མིག་སྨན་སེར་པོ་བདུན་སྦྱོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ལུགས་གསོ་རིག་གྱི་མིག་ནད་ལ་ཕན་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མིག་སྨན་སེར་པོ་བདུན་སྦྱོར།
ཁོངས་གཏོགས།
སྨན་རྫས།
རྣམ་པ།
ཕྱེ་མ།
1 སྡེབ་ཁ།

རྒྱ་ཚྭ10དུར་ཐོད20དུང30ཕོ་བ་རིས40པི་པི་ལིང80ཡུང་བ60ཨ་རུ120སྦྱར།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་མིག་སྨན་སྦྱོར་བ་ཞིག་ཡིན།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སེར་སྐྱ་ཅན། རོ་བསྐ་ལ་ལན་ཚ་བ། ནུས་པ་བསིལ་བ། བཟི་མེད་པའི་སྨན་སྦྱོར་བ་ཞིག་ཡིན།

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིས་ཕན་ཡོན་ནི། ཤིན་ཏུ་ཞིབ་པར་བཏགས་ནས་ནི།། ལིང་ཏོག་ལ་ནི་སྐམ་འདེབས་བྱེད། མིག་ནད་གཞན་ལ་ནུ་ཞོས་སྦྱར།། ནང་ཚ་བ་ལ་དོམ་མཁྲིས་བསྣན།། ཕྱི་བ་ལ་མཐིང་ཉིད་བྱུགས།། ལིང་རོ་གཅོད་པ་ད་མཚུར་བསྣན། མེ་ལྕེ་འཛག་ལ་སྐྱེར་ཁཎ་དག ཞག་བདུན་ཁོ་ན་བྱུག་པས་ཕན།

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཕན་ནུས་ལས་གསུངས་པ་ལྟར་ཐེངས་རེར་ཁེ0:1རེ་དང་། ཉིན་རེར་ཐེངས3ནས4བར་མིག་ནང་འདེབས་པའམ་གཏིགས་དགོས།

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་མིག་སྨན་སྦྱོར་བ་ཞིག་ཡིན། སྣོད་དམ་པོའི་ནང་དུ་བླུག་ནས་རླན་འཛེམ་དགོས།


བརྡ་འགྲེལ་གདོང་འཛར།

མིག་སྨན། ཕན་ནུས། སྦྱོར་བ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-25

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།