ཧའེ་ཚང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧའེ་ཚང་ཆུས།
ཧའེ་ཚང་ཆུས(གནའ་དུས་ཀྲང་ཀྲོའུ་སྒར་ཧའེ་ཁྲེང་རྫོང་དང་ཆོན་ཀྲོའུ་སྒར་ཐུང་ཨན་རྫོང་གི་ཁོངས་སུ་གཏོགས)ནི་ཞ་མོན་གྲོང་ཁྱེར་གྱི་ཆུས་དྲུག་གི་ཡ་གྱལ་ཞིག་ཡིན་པ་དང་། ཧའེ་ཚང་ཆུས་ཀྱི་མངའ་ཁོངས་ཧྲིལ་པོ་ཧའེ་ཚང་ཕྱེད་གླིང་དུ་གནས་པ་དང་ཞ་མོན་གླིང་ཕྲན་གྱི་ནུབ་ངོས་སུ་ཡོད། ལྷོ་ནས་ཅོའུ་ལུང་ཅང་མཚོ་ཁར་སྦྲེལ་ལ། ནུབ་ཏུ་ཀྲང་ཀྲོའུ་ཐའེ་ཝན་ཚོང་པའི་མ་འཇོག་ཁུལ་དང་ས་མཚམས་དང་འབྲེལ། བྱང་དུ་ཅི་མེ་ཕྱེད་གླིང་ལ་ཐུག དེ་དག་དང་ཧྥུའུ་ཅན་ལྷོ་རྒྱུད་ཀྱི་ཐོ་ཧའེ་ཚོང་དོན་གྱི་གྲུ་ཁ་གལ་ཆེན་བཅས་ནི་ཀྲུང་གོའི་སྐམ་ས་ཆེན་མོའི་རྒྱལ་ཁབ་རིམ་པའི་ཐའེ་ཝན་ཚོང་པའི་མ་འཇོག་ཁུལ་གཙོ་བོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海沧区
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ186.46
ཕྱི་ཡིག་གི་མིང་།
Haicang District
མི་གྲངས།
ཁྲི37.5(སྤྱི་ལོ2018ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
ཚ་ཁུལ་དཀྱུས་མའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཀྲུང་གོ་ཧྭ་ཏུང་།
རླངས་འཁོར་ཚབ་ཨང་།
闽D
སྦྲག་ཨང་།
0592
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
350205
1 ངོ་སྤྲོད།

ཧའེ་ཚང་ཆུས(གནའ་དུས་ཀྲང་ཀྲོའུ་སྒར་ཧའེ་ཁྲེང་རྫོང་དང་ཆོན་ཀྲོའུ་སྒར་ཐུང་ཨན་རྫོང་གི་ཁོངས་སུ་གཏོགས)ནི་ཞ་མོན་གྲོང་ཁྱེར་གྱི་ཆུས་དྲུག་གི་ཡ་གྱལ་ཞིག་ཡིན་པ་དང་། ཧའེ་ཚང་ཆུས་ཀྱི་མངའ་ཁོངས་ཧྲིལ་པོ་ཧའེ་ཚང་ཕྱེད་གླིང་དུ་གནས་པ་དང་ཞ་མོན་གླིང་ཕྲན་གྱི་ནུབ་ངོས་སུ་ཡོད། ལྷོ་ནས་ཅོའུ་ལུང་ཅང་མཚོ་ཁར་སྦྲེལ་ལ། ནུབ་ཏུ་ཀྲང་ཀྲོའུ་ཐའེ་ཝན་ཚོང་པའི་མ་འཇོག་ཁུལ་དང་ས་མཚམས་དང་འབྲེལ། བྱང་དུ་ཅི་མེ་ཕྱེད་གླིང་ལ་ཐུག  དེ་དག་དང་ཧྥུའུ་ཅན་ལྷོ་རྒྱུད་ཀྱི་ཐོ་ཧའེ་ཚོང་དོན་གྱི་གྲུ་ཁ་གལ་ཆེན་བཅས་ནི་ཀྲུང་གོའི་སྐམ་ས་ཆེན་མོའི་རྒྱལ་ཁབ་རིམ་པའི་ཐའེ་ཝན་ཚོང་པའི་མ་འཇོག་ཁུལ་གཙོ་བོ་ཞིག་ཡིན། སྤྱི་ལོ2017ལོའི་ཟླ12པར་ཀྲུང་གོའི་བཟོ་ལས་ཕུལ་བྱུང་ཅན་བརྒྱའི་རྫོང་ཁུལ་དུ་བདམས་ཐོན་བྱུང་བ་དང་། སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་བཟོ་ལས་སྟོབས་ཆེན་བརྒྱའི་ཆུས་སུ་བདམས་པ་རེད།

སྤྱི་ལོ2018ལོར་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར676.11ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས7.7%ལ་འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.60ཟིན་པ་དེ་དུས་མཚུངས་སུ4.1%ལ་ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར412.35ཟིན་པ་དེ་དུས་མཚུངས་སུ8.7%་ལའཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར262.16ཟིན་པ་དེ་དུས་མཚུངས་སུ6.1%ལའཕར་ཡོད།

སྤྱི་ལོ2019ལོའི་ཟླ12པར་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ལས་ཁུངས་སུ་གྱུར་ཡོད།

2 འཛུགས་སྐྲུན་བརྒྱུད་རིམ།

སྤྱི་ལོ2003ལོའི་ཟླ4པའི་ཚེས26ཉིན་ནས་བཟུང་། སྔོན་གྱི་ཁམ་སྡོང་ནགས་ཁུལ་གྱི་ཁམ་སྡོང་སྲང་ལམ་དོན་གཅོད་ཁང་ངམ་ཁམ་སྡོང་གྲོང་རྡལ་དེ་ཞ་མོན་གྲོང་ཁྱེར་ཅི་མེ་ཆུས་ཀྱི་མངའ་འོག་ཏུ་བཅུག དེ་དང་ཆབས་ཅིག་ཁམ་སྡོང་ནགས་ཁུལ་དེ་ཧེ་ཚང་ཆུས་སུ་མིང་བསྒྱུར་བ་དང་ཆུས་མི་དམངས་སྲིད་གཞུང་གི་གནས་ཡུལ་ཁམ་སྡོང་ལྷོ་ལམ་གྱི་ཨང29པ་ནས་ཧའེ་ཚང་གྲོང་རྡལ་དུ་སྤོས་པ་རེད། ཧའེ་ཚང་ཆུས་ནི་ཞ་མོན་གྲོང་ཁྱེར་གྱི་ཉེ་འཁོར་ཞིག་ཡིན་པ་དང་ཞ་མོན་གླིང་ཕྲན་དང་མ་ཆི་ཝན་ནི་པེ་ཞིན་ལིན་སྲང་ལམ། ཞིན་ལིན་གྲོང་རྡལ་བཅས་ཅི་མེ་ཆུས་ཀྱི་ཁོངས་སུ་གཏོགས། ཧེ་ཚང་ཆུས་ཀྱི་ཁོངས་སུ་མ་ཆི་ཝན་ལྷོ་ཕྱོགས་ཀྱི་ས་ཁོངས་དང་ཧའེ་ཧྥང་གྲོང་རྡལ། ཏུང་ཧྥུ་གྲོང་རྡལ། ཞ་མོན་གྲོང་ཁྱེར་གྱི་ཞིང་ར་དང་པོ། ཐེན་ཀྲུའུ་ཧྲན་ནགས་ར། ཧའེ་ཚང་ཞིང་ར་བཅས་ཡོད། ཁྱོན་བསྡོམས་གྲོང་མི་ཨུ་ཡོན་ལྷན་ཁང28དང་སྡོད་དམངས་ཨུ་ཡོན་ལྷན་ཁང2ཡོད།     སྤྱི་ལོ2003ལོའི་ལོ་མཇུག་ཏུ་གྲོང་མི་ཨུ་ལྷན་གྱིས་སྡེ་ཁུལ་གྱི་ལམ་ལུགས་སྒྱུར་བཅོས་བྱས་པ་དང་གྲོང་ཚོ་སྡེ་ཁུལ་དུ་བསྒྱུར་ཡོད།     སྤྱི་ལོ2005ལོར་ཧའེ་ཚང་གྲོང་རྡལ་གྱི་མངའ་ཁོངས་སུ་ཏུང་ཧྥུ་གྲོང་རྡལ་དང་། ཞིང་ར3  སྡེ་ཁུལ2དང་གྲོང་མི་ཨུ་ཡོན་ལྷན་ཁང28བཅས་ཡོད།     སྤྱི་ལོ2006ལོའི་ཟླ1པོར་ཧའེ་ཚང་གྲོང་རྡལ་དབྱེ་ན། ཧའེ་ཚང་ཁྲོམ་གཞུང(ཁོངས་གཏོགས་སུ་སྡེ་ཁུལ5དང་གྲོང་ཚོ་ཨུ་ལྷན10)དང་། ཞིན་དབྱང་ཁྲོམ་གཞུང(ཁོངས་གཏོགས་སྡེ་ཁུལ2དང་གྲོང་ཚོ་1)བཅས་སུ་དབྱེ་ཡོད། དེའི་ཁོངས་སུ་སྲང་ལམ2དང་གྲོང་རྡལ1ཡོད་པ་དང་། སྡེ་ཁུལ7དང་གྲོང་མི་ཨུ་ཡོན་ལྷན་ཁང23བཅས་ཡོད།    སྤྱི་ལོ2008ལོར་ཧའེ་ཚང་ཆུས་ཀྱི་མངའ་འོག་ཏུ་ཧའེ་ཚང་ཁྲོམ་གཞུང(ཁོངས་སུ་སྡེ་ཁུལ7དང་གྲོང་ཚོ་ཨུ་ལྷན10)དང་། ཞིན་དབྱང་ཁྲོམ་གཞུང(ཁོངས་སུ་སྡེ་ཁུལ3དང་གྲོང་ཚོ་ཨུ་ལྷན1)ཏུང་ཧྥུའུ་གྲོང་བརྡལ(ཁོངས་སུ་གྲོང་ཚོ་ཨུ་ལྷན12ཡོད)ཞིང་ར་དང་པོ། ཧའེ་ཧྥང་ཞིང་ར། ཐེན་ཀྲུའུ་ཧྲན་ནགས་ར། ཞིན་དབྱང་བཟོ་ལས་ཁུལ། ཕྱིར་གཏོང་ལས་སྣོན་ཁུལ་བཅས་ཡོད།     སྤྱི་ལོ2010ལོར་ཧའེ་ཚང་ཁྲོམ་གཞུང་དང་ཤིན་དབྱང་ཁྲོམ་གཞུང་སྟེ་ཁྲོམ་གཞུང2དང་ཏུང་ཧྥུའུ་གྲོང་རྡལ་ཏེ་གྲོང་རྡལ1ཡོད་པ་དེས་སྡེ་ཁུལ12ཀྱི་གྲོང་ལྷན་དང་གྲོང་ཚོ་ཨུ་ལྷན23ལ་སྣེ་འཁྲིད་བཞིན་ཡོད།     སྤྱི་ལོ2015ལོའི་ཟླ་དང་པོར་ཞ་མོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཆན་འགོད་བཀའ་ལན་གནང་ནས་ཧའེ་ཚང་ཁྲོམ་གཞུང་བཤིག་ནས་ཧའེ་ཚང་ཁྲོམ་གཞུང་དང་དབྱི་ཡུས་ཁྲོམ་གཞུང་གཉིས་སུ་དབྱེ་རྒྱུའི་མོས་མཐུན་བྱས་པ་རེད། ལེགས་སྒྲིག་བྱས་རྗེས་ཧའེ་ཚང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཁྲོམ་གཞུང་གསར་པ་ཨང29པར་བཅའ་སྡོད་བྱས་པ་དང་དེའི་གཤམ་འོག་ཏུ་ཧའེ་ཚང་དང་། ཝུན་ཧྥང་། ཧའེ་ཤིན་བཅས་སྡེ་ཁུལ་གྲོང་ལྷན་གསུམ་དང་། ཆིང་ཅའོ་དང་། ཅའོ་ཡའོ། ཅིང་ལི། ཧོའུ་ཅིན། ཚེ་མེ་བཅས་གྲོང་ཚོ་ཨུ་ལྷན5  ད་དུང་ཀུའུ་ལོའུ་ཞིང་ར་དང་ཧའེ་ཚང་ཞིང་ར་བཅས་ཡོད་པ་རེད། དབྱི་ཡུས་ཁྲོམ་གཞུང་དོན་གཅོད་ཁྲུའུ་པིན་ཧུའུ་པེའི་ལམ་གཉིས་པའི་པིན་ཧུའུ་ཐོག་བརྩེགས་ཁང་ཆེན་དང་པོར་བཅའ་སྡོད་བྱས་པ་དེའི་གཤམ་འོག་ཏུ་ཨའོ་ཀོན་དང་། ཏུང་ཡུས། ཀྲུང་ཧྲན། ཧའེ་ཧྥ། ཧའེ་ཏ། ཧའེ་ཞང་། ཧའེ་ཧུང་། མཚོ་ཁ། བྱང་གི་ཞོར་གཏོགས་སློབ་ཆུང་བཅས་སྡེ་ཁུལ་གྲོང་ལྷན9དང་ཧྲི་ཐང་དང་ཀྲེན་ཨན་ཏེ་གྲོང་ཚོ་ཨུ་ལྷན2ཡོད།     སྤྱི་ལོ2015ལོའི་ཟླ3པའི་ཚེས6ཉིན་ནས་བཟུང་ཞ་མོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུས་ནས་ཧའེ་ཚང་ཆུས་ཀྱི་ཏུང་ཧྥུའུ་གྲོང་རྡལ་མེད་པར་བཟོས་ནས་ཏུང་ཧྥུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་འཛུགས་རྒྱུར་མོས་མཐུན་བྱས་པ་རེད།     སྤྱི་ལོ2015ལོའི་ཟླ3པའི་ཚེས10ཉིན་ནས་བཟུང་ཞ་མོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་ཧའེ་ཚང་ཆུས་ཏུང་ཧྥུའུ་གྲོང་རྡལ་མེད་པ་བཟོས་ནས་ཏུང་ཧྥུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་ཏེ་དེ་སྔའི་ཏུང་ཧྥུའུ་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ཏུང་ཧྥུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་སྲིད་འཛིན་ས་ཁོངས་དེ་ཏུང་ཧྥུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་སྲིད་འཛིན་ས་ཁོངས་སུ་བརྩི་རྒྱུར་མོས་མཐུན་བྱས་པ་རེད། དེ་ནས་བཟུང་ཧའེ་ཚང་ཆུས་ཀྱི་ཁོངས་གཏོགས་ཆུས་དེ་ཧའེ་ཚང་ཁྲོམ་གཞུང་དང་། ཤིན་དབྱང་ཁྲོམ་གཞུང་། ཏུང་ཧྥུའུ་ཁྲོམ་གཞུང་། དབྱི་ཡུས་ཁྲོམ་གཞུང་བཅས་ཁྲོམ་གཞུང་བཞི་ལས་གྲུབ་པ་ལས་ཤང་དང་གྲོང་རྡལ་མེད་པས།  ད་ལྟ་གླིང་ཕྲན་ཕྱི་རོལ་གྱི་ཤང་དང་གྲོང་རྡལ་མེད་པའི་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྱུར་ཡོད།

3 སྲིད་འཛིན་བགོས་ཁོངས།

ཧའེ་ཚང་ཆུས་ཁོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ4ཡོད་པ་སྟེ། ཧའེ་ཚང་ཁྲོམ་གཞུང་དང་། ཤིན་དབྱང་ཁྲོམ་གཞུང་། ཏུང་ཧྥུའུ་ཁྲོམ་གཞུང་། དབྱི་ཡུས་ཁྲོམ་གཞུང་བཅས་དང་། ཞིང་ར་དང་པོ། ཧའེ་ཚང་ཞིང་ར། ཐེན་ཀྲུའུ་ཧྲན་ནགས་ར། ཤིན་དབྱང་བཟོ་ལས་ཁུལ། ཕྱིར་གཏོང་ལས་སྣོན་ཁུལ་བཅས་ཀྱང་ཡོད་པ་རེད།

ཧེ་ཚང་ཁྲོམ་གཞུང་གི་མངའ་འོག་ཏུ།  ཧའེ་ཚང་སྡེ་ཁུལ་དང་། ཝུན་ཧྥང་སྡེ་ཁུལ། ཧའེ་ཞིང་སྡེ་ཁུལ། ཆིང་ཀྲོའུ་གྲོང་ཚོ། ཅའོ་ཡའོ་གྲོང་ཚོ། ཅིན་ལི་གྲོང་ཚོ། ཧོའུ་ཅིང་གྲོང་ཚོ། ཙི་མེ་གྲོང་ཚོ། ཀུའུ་ལོའུ་ཞིང་ར། ཧའེ་ཚང་ཞིང་ར་བཅས་ཡོད།     ཤིན་དབྱང་ཁྲོམ་གཞུང་གི་མངའ་འོག་ཏུ།  ཞ་དབྱང་སྡེ་ཁུལ་དང་། ཞང་ལུའུ་སྡེ་ཁུལ། ཤེན་ཝང་སྡེ་ཁུལ། ཞིན་དབྱི་གྲོང་ཚོ་བཅས་ཡོད།    ཏུང་ཧྥུའུ་ཁྲོམ་གཞུང་གི་མངའ་འོག་ཏུ། ཐེན་ཀྲུའུ་སྡེ་ཁུལ་དང་། ཀོ་ཕི་སྡེ་ཁུལ། ཏུང་ཕུའུ་སྡེ་ཁུལ། ཧྲན་པེན་སྡེ་ཁུལ། ཀྲའེ་ཧོའུ་སྡེ་ཁུལ། ཏུང་ཡའོ་གྲོང་ཚོ། ཏིན་མེ་གྲོང་ཚོ། ཧོ་ཁོ་གྲོང་ཚོ། ཡུན་ཝེ་གྲོང་ཚོ། ཧྥེང་ཧྲན་གྲོང་ཚོ། ཀྲེན་ཏའེ་གྲོང་ཚོ། ལེན་ཧྭ་གྲོང་ཚོ། ཧུང་ཐང་གྲོང་ཚོ་བཅས་ཡོད།     དབྱི་ཡུས་ཁྲོམ་གཞུང་གི་མངའ་འོག་ཏུ།  ཨའོ་ཀོན་སྡེ་ཁུལ། ཏུང་ཡུས་སྡེ་ཁུལ། ཀྲུང་ཧྲན་སྡེ་ཁུལ། ཧའེ་ཧྥ་སྡེ་ཁུལ། ཧའེ་ཏ་སྡེ་ཁུལ། ཧའེ་ཞང་སྡེ་ཁུལ། ཧའེ་ཧུང་སྡེ་ཁུལ། ཧེ་ཨན་སྡེ་ཁུལ། པེ་ཧྥུའུ་སྡེ་ཁུལ། ཧྲི་ཐང་གྲོང་ཚོ། ཀྲེན་ཨན་གྲོང་ཚོ་བཅས་ཡོད། 

4 ས་བབ།

ཧེ་ཚང་ཆུས་ནི་ཤར་གྱི་གཞུང་ཐིག117°52′51″~118°04′17″དང་། བྱང་གི་འཕྲེད་ཐིག24°25′18″~24°38′50″བཅས་སུ་གནས་ཡོད།

ལྷོ་རྒྱུད་དང་ཨེ་ཤེ་ཡའི་ཚ་ཁུལ་གྱི་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། དགུན་དུས་གྲང་ངར་མེད་པ་དང་། དབྱར་དུས་ཚ་གདུག་མེད་པ། ལོ་རེའི་ཆ་སྙོམས་དྲོད་ཚད20.9℃ཡིན་པ། ཟླ་དང་པོའི་ཆ་སྙོམས་དྲོད་ཚད12.4℃ཡིན་པ། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད28℃ཡིན་པ་བཅས་རེད། དྲོད་ཚད་ལོ་དང་ཉིན་གྱི་ཧེ་བག་ཆུང་། ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་ཧྲེང1187.4ཟིན་ཡོད། ཟ་7པ་ནས་ཟླ9བའི་བར་ནི་རྒྱ་མཚོའི་རླུང་འཚུབ་ཀྱི་དུས་ཚིགས་ཡིན། ཆར་བ་འབབ་རྒྱུ་དེ་ལོ་རེའི་ཟླ5བ་ནས་ཟླ9བའི་བར་ཡིན། དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ2ཡིན་པ་དང་དྲོད་ཚད་མཐོ་ཤོས38.5℃ཡིན་པ། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2233.5ཟིན་པ། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1143.5ཟིན་གྱི་ཡོད་པ་བཅས་སོ།།

5 མི་རིགས་དང་མི་འབོར།

སྤྱི་ལོ2004ལོར་སྤྱིའི་མི་འབོར142966ཡོད་པའི་ནང་ཐེམ་ཐོའི་མི་འབོར93855དང་ཕྱོགས་མི49111ཡོད།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི34.49ཟིན་པའི་ནང་རྒྱུན་སྡོད་མི་གྲངས་ཁྲི13.70དང་། ཕྱོགས་མི་ཁྲི20.79ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་44.16%ཟིན་པ། མི་འབོར་བསྡོམས་འབོར་ནང་སྐྱེས་པ་ཁྲི18.31ཡོད་པ་དེས53.09%བཟུང་བ་དང་བུད་མེད་ཁྲི16.18ཡོད་པ་དེས46.91%བཟུང་ཡོད། ལོ14མན་གྱི་མི་ཁྲི3.76གིས་10.90%བཟུང་བ་དང་ལོ15ནས64བར་གྱི་མི་ཁྲི29.70ཟིན་པ་དེས86.11%བཟུང་བ། ལོ65ཡན་གྱི་མི་ཁྲི1.03ཟིན་པ་དེས2.99%བཟུང་ཡོད།

སྤྱི་ལོ2012ལོར་མི་འབོར་སྐྱེད་ཚད་བརྒྱ་ཆ15.68དང་། མི་འབོར་ཤི་ཚད་བརྒྱ་ཆ4.13དང་། རང་བྱུང་འཕར་ཚད་བརྒྱ་ཆ11.55བཅས་ཡིན།     མི་གྲངས་བསྡོམས་འབོར་ནང་རྒྱ་རིགས་ཀྱིས་གཙོ་བོ་དང་གཞན་ཡང་ཐུའུ་ཅ་རིགས་དང་། མིའོ་རིགས། ཧྲེ་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཏུང་རིགས། དབྱིས་རིགས་སོགས་མི་རིགས44ཡོད་པ་དང་། སྤྱི་ལོ2012ལོར་མི་གྲངས900ལས་བརྒལ་བའི་མི་རིགས་སུ་ཐུའུ་ཅ་རིགས་དང་། མིའོ་རིགས། ཧྲེ་རིགས། ཀྲོང་རིགས། པུའུ་དབྱི་རིགས་སོགས་མི་རིགས་5ཡོད་པའི་ནང་ཐུའུ་ཅ་རིགས་ལ2922ཡོད་པ་དེས་གྲངས་ཉུང་མི་རིགས་མི་འབོར་གྱི22.4%བཟུང་ཡོད། མིའོ་རིགས་ལ2234ཡོད་པ་དེས17.1%བཟུང་བ་དང་། ཧྲེ་རིགས་ལ1483ཡོད་པ་དེས11.4%བཟུང་ཡོད། ཀྲོང་རིགས1404ཡོད་པ་དེས10.8%བཟུང་བ་དང་། པུའུ་དབྱི་རིགས་944ཡོད་པ་དེས7.2%བཟུང་ཡོད།     སྤྱི་ལོ2018ལོར་ཆུས་ཡོངས་སུ་རྒྱུན་སྡོད་མི་འབོར་ཁྲི37.5ཡོད་པ་དང་། སྐྱེས་ཚད19.5%ཤི་ཚད2.2%  མི་འབོར་རང་ཤུགས་སུ་འཕར་ཚད17.3%   གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་ཀྱིས91.1%ཟིན་ཡོད།

6 དཔལ་འབྱོར།

ཧའེ་ཚང་ཆུས་ནི་ཞ་མོན་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ཆེ་ཤོས་ཀྱི་ཆུས་ཤིག་ཡིན་ཞིང་། གློག་རྡུལ་དང་། འཕྲུལ་ཆས། སྐྱེ་དངོས་བཅས་སྨན་གྱིས་གཙོ་ཁྲིད་བྱེད་པའི་ཐོན་ལས་ཤིག་ཡིན་ལ་ཐའེ་ཝན་གྱི་མ་རྩས་གཙོ་བོ་བྱེད་ཀྱི་ཡོད།  ཧའེ་ཚང་གི་ཁྲལ་སྲུང་གྲུ་ཁ་ནི་རྒྱལ་ཡོངས་ཀྱི་ཁྲལ་སྲུང་གྲུ་ཁ་བདུན་པ་ཡིན་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9.5ཡོད།

7 ཞིང་ལས་དཔལ་འབྱོར།

སྤྱི་ལོ2004ལོར་ཆུས་ཡོངས་ཀྱི་ལོ་ཏོག་བཏབས་ཚད་ཀྱིས་ཁྱོན་སྤྱི་ཆིང839.1ཟིན་པའི་ནང་ཆུ་འབྲས་སྤྱི་ཆིང393.06དང་། ཞོག་མངར་སྤྱི་ཆིང170.6སྲན་ཆེན་སོགས་སྲན་རིགས་སྤྱི་ཆིང131བཅས་ཡོད་པ་རེད།

སྤྱི་ལོ2005ལོར་ཆུས་ཡོངས་ཀྱི་ལོ་ཏོག་བཏབས་ཚད་ཀྱིས་ཁྱོན་སྤྱི་ཆིང689.6ཟིན་པ་དེ་སྤྱི་ལོ2004ལོ་ལས17.82%ཀྱིས་ཉུང་དུ་ཕྱིན་པ་དང་། དེའི་ནང་ཆུ་འབྲས་སྤྱི་ཆིང413དང་། ཞོག་ཁོག་མངར་མོ་སྤྱི་ཆིང165.26   སྲན་ཆེན་སོགས་སྲན་རིགས་སྤྱི་ཆིང110.27བཅས་ཡོད་པ་རེད།     སྤྱི་ལོ2006ལོར་ཆུས་ཡོངས་ཀྱི་ལོ་ཏོག་བཏབས་ཚད་ཀྱིས་ཁྱོན་སྤྱི་ཆིང627.53ཟིན་པ་དེ་སྤྱི་ལོ2005ལོ་ལས9.89%མར་ཆག་པ་དང་། དེའི་ནང་ཆུ་འབྲས་སྤྱི་ཆིང390.67དང་། ཞོག་ཁོག་མངར་མོ་སྤྱི་ཆིང126.73  སྲན་ཆེན་སོགས་སྲན་རིགས་སྤྱི་ཆིང106.87བཅས་ཡོད་པ་རེད། སྤྱི་ལོ2007ལོར་ལོ་ཏོག་བཏབས་ཚད་ཀྱིས་ཁྱོན་སྤྱི་ཆིང252.6ཟིན་པ་དེ་སྤྱི་ལོ2006ལོ་ལས59.7%མར་ཆག་པ་དང་། དེའི་ནང་ཆུ་འབྲས་སྤྱི་ཆིང188.87དང་། ཞོག་ཁོག་མངར་མོ་སྤྱི་ཆིང57.53   སྲན་ཆེན་སོགས་སྲན་རིགས་སྤྱི་ཆིང5.27བཅས་ཡོད་པ་རེད།

འབྲུ་རིགས་ལོ་ཏོག་ལ་གཙོ་བོ་ཆུ་འབྲས་ཡིན་པ་དང་སྤྱི་ལོ2012ལོར་འབྲུ་རིགས་ཏུན1200ཐོན་སྐྱེད་བྱས་པ་དང་མི་རེར་ཆ་སྙོམས་ཏུན0.003ཟིན་པའི་ནང་ཆུ་འབྲས་ཏུན900དང་། ཞོག་ཁོག་མངར་མོ་ཏུན200   སྲན་ཆེན་ཏུན100བཅས་ཡོད་པ་རེད། སྣུམ་རྒྱུའི་ལོ་ཏོག་བཏབས་པ་ལ་ཁྱོན་མུའུ1400དང་། ཐོན་ཚད་ཏུན300དང་། དེའི་ནང་བ་དམ་ཏུན300དང་། ཏིལ་ཏུན256 བཅས་ཐོན་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-27

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།