དབྱི་ཁྲོན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱི་ཁྲོན་རྫོང་།
དབྱི་ཁྲོན་ནི་ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དང་། ཡན་ཨན་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད། རྨ་ཆུའི་དབུས་རྒྱུད་ཀྱི་ཧུའུ་ཁོའུ་རྦབ་ཆུ་བཅས་ཀྱི་འགྲམ་རྒྱུད་དུ་གནས་ཤིང་། བྱང་དུ་གསར་བརྗེ་གནས་མཆོག་ཡན་ཨན་པོ་ཐཱ་ཆུས་དང་འབྲེལ། ལྷོ་རུ་ཧོང་ལུང་དང་འབྲེལ་ཞིང་། ཐེའེ་ཧྲའི་ཕ་ཡུལ་ཧན་གྲོང་ཉེ་བར་བཅར་ཡོད། ཤར་ཕྱོགས་རྨ་ཆུའི་བཅད་དེ་ཧྲན་ཞིའི་ཅིས་རྫོང་དང་ཕན་ཚུན་ཁ་གཏད་དུ་གནས། རྫོང་ཡོངས་ཀྱི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2931ཡོད་པ་དང་། ཁོངས་གཏོགས་སུ་གྲོང་རྡལ6དང་ཡུལ་ཚོ3བཅས་ཡོད་པ་མ་ཟད། གྲོང་ཁུལ་ཁྲོམ་གཞུང་དོན་གཅོད་ཁྲུའུ1ཡོད། རྫོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི12.24(སྤྱི་ལོ2017ལོ)ཡོད། རྒྱལ་ལམ309དང་ཞིང་ཆེན་ལམ303 . 201བཅས་གནས་འདི་རུ་བརྒྱུད་ཅིང་། ཆིན་ལན་མྱུར་བགྲོད་གཞུང་ལམ་དང་། སྐྲུན་གྲབས་ཡོད་པའི་ཡུས་ཧྲང་མྱུར་བགྲོད་གཞུང་ལམ། མེན་ཀྲོང་ལྕགས་ལམ་བཅས་འཕྲེད་གཞུང་མཉམ་འདྲེས་བྱས་ཡོད། དབྱི་ཁྲོན་ནི་ཧྲའན་ཞིའི་བྱང་རྒྱུད་ཀྱི་ས་སེར་མཐོ་སྒང་གི་དེའུ་འབུར་ལུང་ཤར་ཁུལ་དུ་གཏོགས་ཤིང་། ས་དབྱིབས་ཆགས་ཚུལ་ནི“རི་དང་རི་ཀླུང་། གྲོག་རོང་ལུང་ཤུར་བཅས” གཙོ་བོ་ཡིན་པ་དང་། ནགས་ཚལ་ཁེབས་ཚད་ནི48.6%དང་། ནགས་རྩྭ་ཁེབས་ཚད་ནི60%རྒྱ་མཚོའི་ངོས་ལས་མཐོ་ཤོས་སྨི1710.5དང་དམའ་ཤོས་སྨི388.8གྲོང་ཁུལ་གྱི་མཐོ་ཚད་ལ་སྨི839བཅས་ཡོད་དོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宜川县
ཕྱི་ཡིག་གི་མིང་།
Yichuan County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ2931
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར།
མི་གྲངས།
མི་ཁྲི12.18(སྤྱི་ལོ2016ལོའི་རྒྱུན་སྡོད་མི་འབོར)
གནས་ཡུལ།
ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད།
མངའ་ཁོངས།
གྲོང་རྡལ5དང་ཡུལ་ཚོ3
མེ་འཁོར་ས་ཚིགས།
ཡན་ཨན་ས་ཚིགས་དང་ཧྥུ་རྫོང་ཤར་ཚིགས།
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0911
གནམ་གྲུ་ཐང་།
ཡན་ཨན་ནན་ཉི་ཝན་གནམ་གྲུ་ཐང་།
སྦྲག་སྲིད་ཨང་རྟགས།
716200
རླངས་འཁོར་ཚབ་ཨང་།
ཧྲའནJ(陕J)
སྲིད་འཛིན་ཚབ་ཨང་།
610630
ནམ་ཟླ།
དྲོ་རྒྱུད་རློན་ཕྱེད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
1 ​ངོ་སྤྲོད།

དབྱི་ཁྲོན་ནི་ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དང་། ཡན་ཨན་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད། རྨ་ཆུའི་དབུས་རྒྱུད་ཀྱི་ཧུའུ་ཁོའུ་རྦབ་ཆུ་བཅས་ཀྱི་འགྲམ་རྒྱུད་དུ་གནས་ཤིང་། བྱང་དུ་གསར་བརྗེ་གནས་མཆོག་ཡན་ཨན་པོ་ཐཱ་ཆུས་དང་འབྲེལ། ལྷོ་རུ་ཧོང་ལུང་དང་འབྲེལ་ཞིང་། ཐེའེ་ཧྲའི་ཕ་ཡུལ་ཧན་གྲོང་ཉེ་བར་བཅར་ཡོད། ཤར་ཕྱོགས་རྨ་ཆུའི་བཅད་དེ་ཧྲན་ཞིའི་ཅིས་རྫོང་དང་ཕན་ཚུན་ཁ་གཏད་དུ་གནས། རྫོང་ཡོངས་ཀྱི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2931ཡོད་པ་དང་། ཁོངས་གཏོགས་སུ་གྲོང་རྡལ6དང་ཡུལ་ཚོ3བཅས་ཡོད་པ་མ་ཟད། གྲོང་ཁུལ་ཁྲོམ་གཞུང་དོན་གཅོད་ཁྲུའུ1ཡོད། རྫོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི12.24(སྤྱི་ལོ2017ལོ)ཡོད། རྒྱལ་ལམ309དང་ཞིང་ཆེན་ལམ303 . 201བཅས་གནས་འདི་རུ་བརྒྱུད་ཅིང་། ཆིན་ལན་མྱུར་བགྲོད་གཞུང་ལམ་དང་། སྐྲུན་གྲབས་ཡོད་པའི་ཡུས་ཧྲང་མྱུར་བགྲོད་གཞུང་ལམ། མེན་ཀྲོང་ལྕགས་ལམ་བཅས་འཕྲེད་གཞུང་མཉམ་འདྲེས་བྱས་ཡོད།

དབྱི་ཁྲོན་ནི་ཧྲའན་ཞིའི་བྱང་རྒྱུད་ཀྱི་ས་སེར་མཐོ་སྒང་གི་དེའུ་འབུར་ལུང་ཤར་ཁུལ་དུ་གཏོགས་ཤིང་། ས་དབྱིབས་ཆགས་ཚུལ་ནི“རི་དང་རི་ཀླུང་། གྲོག་རོང་ལུང་ཤུར་བཅས” གཙོ་བོ་ཡིན་པ་དང་། ནགས་ཚལ་ཁེབས་ཚད་ནི48.6%དང་། ནགས་རྩྭ་ཁེབས་ཚད་ནི60%རྒྱ་མཚོའི་ངོས་ལས་མཐོ་ཤོས་སྨི1710.5དང་དམའ་ཤོས་སྨི388.8གྲོང་ཁུལ་གྱི་མཐོ་ཚད་ལ་སྨི839བཅས་ཡོད་དོ།།

2 ལོ་རྒྱུས་ཀྱི་འཕེལ་རིམ།

ཆིང་རྒྱལ་རབས་ཀྱི་སྐབས། (སྤྱི་ལོ1644ལོ~སྤྱི་ལོ1911ལོ)ཆིང་རྒྱལ་རབས་ཀྱིས་མིང་རྒྱལ་རབས་ཀྱི་སྒྲིག་གཞི་སོར་འཇོག་བྱས་ཤིང་། དབྱི་ཁྲོན་རྫོང་ནི་སྔར་བཞིན་དབྱི་ཁྲོན་རྫོང་ཡིན་ལ། ཡན་ཨན་སྲིད་གཞུང་གི་ཁོངས་གཏོགས་ཡིན། 

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ(ཧྥུས་དང་ཀྲོའུ་མེད་པར་བཏང་རྗེས། ཡུས་ལིན་ཏའོ་ཁོངས་གཏོགས་དབྱི་ཁྲོན་རྫོང་དང་། ཏའོ་མེད་པར་བཟོས་རྗེས་ཧྲའན་ཞི་ཞིང་ཆེན་གྱི་ཁོངས་གཏོགས་སུ་གྱུར། སྲིད་ལོ་ཉེར་བཞི་པར(སྤྱི་ལོ1935ལོ(མོན་ཧྲན་རྫོང་ཡན་ཨན་རྫོང་གི་ཁོངས་གཏོགས་སུ་ཚུད།  ཟླ10པའི་ཚེས19ཉིན། ཀྲུང་དབྱང་དམར་དམག་གིས་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བརྒྱུད་དེ་ཧྲའན་ཞིའི་བྱང་རྒྱུད་དུ་སླེབས་ཤིང་། ཧྲའན་ཞིའི་བྱང་རྒྱུད་ཀྱི་དམར་དམག་དང་རྒྱལ་ཁའི་ངང་མཉམ་འཛོམས་བྱུང་།

སྤྱི་ལོ1947ཟླ10པའི་ཚེས21ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནུབ་བྱང་བྱེས་འཐབ་དམག་སྟེ་གཞུང་དམག་རུ་ཁག2པ་དང4པས་དབྱི་ཁྲོན་རྫོང་མཁར་བཅིངས་འགྲོལ་ཐེངས་དང་པོ་བཏང་ཞིང་། དམག་དཔུང་ཕྱིར་འཐེན་བྱས་རྗེས་ཡང་བསྐྱར་གོ་མིན་ཏང་གིས་བཙན་བཟུང་བྱས། སྤྱི་ལོ1948ལོའི་དཔྱིད་ཀར། མའོ་ཙེ་ཏུང་གིས་དངོས་སུ་བཀོད་སྒྲིག་སྒྲིག་བྱས་ཤིང་། ཕེང་ཏེ་ཧོའེ་ཡིས་དངོས་སུ“དབྱི་ཁྲོན་ཝ་ཙི་སྲང་ལམ་གཡུལ་འགྱེད”ལ་བཀོད་འདོམས་བྱས་ནས། ཟླ3ཚེས3ཉིན་དབྱི་ཁྲོན་རྗོང་དུ་ཡང་བསྐྱར་དམངས་གཙོའི་སྲིད་དབང་བཙུགས། དབྱི་ཁྲོན་རྫོང་སྔར་བཞིན་ཧོང་ལུང་ཡན་ལག་དམག་ཁུལ་ཁང་གིས་འགོ་ཁྲིད་བྱེད་པ་སོར་འཇོག་བྱས། སྤྱི་ལོ1950ལོར་རྒྱལ་ཁབ་བཙུགས་རྗེས་ཧོང་ལུང་ཡན་ལག་དམག་ཁུལ་མེད་པར་བཟོས་པ་དང་། དབྱི་ཁྲོན་རྫོང་ཡན་ཨན་ཀྲོན་ཆུས་ཁོངས་གཏོགས་སུ་བསྒྱུར། སྤྱི་ལོ1958 ལོར་ཧོང་ལུང་རྫོང་དབྱི་ཁྲོན་རྫོང་ཁོངས་སུ་བཅུག སྤྱི་ལོ1961ལོར་གྲོང་ཁྱེར་དང་རྫོང་གི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་ཏེ། ཧོང་ལུང་རྫོང་བསྐྱར་འཛུགས་བྱས་ཤིང་། ཧུའེ་ཐའེ་ཁྲོམ་གཞུང་གི་ཀྲོན་མིའོ་ལིང་དང་། ཧོང་ལུང་། ཡའོ། ཞའོ་སི་ཀྲོང་བཅས་གྲོང་གསེབ་མི་དམངས་ཀུང་ཧྲེ5ཧོང་ལུང་རྫོང་ཁོངས་སུ་བགོས། དུས་དེ་ནས་བཟུང་ད་བར་དུ་དབྱི་ཁྲོན་རྫོང་ལ(སྤྱི་ལོ2013ལོ)འགྱུར་ལྡོག་ཅི་ཡང་བཏང་མེད།

3 ས་ཁམས་ཁོར་ཡུག

     གནས་ཡུལ།

ཧྲའན་ཞི་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དབྱི་ཁྲོན་རྫོང་ནི་ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དང་ཡན་ཨན་གྲོང་ཁྱེར་གྱི་ཤར་ལྷོའི་ཕྱོགས་སུ་གནས་ཡོད། ཤར་གྱི་གཞུང་ཐིག109-41.36-110℃དང་། བྱང་གི་འཕྲེད་ཐིག35-42-39℃དང་། ཤར་དུ་རྨ་ཆུ་དང་ཧྲན་ཞི་ཅིས་རྫོང་གི་ཁ་གཏད་དུ་ཡོད་པ་དང་། ལྷོ་རུ་ཧོང་ལུང་དང་ཧན་ཁྲེང་གི་འདབས་འབྲེལ་དང་། ནུབ་ཏུ་ཧྥུ་རྫོང་དང་ལུའོ་ཁྲོན་གྱི་འདབས་འབྲེལ་དུ་གནས། བྱང་དུ་ཡན་ཁྲེང་དང་པའོ་ཐཱ་ཆུས་དང་འབྲེལ་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི་76.36དང་། ལྷོ་བྱང་གི་ཞེང་ཚད་ལ་སྟོང་སྨི75.32ཡོད། ཡན་ཨན་ཤག་དང་བར་ཐག་ལེ་དབར 26 0ཡོད་པ་དང་། ཞིང་ཆེན(ཞི་ཨན) བར་ཧན་ཁྲེང་རྫོང་གི་ཤར་ལམ་ནས་ལེ་དབར་720ཡོད། ལུའོ་ཁྲོན་རྫོང་ནས་ཁྲེང་ཁྲེང་རྫོང་དང་ཧྥུ་ཕིང་ནུབ་ལམ་ནས་ལེ་དབར 700 ཡོད། ཡན་ཨན་ཤག་གི་ལམ་ཆེན་ནས་ལེ་དབར980ཡོད་པ། པེ་ཅིན་དང་བར་ཐག་ལེ་དབར3350བཅས་ཡོད་དོ།། 

    ནམ་ཟླ།

ས་དེ་གའི་ནམ་ཟླ་ནི་དྲོད་ཁུལ་བརླན་ཕྱེད་ཁུལ་ལ་གཏོགས་ཤིང་། སྐམ་སའི་རང་བཞིན་གྱི་དུས་རླུང་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡིན། དུས་བཞིའི་ནམ་ཟླའི་དབྱེ་མཚམས་གསལ་པོ་ཡིན་པ་དང་། ས་ཁོངས་རང་བཞིན་གྱི་གནམ་གཤིས་ཀྱང་མངོན་གསལ་ཡིན། ལྷོ་ནུབ་ནགས་ཁུལ་དུ་བརླན་ཆེ་ཞིང་། ཤར་རྒྱུད་རྨ་ཆུའི་འགྲམ་རྒྱུད་དུ་ཚ་བ་ཆེ་བ་དང་སྐམ་ཤས་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡོད། ལོའི་ཆ་སྙོམས་དྲོད་ཚད་ཏུའུ10.0དང་། ཐལ་དྲགས་པའི་ཆེས་མཐོའི་དྲོད་ཚད་ཏུའུ40.0དང་། ཆེས་དམའ་བའི་དྲོད་ཚད་ཏུའུ་གྲངས་ཀླད་ཀོར་འོག་གི23.3ལ་སླེབས་དུས་ཀྱང་ཡོད།  ཚ་ཆེ་བའི་ཟླ་བ་བདུན་པའི་དྲོད་ཚད་ནི་ཆ་སྙོམས་ཏུའུ23.དང་། ཆེས་གྲང་བའི་ཟླ་དང་པོའི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཏུའུ5.3བཅས་ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི521.1དང་། འབབ་ཚད་ཆེས་ཆེ་བ་ནི་སྤྱི་ལོ1958ལོ་སྟེ་འབབ་ཚད་ཧའོ་སྨི843.ཟིན་ཡོད་ལ། འབབ་ཚད་ཆེས་ཉུང་བ་ནི་སྤྱི་ལོ1995ལོ་སྟེ་འབབ་ཚད་ཧའོ་སྨི309.3ཡིན། ལོའི་རེའི་ཆར་ཆུ་འབབ་ཚད་མང་བའི་ཟླ་ནི་ཟླ་བདུན་པ་སྟེ་འབབ་ཚད་ཧའོ་སྨི125.4 ཟིན་པ་དང་། འབབ་ཚད་ཉུང་བའི་ཟླ་ནི་ཟླ་དང་པོ་སྟེ་འབབ་ཚད་ཧའོ་སྨི3.6ཡིན། ཉིན་གཅིག་རིང་གི་འབབ་ཚད་ཆེ་བའི་ཧའོ་སྨིའི་གྲངས་ནི105.4(སྤྱི་ལོ1971ལོའི་ཟླ8པའི་ཚེས 20ཉིན)བཅས་ཡིན། ལོ་རེའི་ཉི་འོད་ཕོག་ཚད་ནི་བརྒྱ་ཆའི56དང་། ལོ་རེའི་ཆེས་ཆེ་བའི་རླུང་གི་མགྱོགས་ཚད་ནི་སྐར་ཆ་རེར་སྨི13.7དང་རླུང་རྒྱུ་ཕྱོགས་ནི་ནུབ་རླུང་ཡིན། ལྷོ་ནུབ་རླུང་རྒྱུ་ཕྱོགས་ནི་ལོ་གཅིག་གི་རླུང་རྒྱུ་ཕྱོགས་ཆེས་མང་ཤོས་ཡིན།  ལོ་གཅིག་རིང་བྱེ་རླུང་རྒྱུ་བའི་ཆ་སྙོམས་གྲངས་ནི13.7དང་། ལོ་རེར་ཐེངས42ཙམ་རྒྱུ་ངེས། ལོ་རེར་ཁ་བ་འབབ་ཚད་ཀྱི་ཆེས་མཐོ་བའི་ཟབ་ཚད་ནི་ལི་སྨི24ཡིན(སྤྱི་ལོ1974ལོའི་ཟླ3པའི་ཚེས6ཉིན ) ས་འཁྱགས་པའི་གཏིང་ཚད་ལི་སྨི81བཅས་ཡིན་ནོ།།

4  ཐོན་ཁུངས།

གཏེར་རྫས་ཐོན་ཁུངས། དབྱི་ཁྲོན་དུ་གཏེར་ཁའི་ཐོན་ཁུངས་ཅུང་དཀོན་པས། རྡོ་སྣུམ་དང་། རྡོ་སོལ། རྡོ་ཐལ། རྨ་ཆུའི་བྱེ་མ། ཟངས། ལྕགས་སོགས་ཀྱི་ཐོན་ཁུངས་ཐར་ཐོར་ཁོ་ན་ལས་མེད། མང་ཆེ་ཤོས་ནི་གཏེར་ཁ་ཆུང་གྲས་ཡིན་པས། རྡོ་སྣུམ་སྔོག་འདོན་ལ་གྲུབ་འབྲས་ཅུང་བླངས་ཡོད་པ་ལས།

གཏེར་ཁ་གཞན་དག་ནི་སྔོག་འདོན་བྱས་ཀྱང་རིན་ཐང་མེད་པ་རྐྱང་རྐྱང་ཡིན། མིག་སྔར་རྩད་ཆོད་ཐུབ་པའི་གཏེར་རྗས་ཀྱི་གསོག་ཚད་ནི། རྡོ་ཐལ་བྲག་རྡོ་ཏུན་དུང་ཕྱིར2དང་།

རྡོ་སོལ་ཏུན་ཁྲི50དང་། རྨ་ཆུའི་བྱེ་མ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར10དང་། རང་བྱུང་སོལ་རླངས་གཏེར་ཁ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར100དང་། རྡོ་སོལ་རིམ་པ60ཡོད་པའི་ནང་རིམ་པ18སྔོག་འདོན་བྱས་ཆོག་པ་དང་། རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར23.9དང་། རྡོ་སོལ་ཆགས་རིམ་གྱི་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར100བཅས་ཡོད། 

5 ཆུའི་ཐོན་ཁུངས།

དབྱི་ཁྲོན་གྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ལོ་ལྟར་གྱི་ཆར་ཆུའི་འབབ་ཚད་ཆ་སྙོམས་ཧའོ་སྨི568.6དང་། འབབ་ཚད་ཆེས་མང་བའི་དུས་སུ་ཧའོ་སྨི843.5ཟིན་ཡོད། ས་ངོས་ཀྱི་བཞུར་རྒྱུན་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི11537དང་ས་འོག་ཆུའི་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.2ཙམ་ཟིན་ཡོད། མི་རེར་ཆ་སྙོམས་ཀྱིས་ས་ངོས་ཀྱི་བཞུར་རྒྱུན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ 1317 ཟིན་གྱི་ཡོད། ཆུ་ཤུགས་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པོ་ཡོད་དེ། ཆུ་ཤུགས་ཐོན་ཁུངས་ཀྱི་གསོག་འཇོག་བྱེད་ཚད་ནི་ལོའི29555ཡིན། འབབ་ཚད་ཆེ་བ། ཆུ་འབོར་མང་བ། ཆུ་ལམ་ཀྱག་ཀྱོག་ཆེ་བ་སོགས་ཀྱིས་གསར་སྤེལ་བེད་སྤྱོད་ཀྱི་ཆ་རྐྱེན་ལེགས་པོ་ཡོད་དེ། དཔེར་ན་ཧུའུ་ཁོའུ་རྦབ་ཆུ་ལྟ་བུ་རེད། འོན་ཀྱང་ལག་རྩལ་དང་། མ་དངུལ། གློག་འདྲེན་བར་ཐག་སོགས་ཀྱི་དབང་གིས་ཆུའི་ཐོན་ཁུངས་བེད་སྤྱོད་བྱས་ཚུལ་ཅུང་ཞན།  མི་ཕྱུགས་ཀྱི་བཏུང་ཆུ་ཕུད། གཞན་ས་ཞིང་ཆུ་འདྲེན་དང་། ཆུའི་ཐོན་དངོས་རིགས་གསོ་སྤེལ། བཟོ་ལས་ཀྱི་ཆུའི་སྤྱོད་སྒོ་སོགས་ཀྱི་སྤྱོད་ཚད་ཧ་ཅང་ཉུང་། ཆུ་ཤུགས་ཐོན་ཁུངས་བེད་སྤྱོད་བྱེད་ཚད་ཅུང་དམའ། གསར་སྤེལ་བྱས་ཟིན་པའི ཆེན་ཝྭ48ཡན་གྱི་ཆུ་ཤུགས་གློག་ཁང4ལས་མེད།

6 མི་འབོར།

སྤྱི་ལོ1949ལོར་དབྱི་ཁྲོན་རྫོང་དུ་ཁྱོན་བསྡོམས་དུད་ཁྱིམ12400ཡོད་པ་དང་མི་གྲངས46800ཡོད། སྤྱི་ཚོགས་བརྟན་ལྷིང་དང་། མི་དམངས་བདེ་སྡོད་ལས་བརྩོན་བྱུང་པས། དཔལ་འབྱོར་རིམ་བཞིན་དར་རྒྱས་གོང་འཕེལ་བྱུང་། སྨན་བཅོས་འཕྲོད་བསྟེན་གྱི་ལག་རྩལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པས། མི་འབོར་གྲངས་ཀ་འཕར་སྣོན་ཆེན་པོ་བྱུང་ཡོད། སྤྱི་ལོ1949ལོ་ནས་སྤྱི་ལོ1959ལོའི་བར་གྱི་ལོ་བཅུ་གཅིག་རིང་དབྱི་ཁྲོན་རྫོང་དུ་ཁྱོན་མི་ཁྲི2ཙམ་ཇེ་མང་དུ་ཕྱིན་པ་དང་། སྐྱེས་ཚད་སྤྱི་ལོ1959ལོའི41‰ལ་འཕར།

སྤྱི་ལོ1975ལོར་མི་འབོར་རང་ཤུགས་སུ་འཕར་ཚད13‰ ལ་འགྲིབ་པ་དང་། ལྷག་པར་དུ་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་རྗེས་འཆར་ལྡན་བུ་སྐྱེས་དོན་འཁྱོལ་བྱས་ཤིང་། སྤྱི་ལོ1980ལོར་རང་ཤུགས་འཕར་ཚད་ཡང་བསྐྱར8‰ལ་འགྲིབ་པ་དང་། སྤྱི་ལོ1989བར་རང་ཤུགས་འཕར་ཚད8~10‰བར་བརྟན་པོར་གྱུར། སྤྱི་ལོ1994 ལོར་དུད་ཁྱིམ27903ལ་འཕར་བ་དང་མི་གྲངས111182ལ་འཕར།  སྤྱི་ལོ1949ལོ་ནས་མི་གྲངས64328འཕར་སྣོན་བྱུང་བ་དང་། འཕར་སྣོན་ལྡབ2.4ལ་འཕར་སྣོན་བྱུང་། ལོ་རེར་ཆ་སྙོམས་སུ་མི་གྲངས1431འཕར་སྣོན་བྱུང་བཞིན་ཡོད།

སྤྱི་ལོ2000ལོར་དབྱི་ཁྲོན་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་ཁག་འདུས་པའི་མི་གྲངས་བསྡོམས111685ལ་སླེབས་ཡོད། ཏན་ཀྲོའུ་གྲོང་རྡལ་གྱི་མི་གྲངས22740དང་། ཆིའུ་ལིན་གྲོང་རྡལ་གྱི་མི་གྲངས7956དང་། ཡུན་ཡན་གྲོང་རྡལ་གྱི་མི་གྲངས12801གོ་ལོའུ་གྲོང་རྡལ་གྱི་མི་གྲངས6492ཅི་དབྱི་གྲོང་རྡལ་གྱི་མི་གྲངས 7983 ཏང་ཝན་ཡུལ་ཚོའི་མི་གྲངས11272དབྱིན་ཝྭང་ཡུལ་ཚོའི་མི་གྲངས5671ཅའོ་ལི་ཡུལ་ཚོའི་མི་གྲངས6347ཉིའུ་ཅ་ཐེན་ཡུལ་ཚོའི་མི་གྲངས8970ཞིན་ཧྲི་ཡུལ་ཚོའི་མི་གྲངས6353ཀའོ་པའེ་ཡུལ་ཚོའི་མི་གྲངས7851ཧུའུ་ཁོའུ་ཡུལ་ཚོའི་མི་གྲངས4673ལུའུ་ཁྲོན་ཡུལ་ཚོའི་མི་གྲངས1135ཧྲའོ་ཧྥིན་ཡུལ་ཚོའི མི་གྲངས4441བཅས་ཡོད་དོ།།

དབྱི་ཁྲོན་རྫོང་དུ་རྒྱ་རིགས་དང་། ཧུའེ་རིགས། ལི་རིགས། ཧོར་རིགས། པའེ་རིགས། མིའོ་རིགས། ཀྲོང་རིགས། བོད་རིགས། ཡུ་གུར་རིགས། ཆའང་རིགས། མཉྫུ་རིགས། ཁྲའོ་ཞན་རིགས། ཨུ་རུ་སུ་རིགས། ཨོ་ལུན་ཁྲུན་རིགས། སོག་རིགས་སོགས་མི་རིགས་མང་པོས་གྲུབ་ཡོད་དོ།།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། དབྱི་ཁྲོན་རྫོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-30

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།