁྲའོ་དབྱང་རྫོང་ནི་འཕྲེད་ཐིག་དཀྱིལ་མའི་མཚམས་སུ་གནས་པ་དང་། དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། བྱང་རྒྱུད་དུ་སོག་པོའི་ས་མཐོའི་མཐོ་གནོན་གྱི་ཤུགས་རྐྱེན་ཅུང་ཆེ་བ་དང་། གནམ་གཤིས་ལ་སྐམ་སའི་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། ཤར་ལྷོའི་རྒྱུད་ནས་པོ་ཧའེ་རྒྱ་མཚོ་དང་བར་ཐག་སྤྱི་ལེ་བརྒྱ་མེད་མོད། འོན་ཀྱང་ཡན་ཧྲན་རི་རྒྱུད་ཀྱིས་བཀག་འགོག་ཐེབས་པས། ལྷོ་རྒྱུད་ཀྱི་དྲོད་རླན་རླུང་རྒྱུན་རྒྱལ་ནང་དུ་བཞུར་མི་ཐུབ་ཀྱི་མེད། ཐན་པ་ཕྱེད་ཙམ་དང་བརླན་གཤེར་ཕྱེད་ཙམ་གྱི་ཐན་འབྱུང་སླ་བའི་ས་ཁུལ་དུ་གྱུར་ཡོད། ས་ཁོངས་ནང་གི་དུས་བཞིའི་ཆར་ཆུ་འབབ་ཚད་དང་དྲོད་ཚད་དུས་མཚུངས་ཉི་འོད་ཕོག་ཚད་འདང་ངེས་ཡོད་པ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་ཙམ་ཡོད། ཁྲའོ་དབྱང་གི་ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2861.7ཟིན་པ་དང་ཉི་འོད་ཕོག་ཚད65%ཟིན་ཡོད། ཁྲའོ་དབྱང་རྫོང་གི་འོད་ནུས་ཆ་རྐྱེན་ལེགས་པས་ཞིང་ཆེན་ཡོངས་ཀྱི་རིན་ཐང་ཆེ་བའི་ཆུས་སུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད8.3-8.9℃ཡིན་པ་དང་། ལོ་རེའི་ཆེས་མཐོ་བའི་ཆ་སྙོམས་ཀྱི་དྲོད་ཚད15.5-15.9℃ཡིན། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་དམའ་ཤོས1.4-2.0℃ཡིན། ཟླ་དང་པོ་གྲང་ངར་ཆེས་ཆེ་བའི་དུས་ཡིན། ཟླ་རེའི་ཆ་སྙོམས་དྲོད་ཚད10.0-10.9℃ཡིན། ཟླ7པར་ཚ་བ་ཆེ་བ་དང་། ཟླ་རེའི་ཆ་སྙོམས་དྲོད་ཚད24.4-24.9℃ཡིན། དྲོད་ཚད་མཐོ་ཤོས40.6℃(སྤྱི་ལོ1955ལོའི་ཟླ7ཚེས23ཉིན)དང་དྲོད་ཚད་དམའ་ཤོས-31.1℃(སྤྱི་ལོ1953ལོའི་ཟླ1ཚེས16ཉིན)ཡིན།

6 དཔལ་འབྱོར།

སྤྱི་ལོ2013ལོར་ཁྲའོ་དབྱང་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1465606ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2012ལོ་ལས8.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི384423ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས5.1%འཕར་ཡོད་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི648744ཟིན་པ་དེ་དུས་མཚུངས་ལས12.2%འཕར་ཡོད། (དེའི་ནང་བཟོ་ལས་འཕར་ཐང་སྒོར་ཁྲི554198ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས10.5%འཕར་བ་དང་། ཨར་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་ཁྲི94546ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས25.6%འཕར་ཡོད། ) ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི432439ཟིན་པ་དེ་སྤྱི་ལོ2012ལོ་ལས5.3%འཕར་ཡོད། ཐོན་ལས་གསུམ་གྱི་འཕར་ཐང་གིས་ཁྲའོ་དབྱང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ཁག་སོ་སོར26.2%དང་། 44.3%29.5%བཅས་ཟིན་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

སྤྱི་ལོ2013ལོར་ཁྲའོ་དབྱང་རྫོང་མཐོ་རིམ་སློབ་འབྲིང་གི་སློབ་མ་སློབ་གྲྭར་ཞུགས་ཚད100%དང་། དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་སློབ་རིམ་འཕར་ཚད60.11%སློབ་ཆུང་གི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%བཅས་ཡིན། ཁྲའོ་དབྱང་རྫོང་དུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ302ཡོད་པའི་ནང་སློབ་ཆུང196དང་། དམའ་རིམ་སློབ་འབྲིང31ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ1ཆ་ཚང་སློབ་འབྲིང1མཐོ་རིམ་སློབ་འབྲིང3དགེ་འོས་ཟབ་སྦྱོང་སློབ་གྲྭ1ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ1བུ་བཅོལ་ཁང68བཅས་ཡོད། སློབ་གྲྭར་ཡོད་མུས་ཀྱི་སློབ་མ73105ཡོད་པའི་ནང་སློབ་ཆུང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ35513དང་དམའ་རིམ་སློབ་འབྲིང་གི་སློབ་མ14709ཡོད། མཐོ་རིམ་སློབ་འབྲིང་གི་སློབ་མ9003ཡོད། ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་རུ་ཡོད་པའི་སློབ་མ1165དང་། བུ་བཅོལ་ཁང་དང་དེའི་ཞོར་བཙུགས་འཛིན་གྲྭའི་སློབ་མ12715ཡོད།

7_2 འཕྲོད་བསྟེན།

སྤྱི་ལོ2013ལོར་ཁྲའོ་དབྱང་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི812ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང33དང་། ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་། འཕྲོད་བསྟེན་ལྟ་སྐུལ་ཁང་། འདུས་འདྲིལ་གཅོང་ནད་འགོག་བཅོས་ཁང་། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ས་ཚིགས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་དོ་དམ་ལྟེ་གནས1བཅས་དང་། འཕྲོད་བསྟེན་དོ་དམ་གཞུང་ལས་ཁང28གྲོང་ཚོའི་འཕྲོད་བསྟེན་ཁང812བཅས་ཡོད། ཁྲའོ་དབྱང་རྫོང་དུ་ཉལ་ཁྲི909དངོས་སུ་ཡོད་པའི་ནང་རྫོང་རིམ་པའི་སྨན་ཁང་དུ350དང་ཤང་གྲོང་ལྟེ་བའི་སྨན་ཁང་དུ559ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ939ཡོད་པའི་ནང་ལས་གཉེར་སྨན་པ383དང་། ནད་གཡོག397ཐོ་འགོད་བྱས་ཡོད།

7_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོར་ཁྲའོ་དབྱང་རྫོང་ཚན་པའི་ལས་ཞུགས་མི་སྣའི་སློབ་མཇུག་གི་མི་གྲངས30330ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས་མི4542ཉུང་དུ་ཕྱིན་པའི་ནང་ལས་ཐོག་གི་ལས་བཟོའི་སློབ་མཇུག་གི་མི་གྲངས28085ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས་མི4610ཉུང་དུ་ཕྱིན་ཡོད། ལས་ཞུགས་མི་སྣའི་ཆ་སྙོམས་མི་གྲངས30446ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས་མི4720ཉུང་དུ་ཕྱིན་པ་དེའི་ནང་ལས་གནས་སུ་ཡོད་པའི་ལས་བཟོའི་ཆ་སྙོམས་མི་གྲངས27463ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས་མི5286ཉུང་དུ་ཕྱིན་ཡོད། ལས་ཞུགས་མི་སྣའི་གླ་ཕོགས་བསྡོམས་འབོར་སྒོར1157686ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས7.5%འཕར་ཡོད། ལས་ཐོག་ལས་བཟོའི་གླ་ཕོགས་བསྡོམས་འབོར་སྒོར1050080ཟིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས1.4%ཆག་ཡོད། ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས་སྒོར38024ཟིན་པ་དེ་དུས་མཚུངས་ལས་སྒོར5347འཕར་ཡོད་པ་དང་། ལས་ཐོག་ལས་བཟོའི་ཆ་སྙོམས་གླ་ཕོགས་མི38236ཟིན་པ་དེ་སྤྱི་ལོ2012ལོ་ལས་དུས་མཚུངས་ལས་སྒོར5728འཕར་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-26

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།