ཧྥུ་ནན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུ་ནན་རྫོང་།
ཧྥུ་ནན་རྫོང་ནི་ཨན་ཧུའེ་ཞིང་ཆེན་གྱི་ཧྥུ་དབྱང་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་ཤིང་། ཨན་ཧུའེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། ཧོའེ་ཧུ་ཆུ་བོའི་སྟོད་རྒྱུད་དང་དབུས་རྒྱུད་འབྲེལ་མཚམས་ཀྱི་བྱང་ངོགས་སུ་གནས་པ་དང་། ས་ཞིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1801ཡོད་པ་དང་། རྨོ་ཞིང་སྤྱི་ཆིང་ཁྲི10.8 ཡུལ་ཚོ་དང་གྲོང་རྡལ28 ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1 གྲོང་ཚོ(གྲོང་ལྷན)328བཅས་ཡོད་པ་དང་། མི་འབོར་ཁྲི169.7(སྤྱི་ལོ2017ལོ)ཡོད་པ་རེད། ཧྥུ་ནན་ས་ཁོངས་ལ་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། རྒྱལ་ཡོངས་ཀྱི་ཚོང་འབྲུ་རྟེན་གཞི་རྫོང་དང་། རྒྱལ་ཡོངས་ཀྱི་ཞིང་ལས(ནགས་ལས)འཁོར་རྒྱུག་དཔལ་འབྱོར་དཔེ་སྟོན་ཚོད་ལྟའི་རྫོང་། ཞིང་ཆེན་ཡོངས་ཀྱི་ནགས་ལས་ཐོན་ལས་ཀྱི་རྫོང་ཆེ་གྲས་བཅུ་དང་ངལ་ནུས་ཕྱིར་གཏོང་གི་རྫོང་ཆེ་གྲས་དང་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང2བཅས་རེད། སྤྱི་ལོ2018ལོར་ཧྥུ་ནན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར180ཟིན་ནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར17.8བྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阜南县
ཕྱི་ཡིག་གི་མིང་།
Funan County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཨན་ཧུའེ་ཞིང་ཆེན་ཧྥུ་ནན་གྲོང་ཁྱེར།
མངའ་ཁོངས། 
ཡུལ་ཚོ་དང་གྲོང་རྡལ28ཡོད།
སྦྲག་སྲིད་ཨང་རྟགས།
236300
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
341225
རླངས་འཁོར་ཚབ་ཨང་།
皖K
མི་གྲངས།
ཁྲི169.7(སྤྱི་ལོ2017ལོའི་ཐེམ་ཐོའི་མི་འབོར)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1768.4ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0558
མེ་འཁོར་འབབ་ཚུགས།
ཧྥུ་ནན་འབབ་ཚུགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར180(སྤྱི་ལོ2018ལོ)ཡོད།
1 འཛུགས་སྐྲུན་འཕེལ་རིམ།   

ཧྥུ་ནན་རྫོང་ནི་ཞ་དང་ཧྲང་རྒྱལ་རབས་གཉིས་སུ་སྐབས་སུ་ཡུས་ཀྲོའུ་ལ་གཏོགས།

ཁྲུན་ཆིའུ་དུས་སྐབས་སུ་ཁྲུའུ་ཡི་མངའ་ཁོངས་སུ་གཏོགས་པ་ཡིན།

ཆིན་རྒྱལ་ཁབ་ནི་སི་ཧྲུའེ་ཅུན་མངའ་ཁོངས་ཀྱི་ལུའུ་ཧྲང་རྫོང་ཡིན།

རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ་ཧྥུ་ཕེ་རྫོང་གི་མངའ་ཁོངས་སུ་གཏོགས་པ་དང་། ལྷོ་བྱང་རྒྱལ་རབས་རུའུ་དབྱིན་ཅུན་གྱི་མངའ་ཁོངས་སུ་བགོས།

སུའེ་དང་། ཐང་རྒྱལ་རབས་ནས་རྒྱལ་རབས་ལྔའི་བར་སུའེ་ཀྲོའུ་ཡི་དོ་དམ་བྱེད་ཁོངས་སུ་གཏོགས་པ་ཡིན།

སུང་རྒྱལ་རབས་དུས་སྐབས་ཀྱི་ཀྲེང་ཀྲེང་ཀྲོའུ་ཧྥུ་ནི་ཧྲུན་ཁྲང་ཧྥུ་ཡི་མངའ་ཁོངས་ཡིན།

ཡོན་རྒྱལ་རབས་ཀྱི་སྐབས་སུ་ལུའུ་མེད་པར་བྱས་ནས་ཧྲིན་བཙུགས་ཤིང་། ཧུ་ནན་ཞིང་ཆེན་མངའ་ཁོངས་ཀྱི་རུའུ་ཉིན་ཧྥུ་ཡི་ཡུས་ཧྲུའེ་རྫོང་ཡིན་པ་དང་། རྗེས་སུ་ཡུས་ཀྲོའུ་རུ་ཟླ་སྒྲིལ་བཏང་ཞིང་། མིང་རྒྱལ་རབས་ཀྱི་ཧྥེང་དབྱང་ཧྥུ་ཡི་ཡུས་ཀྲོའུ་རུ་རྩིས་ལེན་བྱས་པ་རེད།

ཆིན་རྒྱལ་རབས་ཀྱི་གཡུང་དྲུང་ཁྲི་ལོ་གཉིས་པར(སྤྱི་ལོ1724ལོར)ཧྲེང་ཅི་ཀྲོའུ་ནི་ཀྲི་ལི་ཀྲོའུ་ཡི་མངའ་ཁོངས་ཡིན་པ།

གཡུང་ཀྲེང་ཁྲི་ལོ་བཅུ་གསུམ་པར(སྤྱི་ལོ1735ལོར)ཧྥུ་དབྱང་རྫོང་དུ་འཕར།

མིན་གོའི་དུས་སྐབས་སུ་ཨན་ཧུའེ་ཞིང་ཆེན་གྱི་ཧྥུ་དབྱང་ཆེད་ཁུལ་གྱི་ཧྥུ་དབྱང་རྫོང་གི་སན(ཅའོ་ཕི)དང་ལིའུ(ས་ཁུལ)ས་ཁུལ་གཉིས་ཀྱི་ཁོངས་གཏོགས་ས་ཆ་ཡིན།

མིན་གོའི་སྲིད་ལོ་སུམ་ཅུ་སོ་དྲུག་པའི(སྤྱི་ལོ1947ལོའི)ཟླ11པར་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གིས་ཧྥུ་དབྱང་ནན་ཡུལ་ཚོ་གསར་དུ་བཙུགས་ནས་ཧྥུ་ནན་རྫོང་བཙུགས་པ་དང་། མིན་གོའི་སྲིད་ལོ་སུམ་ཅུ་སོ་བརྒྱད་པའི(སྤྱི་ལོ1949ལོའི)ཟླ2པར་རྫོང་ནས་ཕྱིར་འཐེན་བྱས་རྗེས་ཧྥུ་ནན་དོན་གཅོད་ཁང་བཙུགས་ཡོད།   

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། སྤྱི་ལོ1950ལོར་དོན་གཅོད་ཁང་ནི་ཧྥུ་ནན་རྫོང་དུ་བསྒྱུར་ཞིང་། ཨན་ཧུའེ་ཞིང་ཆེན་ཧྥུ་དབྱང་ཆེད་ཁུལ་གྱི་མངའ་ཁོངས་སུ་གཏོགས་པ་དང་། དེའི་ཁོངས་སུ་དེ་སྔའི་ཧྥུ་དབྱང་གི་ཀྲའོ་ཅི་དང་། མིའོ་ཅི། ཡུས་ཅི། ཀུང་ཆའོ། ཡོན་ལིན་ཆོན་གྱི་ཧྥང་ཅི་བཅས་གཏོགས།

སྤྱི་ལོ1952ལོར་ཧྥུ་དབྱང་གི་ཁྲའེ་ཅི་དང་། ཞུས་ཐང་། ཀྲུའུ་ཀྲའེ་བཅས་ས་ཁུལ་གསུམ་ཧྥུ་ནན་རྫོང་གི་མངའ་ཁོངས་སུ་བཅུག་ཅིང་། ཧྥུ་ནན་རྫོང་གི་གཞི་རྩའི་སྲིད་འཛིན་རྣམ་པ་གཏན་འཁེལ་བྱས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོ་བར་ཧྥུ་ནན་རྫོང་གི་མངའ་ཁོངས་སུ་ཡུལ་གྲོང28དང་། ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1 ཞིང་ར1བཅས་ཡོད་པ་སྟེ། ལུའུ་ཁྲེང་གྲོང་རྡལ་དང་། ཧྥང་ཅི་གྲོང་རྡལ། ཀྲུང་ཀང་གྲོང་རྡལ། ཁྲའེ་ཅི་གྲོང་རྡལ། ཤིན་ཀྲེན་གྲོང་རྡལ། ཀྲུའུ་ཀྲའེ་གྲོང་རྡལ། ལིའུ་ཅི་གྲོང་རྡལ། ཐེན་ཅི་གྲོང་རྡལ། མེའོ་ཅི་གྲོང་རྡལ། ཧོང་ཀང་གྲོང་རྡལ། ཅའོ་པེ་གྲོང་རྡལ། ཀྲང་ཀྲའེ་གྲོང་རྡལ། ཝང་ཡན་གྲོང་རྡལ། ས་གནས་གྲོང་རྡལ། ཧུང་ཧུ་ཆའོ་གྲོང་རྡལ། ཝང་ཅ་པཱ་གྲོང་རྡལ། ཝང་ཧྭ་གྲོང་རྡལ། ཚའོ་ཅི་གྲོང་རྡལ། ཧུའེ་ལུང་ཀྲེན་གྲོང་རྡལ། ཝང་ཏན་ཙེ་ཡུལ་ཚོ། ཞུས་ཐང་ཡུལ་ཚོ། ཏོན་ཅི་ཡུལ་ཚོ། ཡུས་ཅི་ཡུལ་ཚོ་བཅས་ཡོད་ལ། ལུའུ་ཁྲེང་གྲོང་རྡལ་ནི་ཧྥུ་ནན་རྫོང་ཨུད་དང་རྫོང་སྲིད་གཞུང་གི་གནས་ཡུལ་ཡིན།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ། 

ཧྥུ་ནན་རྫོང་ནི་ཨན་ཧུའེ་ཞིང་ཆེན་གྱི་ཧྥུ་དབྱང་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས་ཤིང་། ཨན་ཧུའེ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། ཧོའེ་ཧུ་ཆུ་བོའི་སྟོད་རྒྱུད་དང་དབུས་རྒྱུད་འབྲེལ་མཚམས་ཀྱི་བྱང་ངོགས་སུ་གནས་པ་དང་། ས་ཞིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1801ཡོད།

3_2 ས་དབྱིབས།    

ཧྥུ་ནན་རྫོང་གི་ས་དབྱིབས་ལ་གངས་ས་དང་། གཟར་ས། མཚོ་ཁུག་བཅས་རིགས་གསུམ་དུ་དབྱེ་ཡོད་ཅིང་། “ཆེ་ཆུང་ཆ་སྙོམས་མིན་པའི”ས་དབྱིབས་ཀྱི་ཁྱད་ཆོས་མངོན་ཡོད། ས་རྒྱ་སྤྱི་ལེ་གྲུ་བཞི་མ1008ཡོད་པ་དེས་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི55%བཟུང་བ་དང་། གཙོ་བོ་རྫོང་གི་ས་ཁོངས་ཀྱི་བྱང་རྒྱུད་དང་དབུས་ཀྱི་ལྷོ་ངོས་ཀྱི་ཆ་ཤས་ཤིག་ཡིན་པ་དང་མཐོ་ཚད་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི34ནས་རྒྱ་མཚོའི་ངོས་ལས་སྨི39བར་ཡིན་པ་དང་ཆ་སྙོམས་སུ་སྟོང་ཆའི་གཅིག་ནས་ཁྲི་ཆའི་གཅིག་བར་ཆག་པ་རེད།     

3_3 ནམ་ཟླ།   

ཧྥུ་ནན་རྫོང་ནི་ཚ་ཁུལ་བྱང་མའི་བྱང་ངོས་དང་དྲོད་ཁུལ་གྱི་ལྷོ་མཐའ་རུ་གནས་པ་དང་། དྲོད་ཁུལ་དེ་ཚ་ཁུལ་བྱང་མར་སྦྲེལ་བའི་བར་བརྒལ་གྱི་ནམ་ཟླའི་ཁྱད་ཆོས་ལྡན་པ་དང་། དྲོད་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཁྱད་ཆོས་གཙོ་བོ་ནི་དུས་བཞིའི་དབྱེ་བ་གསལ་པོ་ཡོད་པ་དང་། དུས་རླུང་མངོན་གསལ་དོད་པ་དང་། ཆར་ཆུའི་ཚད་རན་པ། འོད་ཕོག་ཚད་འདང་ངེས་ཤིག་ཡོད་པ་བཅས་ཡིན།

4 མི་འབོར།    

སྤྱི་ལོ2018ལོའི་ལོ་མཇུག་བར་ཧྥུ་ནན་རྫོང་གི་སྤྱི་བདེའི་ཐེམ་ཐོའི་མི་འབོར་ཁྲི172.8ཟིན་པ་དེ་སྤྱི་ལོ2017ལོ་ལས0.3%འཕར་བའི་ནང་བུད་མེད་ཁྲི82.7ཟིན་པ་དང་སྤྱིའི་དུད་ཚང་ཁྲི41.6ཟིན་ཡོད། རྒྱུན་སྡོད་མི་འབོར་ཁྲི120.1ཟིན་པ་དེ་སྤྱི་ལོ2017ལོ་ལས1.5%འཕར་བ།

5 དཔལ་འབྱོར།    

སྤྱི་ལོ2018ལོར།  ཧྥུ་ནན་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར180ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས9.2%འཕར་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར49.8ཟིན་པ་དེ་དུས་མཚུངས་ལས3.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར59.7ཟིན་པ་དེ་དུས་མཚུངས་ལས9.3%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར70.5ཟིན་པ་དེ་དུས་མཚུངས་ལས14.1%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་ནི་སྤྱི་ལོ2017ལོའི30.4:32.6:37.0ནས27.7:33.2:39.2བར་ལེགས་སྒྲིག་བྱས་པ་དང་བཟོ་ལས་ཅན་དུ་འགྱུར་ཚད་སྤྱི་ལོ2017ལོའི28.3%ནས28.9%བར་མཐོ་རུ་ཕྱིན་ཡོད། ཐེམ་ཐོའི་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར10431ཟིན་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན་སྒོར1043འཕར་བ་དང་བསྡུར་གཞི་ཡོད་པའི་རིན་གོང་དུས་མཚུངས་ལས8.9%འཕར་བ།    

སྤྱི་ལོ2018ལོར་ཧྥུ་ནན་རྫོང་དུ་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར17.8ཟིན་པ་དེ་དུས་མཚུངས་ལས18.5%འཕར་བའི་ནང་ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར10.8338ཟིན་པ་དེ་དུས་མཚུངས་ལས19%འཕར་ཡོད། ནོར་སྲིད་ཡོང་འབབ་ཧྲིལ་པོའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར14.6805ཟིན་པ་དེ་དུས་མཚུངས་ལས19.8%འཕར་བ་དེས་ནོར་སྲིད་ཡོང་འབབ་ཀྱི་བསྡུར་ཚད་ཀྱི82.5%བཟུང་ཡོད། ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར74.1907ཟིན་པ་དེ་དུས་མཚུངས་ལས17.9%འཕར་ཡོད། གཙོ་གནད་གཏོང་སྒོའི་རྣམ་གྲངས་ནས་བལྟས་ན། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་གཏོང་སྒོ་སྒོར་དུང་ཕྱུར12.044ཟིན་པ་དེ་དུས་མཚུངས་ལས17.7%འཕར་བ་དང་། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར14.3595ཟིན་པ་དེ་དུས་མཚུངས་ལས9.9%འཕར་བ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་གཏོང་སྒོ་སྒོར་དུང་ཕྱུར་12.1441ཟིན་པ་དེ་དུས་མཚུངས་ལས29.8%འཕར་བ། སྡོད་ཁང་འགན་ལེན་གྱི་གཏོང་སྒོ་སྒོར་དུང་ཕྱུར6.7716ཟིན་པ། དུས་མཚུངས་ལས94.7%འཕར་བ། ཞིང་ནགས་ཆུ་གསུམ་གྱི་ལས་དོན་གཏོང་སྒོ་སྒོར་དུང་ཕྱུར15.5796ཟིན་པ་དེ་དུས་མཚུངས་ལས19.1%འཕར་བ། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་ཁྲི894ཟིན་པ་དེ་དུས་མཚུངས་ལས62.2%མར་ཆག 

སྤྱི་ལོ2018ལོར་ཧྥུ་ནན་རྫོང་གི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར16036ཟིན་པ་དེ་དུས་མཚུངས་ལས10.2%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར27717ཟིན་པ་དེ་བསྡུར་གཞི་ཡོད་པའི་ཚད་གཞི་དུས་མཚུངས་ལས8.7%འཕར་བ་དེའི་ནང་མི་རེའི་ཆ་སྙོམས་གླ་ཕོགས་རང་བཞིན་གྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར17839.22ཟིན་པ་དེ་དུས་མཚུངས་ལས7.19%འཕར་བ་དང་། ཁྱིམ་ཚང་གཉེར་སྐྱོང་རང་བཞིན་གྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར1304.06ཟིན་པ་དེ་དུས་མཚུངས་ལས15.01%འཕར་བ། རྒྱུ་ནོར་རང་བཞིན་གྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར1303.90ཟིན་པ་དེ་དུས་མཚུངས་ལས32.77%འཕར་བ། གཞན་སྒྱུར་རང་བཞིན་གྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར7282.24ཟིན་པ་དེ་དུས་མཚུངས་ལས7.87%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར16727.62ཟིན་པ་དེ་དུས་མཚུངས་ལས94.77%འཕར་བ་དེའི་ནང་མི་རེའི་ཆ་སྙོམས་བཟའ་བཅའི་འཛད་སྤྱོད་གཏོང་སྒོ་སྒོར9419.13ཟིན་པ་དེ་དུས་མཚུངས་ལས99.88%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས34%ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་60.33ཟིན་པ་དེ་དུས་མཚུངས་ལས77.44%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11273ཟིན་པ་དེ་དུས་མཚུངས་ལས9.9%འཕར་བའི་ནང་མི་རེའི་ཆ་སྙོམས་གླ་ཕོགས་རང་བཞིན་གྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར3422.56ཟིན་པ་དེ་དུས་མཚུངས་ལས31.04%འཕར་བ་དང་། ཁྱིམ་ཚང་གཉེར་སྐྱོང་རང་བཞིན་གྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5416.50ཟིན་པ་དེ་དུས་མཚུངས་ལས་0.73%འཕར་བ། རྒྱུ་ནོར་རང་བཞིན་གྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15.55ཟིན་པ་དེ་དུས་མཚུངས་ལས7.94%འཕར་བ། གཞན་སྒྱུར་རང་བཞིན་གྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར2416.76ཟིན་པ་དེ་དུས་མཚུངས་ལས7.28%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར9635.91ཟིན་པ་དེ་དུས་མཚུངས་ལས0.46%འཕར་བའི་ནང་མི་རེའི་ཆ་སྙོམས་བཟའ་བཅའི་གཏོང་སྒོ་སྒོར་2682.51ཟིན་པ་དེ་དུས་མཚུངས་ལས་26.36%འཕར་ཡོད་པ་རེད། གྲོང་གསེབ་ཀྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས22%ཟིན་ཡོད། གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ53.07ཟིན་པ་དེ་སྤྱི་ལོ2017ལོ་ལས17.9%འཕར་བ།   

5_1   ཐོན་ལས་དང་པོ།     

སྤྱི་ལོ2018ལོར་ཧྥུ་ནན་རྫོང་གིས་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་101.4447ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་དུས་མཚུངས་ལས3.3%འཕར་བའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར50.6424ཟིན་པ་དེ་དུས་མཚུངས་ལས2%མར་ཆག་པ་དང་། ནགས་ལས་ཐོན་འབབ་སྒོར་དུང་ཕྱུར9.1635ཟིན་པ་དེ་དུས་མཚུངས་ལས0.2%མར་ཆག་པ། འབྲོག་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར25.5393ཟིན་པ་དེ་དུས་མཚུངས་ལས4.0%འཕར་བ། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5.7488ཟིན་པ་དེ་དུས་མཚུངས་ལས2.8%འཕར་བ། ཞིང་ནགས་འབྲོག་ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10.3507ཟིན་པ་དེ་དུས་མཚུངས་ལས14.2%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང162902ཟིན་པ་དེ་དུས་མཚུངས་ལས0.3%མར་ཆག སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང6019ཟིན་པ་དེ་དུས་མཚུངས་ལས1.7%འཕར་བ། སྲིང་བལ་འདེབས་ཁྱོན་སྤྱི་ཆིང230ཟིན་པ་དེ་དུས་མཚུངས་ལས1.3%འཕར་བ། སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང20575ཟིན་པ་དེ་དུས་མཚུངས་ལས5.2%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི88.87ཟིན་པ་དེ་དུས་མཚུངས་ལས1.3%མར་ཆག་ཡོད། སྣུམ་རྒྱུ་ཐོན་ཚད་ཏུན14733ཟིན་པ་དེ་དུས་མཚུངས་ལས5.3%འཕར་ཡོད། སྲིང་བལ་ཐོན་ཚད་ཏུན175ཟིན་པ་དེ་དུས་མཚུངས་ལས1.2%འཕར་ཡོད། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི8.66ཟིན་པ་དེ་དུས་མཚུངས་ལས5.1%འཕར་ཡོད།

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2018ལོར་ཧྥུ་ནན་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་འཕར་ཚད་བསྡུར་གཞི་ཡོད་པའི་རིན་གོང་དུས་མཚུངས་ལས10.6%འཕར་ཡོད། ལོ་མཇུག་ཏུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས230ཡོད་པའི་ནང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས87ཟིན་པ་དེ་སྤྱི་ལོ2017ལོ་ལས6གིས་མང་བ་ཡོད་པ་རེད། ལས་རིགས26རིགས་དབྱེའི་ཁྲོད་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཟིན་པའི་ལས་རིགས24ཡོད་པ་རེད། རྫོང་དེ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་ཆ་སྙོམས་ཐོན་སྐྱེད་བྱེད་ཚད97.4%ཟིན་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་དཔལ་འབྱོར་ཕན་འབྲས་ཀྱི་ཕྱོགས་བསྡུས་སྟོན་གྲངས296.6%ཟིན་པ་དེ་སྤྱི་ལོ2017ལོ་ལས21.3%འཕར་ཡོད། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི2236611ཟིན་པ་དེ་དུས་མཚུངས་ལས9.7%འཕར་བ། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར24.3306ཟིན་པ་དེ་དུས་མཚུངས་ལས61.6%འཕར་བའི་ནང་ཁེ་སྤོགས་སྒོར་དུང་ཕྱུར14.8081ཟིན་པ་དེ་དུས་མཚུངས་ལས35.6%འཕར་བ།   

5_3      ཐོན་ལས་གསུམ་པ།   

སྤྱི་ལོ2018ལོར་ཧྥུ་ནན་རྫོང་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར94.1857ཟིན་པ་དེ་དུས་མཚུངས་ལས14.3%འཕར་བའི་ནང་བཅད་གྲངས་ཡན་གྱི་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་ཁྲི251562ཟིན་པ་དེ་དུས་མཚུངས་ལས22.5%འཕར་ཡོད། ལོ་ཧྲིལ་པོར་ཕྱིར་གཏོང་ནང་འདྲེན་བྱས་པའི་བསྡོམས་འབོར་ཨ་སྒོར་དུང་ཕྱུར3.018ཟིན་པ་དེ་དུས་མཚུངས་ལས46%འཕར་ཡོད། དེའི་ནང་ནང་འདྲེན་བྱེད་ཚད་ཨ་སྒོར་ཁྲི293ཟིན་པ་དེ་དུས་མཚུངས་ལས10.1%མར་ཆག་པ་དང་། ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར2.9887ཟིན་པ་དེ་དུས་མཚུངས་ལས46.9%འཕར་ཡོད། ལོ་ཧྲིལ་པོར་ལིའུ་སྒྲིག་ཕྱིར་གཏོང་ཁེ་ལས101གིས་ཨ་སྒོར་ཁྲི27122ཕྱིར་གཏོང་བྱས་པ་དེས་ཕྱིར་གཏོང་བསྡོམས་འབོར་གྱི90.7%བཟུང་བ་དེ་དུས་མཚུངས་ལས47.9%འཕར་བ། གསར་སྤེལ་ཁུལ་གྱི་ཕྱིར་གཏོང་ཁེ་ལས23གྱིས་ཕྱིར་གཏོང་བྱེད་ཚད་ཨ་སྒོར་ཁྲི6247ཟིན་པ་དེས་ཕྱིར་གཏོང་བསྡོམས་འབོར་གྱི20.9%བཟུང་བ་དེ་དུས་མཚུངས་ལས31.9%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། འཁེལ་འཐག་གྱོན་ཆས་ཁེ་ལས་ཀྱིས་ཨ་སྒོར་ཁྲི1619ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས24.2%འཕར་ནས་ཕྱིར་གཏོང་བསྡོམས་འབོར་གྱི5.4%བཟུང་བ་དང་། འཕྲུལ་ཆས་དང་གློག་རྡུལ་ཁེ་ལས་ཀྱི་ཕྱིར་གཏོང་ཨ་སྒོར་ཁྲི538ཟིན་པ་དེ་དུས་མཚུངས་ལས20.4%འཕར་ནས་ཕྱིར་གཏོང་བསྡོམས་འབོར་གྱི1.8%བཟུང་བ།

སྤྱི་ལོ2018ལོར་ཧྥུ་ནན་རྫོང་གིས་རྫོང་ཕྱིའི་ཚོང་འགུགས་སྒོར་ཁྲི2000ནང་འདྲེན་བྱས་ནས་རྣམ་གྲངས་119ལ་དངོས་སུ་མ་དངུལ་སྒོར་དུང་ཕྱུར105བཏང་བ་དེ་དུས་མཚུངས་ལས20%འཕར་ཡོད། ཧྥུའུ་དབྱང་གྲོང་ཁྱེར་གྱིས་ཧྥུའུ་ནན་རྫོང་གི་ལོ་ཧྲིལ་པོའི་ཚོང་འགུགས་མ་འདྲེན་གྱི་ལས་འགན་སྒོར་དུང་ཕྱུར105ཡི100%ཟིན་ཡོད། ལོ་ཧྲིལ་པོར་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་ཁྲི3523དངོས་སུ་སྤྱད་པ་དེ་དུས་མཚུངས་ལས2187%འཕར་བ་དང་། ཧྥུ་དབྱང་གྲོང་ཁྱེར་གྱིས་སྤྲད་པའི་ཧྥུ་ནན་རྫོང་གི་ལོ་ཧྲིལ་པོའི་ལས་འགན་ཨ་སྒོར་ཁྲི1600ཡི220ལེགས་གྲུབ་བྱུང་།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-01

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།