ཧེང་ཏུང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧེང་ཏུང་རྫོང་།
ཧེང་ཏུང་རྫོང་ནི་ཧུའུ་ནན་ཞིང་ཆེན་ཧེང་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧུའུ་ནན་ཤར་རྒྱུད་ཀྱི་ལྷོ་ངོས་སུ་གནས་ཡོད་ལ། ཞང་ཅང་གཙང་པོའི་དབུས་རྒྱུད་ཀྱི་ཧེང་དབྱང་གཞོང་ས་དང་ལེའེ་ཡིའུ་གཞོང་ས་བར་ཆགས་ཡོད། ཤར་ནི་ཡིའུ་རྫོང་དང་ལྷོ་ཨན་རེན་རྫོང་དང་ཧེང་ནན་རྫོང་དང་འབྲེལ་ཡོད་པ་དང་། ནུབ་རྒྱུད་དུ་རིང་ཚད་ལ་སྤྱི་ལེ50དང་ཞེང་ཚད་ལ་སྨི400ཡོད་པའི་ཞང་ཅང་གཙང་པོ་དང་ཧེང་ཧྲན་རྫོང་དབར་ཆུའི་ས་མཚམས་བཅད་ཡོད་པ་དང་། བྱང་ནི་ལུའུ་ཁོའུ་ཆུས་དང་ས་མཚམས་འབྲེལ་ཡོད། རྫོང་དེའི་ནགས་ཚལ་ཁྱབ་ཚད51%ཟིན་ནས“རྒྱལ་ཡོངས་ཀྱི་ནགས་བཟོ་སྔོ་འགྱུར་གྱི་རྫོང་བཟང་བརྒྱའི”ནང་ཚུད་ཡོད་པ་རེད། སྤྱི་ལོ2015ལོར་ཧེང་ཏུང་རྫོང་གི་ཤང་གྲོང་ཁུལ་དབྱེ་འབྱེད་ལེགས་སྒྲིག་ཇུས་གཞི་གཞིར་བཟུང་། ལེགས་སྒྲིག་བྱས་རྗེས་ཁོངས་གཏོགས་ཀྱི་ཤང2དང་གྲོང་རྡལ15ཡོད་པ་སྟེ། ལིའུ་ཀྲོང་དང་། ཀྲིན་གྲོའོ་ཤང2ཁྲེང་ཀོན་གྲོང་རྡལ་བཅས་ཀྱི་སྒྲིག་གཞི་ཟླ་སྒྲིལ་བཏང་ནས་མེའེ་ཧྲུའེ་གྲོང་རྡལ་བཙུགས་པ་རེད། ཏེ་ཀྲིན་དང་། ལི་མུའུ། མོ་ཅིང་བཅས་ཤང3དང་ཝུའུ་ཅི་གྲོང་རྡལ་གྱི་སྒྲིག་གཞི་ཟླ་སྒྲིལ་བཏང་ནས་ཝུའུ་ཅི་གྲོང་རྡལ་བཙུགས་པ་རེད། ཏ་ཆོའོ་གྲོང་རྡལ་དང་སན་ཀྲང་ཞང་གི་འཛུགས་ལུགས་ཟླ་སྒྲིལ་བཏང་ནས་སན་ཀྲང་གྲོང་རྡལ་བཙུགས། ཚོའོ་ཧྲི་གྲོང་རྡལ་དང་ཀའོ་ཐང་ཤང་གི་སྒྲིག་གཞི་ཟླ་སྒྲིལ་བཏང་ནས་ཚོའོ་ཧྲི་གྲོང་རྡལ་བཙུགས། རེས་སྐོར་འདིའི་ཤང་དང་གྲོང་རྡལ་གྱི་སྲིད་འཛིན་ཁུལ་དབྱེ་བ་ལེགས་སྒྲིག་བྱས་ནས་ཧེང་ཏུང་རྫོང་གིས་ཤང་རིམ་པའི་སྒྲིག་གཞི7མེད་པ་བཟོས་པ་དང་ད་ཡོད་ཧྲི་ཐན་དང་ནན་དབན་ཤང2ཡོད་པ་དང་། མེའེ་ཧྲུའེ་དང་། ཝུའུ་ཅི། སན་ཀྲང་། ཚའོ་ཧྲི། ཏ་ཕུའུ། ཤིན་ཐང་། ཞ་ལིའུ། ཀན་ཤིས། དབྱང་ཆོའོ། རུང་ཧོན། ཕུང་ཡོན། ཧྲི་ཝན། པའེ་ལེན། དབྱང་ལིན། ཀའོ་ཧུའུ་བཅས་གྲོང་རྡལ15ཡོད་པ་རེད། རྫོང་མི་དམངས་སྲིད་གཞུང་ནི་མེའེ་ཧྲུའེ་གྲོང་རྡལ་དུ་གནས་ཡོད། (དེ་སྔའི་རྫོང་མི་དམངས་སྲིད་གཞུང་གི་སྡོད་གནས། )
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
衡东县
ཕྱི་ཡིག་གི་མིང་།
Hengdong County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ས་ཁོངས་ཁ་པར་ཨང་རྟགས།
0734
སྦྲག་སྲིད་ཨང་རྟགས།
421400
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1926ཡོད།
མི་གྲངས།
ཁྲི74.63ཡོད།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་དྲོད་འཇམ་ནམ་ཟླ།
རླངས་འཁོར་གྱི་ཚབ་ཨང་།
ཞང(湘)D.3
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
430424
1 ས་ཁམས་ཁོར་ཡུག
1_1 གནས་ཡུལ།

ཧེང་ཏུང་རྫོང་ནི་ཧུའུ་ནན་ཤར་རྒྱུད་ཀྱི་ལྷོ་ངོས་སུ་གནས་ཤིང་། དེ་ནི་ཞང་ཅང་གཙང་པོའི་དབུས་རྒྱུད་ཀྱི་ཧེང་དབྱང་གཤོང་ས་དང་ལེའེ་ཡིའུ་གཤོང་ས་བར་ཡོད། ཤར་ནི་ཡིའུ་རྫོང་དང་ལྷོ་ཨན་རེན་རྫོང་དང་ཧེང་ནན་རྫོང་དང་འབྲེལ་ཡོད་པ་དང་། ནུབ་ནི་ཞང་ཅང་གཙང་པོ་ནི་ཧེང་ཧྲན་རྫོང་དང་ཆུ་ཁ་གཏད་དུ་གནས་ཡོད། བྱང་ནི་ཞང་ཐན་དང་ཀྲུའུ་ཀྲོའུ་དང་ས་མཚམས་འབྲེལ་ཡོད། རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1926ཡོད་པ་དེས་ཧུའུ་ནན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི0.9%ཟིན་ཡོད། 

1_2 ནམ་ཟླ།

ཚ་ཁུལ་ཕལ་བའི་དུས་རླུང་དྲོད་འཇམ་གྱི་ནམ་ཟླའི་ཁོངས་སུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད17.7℃ཡིན་པ་དང་། ཆར་པ་འབབ་ཚད་ཧ་ཅང་བཟང་། ལོ་རེར་ཆ་སྙོམས་ཉི་འོད་ཆུ་ཚོད1812དང་། ལོ་རེར་ཆ་སྙོམས་དྲོད་ཚད18.9℃དང་། ལོ་རེར་ཆ་སྙོམས་ཆར་བ་འབབ་ཚད1336mmདང་། བརླན་ཚད་ནི78%དང་། ལོ་རེར་སད་མེད་དུས་ཉིན300ཡོད། 

2 མི་འབོར།

སྤྱི་ལོ2014ལོའི་བར་རྫོང་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར729725ཡོད། རྫོང་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་ཁྱིམ་ཚང་དུད་ཚང162117ཡོད་པ་དང་། ཁྱིམ་ཚང་གི་མི་འབོར612030ཡོད། ཁྱིམ་ཚང་རེའི་ཆ་སྙོམས་མི་འབོར3.78ཡོད། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པའི་མི་འབོར319619ཡོད་པ་དེས50.76%བཟུང་བ་དང་། བུད་མེད་མི་འབོར310106ཡོད་པ་དེས49.24%བཟུང་ཡོད། སྤྱིའི་མི་འབོར་གྱི་ཕོ་མོའི་བསྡུར་ཚད་དེ་སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི107.42ནས103.07བར་ཆག་ཡོད། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་ལོ0ནས14བར་གྱི་མི་འབོར134607ཡོད་པ་དེས21.38%བཟུང་བ་དང་། ལོ15ནས64བར་གྱི་མི་འབོར434995ཡོད་པ་དེས69.08%བཟུང་། ལོ65དང་དེ་ཡན་གྱི་མི་འབོར60123ཡོད་པ་དེས9.54%བཟུང་ཡོད། རྫོང་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་སློབ་ཆེན(ཆེད་ཚན་སློབ་གྲྭ་ཆེ་མོ་དང་དེ་ཡན་ལ་ཟེར)ཡོད་པའི་མི་འབོར20277ཡོད་པ་དང་། མཐོ་རིམ་སློབ་འབྲིང(འབྲིང་རིམ་ཆེད་ལས་སློབ་གྲྭ་ཚུད)ཡོད་པའི་མི་འབོར56005ཡོད། དམའ་རིམ་སློབ་འབྲིང་གི་མི་གྲངས27004ཡོད། སློབ་ཆུང་གི་ཆུ་ཚད་ལྡན་པའི་མི་འབོར206854ཡོད། 

3 སྲིད་འཛིན་དབྱེ་མཚམས།

སྤྱི་ལོ2015ལོར་ཧེང་ཏུང་རྫོང་གི་ཤང་གྲོང་ཁུལ་དབྱེ་འབྱེད་ལེགས་སྒྲིག་ཇུས་གཞི་གཞིར་བཟུང་། ལེགས་སྒྲིག་བྱས་རྗེས་ཁོངས་གཏོགས་ཀྱི་ཤང2དང་གྲོང་རྡལ15ཡོད་པ་སྟེ། ལིའུ་ཀྲོང་དང་། ཀྲིན་གྲོའོ་ཤང2ཁྲེང་ཀོན་གྲོང་རྡལ་བཅས་ཀྱི་སྒྲིག་གཞི་ཟླ་སྒྲིལ་བཏང་ནས་མེའེ་ཧྲུའེ་གྲོང་རྡལ་བཙུགས་པ་རེད། ཏེ་ཀྲིན་དང་། ལི་མུའུ། མོ་ཅིང་བཅས་ཤང3དང་ཝུའུ་ཅི་གྲོང་རྡལ་གྱི་སྒྲིག་གཞི་ཟླ་སྒྲིལ་བཏང་ནས་ཝུའུ་ཅི་གྲོང་རྡལ་བཙུགས་པ་རེད། ཏ་ཆོའོ་གྲོང་རྡལ་དང་སན་ཀྲང་ཞང་གི་འཛུགས་ལུགས་ཟླ་སྒྲིལ་བཏང་ནས་སན་ཀྲང་གྲོང་རྡལ་བཙུགས། ཚོའོ་ཧྲི་གྲོང་རྡལ་དང་ཀའོ་ཐང་ཤང་གི་སྒྲིག་གཞི་ཟླ་སྒྲིལ་བཏང་ནས་ཚོའོ་ཧྲི་གྲོང་རྡལ་བཙུགས།   རེས་སྐོར་འདིའི་ཤང་དང་གྲོང་རྡལ་གྱི་སྲིད་འཛིན་ཁུལ་དབྱེ་བ་ལེགས་སྒྲིག་བྱས་ནས་ཧེང་ཏུང་རྫོང་གིས་ཤང་རིམ་པའི་སྒྲིག་གཞི7མེད་པ་བཟོས་པ་དང་ད་ཡོད་ཧྲི་ཐན་དང་ནན་དབན་ཤང2ཡོད་པ་དང་། མེའེ་ཧྲུའེ་དང་། ཝུའུ་ཅི། སན་ཀྲང་། ཚའོ་ཧྲི། ཏ་ཕུའུ། ཤིན་ཐང་། ཞ་ལིའུ། ཀན་ཤིས། དབྱང་ཆོའོ། རུང་ཧོན། ཕུང་ཡོན། ཧྲི་ཝན། པའེ་ལེན། དབྱང་ལིན། ཀའོ་ཧུའུ་བཅས་གྲོང་རྡལ15ཡོད་པ་རེད། རྫོང་མི་དམངས་སྲིད་གཞུང་ནི་མེའེ་ཧྲུའེ་གྲོང་རྡལདུ་གནས་ཡོད། (དེ་སྔའི་རྫོང་མི་དམངས་སྲིད་གཞུང་གི་སྡོད་གནས། ) 

4 དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས།
4_1 ཕྱོགས་བསྡུས།    

རྫོང་དེ་ཡོངས་ཀྱི་ཐོན་ལས་གྲུབ་ཆ་ཐེངས་གསུམ་ནི16.88:35.02:48.1ཡིན་པ་དེ་ལོ་སྔོན་མ་དང་བསྡུར་ན“བརྟན་གཅིག་གཅོག་གཅིག་བྲེ་གཅིག”ཡིན་པ་དང་། ཐོན་ལས་དང་པོའི་བསྡུར་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་པ། ཐོན་ལས་གཉིས་པའི་བསྡུར་ཚད་བརྒྱ་ཆའི་གྲངས1.8ཆག ཐོན་ལས་གསུམ་པའི་བསྡུར་ཚད་བརྒྱ་ཆའི་གྲངས1.8མཐོ་རུ་ཕྱིན་པ་བཅས་རེད། ཐོན་ལས་གསུམ་གྱི་བསྡུར་ཚད་རྒྱུན་མཐུད་ངང་འཕར་བ་དང་། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་ཕྱིན་ཡོད།      རྫོང་ཡོངས་ཀྱི་ནུས་རྒྱུ་འཛད་སྤྱོད་བསྡོམས་འབོར་ཚད་ལྡན་རྡོ་སོལ་ཏུན་ཁྲི92.58ཟིན་ནས38.8%ཆག་པ། རྩིས་གཞི་རེའིGDPནུས་ཁུངས་ཟད་ཚད་ལྡན་རྡོ་སོལ་ཏུན་རེར་སྒོར་ཁྲི0.409ཡིན་པ་དེ25.1%ཆག་ཡོད།      སྤྱི་ལོ2016ལོར་རྫོང་ཡོངས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚད84.3%ཡིན་པ་དེ་སྤྱི་ལོ2015ལོ་ལས་བརྒྱ་ཆའི་གྲངས3.4མཐོ་རུ་ཕྱིན་ཡོད།      རྫོང་དེ་ཡོངས་ཀྱི་འཛུགས་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར11.9ཟིན་ནས11.1%འཕར། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར5.39ཟིན་ནས3.9%འཕར་ཡོད། ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི73.9ཟིན་ནས1.3%ཆག སྡོད་ཁང་འཛུགས་སྐྲུན་ལེགས་གྲུབ་བྱུང་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི48.71ཟིན་ནས5.0%ཆག་ཡོད། 

4_2 གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ།     

རྫོང་དེ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར152.01བཏང་ནས18.2%འཕར་ཡོད། ལས་གྲྭའི་ཨར་ལས་རྣམ་གྲངས449ཟིན་ནས24.7%འཕར་བའི་ནང་ལོ་དེར་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས407ཡོད་པ་དེ13.1%འཕར་ཡོད་པ་རེད། ལོ་དེར་ཐོན་སྐྱེད་བྱེད་འགོ་ཚུགས་པའི་རྣམ་གྲངས335ཟིན་ནས15.9%འཕར་ཡོད།      རྫོང་ཡོངས་ཀྱི་བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར75.28བཏང་ནས6.1%འཕར་བ་དེས་རྫོང་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་བཏང་བའི་བསྡུར་ཚད་ཀྱི49.5%བཟུང་བའི་ནང་བཟོ་ལས་ལག་རྩལ་སྒྱུར་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར38.66བཏང་ནས10.1%ཆག་ཡོད།      རྫོང་དེ་ཡོངས་ཀྱི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར6.43བཏང་ནས3.5%འཕར་ཡོད། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི100.34ཟིན་ནས21.8%འཕར། ཚོང་སྒྱུར་སྡོད་ཁང་བསྐྲུན་ཟིན་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི21.61ཟིན་ནས56.7%འཕར་བ། ཚོང་སྒྱུར་སྡོད་ཁང་གི་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི37.31ཟིན་ནས64.5%འཕར། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར13.29ཟིན་ནས82.3%འཕར་ཡོད། 

4_3 རྒྱལ་ནང་ཉོ་ཚོང་དང་ཚོང་འགུགས་མ་འདྲེན།

རྫོང་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར89.52ཟིན་ནས11.6%འཕར་བ་དང་ཟོག་གོང་གི་རྒྱུ་རྐྱེན་ཕུད་དོན་དངོས་ཐོག8.5%འཕར་ཡོད། ས་ཁུལ་དབྱེ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར71.62ཟིན་ནས10.1%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་འཚོང་བྱས་གྲངས་སྒོར་དུང་ཕྱུར17.9ཟིན་པས་བརྒྱ་ཆའི10.4འཕར་ཡོད།      ལོ་ཧྲིལ་པོར་ཚོང་འགུགས་གན་རྒྱའི་རྣམ་གྲངས11ལེགས་གྲུབ་བྱུང་ནས་མ་དངུལ་སྒོར་དུང་ཕྱུར26.2བཏང་ཡོད། ཅེའེ་ཝེའེ་ཐང་གི་ཞིང་ཞོར་ཐོན་རྫས་ལས་སྣོན་དང་། པད་གླིང་སྣོད་བཅུད་ཡུལ་སྐོར་གསར་སྤེལ། ཀྲའོ་ཝ20ཡི་ནགས་འོད་གསབ་རེས་ཁྱབ་ཚུལ་འོད་ཤུགས་གློག་འདོན། ཡུལ་ཚལ་རིག་གནས་ཐོན་ལས་གླིང་། ཧྲང་ཏ་དེང་རབས་ཞིང་ལས་ཐོན་ལས་གླིང་། ཅ་ཅ་ལེ་བཟའ་བཅའ་ཐོན་སྐྱེད། ཁྲེང་ཡོན་དངོས་མང་སྟོན་ཁང་། བསྲེས་ལྕགས་ཕྱེ་མ་དང་དེ་བཞིན་དྲོད་ཚད་མཐོ་བའི་བསྲེས་ལྕགས་ཐོན་སྐྱེད་སོགས་རྣམ་གྲངས་ཆེན་པོ་དང་རྣམ་གྲངས་ཡག་པོ་ཁག་གཅིག་ནང་འདྲེན་བྱས་པ་རེད། 

4_4 ནོར་སྲིད་དང་། དངུལ་རྩ། འགན་བཅོལ།    

རྫོང་དེ་ཡོངས་ཀྱི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར13.25ཟིན་ནས6.5%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་ཀྱིསGDPཡི་བསྡུར་ཚད་ནི5.06%ཟིན་ཡོད། མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཡོང་འབབ་བསྡོམས་འབོར་མི་རེར་སྒོར2068ཡོད། རྫོང་དེ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར7.56ཟིན་པ་དེས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་ནང་བཟུང་བའི་བསྡུར་ཚད57.1%ཟིན་པའི་ནང་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10.0ཟིན་ནས7.4%འཕར་ཡོད།      ལོ་མཇུག་ཏུ་རྫོང་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར175.71ཟིན་ནས15.3%འཕར། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར66.81ཟིན་ནས15.2%འཕར་ཡོད། རྫོང་དེ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་གྱི་བསྡུར་ཚད38%ཟིན་ཡོད། 

4_5 སློབ་གསོ་དང་ཚན་རིག་ལག་རྩལ་སྐོར།      

རྫོང་དེ་ཡོངས་ཀྱི་དམའ་རིམ་སློབ་འབྲིང་གི་སློབ་རིམ་འཕར་ཚད90.9%ཟིན་ཡོད། ལས་རིགས་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མའི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ་མང་དུ་འགྲོ་བཞིན་ཡོད། རྫོང་དེ་ཡོངས་ཀྱི་འབྲིང་རིམ་ལས་རིགས་སློབ་མ4265ཡོད་པ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ3985དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ24938ཡོད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཞུགས་བྱེད་ཚད89.8%ཟིན་ཡོད། རྫོང་དེ་ཡོངས་ཀྱི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ10ཡིན།      རྫོང་ཡོངས་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར19.16ཡོད་པ་དེསGDPཡི་བསྡུར་ཚད་ཀྱི7.3%བཟུང་ཡོད། རྫོང་དེ་ཡོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས30གསར་དུ་འཕར་ཡོད། ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྫོང་ཡོངས་ཀྱིས་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས(RYD)ཐད་མ་དངུལ་སྒོར་དུང་ཕྱུར3.29བཏང་ནས21.6%འཕར་ཡོད། 

4_6 རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་སྐོར།     

རྫོང་ཡོངས་སུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་སྣ་ཚོགས3དང་། རིག་གནས་ཁང1སྤྱི་པའི་དཔེ་མཛོད་ཁང1དངོས་མང་བཤམས་སྟོན་ཁང་དང་རྗེས་དྲན་ཁང2བཅས་ཡོད། རྫོང་ཡོངས་སུ་རླུང་འཕྲིན་ལས་ཁུངས1ཡོད་པ་དང་། རླབས་ཐུང་རླུང་འཕྲིན་ལས་ཁུངས་དང་བརྒྱུད་གཏོང་ལས་ཁུངས3དང་བརྙན་འཕྲིན་ལས་ཁུངས1ཡོད། ལོ་མཇུག་ཏུ་ཁྱོན་བསྡོམས་ཡིག་ཚགས་ཁང1ཡོད།      རྫོང་ཡོངས་སུ་རིམ་གཉིས་ཀ་བའི་སྨན་ཁང2དང་། མ་བུ་བདེ་སྲུང་སྨན་ཁང1ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས1བཅས་ཡོད་པ་རེད། ལོ་མཇུག་ཏུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཉལ་ཁྲི2690ཡོད་པ་དང་། མི་སྟོང་རེར་ཉལ་ཁྲི4.2རེ་ཡོད། ལོ5མན་གྱི་བྱིས་པའི་གསོན་ཚད་མི6319ཡིན། ལོ5མན་གྱི་བྱིས་པའི་ཤི་ཚད5.2‰ཡིན་པ་དེ་རྒྱལ་ཁབ་ཀྱི12‰ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་ལས་ལེགས་པ་ཡོད་པ་རེད།      རྫོང་ཡོངས་ཀྱི་སྤྱི་པའི་རིག་གནས་ལུས་རྩལ་སྒྲིག་བཀོད་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི158.46ཡོད་པའི་ནང་སྤྱི་པའི་རིག་གནས་སྒྲིག་བཀོད་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི52.95དང་སྤྱི་པའི་ལུས་རྩལ་སྒྲིག་བཀོད་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི105.51ཟིན་ཡོད། མི་རེའི་ཆ་སྙོམས་ཀྱི་སྤྱི་པའི་རིག་གནས་ལུས་རྩལ་སྒྲིག་བཀོད་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི2.47ཟིན་ནས་འབྱོར་འབྲིང་ཆུ་ཚད་དུ་སྔོན་དུ་སླེབས་ཡོད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རིག་གནས། འཕྲོད་བསྟེན། ལུས་རྩལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-30

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།