ལུང་ཝུན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་ཝུན་ཆུས།
ལུང་ཝུན་ཆུས་ནི་ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ནུབ་རྒྱུད་ཀྲང་ཀྲོའུ་གྲོང་ཁྱེར་གྱི་ཆུས་དང་འབྲེལ། ཤར་ཕྱོགས་ཀྲང་ཀྲོའུ་ཐའེ་ཝན་ཚོང་པའི་མ་འཇོག་ཁུལ་དང་འབྲེལ། བྱང་ཕྱོགས་ཁྲང་ཐའེ་རྫོང་དང་འབྲེལ་བ། ལྷོ་ཕྱོགས་ལུང་ཧའེ་གྲོང་ཁྱེར་དང་འབྲེལ། དེ་ནི་ཀྲང་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
龙文区
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ126
ཕྱི་ཡིག་གི་མིང་།
Longwen District
མི་གྲངས།
ཁྲི19.5(སྤྱི་ལོ2018ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
ས་ཁུལ་དཀྱུས་མའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར།
རླངས་འཁོར་ཚབ་ཨང་།
闽E
སྦྲག་ཨང་།
363005
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
350603
1 ངོ་སྤྲོད།

ལུང་ཝུན་ཆུས་ནི་ཧྥུའུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ནུབ་རྒྱུད་ཀྲང་ཀྲོའུ་གྲོང་ཁྱེར་གྱི་ཆུས་དང་འབྲེལ། ཤར་ཕྱོགས་ཀྲང་ཀྲོའུ་ཐའེ་ཝན་ཚོང་པའི་མ་འཇོག་ཁུལ་དང་འབྲེལ། བྱང་ཕྱོགས་ཁྲང་ཐའེ་རྫོང་དང་འབྲེལ་བ། ལྷོ་ཕྱོགས་ལུང་ཧའེ་གྲོང་ཁྱེར་དང་འབྲེལ། དེ་ནི་ཀྲང་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་གྲས་ཤིག་ཡིན་པ་སྟེ་སྤྱི་ལོ1996ལོར་སྐྲུན་འགོ་ཚུགས་པ་རེད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ126ཡོད་པ་དང་དེའི་མངའ་འོག་ཏུ་གྲོང་རྡལ1དང་ཁྲོམ་གཞུང5ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི19.5(སྤྱི་ལོ2018ལོའི་ལོ་མཇུག)ཡོད་པ་རེད། སྤྱི་ལོ2019ལོར་ལུང་ཝུན་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར361.35ཟིན་པ།

ལུང་ཝུན་ཆུས་ནི་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་ཆུས་ཤིག་ཡིན་ཞིང་། ཧྥུའུ་ཅན་ཤར་ལྷོའི་དངོས་པོ་བསྡུ་འགྲེམས་བྱ་ཡུལ་གལ་ཆེན་དང་ཀྲང་ཀྲོའུ་གྲོང་ཁྱེར་གསར་དར་ཚོང་དོན་ལྟེ་གནས་ནི་ཧྥུའུ་ཅན་ཞིང་ཆེན་གྱི་གྲགས་ཅན་ཕྱིར་སྡོད་རང་མིའི་ཕ་ཡུལ་དང་སྤུན་ཟླ་ཐའེ་ཝན་པའི་ཕ་ཡུལ་ཡིན།

2 འཕེལ་རིམ།

སྤྱི་ལོ1949ལོའི་ཟླ9བའི་ཚེས19ཉིན། ལུང་ཞི་རྫོང་མཁར་བཅིངས་འགྲོལ་བྱས། ལོ་དེའི་ཟླ9བའི་ཚེས20ཉིན། ལུང་ཞི་རྫོང་ཡོངས་རྫོགས་བཅིངས་འགྲོལ་བྱས། ལུང་ཝུན་ཆུས་ཀྱི་ས་ཆ་དེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་ལུང་ཞི་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས། ལོ་དེའི་ཟླ10བར་ལུང་ཞིས་ཧྥུའུ་ཅན་ཞིང་ཆེན་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་དྲུག་པ་ཡིན་པ་དང་ལུང་ཝུན་ཆུས་ཀྱི་ས་ཆ་སྔར་བཞིན་ལུང་ཞིས་རྫོང་གི་ཁོངས་སུ་གཏོགས་ཡོད། སྤྱི་ལོ1950ལོའི་ཟླ4ཚེས1ཉིན་ལུང་ཝུན་ཆུས་ཀྱི་གནས་ཡུལ་དེ་ཀྲང་ཀྲོའུ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ལུང་ཤིས་རྫོང་གི་ཆུས་དྲུག་པར་གཏོགས། ལོ་དེའི་ཟླ10བར་ཧྥུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལུང་ཞི་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ལུང་ཞི་རྫོང་དུ་བསྒྱུར་ཞིང་། སྔར་བཞིན་ཆུས་དྲུག་པ་རེད།

སྤྱི་ལོ1952ལོར་ཁུལ་དྲུག་ཏུ་ཕྱེ་བའི་ཞོན་ཐན་ཕོ་བྲང་བཅུ་པར་དབང་བ་དང་། ས་ཆ་ལུང་ཞི་རྫོང་གི་ཁུལ་དྲུག་པ་དང་བཅུ་བའི་ཁོངས་སུ་བཞག

སྤྱི་ལོ1956ལོར་ལུང་ཞི་རྫོང་ཏུང་ཡུས་ཆུས་སུ་བཞག

སྤྱི་ལོ1957ལོར་ཏུང་ཡུས་ཁུལ་གྱི་མིང་ཏུང་ཧྲན་ཁུལ་དུ་བསྒྱུར།

སྤྱི་ལོ1958ལོར་ཁུལ་དང་ཞང་ཟླ་སྒྲིལ་བཏང་བ་དང་། ལོ་དེའི་ཟླ9བར་ཞང་གི་སྒྲིག་གཞི་མེད་པར་བཟོས་ཤིང་། སྲུང་སྐར་མི་དམངས་ཀུང་ཧྲེ་བཙུགས།

སྤྱི་ལོ1959ལོའི་ཟླ3པར། སྲུང་སྐར་མི་དམངས་ཀུང་ཧྲེ་པུའུ་ཝུན་མི་དམངས་ཀུང་ཧྲེ་ལ་མིང་བསྒྱུར།     སྤྱི་ལོ1960ལོའི་ཟླ8པའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལུང་ཞི་རྫོང་དང་ཧའེ་ཁྲེང་རྫོང་གཉིས་ལུང་ཧའེ་རྫོང་དུ་ཟླ་སྒྲིལ་གཏོང་བར་ཆོག་མཆན་བཀོད།

སྤྱི་ལོ1962ལོར་ཧྥུན་པུའུ་ཝུན་ཀུང་ཧྲེའི་རུ་ཆེན་ཁ་ཤས་ཀྱིས་ཀུའོ་ཁེང་མི་དམངས་ཀུང་ཧྲེ་བཙུགས།    

སྤྱི་ལོ1967ལོའི་ཟླ6བར་ལུང་ཝུན་ཆུས་ཀྱི་ཁོངས་གཏོགས་ལུང་ཞི་ཀྲོན་ཆུས་ལུང་ཧའེ་རྫོང་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས།     སྤྱི་ལོ1980ལོའི་ཟླ10པར། ལུང་ཧའེ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ལུང་ཧའེ་རྫོང་མི་དམངས་སྲིད་གཞུང་དུ་བསྒྱུར།     སྤྱི་ལོ1985ལོའི་ཟླ6བར་ལུང་ཞི་ས་ཁུལ་དེ་ཀྲང་ཀྲོའུ་གྲོང་ཁྱེར་དུ་བསྒྱུར་ཞིང་། པུའུ་ཝུན་དང་ཀུའོ་ཁེང་གཉིས་ཀྲང་ཀྲོའུ་གྲོང་ཁྱེར་ལུང་ཧའེ་རྫོང་མི་དམངས་སྲིད་གཞུང་གི་ཁོངས་སུ་བཞག    

སྤྱི་ལོ1993ལོའི་ཟླ5བར། ལུང་ཧའེ་རྫོང་གིས་རྫོང་བཙུགས་ནས་པུའུ་ཝུན་དང་ཀུའོ་ཁེང་གི་མངའ་ཁོངས་སུ་བཞག     སྤྱི་ལོ1996ལོའི་ཟླ5བའི་ཚེས31ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲང་ཀྲོའུ་གྲོང་ཁྱེར་ལུང་ཝུན་ཆུས་བཙུགས་པ་དང་ཀྲང་ཀྲོའུ་གྲོང་ཁྱེར་གྱིས་དོ་དམ་བྱས།     སྤྱི་ལོ1997ལོའི་ཟླ1ཚེས1ཉིན་ཀྲང་ཀྲོའུ་གྲོང་ཁྱེར་ལུང་ཝུན་ཆུས་མི་དམངས་སྲིད་གཞུང་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་རེད།

3 སྲིད་འཛིན་བགོས་ཁོངས།

སྤྱི་ལོ1997ལོའི་ཟླ3པར། དེ་སྔའི་པུའུ་ཝུན་གྲོང་རྡལ་བཤིག་ནས་པུའུ་ཝུན་གྲོང་རྡལ་དང་ལན་ཐེན་གྲོང་རྡལ། ཁྲའོ་དབྱང་གྲོང་རྡལ་བཅས་སུ་དབྱེ།     སྤྱི་ལོ2016ལོའི་ཟླ8པའི་ཚེས18ཉིན་ལུང་ཝུན་ཆུས་ཀྱིས་པུའུ་ཝུན་གྲོང་རྡལ་མེད་པར་བཟོས་ནས་པུའུ་ཝུན་ཁྲོམ་གཞུང་བཙུགས་ཏེ་དེ་སྔའི་པུའུ་ཝུན་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་དེ་པུའུ་ཝུན་ཁྲོམ་གཞུང་གི་སྲིད་འཛིན་ས་ཁོངས་སུ་བྱས་པ་རེད།     སྤྱི་ལོ2017ལོའི་ཟླ12བར་ལུང་ཝུན་ཆུས་པུའུ་ཝུན་ཁྲོམ་གཞུང་བཤིག་ནས་པུའུ་ཝུན་ཁྲོམ་གཞུང་དང་པི་ཧུའུ་ཁྲོམ་གཞུང་དུ་དབྱེ་བ་དང་། པུའུ་ཝུན་ཁྲོམ་གཞུང་གི་ཁོངས་གཏོགས་པུའུ་ཝུན་གྲོང་ཚོ་དང་། ཧྲི་ཚང་གྲོང་ཚོ། ཐེན་ཧྥུང་གྲོང་ཚོ། ཁྲང་ཕུའུ་གྲོང་ཚོ། པན་ཧྲང་གྲོང་ཚོ་སོགས་གྲོང་ཚོ་5དང་། ཅིན་ཤིའུ་སྡེ་ཁུལ་དང་། ཐེན་ཐིང་སྡེ་ཁུལ། ཤང་ཧུའུ་སྡེ་ཁུལ། ཕུའུ་ཏུང་སྡེ་ཁུལ། ཐུང་ཁྲང་སྡེ་ཁུལ། ཐེན་ཧྥུང་སྡེ་ཁུལ། ལུང་ཅང་སྡེ་ཁུལ། ཧྲི་ཚང་སྡེ་ཁུལ་སོགས་སྡེ་ཁུལ་8ཡོད། པི་ཧུའུ་ཁྲོམ་གཞུང་གི་གཤམ་འོག་ཏུ་ཐུའུ་པའེ་གྲོང་ཚོ་དང་། ཞ་ཀྲོའུ་གྲོང་ཚོ། ཧོའུ་པན་གྲོང་ཚོ། པི་ཧུའུ་གྲོང་ཚོ་སོགས་གྲོང་ཚོ་4དང་། རུང་ཁྲང་སྡེ་ཁུལ་དང་། རེན་ཧོ་སྡེ་ཁུལ། མིང་ཧྥ་སྡེ་ཁུལ། དབན་ཏ་སྡེ་ཁུལ། རུང་ཧྲེང་སྡེ་ཁུལ། ཤིན་ཤིན་སྡེ་ཁུལ། འཛུགས་སྤེལ་སྡེ་ཁུལ། ཐུའུ་པའེ་སྡེ་ཁུལ། ཞ་ཀྲོའུ་སྡེ་ཁུལ། ཧོའུ་ཧུའུ་སྡེ་ཁུལ། པི་ཧུའུ་སྡེ་ཁུལ་སོགས་སྡེ་ཁུལ11ཡོད།     སྤྱི་ལོ2018ལོའི་ཟླ11བར་ལུང་ཝུན་ཆུས་ཀྱིས་ལན་ཐེན་གྲོང་རྡལ་དང་ཁྲའོ་དབྱང་གྲོང་རྡལ་མེད་པ་བཟོས་ནས་ལན་ཐེན་ཁྲོམ་གཞུང་དང་ཁྲའོ་དབྱང་ཁྲོམ་གཞུང་བཙུགས་པ་རེད།     སྤྱི་ལོ2019ལོའི་ཟླ9བར་ལུང་ཝུན་ཆུས་སུ་ཅིང་ཧྲན་ཁྲོམ་གཞུང་མང་དུ་བཏང་ནས་དེ་སྔའི་ལན་ཐེན་ཁྲོམ་གཞུང་གི་ཤིས་ཁེང་སྡེ་ཁུལ་དང་། ཝུའུ་ཆའོ་སྡེ་ཁུལ། ཕུའུ་ཁའུ་སྡེ་ཁུལ། ཐན་ཤང་སྡེ་ཁུལ། ཉི་འོད་སྡེ་ཁུལ། ལི་ཅིང་སྡེ་ཁུལ། ཁྲའོ་དབྱང་ཁྲོམ་གཞུང་གི་ཁོའོ་ཁེང་སྡེ་ཁུལ། ཀྲང་པིན་སྡེ་ཁུལ། ཀྲང་ཧྲན་སྡེ་ཁུལ། ཀྲང་ཧྲན་སྡེ་ཁུལ། ཧྲི་ཀྲོའུ་སྡེ་ཁུལ། ཤིན་ཧྲི་ཀྲོའུ་སྡེ་ཁུལ། ཁྲའོ་དབྱང་སྡེ་ཁུལ་སོགས་སྡེ་ཁུལ12ཀྱི་སྲིད་འཛིན་ས་ཁོངས་སུ་ཅིང་ཧྲན་ཁྲོམ་གཞུང་བཙུགས་པ་རེད།

4 ས་བབ།

ལུང་ཝུན་ཁུལ་ནི་ཞ་མོན་དང་ཧྲན་ཐོའུ་དཔལ་འབྱོར་དམིགས་བསལ་ཁུལ་ཆེན་པོ་གཉིས་ཀྱི་དབུས་ཁུལ་དུ་གནས་པ་དང་། ཤར་གྱི་གཞུང་ཐིག 117°དང་བྱང་གི་འཕྲེད་ཐིག24℃ཡིན་ཞིང་། ཧྥུ་ཅན་ཞིང་ཆེན་ཀྲང་ཀྲོའུ་བདེ་ཐང་དབུས་ཁུལ་དུ་གནས་པ་དང་། མངའ་ཁོངས་ཀྱི་ཁྱབ་ཁོངས་སུ་ཏུང་ཀྲོའུ་ཐའེ་ཚོང་བའི་མ་འཇོག་ཁུལ་དང་འབྲེལ་བ། ནུབ་ཀྱི་ཁྲེང་ཆུས་དང་འབྲེལ་བ། བྱང་གི་ཁྲང་ཐའེ་རྫོང་དང་འབྲེལ་ཡོད། ལྷོ་ཅིའུ་ལུང་ཅང་གཙང་པོའི་ཤིས་ཤིས་གཙང་པོའི་བྱང་ངོགས་སུ་འབྱོར་བ་དང་། ཆུ་ཐོག་དང་སྐམ་སའི་འགྲིམ་འགྲུལ་སྟབས་བདེ་བ། རྒྱལ་ལམ324དང་རྒྱལ་ལམ319བརྒྱུད་ནས་བརྒལ་བ། དབྱིན་ཞ་ལྕགས་ལམ་ལྗོངས་ཡོངས་དང་འབྲེལ་བ། སྐམ་ལམ་ཞ་མོན་གྱི་ཀའོ་ཆི་རྒྱལ་སྤྱིའི་གནམ་ཐང་དང་བར་ཐག་སྤྱི་ལེ43ལས་མེད་པ། ཆུ་ལམ་ཅིའུ་ལུང་གཙང་པོ་བརྒྱུད་དེ་མཚོ་ལམ་ཤར་གཏོང་ཐུབ་པ་བཅས་རེད།

5 ནམ་ཟླ།

ས་ཁུལ་དེ་ནི་ཅིའུ་ལུང་ཅང་གཙང་པོའི་ཁྲུང་ཕུང་བདེ་ཐང་གི་ཁོངས་སུ་གཏོགས་པ་དང་། ལྗོངས་ནང་ཁུལ་གྱི་ངོས་གསུམ་ལིན་ཅང་གཙང་པོ་ཡིན་པ་དང་། ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ21.4དང་སད་མེད་དུས་ཉིན330ཡིན་པ་དང་ལོ་རེའི་ཆ་སྙོམས་ཆར་པ་འབབ་ཚད1450mmཡིན་པ་དང་ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཡུན་ཆུ་ཚོད4430ཡིན་པ་རེད།

6 མི་གྲངས།

སྤྱི་ལོ2000ལོར་མི་འབོར་ཡོངས་བཤེར་ཐེངས་ལྔ་པའི་དཔྱད་གཞི་ལས་མངོན་པ་ལྟར་ན། ལུང་ཝུན་ཆུས་ཀྱི་སྤྱིའི་དུད་ཚང29537ཡོད་པ་དང་མི་འབོར་བསྡོམས115661ཡོད། ཞིང་ལས་མི་གྲངས་ཀྱིས་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆ91.83ཟིན་ཡོད། ཁྱད་ཆོས་གཞན་ཞིག་ནི་ས་ཁོངས་གཞན་ནས་ཡིན་པའི་མི་འབོར་མང་། སྤྱི་ལོ2000ལོའི་མི་འབོར་ཡོངས་བཤེར་ལུང་ཝུན་ཆུས་ཀྱི་ཕྱི་ནས་ཡོང་བའི་མི་འབོར་ཐོ་འགོད་བྱ་ཡུལ་གྱི་གནས་ཚུལ་དཔྱད་གཞིར་ལུང་ཝུན་ཆུས་ཀྱི་ཕྱི་ནས་ཡོང་བའི་མི་འབོར་བསྡོམས23343ཡོད་པའི་ནང་ཀྲང་ཀྲོའུ་གྲོང་ཁྱེར་ཆུས་ཀྱི་མི3590དང་། ཧྥུའུ་ཅན་ཞིང་ཆེན་གྱི་རྫོང(གྲོང་ཁྱེར)གཞན་དག་དང་གྲོང་ཁུལ་གྱི་མི8515ཞིང་ཆེན་ཕྱིའི་མི11238བཅས་ཡོད་པ་རེད། ལུང་ཝུན་ཆུས་སུ་སྤྱི་ལོ1997ལོར་མི་འབོར་བསྡོམས་འབོར115343ཡོད་པ་དང་སྤྱི་ལོ2007ལོར་མི120835ཡོད་པ་དང་རང་བྱུང་འཕར་ཚད6.95‰ཟིན་ཡོད།

7 དཔལ་འབྱོར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མངའ་ཁོངས་ནང་གི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པས། མི་དམངས་ཀྱི་འཚོ་བ་ཇེ་བཟང་དུ་སོང་ཡོད། འོན་ཀྱང་སྤྱི་ལོ1958ལོ་ནས་སྤྱི་ལོ1976ལོའི་བར་གཡོན་ཐལ་ཆེ་བའི་བསམ་བློས་གཙོ་ཁྲིད་ཀྱི་གོ་གནས་བཟུང་ཡོད་པ་དང་། ཐོན་སྐྱེད་ལ་རྨོངས་ཚོད་ཀྱིས་བཀོད་འདོམས་དང་འུད་སྒྲོག་གི་རླུང་ཡན་བྱུང་ནས་ཞིང་པའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་པ་དང་། ཐོན་སྐྱེད་ཀྱི་ཧུར་སེམས་གཅོག་པ། མི་དམངས་ཀྱི་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་པ་རེད། ལྷག་པར་དུ་“རིག་གནས་གསར་བརྗེ་ཆེན་པོའི་”སྐབས་སུ་མངའ་ཁོངས་ནང་གི་གྲོང་གསེབ་ཏུ་གྲལ་རིམ་འཐབ་རྩོད་སྤེལ་བས་ཞིང་ལས་ཐོན་སྐྱེད་འཕེལ་མེད་སོར་གནས་སུ་ལུས་ཏེ་དཔལ་འབྱོར་དཀའ་ངལ་གྱི་གནས་སུ་གྱར་བ་རེད། ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་“བསྒྱུར་བཅོས་དང་། སྒོ་འབྱེད། འཁྲུག་ཏུ་གཏོང་བ་”བཅས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་བ་དང་། ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས། ཞིང་པས་དཔལ་འབྱོར་གཉེར་སྐྱོང་རང་བདག་བྱེད་པའི་ཧུར་སེམས་དང་གསར་གཏོད་བྱེད་སེམས་ཆེས་ཆེར་འཕེལ་བ་དང་། ཞིང་ལས་ཐོན་སྐྱེད་གོང་དུ་འཕེལ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཁོངས་གཏོགས་ཁུལ་གྱི་གྲོང་གསེབ་ཏུ་ཚན་རིག་དང་མཐུན་པའི་ས་ཞིང་འདེབས་པ་དང་སྔོན་ཐོན་ལག་རྩལ་ཁྱབ་གདལ་བཏང་ནས་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་ཚད་དང་ཐོན་རྫས་རིན་ཐང་ཆེས་ཆེར་འཕར་ཡོད། ཀུང་ཧྲེ་དང་རུ་ཁག་གི་ཁེ་ལས་རྣམས་གཉེར་སྐྱོང་བྱེད་སྟངས་སྣ་མང་དང་། རིམ་པ་མང་བ། ཐབས་ལམ་མང་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས། དུས་མཚུངས་སུ་དམངས་གཉེར་དཔལ་འབྱོར་ཡང་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་སྐབས་སུ་སླེབས་ཡོད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ11པར“ལོ་ལྔ་ཚན་བདུན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་དུས་དཀྱིལ་གྱི་སྔོན་ཐོན་ཆུས”ཀྱི་མཚན་སྙན་ཐོབ་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-27

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།