ཅིས་མེ་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིས་མེ་ཆུས།
ཅིས་མེ་ཆུས(གནའ་དུས་ཆོན་ཀྲོའུ་སྒར་ཐུང་ཨན་རྫོང་དང་ཀྲང་ཀྲོའུ་སྒར་ཧའེ་ཁྲེང་རྫོང་ལ་གཏོགས)ནི་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཆུས་ཤིག་ཡིན། ས་ཁམས་ཀྱི་ནང་ནས་ཅིས་མེ་ཕྱེད་གླིང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
集美区
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ275.79
ཕྱི་ཡིག་གི་མིང་།
Jimei District
མི་གྲངས།
ཁྲི60.46(སྤྱི་ལོ2012ལོ)
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཐད་གཏོགས་ཆུས།
ནམ་ཟླ།
ཚ་ཁུལ་ཕལ་བའི་རྒྱ་མཚོ་ཅན་གྱི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་གནས།
ཀྲུང་གོ་ཧྭ་ཏུང་།
རླངས་འཁོར་ཚབ་ཨང་།
闽D
སྦྲག་ཨང་།
361021
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
350211
1 ​ངོ་སྤྲོད།

ཅིས་མེ་ཆུས(གནའ་དུས་ཆོན་ཀྲོའུ་སྒར་ཐུང་ཨན་རྫོང་དང་ཀྲང་ཀྲོའུ་སྒར་ཧའེ་ཁྲེང་རྫོང་ལ་གཏོགས)ནི་ཧྥུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཆུས་ཤིག་ཡིན། ས་ཁམས་ལ་ཅི་མེ་ཕྱེད་གླིང་ཟེར།  སྤྱི་ལོ1957ལོའི་ཟླ5བར་ཐུང་ཨན་རྫོང་གི་ས་ཆ་ཁ་ཤས་བགོས་ནས་གྲོང་ཁྱེར་ཉེ་འདབས་སུ་བཙུགས་པ་དང་། ཟླ8པར་ཧའེ་ཁྲེང་རྫོང་ཧའེ་ཚང་ཤང་དང་ཤིན་ཅི་ཤང་གྲོང་འདབས་སུ་བཅུག་ཅིང་། སྤྱི་ལོ1987ལོའི་ཟླ8པར་གྲོང་ཁྱེར་ཉེ་འདབས་ཀྱི་ཧོ་ཧྲན་ཤང་ནས་བཟོས་ཏེ་ཅི་མེ་ཆུས་སུ་མིང་བསྒྱུར། སྤྱི་ལོ2019ལོར་ཅི་མེ་ཁུལ་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར789.37ཟིན་ནས7.7%འཕར་བ་དང་། ལོ་ཧྲིལ་པོར་ཆུས་རིམ་པའི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར37.89ཟིན་ནས9.6%འཕར་ཡོད། སྤྱི་ལོ2017ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱ་དང་། སྤྱི་ལོ2018ལོའི་ཟླ10བར་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེན་བརྒྱའི་ཆུས།  སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེན་བརྒྱའི་ཆུས་བཅས་ལ་བདམས་པ་རེད།  སྤྱི་ལོ2019ལོའི་ཟླ10བར་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེན་བརྒྱའི་ཆུས་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེན་བརྒྱའི་ཆུས། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེན་བརྒྱའི་ཆུས་བཅས་སུ་བདམས་པ་རེད།

2 འཕེལ་རིམ།

སྤྱི་ལོ1949ལོའི་ཟླ9པར་ཧྥུའུ་ཅན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ལྔ་པའི་ཁོངས་སུ་བཞག་པ་དང་བཅའ་སྡོད་བྱ་ཡུལ་ཅིན་ཅང་རྫོང་དང་།  མངའ་ཞབས་སུ་ཆོན་ཀྲོའུ་དང་། ཕུའུ་ཐེན། ཞ་མོན་བཅས་ཡོད།    

སྤྱི་ལོ1950ལོའི་ཟླ7པར། ཐུང་ཨན་རྫོང་དེ་ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར་ནས་བཅའ་སྡོད་བྱ་ཡུལ་ཅིན་ཅང་རྫོང་དང་། ཆོན་ཀྲོའུ་དང་། ཕུའུ་ཐེན། ཐུང་ཨན་རྫོང་བཅས་མངའ་ཞབས་སུ་འཁོད།  རྗེས་སུ་མིང་ལ་ཅིན་ཅང་ཀྲོན་ཆུས་ཞེས་བཏགས། བཅའ་སྡོད་བྱེད་ཡུལ་སྔར་བཞིན་ཅིན་ཅང་རྫོང་ཡིན། སྤྱི་ལོ1955ལོར་ཆུས་བཞི་བར་ཧའེ་ཚང་ཆུས་ལ་མིང་བསྒྱུར་བ་དང་མངའ་ཁོངས་སོར་བཞག་བྱས།    

སྤྱི་ལོ1956ལོའི་ཟླ7པར་ཧའེ་ཚང་ཆུས་ཀྱི་ཟླ་སྒྲིལ་ཡུལ་ཚོ་ལ་ཧའེ་ཚང་དང་། ཅའོ་ཡའོ། ཅིན་ལི། ཧྲི་ཐང་། ཞིན་ཡོན་སོགས་ཡུལ་ཚོ5བཙུགས།     སྤྱི་ལོ1958ལོའི་ཟླ4བར་ཆུས་དེ་ཡུལ་ཚོ་དང་ཟླ་སྒྲིལ་བཏང་བ་སྟེ། ཧའེ་ཧྥང་ཡུལ་ཚོ་དང་ཞིན་ཡོན་ཡུལ་ཚོ་གཉིས་ཡིན།     སྤྱི་ལོ1953ལོའི་ཟླ11པར་ཐུང་ཨན་རྫོང་གི་ཅི་མེ་ཡུལ་ཚོ་ཞ་མོན་གྲོང་ཁྱེར་དུ་སྤོས་པ་དང་། གྲོང་རྡལ་རིམ་པར་་བཀོད་སྒྲིག་བྱས།

སྤྱི་ལོ1957ལོའི་ཟླ5པར་ཐུང་ཨན་རྫོང་དུ་ཀོན་ཁོའུ་ཆུས་ཀྱི་གྲོང་རྡལ1དང་ཡུལ་ཚོ12ཞ་མོན་གྲོང་ཁྱེར་དུ་སོང་། ཞ་མོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཀོན་ཁོའུ་ཆུས་དང་ཅི་མེ་གྲོང་རྡལ། ཞ་མོན་གླིང་ཕྲན་ནང་གི་ཧོ་ཧྲན་ཆུས་བཅས་ཟླ་སྒྲིལ་བཏང་ནས་ཉེ་གནས་གྲོང་ཁྱེར་བཙུགས་པ་དང་། སྲིད་འཛིན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ443.41ཡོད།     སྤྱི་ལོ1958ལོའི་ཟླ10བར། ཐུང་ཨན་རྫོང་ཅིན་ཅང་ཆེད་ཁུལ་ནས་བགོས་ཏེ་ཞ་མོན་དུ་བསྒྱུར།     སྤྱི་ལོ1970ལོའི་ཟླ8པར་ཅིན་ཅང་ས་ཁུལ་དུ་བགོས།     སྤྱི་ལོ1973ལོའི་ཟླ9བར་ཞ་མོན་གྲོང་ཁྱེར་ལ་དབང་བ་རེད།     སྤྱི་ལོ1958ལོའི་ཟླ8པར་ཧའེ་ཁྲེང་རྫོང(དེང་གི་ལུང་ཧའེ་གྲོང་ཁྱེར)དུ་གཏོགས་པའི་ཧའེ་ཏན་དང་ཞིན་ཡོན་ཞང་གཉིས་ཞ་མོན་གྲོང་ཁྱེར་གྱི་ཉེ་འདབས་སུ་བགོས་པ་དང་། གྲོང་ཁྱེར་ཉེ་འདབས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ513.75རུ་རྒྱ་བསྐྱེད་པ་རེད།     སྤྱི་ལོ1964ལོའི་ཟླ4བར་ཞིན་ལིན་གྲོང་རྡལ་བཙུགས་པ་དང་། ཞིན་ལིན་ཀུང་ཧྲེ་དང་མཉམ་དུ་གྲོང་ཁྱེར་ཉེ་འཁོར་གྱི་བདག་སྤྲོད་བྱེད་ཁོངས་སུ་བགོས། སྐབས་དེར་གྲོང་ཁྱེར་ཉེ་འཁོར་གྱི་ཁོངས་སུ་ཅི་མེ་དང་ཞིན་ལིན་གྱི་གྲོང་རྡལ2དང(ཧའོ་ཧྲན)ཀོན་ཁོའུ། ཞིན་ལིན། ཏུང་ཧྥུ། ཧའེ་ཧྥང་། ཧོའུ་ཞི་བཅས་ཀུང་ཧྲེ6ཡོད།     སྤྱི་ལོ1978ལོའི་ཟླ9བའི་ཚེས1ཉིན་ཞིན་ལིན་གྲོང་རྡལ་དང་ཞིན་ལིན་ཀུང་ཧྲེ་གཉིས་གྲོང་ཁྱེར་ཉེ་འདབས་ནས་ལོགས་སུ་ཕྱེ་ནས་ཁམ་སྡོང་ནགས་ཁུལ་བཙུགས། གྲོང་འདབས་སུ་གྲོང་རྡལ1དང་ཀུང་ཧྲེ5ཡོད།     སྤྱི་ལོ1984ལོའི་ཟླ10བར་གྲོང་ཁྱེར་ཉེ་འཁོར་གྱི་མི་དམངས་ཀུང་ཧྲེ་ཁག་སྔ་རྗེས་སུ་ཞང་དང་གྲོང་རྡལ་དུ་བསྒྱུར་བ་དང་། རུ་ཆེན་སྲིད་འཛིན་གྲོང་ཚོར་བསྒྱུར་བ་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1986ལོའི་ཟླ3པའི་ཚེས30ཉིན་ཧོ་ཧྲན་ཞང་གི་ལུའི་ཅི་དང་ལེན་པེ་གྲོང་ཚོ2ཁའེ་ཡོན་ཆུས་སུ་བསྒྱུར། སྤྱི་ལོ1987ལོའི་ཟླ8པར། ཞ་མོན་གྲོང་ཁྱེར་གྱི་ཉེ་འདབས་ནས་ཧོ་ཧྲན་ཞང་དུ་བགོས་ཤིང་། མིང་ཅི་མེ་ཆུས་སུ་བསྒྱུར། སྤྱི་ལོ1991ལོར་ཏུང་ཧྥུ་དང་ཧོའུ་ཞི་ཡི་ཡུལ་ཚོ2གྲོང་རྡལ་གྱི་སྒྲིག་གཞི་རུ་བསྒྱུར། ཅིས་མེ་གྲོང་རྡལ་གྱིས་དེ་སྔའི་གྲོང་མི་ཨུ་ལྷན་དང་པོ་དང་། གཉིས་པ། གསུམ་པ་བཅས་མེད་པ་བཟོས་ནས་གྲོང་མི་ཨུ་ལྷན11བཙུགས་ཡོད། སྤྱི་ལོ1989ལོའི་ཟླ5བ་དང་སྤྱི་ལོ1992ལོའི་ཟླ12པར། སྔ་གཞུག་ཏུ་དངོས་གཞི་མིན་པའི་སྲིད་འཛིན་ཁུལ་གཉིས་བཙུགས་པ་སྟེ། ཁམ་གླིང་དང་ཅིས་མེ་ཐའེ་ཝན་ཚོང་པའི་མ་འཇོག་ཆུས་ལ་འཆར་འགོད་བྱས་པའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ32ཡིན།    

སྤྱི་ལོ1995ལོར་ལྗོངས་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ358.36ཡོད་པ་དང་། དེའི་ཁོངས་སུ་གྲོང་རྡལ5དང་། གྲོང་མིའི་ཨུ་ཡོན་ལྷན་ཁང56བཅས་ཡོད།     སྤྱི་ལོ1997ལོར་ཅིས་མེ་གྲོང་རྡལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2.9ཡོད་པ་དང་། མི་འབོར་ཁྲི2.2ཡོད་ཅིང་། དེའི་ཁོངས་སུ་ཚེན་ཏུང་དང་ཚེན་ཞི། ཚེན་གོ  ཧྲང་ནན། ཁྲུའུ་ཅང་། ཧྲེང་ཀོང་། ཧྥུ་ནན། ཀྲུང་ལོའུ། ཧའེ་ཐུང་། དབྱི་ཏིན། ཝུན་ཞོའེ་བཅས་སྡོད་དམངས་ཨུ་ཡོན་ལྷན་ཁང11ཡོད། སྤྱི་ལོ2000ལོར་ཅི་མེ་གྲོང་རྡལ་གྱི་མིང་ཅིས་མེ་ཁྲོམ་གཞུང་དུ་བསྒྱུར། སྤྱི་ལོ1997ལོར་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ227ཡོད་པ་དང་། མི་འབོར་ཁྲི9ཡོད། ཁོངས་སུ་གྲོང་རྡལ3ཡོད་ལ། ཆུས་སྲིད་གཞུང་ཅིས་མེ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2000ལོའི་ལོ་འགོར་ཅི་མེ་ཆུས་ཁོངས་ཀྱི་གྲོང་རྡལ3ཡོད།

སྤྱི་ལོ2000ལོའི་ལོ་མཇུག་ཏུ་ཅི་མེ་གྲོང་རྡལ་མེད་པར་བཟོས་ནས་ཅིས་མེ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་པ་དང་། ཧོའུ་ཞི་གྲོང་རྡལ་ནས་ཧུའུ་ཅིན་དང་། སུན་ཅིན། ཡེ་ཆིན། ཧྥེང་ལིན་མེ་བཅས་གྲོང་ལྷན4དང་། ཏུང་ཨན་དང་ཧུའེ་ཧྲན་བཅས་གྲོང་ཚོ2ལོགས་སུ་ཕྱེ་ནས་ཕྱིར་སྡོད་རང་མི་དང་དབྱིན་ཇིའི་སྲང་ལམ་དོན་གཅོད་ཁང་བཙུགས། ཅིས་མེ་ཁུལ་གྱི་ཁོངས་གཏོགས་སྲང་ལམ2པ་སྟེ། ཅིས་མེ་སྲང་ལམ་དང་། ཕྱིར་སྡོད་རང་མིའི་སྲང་ལམ། ཀོན་ཁོའུ་གྲོང་རྡལ། ཧོའུ་ཞི་གྲོང་རྡལ་བཅས་ཡིན། སྤྱི་ལོ2003ལོའི་ཟླ4བའི་ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་ལྟར། ཞ་མོན་གྲོང་ཁྱེར་གྱི་ཁམ་སྡོང་ནགས་ཁུལ་གྱི་ཁམ་སྡོང་སྲང་ལམ་དོན་གཅོད་ཁང་དང་ཁམ་སྡོང་གྲོང་རྡལ་དེ་ཞ་མོན་གྲོང་ཁྱེར་གྱི་ཅི་མེ་ཁུལ་གྱི་ཁོངས་སུ་བཞག ཅིས་མེ་ཆུས་ཀྱི་ཁོངས་སུ་སྲང་ལམ3དང་གྲོང་རྡལ3ཡོད་པ་སྟེ། ཅིས་མེ་སྲང་ལམ་དང་། ཕྱིར་སྡོད་རང་མིའི་ཆའོ་དབྱིན་སྲང་ལམ། ཞིན་ལིན་སྲང་ལམ། ཀོན་ཁོའུ་གྲོང་རྡལ། ཞུས་ཞི་གྲོང་རྡལ། ཞིན་ལིན་གྲོང་རྡལ་བཅས་ཡོད།

3 སྲིད་འཛིན་བགོས་ཁོངས།

སྤྱི་ལོ1984ལོའི་ཟླ10བར་གྲོང་ཁྱེར་ཉེ་འཁོར་གྱི་མི་དམངས་ཀུང་ཧྲེ་ཁག་སྔ་རྗེས་སུ་ཞང་དང་གྲོང་རྡལ་དུ་བསྒྱུར་བ་དང་། རུ་ཆེན་སྲིད་འཛིན་གྲོང་ཚོར་བསྒྱུར་བ་དང་། གྲོང་མིའི་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1986ལོའི་ཟླ3པའི་ཚེས30ཉིན་ཧོ་ཧྲན་ཞང་གི་ལུའི་ཅི་དང་ལེན་པེ་གྲོང་ཚོ2ཁའེ་ཡོན་ཆུས་སུ་བསྒྱུར། སྤྱི་ལོ1987ལོའི་ཟླ8པར། ཞ་མོན་གྲོང་ཁྱེར་གྱི་ཉེ་འདབས་ནས་ཧོ་ཧྲན་ཞང་དུ་བགོས་ཤིང་། མིང་ཅི་མེ་ཆུས་སུ་བསྒྱུར། སྤྱི་ལོ1991ལོར་ཏུང་ཧྥུ་དང་ཧོའུ་ཞི་ཡི་ཡུལ་ཚོ2གྲོང་རྡལ་གྱི་སྒྲིག་གཞི་རུ་བསྒྱུར། ཅིས་མེ་གྲོང་རྡལ་གྱིས་དེ་སྔའི་གྲོང་མི་ཨུ་ལྷན་དང་པོ་དང་། གཉིས་པ། གསུམ་པ་བཅས་མེད་པ་བཟོས་ནས་གྲོང་མི་ཨུ་ལྷན11བཙུགས་ཡོད། སྤྱི་ལོ1989ལོའི་ཟླ5བ་དང་སྤྱི་ལོ1992ལོའི་ཟླ12པར། སྔ་གཞུག་ཏུ་དངོས་གཞི་མིན་པའི་སྲིད་འཛིན་ཁུལ་གཉིས་བཙུགས་པ་སྟེ། ཁམ་གླིང་དང་ཅིས་མེ་ཐའེ་ཝན་ཚོང་པའི་མ་འཇོག་ཆུས་ལ་འཆར་འགོད་བྱས་པའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ32ཡིན།    

སྤྱི་ལོ1995ལོར་ལྗོངས་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ358.36ཡོད་པ་དང་། དེའི་ཁོངས་སུ་གྲོང་རྡལ5དང་། གྲོང་མིའི་ཨུ་ཡོན་ལྷན་ཁང56བཅས་ཡོད།     སྤྱི་ལོ1997ལོར་ཅིས་མེ་གྲོང་རྡལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2.9ཡོད་པ་དང་། མི་འབོར་ཁྲི2.2ཡོད་ཅིང་། དེའི་ཁོངས་སུ་ཚེན་ཏུང་དང་ཚེན་ཞི། ཚེན་གོ  ཧྲང་ནན། ཁྲུའུ་ཅང་། ཧྲེང་ཀོང་། ཧྥུ་ནན། ཀྲུང་ལོའུ། ཧའེ་ཐུང་། དབྱི་ཏིན། ཝུན་ཞོའེ་བཅས་སྡོད་དམངས་ཨུ་ཡོན་ལྷན་ཁང11ཡོད། སྤྱི་ལོ2000ལོར་ཅི་མེ་གྲོང་རྡལ་གྱི་མིང་ཅིས་མེ་ཁྲོམ་གཞུང་དུ་བསྒྱུར། སྤྱི་ལོ1997ལོར་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ227ཡོད་པ་དང་། མི་འབོར་ཁྲི9ཡོད། ཁོངས་སུ་གྲོང་རྡལ3ཡོད་ལ། ཆུས་སྲིད་གཞུང་ཅིས་མེ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2000ལོའི་ལོ་འགོར་ཅི་མེ་ཆུས་ཁོངས་ཀྱི་གྲོང་རྡལ3ཡོད།

སྤྱི་ལོ2000ལོའི་ལོ་མཇུག་ཏུ་ཅི་མེ་གྲོང་རྡལ་མེད་པར་བཟོས་ནས་ཅིས་མེ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་པ་དང་། ཧོའུ་ཞི་གྲོང་རྡལ་ནས་ཧུའུ་ཅིན་དང་། སུན་ཅིན། ཡེ་ཆིན། ཧྥེང་ལིན་མེ་བཅས་གྲོང་ལྷན4དང་། ཏུང་ཨན་དང་ཧུའེ་ཧྲན་བཅས་གྲོང་ཚོ2ལོགས་སུ་ཕྱེ་ནས་ཕྱིར་སྡོད་རང་མི་དང་དབྱིན་ཇིའི་སྲང་ལམ་དོན་གཅོད་ཁང་བཙུགས། ཅིས་མེ་ཁུལ་གྱི་ཁོངས་གཏོགས་སྲང་ལམ2པ་སྟེ། ཅིས་མེ་སྲང་ལམ་དང་། ཕྱིར་སྡོད་རང་མིའི་སྲང་ལམ། ཀོན་ཁོའུ་གྲོང་རྡལ། ཧོའུ་ཞི་གྲོང་རྡལ་བཅས་ཡིན། སྤྱི་ལོ2003ལོའི་ཟླ4བའི་ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་ལྟར། ཞ་མོན་གྲོང་ཁྱེར་གྱི་ཁམ་སྡོང་ནགས་ཁུལ་གྱི་ཁམ་སྡོང་སྲང་ལམ་དོན་གཅོད་ཁང་དང་ཁམ་སྡོང་གྲོང་རྡལ་དེ་ཞ་མོན་གྲོང་ཁྱེར་གྱི་ཅི་མེ་ཁུལ་གྱི་ཁོངས་སུ་བཞག ཅིས་མེ་ཆུས་ཀྱི་ཁོངས་སུ་སྲང་ལམ3དང་གྲོང་རྡལ3ཡོད་པ་སྟེ། ཅིས་མེ་སྲང་ལམ་དང་། ཕྱིར་སྡོད་རང་མིའི་ཆའོ་དབྱིན་སྲང་ལམ། ཞིན་ལིན་སྲང་ལམ། ཀོན་ཁོའུ་གྲོང་རྡལ། ཞུས་ཞི་གྲོང་རྡལ། ཞིན་ལིན་གྲོང་རྡལ་བཅས་ཡོད།

སྤྱི་ལོ2012ལོར་ཅིས་མེ་ཆུས་ཁོངས་སུ་གྲོང་རྡལ2དང་ཁྲོམ་གཞུང4ཡོད་པ་དང་ཁྱོན་སྲིད་འཛིན་གྲོང་ཚོ21དང་སྡེ་ཁུལ་གྲོང་ལྷན36ཡོད་པ་སྟེ། ཅིས་མེ་ཁྲོམ་གཞུང་དང་། ཆའོ་དབྱིན་ཁྲོམ་གཞུང་། ཞིན་ལིན་ཁྲོམ་གཞུང་། ཞིན་པིན་ཁྲོམ་གཞུང་། ཀོན་ཁོའུ་གྲོང་རྡལ། ཧོའུ་ཤིས་གྲོང་རྡལ། ཞིང་ར་གཉིས་པ། ཞིང་ཆེན་ཐེན་མཱ་ཕག་གསོ་ར་བ། ཐེན་མ་ཕྱིར་སྡོད་རང་མིའི་ཞིང་ར། པན་ཐོའུ་འགོག་སྲུང་ནགས་ཚལ་བཅས་ཡོད་པ་རེད།

4 ས་བབ།

ཅི་མེ་ཆུས་ནི་ཧྥུའུ་ཅན་ཞིང་ཆེན་ཞ་མོན་ཕྱེད་གླིང་གི་ནུབ་བྱང་ངོས་སུ་ཆགས་ཡོད་པ་དང་། ཧྥུའུ་ཅན་ལྷོ་རྒྱུད་ཀྱི་ཅིན་སན་ཟུར་གསུམ་ལྟེ་གནས་ཀྱི་ས་ཆར་ཆགས་ཡོད། ཤར་ཕྱོགས་ཀྱི་གཞུང་ཐིག་117°57′—118°04′ཡིན། བྱང་ཕྱོགས་ཀྱི་འཕྲེད་ཐིག24°25′—24°26′ཡིན། ནུབ་བྱང་དང་ཀྲང་ཀྲོའུ་ཁྲང་ཐའེ་རྫོང་གི་འབྲེལ་མཚམས་སུ་གནས་ཡོད། བྱང་ཤར་ས་ཁུལ་དེ་ཐུང་ཨན་ཆུས་དང་ས་མཚམས་འབྲེལ་བ་དང་། ལྷོ་ནུབ་ཧའེ་ཚང་ཆུས་གྱི་ས་མཚམས་འབྲེལ་བ། ཤར་ངོས་ཞང་ཨན་ཆུས་ལ་ཁ་ཕྱོགས་ཤིང་། ཤར་ལྷོར་ཞ་མོན་ཟམ་ཆེན་དང་ཀའོ་ཅི་ཧའེ་ཆུ་རགས་གཉིས་ཞ་མོན་ཕྱེད་གླིང་དང་སྦྲེལ་ཡོད་པ། རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་སྟོང་སྨི60ཙམ་ཡོད་པ་བཅས་སོ།།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས།

སྤྱི་ལོ2019ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེན་བརྒྱའི་ཆུས་དང་སྤྱི་ལོ2019ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེན་བརྒྱའི་ཆུས་སོགས་སུ་བདམས།  

སྤྱི་ལོ2019ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེན་བརྒྱའི་ཆུས་སུ་བདམས།

སྤྱི་ལོ2019ལོའི་ཟླ11པའི་ཚེས13ཉིན་སྤྱི་ལོ2019ལོའི་བཟོ་ལས་སྟོབས་ཆེན་བརྒྱའི་ཆུས་སུ་བདམས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-30

གསར་སྤེལ་མཁན། :བསོད་ནམས་དབང་འགྲུབ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།