ཡན་ཁྲེང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡན་ཁྲེང་།
ཡན་ཁྲེང་གྲོང་ཁྱེར་ནི་ནི་ཅང་སུའུ་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་ཞིང་། ཀྲུང་གོའི་ཤར་རྒྱུད་ཀྱི་མཚོ་རྒྱུད་ས་ཁུལ་དང་། ཅང་སུའུ་ཞིང་ཆེན་གྱི་དབུས་ཁུལ། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་བྱང་གཤོག་ཏུ་ཆགས་ཡོད། ཤར་ངོས་ཧོང་ཧའེ་ལ་ཐུག་པ་དང་། ལྷོ་ངོས་ནན་ཐུང་དང་མཚམས་འབྲེལ་ཡོད། ལྷོ་ནུབ་ཏུ་དབྱང་ཀྲོའུ་དང་ཐའེ་ཀྲོའུ་གཉིས་ལ་འབྲེལ་བ་དང་། ནུབ་བྱང་དུ་ཧོའེ་ཨན་གྲོང་ཁྱེར་དང་སྦྲེལ་ཡོད། བྱང་དུ་ཆུ་འདྲེན་དང་ལེན་ཡུན་ཀང་གྲོང་ཁྱེར་གཉིས་ཀྱི་ཁ་གཏད་དུ་ཡོད། ཡན་ཁྲེང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཆུས་གསུམ། རྫོང་ལྔ་ཡོད་པ་དང་རྫོང་རིམ་པའི་གྲོང་ཁྱེར་གཅིག་ལ་ཚབ་གཉེར་བྱེད་ཀྱིན་ཡོད་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་ས་ཆའི་སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་བཞི་མ16931ཡོད་པའི་ནང་མཚོ་རྒྱུད་ཀྱི་གྲམ་ཐང་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་བཞི་མ4553ཡོད། ཅང་སུའུ་ཡི་འཛམ་གླིང་རང་བྱུང་ཤུལ་བཞག་གི་ཀྲུང་གོའི་ཆུ་བྱ་སེར་པོ་འབའ་ཞིག་དེར་ཡོད། སྤྱི་ལོ2018ལོའི་ཐེམ་ཐོའི་མི་འབོར་ཁྲི་826.15ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི721ཡོད། ཡན་ཁྲེང་གྲོང་ཁྱེར་གྱི་མཚོ་སྐམ་མཁའ་གསུམ་གྱི་འགྲིམ་འགྲུལ་སྟབས་བདེ་བས་མྱུར་བགྲོད་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། མཚོ་ཐོག་སྐྱེལ་འདྲེན། ནང་ཁུལ་ཆུ་ཐོག་སྐྱེལ་འདྲེན་བཅས་ཕྱོགས་ལྔ་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་ཆགས་ཡོད་པ་རེད། ནན་དབྱང་རྒྱལ་སྤྱིའི་གནམ་གྲུ་ཐང་དང་། ཡན་ཁྲེང་ཏ་ཧྥེང་གྲུ་ཁ་ཆུས། པིན་ཧའེ་གྲུ་ཁ་བཅས་རྒྱལ་ཁབ་ཀྱི་སྒོ་འབྱེད་འགག་སྒོ་རིགས་དང་པོར་གྱུར་པ་དང་། ཡན་ཁྲེང་གྲོང་ཁྱེར་ནི་དུས་མཉམ་དུ་སྒོ་འབྱེད་འགག་སྒོ་རིགས་གཉིས་ཡོད་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་གྱུར་ཡོད། དེ་ནི་རྒྱལ་ཁབ་ཀྱི་མཚོ་རྒྱུད་འཕེལ་རྒྱས་དང་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འགྱུར་བའི་འཐབ་ཇུས་ཆེན་པོ་གཉིས་ཀྱི་སྣོལ་གནས་ཡིན། སྤྱི་ལོ2018ལོའི་ཀྲུང་གོའི་ཕུལ་བྱུང་གྲོང་ཁྱེར་བརྒྱའི་ཨང་རིམ་ནང་དུ་ཨང56པ་ཟིན་པ་དང་། སྤྱི་ལོ2019ལོར་ཡན་ཁྲེང་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར5702.26ལ་སླེབས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཡན་ཁྲེང་།
རྒྱ་ཡིག་གི་མིང་།
盐城
ཕྱི་ཡིག་གི་མིང་།
Yancheng
མིང་གཞན།
ཡན་ཞེ། ཕུའོ་ཁྲེང་། ཏེང་ཡེང་། ཆུ་བརྒྱའི་གྲོང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཆའི་ཅང་སུའུ་ཞིང་ཆེན།
མངའ་ཁོངས།
ཆུས་གསུམ། རྫོང་ལྔ། དོ་དམ་ཚབ་མའི་རྫོང་རིམ་པའི་གྲོང་ཁྱེར་གསུམ།
ས་ཁོངས་ཁ་པར་ཨང་རྟགས།
(+86)0515
སྦྲག་སྲིད་ཚབ་ཨང་།
224000
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ16931
མི་གྲངས།
ཁྲི721.6(སྤྱི་ལོ2018ལོར།)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏J
སྲིད་འཛིན་ཚབ་ཨང་།
320900
GDP
5702.26亿元(2019年)
གནམ་གྲུའི་ཐང་།
ཡན་ཁྲེང་ནན་དབྱང་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཡན་ཁྲེང་མེ་འཁོར་འབབ་ཚུགས། ཡན་ཁྲེང་མེ་འཁོར་འབབ་ཚུགས་ལྷོ་མ།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1950ལོའི་ཟླ1པའི་ཚེས11ཉིན། སྔོན་གྱི་དབྱང་ཀྲོའུ་ཆེད་ཁུལ་གྱི་ཏུང་ཐའེ་དང་ཐའེ་པེ་རྫོང་གཉིས་ཡན་ཁྲེང་ཆེད་ཁུལ་དུ་བགོས། ལོ་དེར་ཡན་ཏུང་རྫོང་མེད་པར་བཟོས་པ་དང་། ཧོའེ་དབྱིན་ཀྲོན་ཆུས་ཀྱི་ལེན་ཧྲུའེ་རྫོང་དུ་བསྡུས། 

སྤྱི་ལོ1950ལོའི་ཟླ12པར། ཏུང་ཐའེ་རྫོང(སྲིད་གཞུང་སན་ཚང་གྲོང་རྡལ་དུ་བཅའ་སྡོད་བྱས)ནས་ཏུང་ཐའེ་དང་། ཅིན་ཀུང་། ཆི་ཕིང་། ཞི་ཞིས་བཅས་གྲོང་རྡལ་བཞིས་ཏུང་ཐའེ་གྲོང་ཁྱེར(རྫོང་རིམ་པ)བཙུགས། སྲིད་གཞུང་དེ་ཏུང་ཐའེ་གྲོང་རྡལ་དུ་བཅའ་སྡོད་བྱས། ཡན་ཁྲེང་ཀྲོན་ཆུས་ཁོངས་གཏོགས་སུ་རྫོང8དང་གྲོང་ཁྱེར1བཙུགས།

སྤྱི་ལོ1951ལོའི་ཟླ7པའི་ཚེས11ཉིན། ཐའེ་པེ་རྫོང་དེ་ཏ་ཧྥེང་རྫོང་དུ་མིང་བསྒྱུར་པ་དང་ཅན་དབྱང་རྫོང་དེ་ཅན་ཧུའུ་རྫོང་དུ་མིང་བསྒྱུར། ཡན་ཁྲེང་གྲོང་ཁུལ་གྱི་ཁོངས་སུ་རྫོང8དང་གྲོང་ཁྱེར1ཡོད།

སྤྱི་ལོ1953ལོའི་ཟླ་1པའི་ཚེས་1ཉིན། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཡན་ཁྲེང་ཆེད་ཁུལ་བཙུགས། ཡན་ཁྲེང་ཀྲོན་ཆུས་ཁོངས་སུ་ཡན་ཁྲེང་དང་། ཧོའེ་ཨན། པིན་ཧའེ། ཧྥུ་ཉིང་། ཧྥང་དབྱང་། ཅན་ཧུའུ། ཏ་ཧྥེང་། ཏུང་ཐའེ་བཅས་རྫོང8དང་ཏུང་ཐའེ་གྲོང་ཁྱེར་ཡོད། 

སྤྱི་ལོ1954ལོར་ཧོའེ་ཨན་རྫོང་དེ་ཧོའེ་དབྱིན་ས་ཁུལ་གྱི་ཁོངས་སུ་བཅུག ཡན་ཁྲེང་གྲོང་ཁུལ་གྱི་ཁོངས་སུ་གཏོགས་པའི་རྫོང7དང་གྲོང་ཁྱེར1ཡོད།      

སྤྱི་ལོ1954ལོར་ཅང་སུའུ་ཞིང་ཆེན་སྲིད་གཞུང་གིས་ཏུང་ཐའེ་གྲོང་ཁྱེར་མེད་པར་བཟོས་པ་དང་། ཏུང་ཐའེ་གྲོང་ཁྱེར་དང་ཏུང་ཐའེ་རྫོང་གཉིས་ཏུང་ཐའེ་རྫོང་དུ་ཟླ་སྒྲིལ་བཏངས། རྫོང་སྲིད་གཞུང་སན་ཚང་གྲོང་རྡལ་ནས་ཏུང་ཐའེ་གྲོང་རྡལ་དུ་སྤོས། ཡན་ཁྲེང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་པའི་རྫོང7ཡོད།      

སྤྱི་ལོ1966ལོར་པིན་ཧའེ་རྫོང་གི་ཀྲུང་ཧྲན་ཆུ་བོའི་བྱང་རྒྱུད་ས་ཁུལ་ནས་ཆན་ཧྲུའེ་རྫོང(ཤང་ཧྲུའེ་གྲོང་རྡལ་དུ་བཅའ་སྡོད་བྱས་པ)དབྱེ་འབྱེད་བྱས། ཡན་ཁྲེང་གྲོང་གི་ཀྲོན་ཆུས་ཁོངས་ཀྱི་རྫོང8ཡོད།      

སྤྱི་ལོ1970ལོར་ཡན་ཁྲེང་ཀྲོན་ཆུས་དེ་ཡན་ཁྲེང་ས་ཁུལ་དུ་བསྒྱུར་ཞིང་། དེའི་ཁོངས་སུ་ཡན་ཁྲེང་དང་། ཞང་ཧྲུའེ། པིན་ཧའེ། ཧྥུ་ཉིང་། ཧྥང་དབྱང་། ཅན་ཧུའུ། ཏ་ཧྥེང་། ཏུང་ཐའེ་བཅས་རྫོང8ཡོད།      

སྤྱི་ལོ1983ལོར་ཡན་ཁྲེང་ས་ཁུལ་དང་ཡན་ཁྲེང་རྫོང་མེད་པར་བཟོས་ནས་ཞིང་ཆེན་ཁོངས་གཏོགས་ཀྱི་ཡན་ཁྲེང་གྲོང་ཁྱེར་བཙུགས། 

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ12བར། ཡན་ཁྲེང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཅན་ཧུའུ་དང་། ཆིའུ་དབྱང་། ཧྥུའུ་ཉིང་། པིན་ཧའེ། ཤང་ཧྲུའེ་བཅས་རྫོང5དང་། ཐིང་ཧུའུ་དང་། ཡན་ཏུའུ། ཏ་ཧྥུང་བཅས་ཆུས3 ཤར་ངོས་ཐའེ་ཡི་རྫོང་རིམ་པའི་གྲོང་ཁྱེར1བཅས་སུ་ཡན་ཁྲེང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ཡན་ལྷོ་མཐོ་གསར་ཁུལ་བཙུགས་ཡོད། དེའི་ཁོངས་སུ་སྲང་ལམ26དང་། གྲོང་རྡལ96། གྲོང་ཚོ(དམངས་ཁུལ་དང་སྡེ་ཁུལ)2432བཅས་ཡོད། ཡན་ཁྲེང་གྲོང་ཁྱེར་མི་དམངས་སྲིད་གཞུང་དེ་ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་གྱི་ཧྲི་ཅེ་ལམ་ཆེན་གྱི་ཨང་རྟགས21པར་ཆགས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ས།

ཡན་ཁྲེང་ནི་ཤར་དུ་ཧོང་ཧའེ་དང་ཉེ་ཞིང་། ལྷོ་རུ་ནན་ཐུང་གྲོང་ཁྱེར་དང་ཐའེ་ཀྲོའུ་གྲོང་ཁྱེར་གཉིས་ལ་ས་མཚམས་འབྲེལ། ནུབ་ཏུ་ཧོའེ་ཨན་གྲོང་ཁྱེར་དང་དབྱང་ཀྲོའུ་གྲོང་ཁྱེར་གཉིས་ལ་ས་མཚམས་འབྲེལ། བྱང་དུ་ཆུ་དྲངས་པའི་ཆུས་བཅད་དེ་ལེན་ཡུན་ཀང་གྲོང་ཁྱེར་དང་ཁ་སྤྲོད་དུ་གནས་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ས་ཆའི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ1.7ཡོད་པའི་ནང་མཚོ་རྒྱུད་ཀྱི་གྲམ་ཐང་རྒྱ་ཁྱོན་སྤྱི་ཆིང་ཁྲི45.53ཡོད་པ་དེས་ཅང་སུའུ་ཞིང་ཆེན་མཚོ་རྒྱུད་ཀྱི་གྲམ་ཐང་རྒྱ་ཁྱོན་གྱི75%ཟིན་པ་དང་། མཚོ་ངོགས་ཐིག་གི་རིང་ཚད་སྟོང་སྨི582ཡོད་པ་དེས་ཅང་སུའུ་ཞིང་ཆེན་གྱི་མཚོ་ངོགས་ཐིག་གི་སྤྱིའི་རིང་ཚད་ཀྱི56%ཟིན་ཡོད། ཧོ་དབྱང་གཙང་པོའི་ལྷོ་ངོས་ཀྱི་མཚོ་རྒྱུད་ས་ཁུལ་དུ་ད་དུང་ལོ་རེར་སྟོང་སྨི་གྲུ་བཞི་མ10ལྷག་ཙམ་གྱི་མྱུར་ཚད་ནས་རྒྱ་མཚོའི་ཕྱོགས་སུ་སྣུར་སྲིང་བྱེད་ཀྱི་ཡོད།      

3_2 ནམ་ཟླ།

ཡན་ཁྲེང་ནི་ཚ་ཁུལ་བྱང་མ་ནས་དྲོད་འཇམ་ས་ཁུལ་གྱི་གནམ་གཤིས་བར་བརྒལ་ཁུལ་དུ་གནས་པ་དང་། སྤྱིར་བཏང་དུ་ཅང་སུའུ་བྱང་རྒྱུད་དུ་ཆུ་འདྲེན་པའི་སྤྱིའི་ཡུར་བུའི་ལྷོ་རྒྱུད་དེ་ཚ་ཁུལ་བྱང་མའི་གནམ་གཤིས་སུ་གཏོགས་པ་དང་། ཡུར་བུའི་བྱང་རྒྱུད་དེ་དྲོད་འཇམ་ས་ཁུལ་གྱི་གནམ་གཤིས་སུ་གཏོགས་པས་བར་བརྒལ་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད། གནམ་གཤིས་ལ་རྒྱ་མཚོའི་ཤུགས་རྐྱེན་ཆེ་ཙམ་ཕོག་ནས་འཕྲེད་ཐིག་གི་ཏུའུ་གྲངས་དང་འདྲ་བའི་ཅང་སུའུ་ཞིང་ཆེན་ནུབ་རྒྱུད་ས་ཁུལ་དང་བསྡུར་ན། དཔྱིད་དུས་དྲོད་ཚད་དམའ་ལ་བསྐྱར་འཕར་འགོར་བ་དང་། སྟོན་དུས་ཀྱི་དྲོད་ཚད་མར་ཆག་པ་དལ་ཞིང་དཔྱིད་ཀྱི་དྲོད་ཚད་ལས་མཐོ། ལོ་རེའི་ཆར་ཆུ་འབབ་ཚད་ཀྱང་ཞིང་ཆེན་དེའི་ནུབ་རྒྱུད་ལས་མངོན་གསལ་གྱིས་མང་བ་རེད། དུས་རླུང་གི་གནམ་གཤིས་མངོན་གསལ་དོད་པས་དགུན་དུས་སུ་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་གྲང་རླུང་གི་ཤུགས་རྐྱེན་ཐེབས་ནས་བྱང་རླུང་དང་གྲང་ངར་ཆེ་བའི་གནམ་གཤིས་དར་ཁྱབ་ཆེ། དབྱར་ཁར་ཞི་བདེ་རྒྱ་མཚོའི་ཚ་ཁུལ་ཕལ་བའི་མཐོ་གནོན་གྱི་ཤུགས་རྐྱེན་ཐེབས་ནས་ལྷོ་རླུང་དང་ཚ་བ་ཆེ་བའི་གནམ་གཤིས་དར་ཁྱབ་ཆེ་ལ། མཁའ་རླུང་དྲོ་ཞིང་བརླན་གཤེར་ཆེ་བ། ཆར་ཆུ་འབེལ་བ། 

4 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཡན་ཁྲེང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི824.7ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི1.42ཡིས་ཇེ་ཉུང་དུ་ཕྱིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི496.5དང་གྲོང་གསེབ་ཀྱི་མི་འབོར་ཁྲི328.2ཡོད་པ་རེད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད་བརྒྱ་ཆའི9.89ཟིན་པ་དང་། འདས་ཚད་བརྒྱ་ཆའི6.46ཟིན། རང་བྱུང་འཕར་ཚད་བརྒྱ་ཆའི3.43ཟིན་ཡོད། ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི720ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད64.03%ཡིན་ཞིང་། ལོ་གོང་མ་ལས་བརྒྱ་ཆའི་གཞི་གྲངས1.13གྱིས་འཕར་ཡོད། 

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར་ཡན་ཁྲེང་གྲོང་ཁྱེར་གྱི་ཐོན་ལས་ཐེངས་གསུམ་པའི་རིན་ཐང་འཕར་མའི་བསྡུར་ཚད10.5:44.4:45.1བར་ལེགས་སྒྲིག་བྱས་ནས་ཐོན་ལས་གཉིས་པ་དང་གསུམ་པའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.6མཐོ་རུ་ཕྱིན་པ་དང་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར75987ལ་སླེབས་པ་དེ་ལོ་གོང་མ་ལས་5.8%འཕར་ཡོད།      

སྤྱི་ལོ2018ལོར་ཡན་ཁྲེང་གྲོང་ཁྱེར་ཁུལ་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་སྟོན་གྲངས(CPI)དུས་མཚུངས་ལས1.9%འཕར་ཡོད། དེའི་ནང་བཟའ་བཅའི་ཐ་མག་དང་ཨ་རག་རིགས1.9%འཕར་བ་དང་། གྱོན་ཆས་རིགས2.3%འཕར། སྡོད་གནས་རིགས1.2%འཕར། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས3.8%འཕར། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས3.8%འཕར། སློབ་གསོ་རིག་གནས་དང་རོལ་རྩེད་རིགས1.1%འཕར། སྨན་བཅོས་འཕྲོད་སྦྱོར་རིགས1.1%འཕར་བ། མཁོ་ཆས་གཞན་དག་དང་ཞབས་ཞུའི་རིགས0.3%མར་ཆག་པ་བཅས་རེད། གྲོང་ཁྱེར་དེ་ཡོངས་ཀྱི་བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང་སྟོན་གྲངས(PPI)དུས་མཚུངས་ལས3.5%འཕར་བ་དང་བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱིས་ཉོ་སྒྲུབ་བྱས་པའི་རིན་གོང་སྟོན་གྲངས(IPI)དུས་མཚུངས་ལས4%འཕར་ཡོད།      

སྤྱི་ལོ2018ལོར་ཡན་ཁྲེང་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད9.4%འཕར་ཡོད། དེའི་ནང་རྣམ་གྲངས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས9.8%འཕར་བ་དང་། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་འཇོག་གྲངས་བརྒྱ་ཆ6.6འཕར་ཡོད། མ་འཇོག་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་དང་པོའི་མ་འཇོག་ཚད་གཞི་གཅིག་མཚུངས9%འཕར་བ། ཐོན་ལས་གཉིས་པའི་མ་འཇོག་ཚད་གཞི་གཅིག་མཚུངས16.1%འཕར་བ། ཐོན་ལས་གསུམ་པའི་མ་འཇོག་ཚད་གཞི་གཅིག་མཚུངས0.3%འཕར་བ་བཅས་རེད། གྲོང་ཁྱེར་དེ་ཡོངས་ཀྱི་བཟོ་ལས་མ་འཇོག་དང་གཅིག་མཚུངས་སུ16.2%འཕར་ནས་ཅང་སུའུ་ཞིང་ཆེན་གྱི་ཨང་དང་པོར་སླེབས་པ་དང་། ཅང་སུའུ་ཞིང་ཆེན་གྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས8.2འཕར་ཡོད། དེའི་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔྱད་ཞིབ་དམིགས་ཚད་གལ་ཆེན་བཟོ་སྐྲུན་ལས་རིགས་ཀྱིས་རྣམ་གྲངས་མ་འཇོག་བསྡུར་གྲངས་ཀྱི63%བཟུང་བ་དེ་སྤྱི་ལོ2017ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས5.7གྱིས་མཐོ་རུ་ཕྱིན་པ་དང་། བཟོ་སྐྲུན་ལས་རིགས་ཀྱིས་མ་འཇོག་ཚང་མ་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད107.7%ཟིན། མ་འཇོག་ཚང་མ་བརྒྱ་ཆའི་གྲངས10.1འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་བཅས་རེད། ཟད་གྲོན་ཆེ་བའི་ལས་རིགས་ཀྱི་མ་འཇོག་ཐོག་མཐའ་བར་གསུམ་དུ་ལྡོག་འཕར་གྱི་བར་མཚམས་སུ་གནས་པ་དང་། ལོ་ཧྲིལ་པོར་ཟད་གྲོན་ཆེ་བའི་ལས་རིགས་ཀྱི་རྩིས་བྱ་གཅིག་མཚུངས3.4%ཆག་པ་དེ་མ་འཇོག་ཧྲིལ་པོའི་འཕར་ཚད་ལས་བརྒྱ་ཆའི་གྲངས12.8ཀྱིས་དམའ་བ་ཡོད་པ་དང་། བཟོ་ལས་ཀྱི་མ་འཇོག་འཕར་ཚད་ལས་བརྒྱ་ཆའི་གྲངས19.6གིས་དམའ་བ་ཡོད་པ་དེས་བཟོ་ལས་ཀྱི་མ་འཇོག་བསྡུར་ཚད་ཀྱི16.9%བཟུང་བ་དེ་ཡན་ཁྲེང་གྲོང་ཁྱེརསྤྱི་ལོ2017ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས3.5ཡིས་དམའ་བ་ཡོད་པ་རེད།      

སྤྱི་ལོ2018ལོར་ཡན་ཁྲེང་གྲོང་ཁྱེར་གྱི་དམངས་ཁྲོད་མ་འཇོག་གི་རྩིས་བྱ་གཅིག་མཚུངས15.1%འཕར་བ་དེས་མ་འཇོག་ཡོངས་ཀྱི་བསྡུར་གྲངས་ཀྱི76%བཟུང་བ་དེ་སྤྱི་ལོ2017ལོའི་དུས་མཚུངས་ལས་བརྒྱ་ཆའི་གྲངས3.8ཀྱིས་མཐོ་བ་དང་གྲོང་ཁྱེར་དེ་ཡོངས་ཀྱི་མ་འཇོག་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད116.6%ཟིན་ནས་གྲོང་ཁྱེར་དེ་ཡོངས་ཀྱི་མ་འཇོག་འཕར་ཚད་བརྒྱ་ཆའི་གྲངས10.9འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད། དེའི་ནང་བཟོ་སྐྲུན་ལས་རིགས་ཀྱི་དམངས་ཁྲོད་མ་འཇོག21.7%འཕར་ནས་དམངས་ཁྲོད་མ་འཇོག་ཡོངས་རྫོགས་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད90.4%ཟིན་ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་དམངས་ཁྲོད་མ་འཇོག་དེ་ཆ་འཕྲིན་ལག་རྩལ་རིགས་དང་སྤྱི་ཚོགས་ཀྱི་དམངས་འཚོའི་རིགས་སོགས་ཁྱབ་ཁོངས་སུ་རིམ་བཞིན་འཕར་ནས་གོང་གསལ་ལས་རིགས་ཀྱི་དམངས་ཁྲོད་མ་འཇོག་དེ་སྔ་ལོ་ལས་མགྱོགས་ཙམ་འཕར་ཡོད། 

སྤྱི་ལོ2018ལོར་ཡན་ཁྲེང་གྲོང་ཁྱེར་གྲོང་ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་དམངས་ཁྲོད་མ་འཇོག48.3%འཕར་བ་དང་། སློབ་གསོའི་ལས་རིགས་ཀྱི་དམངས་ཁྲོད་མ་འཇོག34.8%འཕར། ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་དམངས་ཁྲོད་མ་འཇོག33%འཕར། འཕྲོད་བསྟེན་དང་སྤྱི་ཚོགས་ལས་དོན་གྱི་དམངས་ཁྲོད་མ་འཇོག32.3%འཕར་བ་བཅས་རེད།      སྤྱི་ལོ2018ལོར་ཡན་ཁྲེང་གྲོང་ཁྱེར་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར38ལ་སླེབས་པ་དེ་ལོ་གོང་མ་ལས5.8%འཕར་བའི་ནང་ཁྲལ་འབབ་སྒོར་དུང་ཕྱུར305.1ལ་སླེབས་པ་དེ་ལོ་གོང་མ་ལས12.2%འཕར་བ་དང་ཁྲལ་འབབ་ཀྱིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ནང་བཟུང་བའི་བསྡུར་ཚད80.1%ལ་སླེབས་ཡོད། ཁྲལ་རིགས་གཙོ་བོ་བརྟན་འཇགས་སྲུང་འཛིན་བྱུང་ཞིང་། རྒྱལ་ནང་གི་གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར74.8དང་། གནས་ཐང་འཕར་ཁྲལ(ཚོང་གཉེར་དཔྱ་ཁྲལ་ཚུད་)སྒོར་དུང་ཕྱུར47.4 ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་དུང་ཕྱུར31.9 སྒེར་འབབ་དཔྱ་ཁྲལ་སྒོར་དུང་ཕྱུར14.6བཅས་མངོན་འགྱུར་བྱུང་། ནོར་སྲིད་ཀྱི་དམངས་ཕན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ལོ2018ལོར་གྲོང་ཁྱེར་ཡོངས་ཀྱི་དམངས་འཚོ་འགན་ལེན་ཐད་སྤྱད་པའི་གཏོང་སྒོ་སྒོར་དུང་ཕྱུར601.3ལ་སླེབས་པ་དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི71.1%བཟུང་ཡོད།     

སྤྱི་ལོ2018ལོར་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29488ལ་སླེབས་པ་དེ་ལོ་གོང་མ་ལས8.9%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར35896ལ་སླེབས་པ་དེ་ལོ་གོང་མ་ལས8.4%འཕར། མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར19731ལ་སླེབས་པ་དེ་ལོ་གོང་མ་ལས7%འཕར་ཡོད། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20357ལ་སླེབས་པ་དེ་ལོ་གོང་མ་ལས8.8%འཕར། མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར14515ལ་སླེབས་པ་དེ་ལོ་གོང་མ་ལས2.6%འཕར་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-26

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།