ཅུས་རུང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅུས་རུང་།
ཅུས་རུང་ནི་ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཅང་སུའུ་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་གནས། ཤར་ངོས་ཕྱོགས་སུ་ཀྲེན་ཅང་དང་འབྲེལ། ནུབ་ངོས་ཕྱོགས་སུ་ནན་ཅིན་དང་འབྲེལ། ནན་ཅིང་གི་ཤར་ལྷོའི་འགག་སྒོ་ལྟ་བུ་ཡིན་པ་དང་། ནན་ཅིང་གི་གྲོང་ཁྱེར་གྱི་ཚོམས་ཀྱི་གྲས་སུ་ཡོད་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན། དེ་ནི་འབྲི་ཆུའི་ཟུར་གསུམ་གླིང་གི་གྲུ་ཁ་གཙོ་བོ་ཞིག་ཡིན་པ་དང་། བཟོ་ལས། ཚོང་དོན། ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་གསར་དར་གྲོང་ཁྱེར་ཞིག་རེད། སྤྱི་ལོ2016ལོའི་ཅུས་རུང་གྲོང་ཁྱེར་ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་གྲོང་ཁྱེར་བརྒྱའི་གྲས་ཀྱི་ཨང58པ། ཀྲུང་གོའི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ལྡན་པའི་གྲོང་ཁྱེར་འབྲིང་ཆུང་བརྒྱའི་ཨང55དང་། ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཤུགས་ཆེ་བའི་གྲོང་ཁྱེར་བརྒྱའི་ཨང53པ། ཀྲུང་གོའི་གྲོང་ཁྱེར་འབྲིང་ཆུང་གི་གསར་གཏོད་སྟོབས་ཤུགས་ཆེ་བའི་གྲོང་ཁྱེར་བརྒྱའི་ཨང63པ་བཅས་ཀྱི་གྲས་སུ་བདམས་པར་མ་ཟད། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་སྐོར་ཁག་དང་པོའི་གྲས་སུ་བདམས་པ་རེད། སྤྱི་ལོ2018ལོའི་ཟླ10པར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་ཨང51དང་། མ་འཇོག་མི་མངོན་པའི་སྟོབས་ཤུགས་ ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་ཨང45པ། རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས། རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བཅས་སུ་བདམས་པ་རེད། སྤྱི་ལོ2018ལོའི་བཟོ་ལས་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས། རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཅན་གྱི་རྫོང་དང་གྲོང་ཁྱེར100གྲས། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་མ་རྩ་འཇོག་པའི་གཏིང་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས། རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་བཅས་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཅུས་རུང་།
རྒྱ་ཡིག་གི་མིང་།
句容
ཕྱི་ཡིག་གི་མིང་།
Jurong
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་ཞིང་ཆེན།
མངའ་ཁོངས།
ཁྲོམ་གཞུང3 གྲོང་རྡལ8
སྲིད་གཞུང་སྡོད་གནས།
ཁྲུང་མེང་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0511
སྦྲག་སྲིད་ཚབ་ཨང་།
212400
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1385
མི་གྲངས།
ཁྲི62.58
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏L
སྲིད་འཛིན་ཚབ་ཨང་།
321183
GDP
དམངས་སྒོོར་དུང་ཕྱུར570
གནམ་གྲུའི་ཐང་།
ནན་ཅིང་ལུའུ་ཁུའོ་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚིགས།
པའོ་ཧྭ་ཧྲན་མེ་འཁོར་འབབ་ཚིགས། ཅུས་རུང་ནུབ་ཚིགས། ཞ་ཧྲུའུ་མེ་འཁོར་འབབ་ཚིགས།
1 ​ལོ་རྒྱུས་འཕེལ་རིམ།  

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བརྒྱད་པར(སྤྱི་ལོ1949ལོ)ཟླ4པའི་ཚེས23ཉིན་གྱི་ཅུས་རུང་ལ་བཅིངས་འགྲོལ་ཐོབ་པ་དང་། ཟླ4པའི་ཚེས26ཉིན་ཅུས་རུང་རྫོང་མི་དམངས་སྲིད་གཞུང་དངོས་སུ་བཙུགས་པ་དང་། ཅང་སུའུ་ལྷོ་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཁོངས་ཀྲེན་ཅང་ཀྲོན་ཡོན་ཀུང་ཧྲུའུ་ཁོངས་སུ་གཏོགས་པར་བྱས། ལོ་དེའི་ཟླ12པའི་ཚེས2ཉིན་ཀྲུང་གུང་ཀྲུང་དབྱང་ཧྭ་ཤར་ཅུས་ཀྱིས་ཅུས་རུང་དེ་ནན་ཅིན་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག     སྤྱི་ལོ1950ལོའི་ཟླ1པོར་ཀྲེན་ཅང་ཀྲོན་ཡོན་ཀུང་ཧྲུའུ་ལ་སྤྲད།     སྤྱི་ལོ1953ལོར། ཅང་སུའུ་ཞིང་ཆེན་བཙུགས་རྗེས་ཀྲེན་ཅང་ཆེད་ཁུལ་དུ་གཏོགས།     སྤྱི་ལོ1958ལོར་ཀྲེན་ཅང་ཀྲོན་ཆུས་དེ་ཁྲང་ཀྲོའུ་ཀྲོན་ཆུས་སུ་བསྒྱུར་བ་དང་། རྗེས་སུ་ཀྲེན་ཅང་ཀྲོན་ཆུས་སུ་བསྒྱུར་ཞིང་། ཅུས་རུང་དེ་དེའི་ཁོངས་སུ་གཏོགས།     སྤྱི་ལོ1983ལོའི་ཟླ3པར། ཅང་སུའུ་ཞིང་ཆེན་གྱིས་གྲོང་ཁྱེར་དོ་དམ་རྫོང་ལག་བསྟར་བྱས་རྗེས། ཅིའུ་རུང་ཀྲེན་ཅང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།    སྤྱི་ལོ1995ལོའི་ཟླ4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྫོང་བླངས་ནས་གྲོང་ཁྱེར་དུ་བསྒྱུར་ཏེ་ཅུས་རུང་གྲོང་ཁྱེར་བཙུགས།

2 སྲིད་འཛིན་ཁོངས་བགོས།

ཆི་རུང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ3(ཁྲུང་མིང་ཁྲོམ་གཞུང་དང་། ཧྭ་དབྱང་ཁྲོམ་གཞུང་། ཧོང་མེ་ཁྲོམ་གཞུང)དང་། གྲོང་རྡལ8(མའོ་ཧྲན་གྲོང་རྡལ། ཐེན་ཝང་གྲོང་རྡལ། ཧོའུ་པེ་གྲོང་རྡལ། ཀུའོ་ཀྲོང་གྲོང་རྡལ། པའེ་ཐུའུ་གྲོང་རྡལ་གྱི་མཐའ་མཚམས་གྲོང་རྡལ་དང་། པའོ་ཧྭ་གྲོང་རྡལ། ཞ་ཧྲུའུ་གྲོང་རྡལ)  གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང3(ཅུས་རུང་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཁྲི་ཧྲན་མཚེའུ་དོ་དམ་ཨུ་ཡོན་ལྷན་ཁང་། མའོ་ཧྲན་མཛེས་ལྗོངས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང)  གཙོ་གནད་ཤང་གྲོང་བཟོ་ལས་གླིང་ཁུལ20 གཞུང་ཁོངས་ཞིང་ནགས་ར་བ15བཅས་ཡོད།

3 མི་འབོར་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2013ལོར་མི་འབོར་བསྡོམས་འབོར་བརྟན་པོའི་ངང་འཕར་ཡོད། ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི62.36ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.14འཕར། ཐེམ་ཐོ་མི་འབོར་ཁྲི58.94ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.1འཕར། མི་འབོར་སྐྱེ་ཚད7.68‰དང་། མི་འབོར་ཤི་ཚད6.65‰ཡིན།     སྤྱི་ལོ2014ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི62.41ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.05འཕར། ཐེམ་ཐོ་མི་འབོར་ཁྲི59.05ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.11འཕར། མི་འབོར་སྐྱེ་ཚད9.45‰དང་། མི་འབོར་ཤི་ཚད7.62‰ཡིན།     སྤྱི་ལོ2016ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི62.58ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.08འཕར། ཐེམ་ཐོའི་མི་འབོར་ཁྲི59.21ལ་སླེབས་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.08འཕར། མི་འབོར་སྐྱེ་ཚད8.01‰ལ་སླེབས་པ་དང་། མི་འབོར་ཤི་ཚད7.25‰ལ་སླེབས་ཡོད།

3_2 མི་རིགས།     

མངའ་ཁོངས་སུ་རྒྱ་རིགས་དང་སོག་རིགས། ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། ཡའོ་རིགས། པའེ་རིགས། ཐུའུ་ཅ་རིགས། ཧ་ཉི་རིགས། ཏའེ་རིགས། ལི་རིགས། ཧྲེ་རིགས། ཧ་སག་རིགས། ཨུ་རུ་སུ་རིགས། ཨོ་ལུན་ཁྲུན་རིགས། ཀའོ་ཧྲན་རིགས། ཧྲུའེ་རིགས། འཇང་རིགས། ས་ལར་རིགས། ཀེ་ལའོ་རིགས། ཞི་པོ་རིགས། ཨ་ཁྲང་རིགས། ཆའང་རིགས། ཐ་ཅི་ཁེ་རིགས། ཅིན་རིགས་སོགས་མི་རིགས་ཁྱབ་ཡོད།

4 དཔལ་འབྱོར་རགས་བཤད།     

ཅུས་རུང་ནི་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་སྔ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། སྤྱི་ལོ2010ལོའི་ཟླ8པར་སྐབས་བཅུ་པའི་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་གཞི་རྩའི་འགྲན་རྩོད་ནུས་པ་ཆེ་བའི་རྫོང(གྲོང་ཁྱེར)བརྒྱའི་མིང་ཐོའི་ནང་ཅུས་རུང་གྲོང་ཁྱེར་ཚུད་ནས་ཨང90པར་སླེབས་ཡོད།   སྤྱི་ལོ2015ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར470ལ་སླེབས་ནས10%འཕར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར40.01ཡིན་པས11.4%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར304.6བཏང་ནས18%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར130.9ལ་སླེབས་ནས12.8%འཕར། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་བེད་སྤྱོད་བྱས་གྲངས་ཨ་སྒོར་དུང་ཕྱུར2.87ལ་སླེབས་པ་དང་། ཕྱིར་གཏོང་ནང་འདྲེན་བྱས་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར5.18ལ་སླེབས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར37700ལ་སླེབས་ནས9%འཕར། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར17500ལ་སླེབས་ནས10%འཕར།    སྤྱི་ལོ2017ལོའི་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར530ལ་སླེབས་ནས7.8%འཕར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར44ལེགས་གྲུབ་བྱུང་བ་དེ་ལོ་གོང་མའི་དུས་མཉམ་ལས18.3%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར157.6ལ་སླེབས་ནས11%འཕར། དོན་དངོས་ཐོག་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར3.2བེད་སྤྱོད་བཏང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་སོ་སོར44031དང་སྒོར20480ལ་སླེབས་ནས8.5%དང8.3%འཕར་ཡོད།    

4_1 ཐོན་ལས་དང་པོ།     

ཅུས་རུང་གྲོང་ཁྱེར་དུ་ཇ་ལོ་དང་། འབྲི་ཏ་ས་འཛིན། མེ་ཏོག ཁམ་བུ། རྒུན་འབྲུམ།  མའོ་ཧྲན་ངང་པ་སོགས་ཞིང་ཞོར་ཐོན་རྫས་ཀྱི་རྟེན་གཞི་མང་པོ་ཞིག་ཆགས་ནས་ས་ཁོངས་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན། ཆེད་ལས་ཅན། སྣོད་བཅུད་ཅན་བཅས་ཀྱི་ཐོན་སྐྱེད་རྣམ་པ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།     སྤྱི་ལོ2014ལོར་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར41.51ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན4.2%འཕར་ཡོད། གྲུབ་ཆ་ལེགས་སྒྲིག་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས་ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་དང་འབྲུ་རིགས་ཐོན་ཚད་ལོ་རེ་བཞིན་འཕར། དབྱར་འབྲུའི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི8.30ལ་སླེབས་ནས6.5%འཕར། སྟོན་འབྲུ་ཐོན་ཚད་ཏུན་ཁྲི35.97ལ་སླེབས་ནས1.71%འཕར་ཡོད། འབྲུ་རིགས་མུའུ་རེའི་ཐོན་ཚད་སླར་ཡང་ལ་སླེབས་ཐོ་གསར་པ་བཏོད་ནས་སྤྱི་རྒྱ470.4ལ་སླེབས་པ་དེ་ལོ་གོང་མ་ལས་སྤྱི་རྒྱ5.3འཕར་ནས1.1%འཕར་ཡོད།     དེང་རབས་ཀྱི་ཞིང་ལས་ལ་སྐུལ་སྤེལ་ཆེན་པོ་བཏང་། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི1.4དང་། ཕན་ནུས་ཆེ་བའི་ཞིང་ལས་མུའུ་ཁྲི5.5 སྒྲིག་བཀོད་ཞིང་ལས་མུའུ་ཁྲི3.6བཅས་གསར་དུ་འཕར་ནས་ཞིང་ལས་ཕྱོགས་བསྡུས་འཕྲུལ་ཆས་ཅན་གྱི་ཆུ་ཚད84.5%ལ་སླེབས་ཡོད་པ་རེད། “ཐོན་རྫས་གསུམ”གྱི་སྤུས་རྟགས65བདེན་དཔང་ར་སྤྲོད་གསར་པ་བྱས་པར་རྒྱལ་ཁབ་ཀྱི་གྲགས་ཅན་ཚོང་རྟགས་ཀྱི་ཐོབ་ཐང་བླངས་ཡོད། ཞིང་པའི་ཆེད་ལས་མཉམ་ལས་ཁང100དང་། ཁྱིམ་ཚང་ཞིང་ར120གསར་སྣོན་བྱས་པ་དང་། ཞིང་ལས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་བསྡུར་ཚད60.32%ལ་སླེབས་ཡོད། གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་ལས་སྣེ་འདྲེན་ཁེ་ལས3གྱིས་ཇེ་མང་དུ་ཕྱིན་པ་དང་ཞིན་ཧྲུན་ཕུའུ་བཟའ་བཅའ་ཀུང་སི་དེ་རྒྱལ་ཡོངས་ཀྱི་བཟའ་བཅའ་གཙོ་བོའི་ལས་སྣོན་ལས་རིགས་ཀྱི་དཔེ་སྟོན་ཁེ་ལས་སུ་གྱུར་ཡོད། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གསར་འཛུགས་ལ་ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད“རྒྱལ་ཡོངས་ཀྱི་ཞིང་པ་གསར་པའི་གསོ་སྦྱོང་དཔེ་སྟོན་ཚོད་ལྟའི་རྫོང”གི་མཚན་སྙན་ཐོབ་པ་དང་། ཐེན་ཝང་གྲོང་རྡལ་རྒྱལ་ཡོངས་ཀྱི་གཙོ་གནད་ནགས་ཤིང་མྱུག་སོན་དཔེ་སྟོན་རྟེན་གཞིར་གྱུར། ཐེན་ཝང་སྐྱེ་ལྡན་ཞིང་ལས་ཐོན་ལས་གླིང་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་བསྐྲུན།    

4_2 ཐོན་ལས་གཉིས་པ། 

ཅུས་རུང་བཟོ་ལས་ཀྱི་སྣ་ཁ་འཛོམས་པོ་ཡོད་པ་དང་། འཕྲུལ་ཆས་དང་། རྫས་འགྱུར་བཟོ་ལས། ཨར་ལས་རྒྱུ་ཆ། ཡང་བའི་བཟོ་ལས(གྱོན་ཆས་དང་། རྩེད་ཆས། ལྕགས་ཆས་བཅས་ཚུད་པ)སོགས་སྲོལ་རྒྱུན་གྱི་ཐོན་ལས་ཡོད་པ་མ་ཟད། རྐང་འཁོར་དང་། གློག་རྡུལ། རྒྱུ་ཆ་གསར་པ་སོགས་ཐོན་ལས་གསར་པ་འཕེལ་རྒྱས་བཏང་བ་དང་། ཡང་བའི་བཟོ་ལས་རིགས་ཀྱི་རྩེད་ཆས་ཕྱིར་གཏོང་བྱེད་ཚད་རྒྱལ་ཡོངས་ཀྱི་གསུམ་ཆའི་གཅིག་བཟུང་ཡོད།    ཐའེ་ཝན་གྱི་མ་འཇོག་ཁེ་ལས་ཅིང་དབྱང་ཨར་འདམ་ཚད་ཡོད་ཀུང་སིས་སྤྱི་ལོ1993ལོར་ཅའོ་རུང་གྲོང་ཁྱེར་གྱི་ཆའོ་ཐོའུ་གྲོང་རྡལ་གྱི་ཤར་ཕྱོགས་སུ་གཞིས་ཆགས་ནས་ཁྱོན་མ་དངུལ་ཨ་སྒོར་དུང་ཕྱུར2.65བཏང་བ་དེ་ནི་ཀྲུང་གོའི་ཕྱི་དངུལ་ཨར་འདམ་མཁོ་འདོན་ཚོང་པ་ཆེ་ཤོས་དེ་རེད། ཤང་ཀང་གི་རྐང་འཁོར་ཚད་ཡོད་ཀུང་སིས་ཨ་སྒོར་ཁྲི1200བཏང་བའི་ལི་ཏ་རྐང་འཁོར་ཚད་ཡོད་ཀུང་སི་དང་ཐའེ་ཝན་ཏུའུ་མའོ་ཚོགས་པས་ཨ་སྒོར་ཁྲི1000བཏང་བའི་ཅུས་རུང་ཏུའུ་མའོ་རྐང་འཁོར་ཚད་ཡོད་ཀུང་སི་ཡང་ཅིའུ་རུང་དུ་གཞིས་ཆགས་ཡོད། ཅུས་རུང་ནི་ཀྲུང་གོའི་རྫ་ཆས་རྩེད་ཆས་ཕྱིར་གཏོང་གི་རྟེན་གཞི་གལ་ཆེན་ཞིག་དང་། ཐོན་རྫས་ཕྱིར་འཚོང་རྒྱལ་ཁབ་དང་ས་ཁུལ40ལྷག་ཙམ་དང་། རྩེད་ཆས་ཐོན་སྐྱེད་དང་སྤུས་ལེགས་བཟོ་རྩལ་ལག་རྟགས་ཅན་གྱི་ཀུང་སི་བརྒྱ་ཙམ་དང་། ཡང་བའི་བཟོ་ལས་རྩེད་ཆས་རིགས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་རྒྱལ་ཡོངས་ཀྱི་གསུམ་ཆའི་གཅིག་ལ་སླེབས་ཡོད།     

སྤྱི་ལོ2014ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1262.17ལེགས་གྲུབ་ལ་སླེབས་པ་དེ་དུས་མཚུངས་ལས12.8%འཕར། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར294.81ལ་སླེབས་པ་དེ་དུས་མཚུངས་ལས13.2%འཕར་བ། ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར1229.28ལ་སླེབས་ནས10.5%འཕར། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར123.93མངོན་འགྱུར་བྱུང་བ་དེ21.1%འཕར་ཡོད། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར65.7ལ་སླེབས་པ་དེ32.1%འཕར་ཡོད། བཟོ་ལས་ཀྱི་དཔྱ་ཁྲལ་སྒོར་དུང་ཕྱུར321ལ་སླེབས་ནས21.8%འཕར་ནས་འཕར་ཚད་ལོ་གསུམ་རིང་གི་ལ་སླེབས་ཐོ་གསར་པ་བཏོད་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས60གསར་དུ་འཕར་བ། ཕྱིར་འཚོང་སྒོར་དུང་ཕྱུར་ཡན་གྱི་ཁེ་ལས12གསར་དུ་འཕར། ཞིང་ཆེན་གྱི་དམངས་གཉེར་ཚན་རྩལ་ཁེ་ལས60 རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས14 ཞིང་ཆེན་གྱི་མཐོ་གསར་ལག་རྩལ་ཐོན་རྫས40བཅས་གསར་སྣོན་བྱས་ཡོད།

བཟོ་སྐྲུན་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་བྱུང་། སྤྱི་ལོ2014ལོར་གྲོང་ཁྱེར་ཡོངས་ཀྱི་ཨར་སྐྲུན་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར85.1ལ་སླེབས་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར14.7འཕར་ནས20.9%འཕར་ཡོད། དེའི་ནང་རང་འགུལ་ངང་ཨར་སྐྲུན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར81.7ལ་སླེབས་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར13.9མང་དུ་ཕྱིན་ནས20.5%འཕར་བ་དང་། འཛུགས་སྐྲུན་ཚན་པ་ཕུད་པའི་འགན་གཙང་བླངས་པའི་ལས་གྲྭའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.3ལ་སླེབས་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར0.7འཕར་ནས26.9%འཕར་ཡོད།     

4_3 ཐོན་ལས་གསུམ་པ། 

སྤྱི་ལོ2014ལོར་ཅུས་རུང་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར258.2བཏང་ནས22.5%འཕར་བ་དེ་ཀྲེན་ཅང་གྲོང་ཁྱེར་གྱི་ཆ་སྙོམས་མྱུར་ཚད་ལས0.3%གྱིས་མགྱོགས་པ་ཡོད་པ་རེད། དེའི་ནང་བཟོ་ལས་ཐད་མ་དངུལ་སྒོར་དུང་ཕྱུར101.5བཏང་ནས13.1%འཕར་བ་དང་། ལག་རྩལ་སྒྱུར་བཅོས་ཐད་མ་དངུལ་སྒོར་དུང་ཕྱུར31.5བཏང་ནས43.1%འཕར་བ་དང་། ཞབས་ཞུའི་ལས་རིགས་ལ་མ་དངུལ་སྒོར་དུང་ཕྱུར156.7བཏང་ནས31.3%འཕར་ཡོད།     འཕེལ་རྒྱས་ཀྱི་གཞི་རྟེན་དང་དངོས་ཤུགས་ཆེ་རུ་ཕྱིན་ཡོད། སྤྱི་ལོ2014ལོར་གསར་སྤེལ་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ་གྱི་ཨང་རིམ23བར་འཕར་ནས་ལོ་གོང་མ་ལས6འཕར་ཡོད། ལིན་ཀང་བཟོ་ལས་གཅིག་སྡུད་ཁུལ་དེ་ཞིང་ཆེན་རིམ་པའི་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆའི་ཚན་རྩལ་ཐོན་ལས་གླིང་དུ་བསྐྲུན་ཡོད། མཐའ་མཚམས་གྲོང་ཁྱེར་གྱི་ལམ་ངོས་རྒྱུ་ཆ་གསར་པའི་ཐོན་ལས་གླིང་དེ་ཞིང་ཆེན་རིམ་པའི་ཚན་རྩལ་ཐོན་ལས་གླིང་དུ་བསྐྲུན་ཡོད། གཙོ་གནད་རྣམ་གྲངས91ལ་མ་དངུལ་སྒོར་དུང་ཕྱུར134.4བཏང་བ་དེས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་གི་53.2%བཟུང་ཡོད། ཤར་གྱི་འོད་གློག་དང་ཐེན་ཀུང་ཐེ་བསྲེས་ལྕགས་སོགས་ཀྱི་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་པ། རིག་གནས་གླིང་ཞིག་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ནས་པི་ཀུའེ་ཡོན་སྤྲོ་སྐྱིད་གྲོང་ཁྱེར་དངོས་སུ་ལས་གཉེར་བྱས་པ། ཧྲེང་ནུའོ་ཤིང་ལས་དང་ཀྲུང་ཧྭ་བདེ་ཐང་གླིང་སོགས་རྣམ་གྲངས་སྐྲུན་འགོ་ཚུགས་པ། ཀྲུང་གོ་གློག་ཤུགས་ཀུང་སིའི་དུས་ཐེངས་གཉིས་པའི་རྣམ་གྲངས་ལ་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི“ལམ་ཐིག”ཐོབ་པ། ཆུ་འཐེན་ནུས་གསོག་གློག་ཁང་རྣམ་གྲངས་ཀྱི་འདེགས་སྐྱོར་རང་བཞིན་གྱི་ཡིག་ཆ29ཚང་མ་ལེགས་གྲུབ་ལ་སླེབས་ནས་གོང་རིམ་ལ་ཞིབ་མཆན་འགོད་པའི་ཆ་རྐྱེན་འཛོམས་ཡོད།     ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། གྲོང་ཁྱེར་དེ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་གོམ་སྟབས་མུ་མཐུད་མགྱོགས་སུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མངོན་གསལ་དོད་པའི་ནུས་པ་འདོན་སྤེལ་བྱས་ཡོད། 

སྤྱི་ལོ2014ལོར་ཞབས་ཞུའི་ལས་རིགས་ཀྱི་མ་འཇོག་འཕར་ཚད་དེ་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་ལས8.8%ཀྱིས་མགྱོགས་པ་ཡོད། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འདུས་ཁུལ་གསུམ་གྱི་རྣམ་གྲངས་གལ་ཆེན་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་ཡོད། དེ་དང་ཆབས་ཅིག་ཡུས་རུན་ཀྲུང་དབྱང་ཁྲོམ་ར་དང་ཀྲེང་དབྱང་རླངས་འཁོར་བཀོད་སྒྲིག་གྲོང་སོགས་ཞབས་ཞུའི་ལས་རིགས་ཀྱི་ཐོན་ལས་རིགས་ཀྱི་རྣམ་གྲངས་གལ་ཆེན་ཁག་གཅིག་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་རེད། ལོ་ཧྲིལ་པོར་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར188.28མངོན་འགྱུར་བྱུང་། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར22.06ལ་སླེབས་ནས9.6%འཕར་བ་དང་། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར32.85ལ་སླེབས་ནས10.9%འཕར། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར12.42བྱུང་ནས12.2%འཕར། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར10.07ལ་སླེབས་ནས18.2%འཕར། ས་ཁང་བདག་ཁོངས་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར28.54ལ་སླེབས་ནས16.1%འཕར། ཞབས་ཞུའི་ལས་རིགས་གཞན་དག་གི་འཕར་ཐང་སྒོར་དུང་ཕྱུར78.09ལ་སླེབས་ནས7.8%འཕར་ཡོད། སྤྱི་ལོ2014ལོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར116.1ལ་སླེབས་པ་དེ་དུས་མཚུངས་ལས12.6%འཕར་ཡོད། དེའི་ནང་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ལ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར106.1ལ་སླེབས་ནས11%འཕར་བ་དང་། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་ཁྲོམ་རའི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར10ལ་སླེབས་ནས33.1%འཕར་ཡོད།    

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-11

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།