ལིང་ཡོན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིང་ཡོན་གྲོང་ཁྱེར།
ལིང་ཡོན་ནི་ལིའོ་ཉིང་གི་ནུབ་རྒྱུད་དུ་གནས་ཡོད་པ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་ཞིག་ཡིན། ཁྲའོ་དབྱང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད་ལ། ཏ་ལིང་གཙང་པོའི་འབྱུང་ཁུངས་ཡིན་པས་མིང་དེ་ལྟར་ཐོགས་པ་ཡིན། ལེའོ་ཉིང་དང་། ཧོ་པེ། ནང་སོག་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། དེ་ནི་ཅིང་ཧྲེན་གྲོང་ཁྱེར་ཆེན་པོ་གཉིས་དང་འབྲེལ་ཡོད་པ་དང་ནང་སོག་གི་དབུས་ཁུལ་དང་མཚོ་རྒྱུད་གྲུ་ཁ་འབྲེལ་མཐུད་བྱེད་སའི་གྲོང་ཁྱེར་གལ་ཆེན་ཞིག་ཡིན། ཧྲེན་དབྱང་དང་བར་ཐག་སྟོང་སྨི435ཡོད་པ་དང་། པེ་ཅིན་དང་སྟོང་སྨི371ཡོད། ཆིན་ཧོང་གླིང་ཕྲན་དང་བར་ཐག་སྤྱི་ལེ150བཅས་ཡོད། ལིང་ཡོན་ནི་ལིའོ་ཞི་དེའུ་འབུར་རི་ཁུལ་གྱི་ཆ་ཤས་ཤིག་ཡིན་པ་དང་། མངའ་ཁོངས་ནི་གྲོག་རོང་འཕྲེད་གཞུང་དུ་ཆགས་ཡོད་པ་དང་། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོར་དམའ། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ3278ཟིན་པ་དང་མི་འབོར་ཁྲི65.1(སྤྱི་ལོ2016ལོར)ཡོད། ཁོངས་གཏོགས་སུ་ཤང9དང་། གྲོང་རྡལ13 ཁྲོམ་གཞུང8བཅས་ཡོད། སྤྱི་ལོ2018ལོར། ལིང་ཡོན་གྱི་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར155.8མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་སྤྱི་ལོ2015ལོ་ལས0.2%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
凌源市
ཕྱི་ཡིག་མིང་།
Lingyuan City
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3278ཡོད།
​སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མི་འབོར།
ཁྲི65.1ཡོད།
མངའ་ཁོངས།
ཤང9 གྲོང་རྡལ13 ཁྲོམ་གཞུང8
གནམ་གཤིས།
བྱང་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས།
​སྲིད་གཞུང་གནས་ཡུལ།
པེ་ཅི་ཁྲོམ་གཞུང་།
མེ་འཁོར་འབབ་ཚུགས།
ལིང་ཡོན་འབབ་ཚུགས། ཉིའུ་ཧུ་ལིང་འབབ་ཚུགས། ལིང་ཡོན་ཤར་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0421
རླང་འཁོར་གྱི་ཨང་རྟགས།
ལིའོ (辽) N
སྦྲག་སྲིད་ཨང་རྟགས།
122500
སྲིད་འཛིན་ཚབ་ཨང་།
211382
གནས་ཡུལ།
ཁྲའོ་དབྱང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད།
1 ངོ་སྤྲོད་མདོར་བསྡུས།

ལིང་ཡོན་ནི་ལིའོ་ཉིང་གི་ནུབ་རྒྱུད་དུ་གནས་ཡོད་པ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་ཞིག་ཡིན། ཁྲའོ་དབྱང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད་ལ། ཏ་ལིང་གཙང་པོའི་འབྱུང་ཁུངས་ཡིན་པས་མིང་དེ་ལྟར་ཐོགས་པ་ཡིན། ལེའོ་ཉིང་དང་། ཧོ་པེ། ནང་སོག་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། དེ་ནི་ཅིང་ཧྲེན་གྲོང་ཁྱེར་ཆེན་པོ་གཉིས་དང་འབྲེལ་ཡོད་པ་དང་ནང་སོག་གི་དབུས་ཁུལ་དང་མཚོ་རྒྱུད་གྲུ་ཁ་འབྲེལ་མཐུད་བྱེད་སའི་གྲོང་ཁྱེར་གལ་ཆེན་ཞིག་ཡིན། ཧྲེན་དབྱང་དང་བར་ཐག་སྟོང་སྨི435ཡོད་པ་དང་། པེ་ཅིན་དང་སྟོང་སྨི371ཡོད། ཆིན་ཧོང་གླིང་ཕྲན་དང་བར་ཐག་སྤྱི་ལེ150བཅས་ཡོད།

ལིང་ཡོན་ནི་ལིའོ་ཞི་དེའུ་འབུར་རི་ཁུལ་གྱི་ཆ་ཤས་ཤིག་ཡིན་པ་དང་། མངའ་ཁོངས་ནི་གྲོག་རོང་འཕྲེད་གཞུང་དུ་ཆགས་ཡོད་པ་དང་། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོར་དམའ། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ3278ཟིན་པ་དང་མི་འབོར་ཁྲི65.1(སྤྱི་ལོ2016ལོར)ཡོད། ཁོངས་གཏོགས་སུ་ཤང9དང་། གྲོང་རྡལ13 ཁྲོམ་གཞུང8བཅས་ཡོད། སྤྱི་ལོ2018ལོར། ལིང་ཡོན་གྱི་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར155.8མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་སྤྱི་ལོ2015ལོ་ལས0.2%འཕར་ཡོད།

2 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོར) རེ་ཧོ་ཞིང་ཆེན་གྱི་ཁོངས་སུ་གཏོགས།    

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉི་ཤུ་པར(སྤྱི་ལོ1931ལོ)ཁུལ་ཁག་གཅིག་ལོགས་སུ་ཕྱེ་ནས་ལིན་ནན་བཅོས་སྒྲིག་ཅུས་བཙུགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གཉིས་པར(སྤྱི་ལོ1933ལོ)འཇར་དམག་གིས་བཙན་འཛུལ་བྱས་ནས་སྲིད་དབང་རྫུས་མ་བཙུགས་པ་དང་། རེ་ཧོ་ཞིང་ཆེན་གྱི་ཀུང་ཧྲུའུ་ཁོངས་སུ་གཏོགས།    

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དྲུག་པར(སྤྱི་ལོ1937ལོ)ལིང་ཡོན་དང་ལིང་ནན་གཉིས་ཟླ་སྒྲིལ་བཏང་ནས་ཅན་ཁྲང་རྫོང་བཙུགས། ཀྲི་སོའོ་གནས་སྤོ་བྱས་པ་བཟུང་ནས་ད་བར་དུ་ཅན་ཁྲང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དགུ་པར(སྤྱི་ལོ1940ལོར)རྫོང་མེད་པར་བཟོས་ནས་ཆི་བཙུགས་པ་དང་། ཁ་ལ་ཆིན་ཚུའུ་ཆི་ཀུང་ཧྲུའུ་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)ལིང་ཡོན་ཚུར་བླངས་རྗེས་རྫོང་སྲིད་གཞུང་བཙུགས་ཏེ་ཅི་རེ་ལིའོ་ས་ཁུལ་གྱི་རེ་ཏུང་ཀྲོན་ཧྲུའུ་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་ལྔ་པའི(སྤྱི་ལོ1946ལོའི)ཟླ་དང་པོར་གོ་མིན་ཏང་གི་དམག་དཔུང་གིས་རྫོང་མཁར་བཙན་བཟུང་བྱས་ནས་རྫོང་སྲིད་གཞུང་བཙུགས།

སྤྱི་ལོ1947ལོའི་ཟླ6པར་ལིང་ཡོན་རྫོང་མཁར་བཅིངས་འགྲོལ་བཏང་།

སྤྱི་ལོ1948ལོའི་ཟླ12པར་རེ་ཏུང་ཀྲོན་ཧྲུའུ་མེད་པར་བཟོས་ཤིང་། ལིང་ཡོན་རྫོང་རེ་ཧོ་ཞིང་ཆེན་གྱི་ཁོངས་སུ་གཏོགས།       

སྤྱི་ལོ1956ལོའི་ཟླ1པོར་རེ་ཧོ་ཞིང་ཆེན་མེད་པར་བཟོས་པ་དང་ལིང་ཡོན་རྫོང་ལིའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་ཀྲོན་ཆུས་ཀྱི་ཁོངས་སུ་བགོས།

སྤྱི་ལོ1959ལོའི་ཟླ1པོར་ལེའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1992ལོའི་ཟླ2པའི་ཚེས14ཉིན་རྫོང་མེད་པར་བཟོས་ནས་གྲོང་ཁྱེར་བསྒྱུར་ཏེ། ལིང་ཡོན་གྲོང་ཁྱེར(རྫོང་རིམ་པའི་གྲོང་ཁྱེར)བཙུགས་པ་དང་། དེ་སྔར་བཞིན་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོའི་བར་ལིང་ཡོན་གྲོང་ཁྱེར་དུ་སྲིད་འཛིན་ཁུལ30དང་། ཤང9 གྲོང་རྡལ13 ཁྲོམ་གཞུང8བཅས་ཡོད།     ཤང8ནི། ཆན་ཅིན་ཤང་དང་། པེ་ལུའུ་ཤང་། ཧོ་ཁན་ཙི་ཤང་། ཧྥོ་ཡེ་ཏུང་ཤང་། སན་ཅ་ཙི་ཤང་། ལིའུ་ཞེ་ཙི་ཤང་། ཏ་ཝང་ཕུའུ་ཙི་ཤང་། སན་ཏའོ་ཧོ་ཙི་ཤང་བཅས་ཡིན།     གྲོང་རྡལ14ནི། སུང་ཅི་ཙི་གྲོང་རྡལ་དང་། ཅ་ཙི་སུམ་ཅུ། ཁྲི་ཏེན་གྲོང་རྡལ། སུང་ལིན་ཙི་གྲོང་རྡལ། ཏའོ་ཨེར་ཏེང་གྲོང་རྡལ། དབྱང་ཅི་ཙི་གྲོང་རྡལ། ཀོའུ་མོན་ཙི་གྲོང་རྡལ། སི་ཧོ་ཏང་ཙི་གྲོང་རྡལ། ཝུའུ་ལན་པའེ་གྲོང་རྡལ། ཞའོ་ཁྲེང་ཙི་གྲོང་རྡལ། ཝ་ཧྥང་ཏེན་གྲོང་རྡལ། ཏ་ཧོ་པེ་གྲོང་རྡལ། ཉིའུ་ཡིང་ཙི་གྲོང་རྡལ་བཅས་ཡིན།     ཁྲོམ་གཞུང8ནི། ཁྲིན་ཀོན་ཁྲོམ་གཞུང་། ནན་ཅི་ཁྲོམ་གཞུང་། ཏུང་ཁྲིན་ཁྲོམ་གཞུང་། ཧུང་ཧྲན་ཁྲོམ་གཞུང་། རེ་ཧྲུའུ་ཐང་ཁྲོམ་གཞུང་། པེ་སྲང་ཁྲོམ་གཞུང་། ལིང་པེ་ཁྲོམ་གཞུང་། ཞིན་ཡོན་ཁྲོམ་གཞུང་བཅས་ཡིན། གྲོང་ཁྱེར་སྲིད་གཞུང་ནི་པེ་ཅི་ཁྲོམ་གཞུང་གི་ཧྲི་ཧྥུའུ་ལམ་ཨང8པ་རུ་བཅའ་སྡོད་བྱས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ལིང་ཡོན་ནི་ལིའོ་ཉིང་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པ་དང་ལིའོ་ཉིང་ཞིང་ཆེན་ཁྲའོ་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ལེའོ་ཉིང་དང་། ཧོ་པེ། སོག་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། བྱང་ནང་སོག་རང་སྐྱོང་ལྗོངས་ཉིང་ཁྲེང་རྫོང་དང་གྲོང་ཁྱེར་དེ་གའི་ཅན་ཕིང་རྫོང་དང་འབྲེལ་ཡོད། ནུབ་དང་ལྷོ་ནུབ་གཉིས་ཧོ་པེའི་ཕིང་ཆོན་གྲོང་ཁྱེར་དང་ཁོན་ཁྲིན་མན་ཇུ་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། ལྷོ་ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཆིང་ལུང་མན་རིགས་རང་སྐྱོང་རྫོང་དང་ཞིང་ཆེན་དེ་གའི་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ཅན་ཁྲང་རྫོང་དང་འབྲེལ་ཡོད། ཤར་དང་གྲོང་ཁྱེར་འདིའི་ཁ་ལ་ཆིན་ཚུའུ་ཆི་སོག་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། ས་ཁམས་གནས་ཚད་ནི་འཕྲེད་ཐིག་བྱང་མའི40°35′50″-41°26′6"དང་ཤར་གྱི་གཞུང་ཐིག118°50′20″ནས119°37′40″བར་ཡིན། ལྷོ་བྱང་གི་གསེག་ཚད་སྟོང་སྨི93.3དང་། ཤར་ནུབ་ཀྱི་ཞེང་ཚད་སྟོང་སྨི66.1 མཐའ་འཁོར་གྱི་རིང་ཚད་སྟོང་སྨི318བཅས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ3278ཡོད་པ་དེས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི2.2%ཟིན་ཡོད། གྲོང་ཁུལ་དང་བར་ཐག་སྟོང་སྨི35དང་། ཁ་ཙོའོ་དང་བར་ཐག་སྟོང་སྨི35 ཅན་ཁྲང་དང་བར་ཐག་སྟོང་སྨི74 ཁྲའོ་དབྱང་དང་སྟོང་སྨི120 ཁྲི་ཧྥེང་དང་བར་ཐག་སྟོང་སྨི140 ཆིན་ཧོང་གླིང་ཕྲན་དང་བར་ཐག་སྤྱི་ལེ150དང་། ཁྲེང་ཏེ་དང་བར་ཐག་སྟོང་སྨི180། པེ་ཅིན་དང་བར་ཐག་སྟོང་སྨི371 ཧྲེན་དབྱང་དང་བར་ཐག་སྟོང་སྨི435བཅས་ཡོད།

4_2 གནམ་གཤིས།

ལིང་ཡོན་ས་ཁོངས་ནང་གི་ལོ་རེའི་ཆ་སྙོམས་དྲོད་ཚད8.7℃ཡིན་པ་དང་། ཟླ7པར་ཚ་བ་ཆེ་ཤོས་ཡིན། ཟླ་རེར་ཆ་སྙོམས་དྲོད་ཚད24.0℃ཡིན། གྲང་ཤོས་དུས་ནི་ཟླ་བ་དང་པོ་ཡིན། ཟླ་རེར་ཆ་སྙོམས་དྲོད་ཚད-9.5℃ཡིན། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་མཐོ་ཤོས་ནི18.0℃ཡིན་པ་དང་། ལོ་རིམ་བྱུང་གི་ཆ་སྙོམས་ཀྱི་དྲོད་ཚད་དམའ་ཤོས་ནི2.8℃(ཆེས་ཐལ་དྲགས་པའི་དྲོད་ཚད་ནི་སྤྱི་ལོ2000ལོའི་ཟླ7པའི་ཚེས14ཉིན་ཡིན་པ་དང་། དྲོད་ཚད43.3℃ཡིན། ཆེས་ཐལ་དྲགས་པའི་དྲོད་ཚད་སྤྱི་ལོ1990ལོའི་ཟླ1པོའི་ཚེས31ཉིན་དང་སྤྱི་ལོ2001ལོའི་ཟླ1པོའི་ཚེས15ཉིན་ཡིན། དྲོད་ཚད་དམའ་ཤོས་ནི-27.9℃ཡིན། ) ལོ་རེའི་ཆ་སྙོམས་དྲོད་ཚད10℃ཡིན་ལ་བསྡོམས་དྲོད3443.1℃ཡིན། ལོ་རིམ་བཞིན་དུ་དྲོད་ཚད35℃ལ་ཉིན61ཡིན། སད་མེད་དུས་ཉིན130ནས160བར་ཡིན།

5 མི་འབོར་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ལིང་ཡོན་གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི65.1ཟིན་པའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི50.1ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་འབོར་གྱི76.9%བཟུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི15.0ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི23.1%བཟུང་བ། དེའི་ནང་སྐྱེས་པའི་མི་འབོར་ཁྲི33.7དང་བུད་མེད་མི་འབོར་ཁྲི31.4ཡོད་པ་དང་། ལོ་ཧྲིལ་པོར་སྐྱེས་པའི་མི་འབོར6464དང་རྐྱེན་ལམ་དུ་ཤོར་བའི་མི་འབོར2724བཅས་ཡོད།

5_2 མི་རིགས།

སྤྱི་ལོ2000ལོའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པར་གཞིགས་ན། གྲོང་ཁྱེར་ཡོངས་སུ་མི་རིགས22ཡོད། དེའི་ནང་རྒྱ་རིགས་མི་འབོར598769ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི92.3%བཟུང་བ་དང་གྲངས་ཉུང་མི་རིགས་མི་འབོར49600ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི7.7%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་ཁོངས་སུ་སོག་རིགས་དང་། ཧུའེ་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། ཞི་པོ་རིགས། བོད་རིགས། མིའོ་རིགས། ཀྲོང་རིགས། ཡུ་གུར་རིགས། དབྱིས་རིགས། ཐུའུ་ཅ་རིགས། པུའུ་དབྱི་རིགས། ཀའོ་ཧྲན་རིགས། ཏ་ཝོར་རིགས། ལི་སུའུ་རིགས། ཏུང་རིགས། ཡའོ་རིགས། ཨུ་རུ་སུ་རིགས། ཏུའུ་ལུང་རིགས། ཨོ་ལུན་ཁྲུན་རིགས། ཏའེ་རིགས་བཅས་ཡོད། དེའི་ནང་མི་འབོར་ཅུང་མང་བ་སྟེ། སོག་རིགས23360དང་། ཧུའེ་རིགས10140དང་། མན་ཇུ་རིགས13735 ཁྲའོ་ཞན་རིགས758བཅས་ཡོད།

6 དཔལ་འབྱོར།

སྤྱི་ལོ2014ལོར་ལིང་ཡོན་གྱི་ཁ་ཞེང་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1657774ཟིན་པ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས4.0%འཕར་ཡོད། གྲོང་ཁྱེར་གྱིས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1443591ཟིན་པ་དེ་དུས་མཚུངས་ལས4.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི419401ཟིན་པ་དེ་དུས་མཚུངས་ལས2.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི436301ཟིན་པ་དེ་དུས་མཚུངས་ལས5.3%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི587889ཟིན་པ་དེ་དུས་མཚུངས་ལས4.6%འཕར་ཡོད། ཁྱབ་ཆེའི་ཐོན་ལས་གསུམ་གྱི་བསྡུར་ཚད་ནི25.3:39.2:35.5ཡིན། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཐེངས་གསུམ་ཐོན་ལས་ཀྱི་བསྡུར་ཚད་ནི29.1:30.2:40.7ཡིན། ཁྱབ་ཆེའི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར30125ཟིན་པ་དེ་དུས་མཚུངས་ལས0.9%འཕར་ཡོད།

སྤྱི་ལོ2015ལོར་ལིང་ཡོན་གྱི་ཁ་ཞེང་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1459842ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས5.1%ཆག་ཡོད། གྲོང་ཁྱེར་ཁོངས་གཏོགས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1331808ཟིན་པ་དེ་དུས་མཚུངས་ལས2.8%ཆག་པ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི430084ཟིན་པ་དེ་དུས་མཚུངས་ལས3.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི281674ཟིན་པ་དེ་དུས་མཚུངས་ལས15.4%ཆག་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི620050ཟིན་པ་དེ་དུས་མཚུངས་ལས5.2%འཕར་ཡོད།    

སྤྱི་ལོ2018ལོར་ལིང་ཡོན་གྱི་ལོ་ཧྲིལ་པོར་ཁྱབ་ཆེའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར155.28ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2015ལོ་ལས0.2%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར44.7ཟིན་ནས1.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར29.4ཟིན་ནས7.3%ཆག་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར63.1ཟིན་ནས3.4%འཕར་ཡོད། ཐོན་ལས་གྲུབ་ཆ32.5:21.5:46ཡིན། གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁ་ཞེང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར125.4ཟིན་པ་དེ་དུས་མཚུངས་ལས0.1%ཆག་པ། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར25267ཟིན་པ་དེ་དུས་མཚུངས་ལས3.9%ཆག་ཡོད།

7 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2016ལོར་ལིང་ཡོན་གྱི་ལོ་ཧྲིལ་པོའི་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11248ཟིན་པ་དེ་དུས་མཚུངས་ལས6.7%འཕར་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་མི་ཁྲི28.78ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་རྒན་གསོའི་འགན་བཅོལ་ནང་ཞུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཁྲི14.5སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་ཀྱི3.5%མན་དུ་ཚོད་འཛིན་བྱས་ཡོད། རྒན་གསོའི་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར2.78བཏང་ཡོད། སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང1052སྒྱུར་བཀོད་བྱས་པ་དང་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང704སྒྱུར་བཀོད་བྱས་པ་དང་། སྒེར་གཉེར་མིན་པའི་ཚན་པ466ཡོད་པ་དང་ལོ་མཇུག་ཏུ་ལས་ཞུགས་མི་སྣ་ཁྲི4.03ཟིན་པ་དང་གླ་ཕོགས་བསྡོམས་འབོར་སྒོར་དུང་ཕྱུར17.28ཟིན་པ། ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར41140ཟིན་པ་དེ་དུས་མཚུངས་ལས4.0%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-26

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།