ཧིན་ཧྲན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧིན་ཧྲན་ཆུས།
ཧིན་ཧྲན་ཆུས་ནི་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་ལ། མའོ་ཝུའུ་སུའུ་བྱེ་ཐང་གི་ལྷོ་རྒྱུད་དང་། མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་འདབས་དང་། ཝུའུ་ཏིང་གཙང་པོའི་དབུས་རྒྱུད་བཅས་སུ་ཆགས་ཡོད། ནང་སོག་དང་ཧྲའན་ཞི་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། གནའ་བོའི་མིང་ལ་སའེ་པེ་མཐའ་མཚམས་ཞེས་བརྗོད། ཤར་གྱི་གཞུང་ཐིག108°56′41″~110°01′48″དང་བྱང་གི་འཕྲེད་ཐིག37°21′43″~38°14′53″བར་དུ་གནས། ཡུས་ལིན་གྲོང་ཁྱེར་དང་བར་ཐག་སྟོང་སྨི51ཡོད། ཞིང་ཆེན་ལྟེ་གནས་ཞི་ཨན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ517ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
横山区
ཕྱི་ཡིག་མིང་།
Hengshan District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
མི་གྲངས།
མི་ཁྲི38.18(སྤྱི་ལོ2017ལོའི་ཐེམ་ཐོའི་མི་གྲངས)
ཁོངས་གཏོགས་ས་ཁུལ།
ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར།
གཞི་ཁྱོན།
སྟོང་སྨི་གྲུ་བཞི་མ4333
མངའ་ཁོངས།
གྲོང་རྡལ13ཁྲོམ་གཞུང1དང་དོན་གཅོད་ཁང4རྒྱལ་གཉེར་ཞིང་ར1བཅས་ཡོད།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཡུས་ལིན་ཡུས་དབྱང་གནམ་གྲུ་ཐང་།
སྲིད་གཞུང་གནས་ཡུལ།
ཧིན་ཧྲན་སྲང་ལམ།
རླངས་འཁོར་ཚབ་ཨང་།
ཧྲའནK(陕K)
ས་ཁོངས་ཀྱི་ཁ་པར་ཨང་རྟགས།
0912
སྲིད་འཛིན་ཚབ་ཨང་།
610803
སྦྲག་སྲིད་ཨང་རྟགས།
719199
GDP
སྒོར་དུང་ཕྱུར154.46(སྤྱི་ལོ2017ལོ)
གནས་ཡུལ།
ཧྲའན་ཞི་ཞེང་ཆེན་གྱི་དབུས་ཁུལ།
1 ​ངོ་སྤྲོད།

ཧིན་ཧྲན་ཆུས་ནི་ཧྲའན་ཞི་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧྲའན་ཞི་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་ལ། མའོ་ཝུའུ་སུའུ་བྱེ་ཐང་གི་ལྷོ་རྒྱུད་དང་། མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་འདབས་དང་། ཝུའུ་ཏིང་གཙང་པོའི་དབུས་རྒྱུད་བཅས་སུ་ཆགས་ཡོད། ནང་སོག་དང་ཧྲའན་ཞི་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། གནའ་བོའི་མིང་ལ་སའེ་པེ་མཐའ་མཚམས་ཞེས་བརྗོད། ཤར་གྱི་གཞུང་ཐིག108°56′41″~110°01′48″དང་བྱང་གི་འཕྲེད་ཐིག37°21′43″~38°14′53″བར་དུ་གནས། ཡུས་ལིན་གྲོང་ཁྱེར་དང་བར་ཐག་སྟོང་སྨི51ཡོད། ཞིང་ཆེན་ལྟེ་གནས་ཞི་ཨན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ517ཡོད།

2 ས་མཚམས་དབྱེ་འབྱེད་ཀྱི་ད་ལྟའི་གནས་ཚུལ།

ཧིན་ཧྲན་ཆུས་ཀྱི་མངའ་ཁོངས་སུ་གྲོང་རྡལ13དང་། ཁྲོམ་གཞུང1དོན་གཅོད་ཁང4རྒྱལ་གཉེར་ཞིང་ར1བཅས་ཡོད། རེ་རེ་བཞིན་ཧེང་ཧྲན་ཁྲོམ་ལམ་དང་། ཧྲི་ཝན་གྲོང་རྡལ། ཀའོ་ཀྲེན་གྲོང་རྡལ། ཝུའུ་ཀྲེན་གྲོང་རྡལ། ཏང་ཁྲ་གྲོང་རྡལ། ཞང་ཧྲུའེ་གྲོང་རྡལ། པོ་ལུའོ་གྲོང་རྡལ། ཏེན་ཧྲི་གྲོང་རྡལ། ཐ་ཝན་གྲོང་རྡལ། ཀྲའོ་ཧྲི་པན་གྲོང་རྡལ། ཧན་ཁྲ་གྲོང་རྡལ། ཝེ་ཅ་ལོའུ་གྲོང་རྡལ། པའེ་ཅེ་གྲོང་རྡལ། ལེ་ལུང་ཝན་གྲོང་རྡལ། ནན་ཐ་དོན་གཅོད་ཁང་། ཨའེ་ཧའོ་ཧུའེ་དོན་གཅོད་ཁང་། ཧྲོང་ཁྲེང་དོན་གཅོད་ཁང་། ཧྲི་ཡའོ་ཀོའུ་དོན་གཅོད་ཁང་། ཧྲི་མ་ཝ་ཞིང་ར་བཅས་ཡིན།

3 མི་གྲངས།

སྤྱི་ལོ2011ལོའི་ལོ་མཇུག་ཏུ་ཧིན་ཧྲན་ཆུས་ཀྱི་སྤྱིའི་མི་འབོར་ཁྲི36.66ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི10.85ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད29.67%ཟིན་ཡོད། མི་འབོར་བསྡོམས་འབོར་ནང་སྐྱེས་པ་ཁྲི19.16ཡོད་པ་དེས52.3%བཟུང་ཡོད། བུད་མེད་ཁྲི17.50ཟིན་པ་དེས47.7%བཟུང་ཡོད། ལོ14མན་གྱི་མི་ཁྲི5.72ཡོད་པ་དེས15.6%བཟུང་ཡོད། ལོ15ནས64བར་གྱི་མི་ཁྲི26.65ཡོད་པ་དེས72.7%བཟུང་ཡོད། མི་ཁྲི65ཡན་ནས་ཁྲི4.29ཟིན་པ་དེས11.7%བཟུང་ཡོད། སྤྱི་ལོ2011ལོར། མི་འབོར་སྐྱེས་ཚད11.1སྟོང་ཆ་དང་། མི་འབོར་ཚེ་འདས་ཚད4.6སྟོང་ཆ། མི་འབོར་རང་ཤུགས་སུ་འཕར་ཚད6.5སྟོང་ཆ་བཅས་ཡིན། མི་འབོར་འདུས་ཚད་ནི་སྟོང་སྨི་གྲུ་བཞི་མ་རེར་མི85ཡོད།

སྤྱི་ལོ2014ལོའི་ལོ་མཇུག་ཏུ་ཆུས་ཡོངས་སུ་དུད་ཚང105332ཡོད་པ་དང་ལོ་མཇུག་ཏུ་ཐེམ་ཐོའི་མི་འབོར372016ཡོད་པའི་ནང་སྐྱེས་པའི་མི་འབོར194586ཡོད་པ་དེས་སྤྱིའི་མི་འབོར་གྱི52.31%བཟུང་བ་དང་བུད་མེད་མི་འབོར177430ཟིན་པ་དེས་སྤྱིའི་མི་འབོར་གྱི47.69%བཟུང་ཡོད། ལོ་དེར་སྐྱེས་པའི་མི་འབོར4043ཡོད་པ་དང་སྐྱེས་ཚད10.86%ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར1843དང་ཚེ་འདས་ཚད4.95%ཟིན་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆ5.46ཡིན། ཐེམ་ཐོའི་མི་འབོར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར169639ཡོད་པ་དེས་ཐེམ་ཐོའི་མི་འབོར་གྱི45.60%བཟུང་ཡོད།

སྤྱི་ལོ2014ལོའི་ལོ་མཇུག་ཏུ་ཆུས་ཡོངས་སུ་ཁྱོན་ཞིང་ལས་མིན་པའི་མི་འབོར34735ཡོད་པ་དེས་སྤྱིའི་མི་འབོར་གྱི9.34%བཟུང་ཡོད། སྤྱི་ལོ2014ལོའི་ལོ་མཇུག་ཏུ་ཆུས་ཡོངས་སུ་རྒྱུན་སྡོད་མི་འབོར་ཁྲི29.55ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར138058ཡོད་པ་དེས་རྒྱུན་སྡོད་མི་འབོར་གྱི46.72%ཟིན་པ་དང་། གནས་སྡོད་མི་འབོར6962ཟིན། གྲོང་གསེབ་ཀྱི་སྤྱིའི་མི་འབོར321050ཟིན་ཡོད།

4 དཔལ་འབྱོར།

སྤྱི་ལོ2014ལོར་ཆུས་ཡོངས་སུ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར136.09ཟིན་ནས་སྤྱི་ལོ2013ལོ་ལས9.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར14.19ཟིན་པ་དེ་སྤྱི་ལོ2013ལོ་ལས4.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར78.58ཟིན་པ་དེ་སྤྱི་ལོ2013ལོ་ལས9.7%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར43.32ཟིན་ནས་སྤྱི་ལོ2013ལོ་ལས9.8%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི10:58:32ཡིན། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར46281ཟིན་པ་དེ་དུས་མཚུངས་སུ10.5%འཕར་ཡོད།

སྤྱི་ལོ2014ལོར་ཆུས་ཡོངས་སུ་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར10.28ཟིན་པ་དེ་དུས་མཚུངས་སུ་སྤྱི་ལོ2013ལོར7.6%མར་ཆག་པ་དང་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར3418ཟིན་པ་དེ་དུས་མཚུངས་སུ་སྤྱི་ལོ2013ལོར9.5%མར་ཆག་ཡོད། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར3.78ཟིན་ནས་སྤྱི་ལོ2013ལོའི་དུས་མཚུངས་སུ14.9%མར་ཆག་ཡོད། ལོ་ཧྲིལ་པོར་ས་གནས་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར19.63བཏང་ནས་སྤྱི་ལོ2013ལོའི་དུས་མཚུངས་སུ8.0%མར་ཆག་པ་དང་ནོར་སྲིད་གཏོང་ཡོང་གི་ཧེ་བག་སྔར་བས་ཆེ་རུ་ཕྱིན། དེའི་ནང་ཞིང་ནགས་ཆུ་གསུམ་གྱི་འགྲོ་གྲོན་གཏོང་སྒོ་སྒོར་དུང་ཕྱུར3.4ཟིན་པ་དེ་སྤྱི་ལོ2013ལོ་ལས36.8%འཕར་བ་དེས་ནོར་སྲིད་གཏོང་སྒོའི་བསྡུར་ཚད་ཀྱི17.5%བཟུང་བ་དང་། སློབ་གསོའི་སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་སྒོར་དུང་ཕྱུར7.9ཟིན་པ་དེ་སྤྱི་ལོ2013ལོ་ལས127.9%འཕར་བ་དེས་ནོར་སྲིད་གཏོང་སྒོའི་བསྡུར་ཚད་ཀྱི40.4%བཟུང་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2014ལོར་ཆུས་ཡོངས་སུ་འབྲུ་རིགས་འདེབས་ཁྱོན་མུའུ938144ཟིན་པ་དེ་སྤྱི་ལོ2013ལོ་ལས0.74%འཕར་བ་དང་ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི15.8ཟིན་པ་དེ་དུས་མཚུངས་སུ3.3%འཕར་ནས“ལོ་བཅུ་གཅིག་བསྟུད་མར་ལོ་ལེགས་ཡོང་བ”མངོན་འགྱུར་བྱུང་ཡོད། ལྡུམ་རའི་རྒྱ་ཁྱོན་མུའུ74820ཟིན་པ་དེ་སྤྱི་ལོ2013ལོ་དང་གཞི་རྩའི་ཆ་ནས་མཉམ་པ་རེད། ཞིང་ལས་སྒྲིག་བཀོད་ཀྱི་ས་ཁྱོན་མུའུ4050ཟིན་པ་དེ་སྤྱི་ལོ2013ལོ་ལས4.7%འཕར་ཡོད། དེང་རབས་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་མུའུ16365ཟིན་པ་དེ་སྤྱི་ལོ2013ལོ་ལས3.3%འཕར་ཡོད། དེང་རབས་ཞིང་ལས་གླིང་ཁུལ་གྱི་རྒྱ་ཁྱོན་གྱིས0.9%བཟུང་བ་དེ་དུས་མཚུངས་སུ་སྤྱི་ལོ2013ལོར་བརྒྱ་ཆའི་གྲངས0.1མཐོ་རུ་ཕྱིན། གྲོང་གསེབ་ཀྱི་ལས་ཞུགས་མི་སྣ145860ཡོད། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཞིང་ལས་དཔེ་སྟོན་གླིང5གསར་སྐྲུན་བྱས་པ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང20ལ་རོགས་སྐྱོར་བྱས། ས་ཞིང་མུའུ་ཁྲི2.5འཁོར་རྒྱུག་ཚད་ལྡན་དུ་བཏང་ཡོད། གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བ་འབྲིང་ཆུང45དང་། ཚད་ལྡན་ཅན་གྱི་གཞི་ཁྱོན་ལྡན་པའི་གསོ་ཚགས་ར་བ20ཡོད། ཕྱུགས་རིགས་ཆེ་གྲས་གསོ་ཚགས་བྱེད་ཚད་ཁྲི3.4ཟིན་པ་དེ་སྤྱི་ལོ2013ལོ་ལས14.8%འཕར་ཡོད། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན19621ཟིན་པ་དེ་དུས་མཚུངས་སུ2.0%མར་ཆག་ཡོད། འོ་མའི་ཐོན་ཚད་ཏུན1002ཟིན་པ་དེ་དུས་མཚུངས་སུ་61.5%མར་ཆག་ཡོད། ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི10.5ཟིན་པ་དེ་དུས་མཚུངས་སུ0.9%མར་ཆག་ཡོད། ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི206.8ཟིན་པ་དང་ནགས་ཚལ་ཁྱབ་ཚད32.1%ཟིན། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར24.66ཟིན་པ་དེ་སྤྱི་ལོ2013ལོ་ལས4.6%འཕར་ཡོད། དེའི་ནང་འདེབས་འཛུགས་ལས་རིགས་ལ་སྒོར་དུང་ཕྱུར10.39བཏང་བ་དེ་སྤྱི་ལོ2013ལོ་ལས5.9%འཕར་བ་དང་། ནགས་ལས་སྒོར་དུང་ཕྱུར0.53བཏང་བ་དེ་སྤྱི་ལོ2013ལོ་ལས8.0%མར་ཆག་ཡོད། འབྲོག་ལས་ལ་སྒོར་དུང་ཕྱུར12.81ཟིན་པ་དེ་སྤྱི་ལོ2013ལོ་ལས3.9%འཕར་ཡོད། ཉ་ལས་ཐད་སྒོར་དུང་ཕྱུར0.21ཟིན་པ་དེ་སྤྱི་ལོ2013ལོ་ལས43.6%འཕར་ཡོད། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཞབས་ཞུའི་ལས་རིགས་ལ་སྒོར་དུང་ཕྱུར0.72བཏང་བ་དེ་སྤྱི་ལོ2013ལོ་ལས0.5%མར་ཆག་ཡོད། ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར14.19ཟིན་པ་དེ་སྤྱི་ལོ2013ལོ་ལས4.7%འཕར་ཡོད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2014ལོར་ཆུས་ཡོངས་སུ་མ་བཅོས་རྡོ་སོལ་ཏུན་ཁྲི816དང་། མ་བཅོས་རྡོ་སྣུམ་ཏུན་ཁྲི18.1རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར30.1ཨར་འདམ་ཏུན་ཁྲི70.3བཅས་ཐོན་སྐྱེད་བྱས་ནས་ཆན་ཝ་ཆུ་ཚོད་དུང་ཕྱུར51གློག་འདོན་བྱས་ཡོད། ཆུས་ཡོངས་སུ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར113.48ཟིན་པ་དེ་སྤྱི་ལོ2013ལོ་ལས10.8%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར110.64ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2013ལོ་ལས23.5%འཕར་བ་དང་། གཞི་ཁྱོན་མན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.84ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2013ལོ་ལས0.8%འཕར་ཡོད། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར75.21ཟིན་པ་དེ་སྤྱི་ལོ2013ལོ་ལས9.6%འཕར་བ་དེས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད55.3%བཟུང་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར72.60ཟིན་པ་དེ་སྤྱི་ལོ2013ལོ་ལས9.8%འཕར་ཡོད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2014ལོར་ཆུས་ཡོངས་སུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར30.29ཟིན་པ་དེ་སྤྱི་ལོ2013ལོ་ལས11.1%འཕར་བ་དང་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེར་ཆ་སྙོམས་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར10302ཟིན་པ་དེ་སྤྱི་ལོ2013ལོ་ལས10.0%འཕར་ཡོད། དེའི་ནང་ཚོང་ཟོག་སིལ་ཚོང་ལས་རིགས་ལ་སྒོར་དུང་ཕྱུར29.89ཟིན་པ་དེ་སྤྱི་ལོ2013ལོ་ལས11.1%འཕར་བ་དང་། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར0.40ཟིན་པ་དེ་སྤྱི་ལོ2013ལོ་ལས11.2%འཕར་ཡོད། རླངས་འཁོར23633བཙོངས་པ་དེ་སྤྱི་ལོ2013ལོ་ལས12.0%འཕར་བ་དང་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར28.31ཟིན་པ་དེ་སྤྱི་ལོ2013ལོ་ལས11.1%འཕར་བ་དེས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི93.5%བཟུང་ཡོད།

སྤྱི་ལོ2014ལོར་ཆུས་ཡོངས་ཀྱི་དངུལ་ཁང་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར68.19ཟིན་པ་དེ་སྤྱི་ལོ2013ལོ་ལས9.5%འཕར་ཡོད། དེའི་ནང་བཅོལ་དངུལ་སྒོར་དུང་ཕྱུར40.50ཟིན་པ་དེ་སྤྱི་ལོ2013ལོ་ལས34.1%འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར43.79ཟིན་པ་དེ་སྤྱི་ལོ2013ལོ་ལས5.7%འཕར་ཡོད། དེའི་ནང་དུས་ཐུང་དངུལ་བུན་སྒོར་དུང་ཕྱུར27.93བཏང་བ་དེ་སྤྱི་ལོ2013ལོ་ལས9.3%མར་ཆག་པ་དང་། དུས་ཡུན་འབྲིང་རིང་གི་དངུལ་བུན་སྒོར་དུང་ཕྱུར15.86བཏང་ནས་སྤྱི་ལོ2013ལོ་ལས49.5%འཕར་ཡོད།

སྤྱི་ལོ2014ལོར་སྐྱེལ་འདྲེན་རང་བཞིན་གྱི་གཞུང་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི127.22ཟིན་པ་དང་། འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི14889.19ཟིན། སྐྱེལ་འདྲེན་རང་བཞིན་གྱི་གཞུང་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི279.35ཟིན། ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི93896.81བཅས་ཟིན་ཡོད།

སྤྱི་ལོ2014ལོར་སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་ཁྲི866ཟིན་པ་དེ་སྤྱི་ལོ2013ལོ་ལས7.7%འཕར་ཡོད། སྦྲག་ལམ་གྱི་སྤྱིའི་དོན་ཚན58དང་སྤྱིའི་རིང་ཚད་སྤྱི་ལེ3982ཟིན་པའི་ནང་གཞི་རིམ་སྦྲག་ལམ་སྤྱི་ལེ452584ཡོད། རྫོང་གྲོང་གི་སྦྲག་ལམ6ལ་སྤྱི་ལེ316ཡོད། ཨུ་ལྷན་གྱིས་སྦྲག་ལམ7ལ་སྤྱི་ལེ1082ཚབ་གཉེར་བྱས་ཡོད། གློག་འཕྲིན་ལས་སྒོའི་བསྡོམས་འབོར་སྒོར་ཁྲི3432ཟིན་པ་དེ་དུས་མཚུངས་སུ་སྤྱི་ལོ2013ལོར2.9%མར་ཆག་ཡོད། ཆུས་ཡོངས་ཀྱི་གཏན་འཇགས་ཁ་པར་སྤྱོད་མཁན15000ལྷག་ཙམ་དང་། དྲ་ཆེན་སྤྱོད་མཁན་དུད་ཚང9000ལྷག་ཙམ། ལས་གཉེར་དྲ་ཚིགས41བཅས་ཡོད།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་གནང་།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧྲའན་ཞི། ཧིན་ཧྲན་ཆུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-26

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།