ཅིང་ཁོའུ་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིང་ཁོའུ་ཆུས།
ཅིང་ཁོའུ་ཆུས་ནི་ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་པ་དང་། ཀྲེན་ཅང་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཀྱང་ཡིན། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ126རྒྱུན་སྡོད་མི་འབོར་ཁྲི38.8ལྷག་ཙམ་ཡོད་པ་དང་། ཁོངས་གཏོགས་སུ་ཁྲོམ་གཞུང6 ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ1 གྲུ་ཁའི་ཐོན་ལས་གླིང་ཁུལ1 ཞིང་ར1བཅས་ཡོད། ཅིན་ཁོའུ་ལ་ཧན་རྒྱལ་རབས་ཀྱི་སྐབས་སུ་མིང་ལ་ཅིན་ཁོའུ་ལི་ཞེས་འབོད་པ་དང་། ཏུང་ཝུའུ་སུན་ཆོན་གྱིས་ལྕགས་གཞོང་མཁར་བརྩིགས་པའི་ནས་བཟུང་ཅིན་ཁོའུ་གྲོང་སྡེ་ཆགས། ཅིན་རྒྱལ་རབས་སྐབས་སུ་ཅིན་ལིན་ཅུན་ཞེས་པ་བཙུགས། སུང་རྒྱལ་རབས་ལྷོ་མ་ནས་བཟུང་ནན་ཞུས་ཀྲོའུ་བཙུགས། སུའེ་རྒྱལ་རབས་སྐབས་སུ་རུན་ཀྲོའུ་བཙུགས། སུང་རྒྱལ་རབས་སྐབས་སུ་རུན་ཀྲོའུ་བར་ཀྲེན་ཅང་ཧྥུའུ་ཞེས་པར་བསྒྱུར་པར་མ་ཟད། ད་ལྟའི་བར་དུ་སྔར་མུས་བཞིན་སྤྱོད་བཞིན་ཡོད། སྤྱི་ལོ1983ལོར་ཀྲེན་ཅང་གྲོང་ཁྱེར་དུ་གྲོང་ཁུལ་ཆུས་དང་གྲོང་འདབས་ཆུས་བཙུགས་པ་དང་། ལོ་དེའི་ཟླ12པར་གྲོང་ཁུལ་ཆུས་ཀྱི་མིང་དེ་ཅིང་ཁོའུ་ཆུས་ཞེས་བསྒྱུར་བ་དང་། དེ་རྗེས་སླར་ཡང་ས་ཁོངས་དབྱེ་ནས་ལེགས་སྒྲིག་ཐེངས་གཉིས་བྱས་པ་བརྒྱུད་མིག་སྔའི་སྲིད་འཛིན་ས་ཁོངས་དབྱེ་སྟངས་ཆགས་པ་རེད། ཅིན་ཁོའུ་ཆུས་ནི་འབྲི་ཆུའི་སྨད་རྒྱུད་ཀྱི་ལྷོ་ངོགས་དང་གནའ་བོའི་མིས་བཟོས་གཙང་པོའི་ཤར་ངོས་སུ་གནས་པ་དང་། “རྒྱ་གྲམ་ཆུ་ལམ་བཟང་པོ”འབྲི་ཆུ་དང་ཅིན་ཧང་མིས་བཟོས་གཙང་པོ་ཆེན་པོ་གཉིས་མངའ་ཁོངས་སུ་འདྲེས་ཡོད་ཅིང་། དེ་ནི་ཅང་སུའུ་ལྷོ་རྒྱུད་དང་ཅང་སུའུ་བྱང་རྒྱུད་ཀྱི་དངོས་རྫས་འགྲོ་རྒྱུག་དང་དཔལ་འབྱོར་རོགས་ལས་ཀྱི་འགག་གནད་ཡིན། སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཅན་གྱི་ཆུས་བརྒྱའི་གྲས་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་བཅས་སུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཅིང་ཁོའུ་ཆུས།
རྒྱ་ཡིག་གི་མིང་།
京口区
ཕྱི་ཡིག་གི་མིང་།
Jingkou District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང6
སྲིད་གཞུང་སྡོད་གནས།
ཀྲེན་ཅང་གྲོང་ཁྱེར་ཞུའེ་ཧྥུའུ་ལམ་ཨང་རྟགས3པ།
ས་ཁོངས་ཁ་པར་ཨང་རྟགས།
0511
སྦྲག་སྲིད་ཚབ་ཨང་།
212001
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ118
མི་གྲངས།
ཁྲི60.1
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏L
སྲིད་འཛིན་ཚབ་ཨང་།
321102
གནམ་གྲུའི་ཐང་།
ཀྲེན་ཅང་ཏ་ལུའུ་ཐུང་ཡུང་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚིགས།
ཀྲེན་ཅང་མེ་འཁོར་འབབ་ཚིགས། ཀྲེན་ཅང་ལྷོ་ཚིགས།
1 ​ལོ་རྒྱུས་འཕེལ་རིམ།

ཅིན་ཁོའུ་ལ་ཧན་རྒྱལ་རབས་ཀྱི་སྐབས་སུ་མིང་ལ་ཅིན་ཁོའུ་ལི་ཞེས་འབོད་པ་དང་། ཏུང་ཝུའུ་སུན་ཆོན་གྱིས་ལྕགས་གཞོང་མཁར་བརྩིགས་པའི་ནས་བཟུང་ཅིན་ཁོའུ་གྲོང་སྡེ་ཆགས། ཅིན་རྒྱལ་རབས་སྐབས་སུ་ཅིན་ལིན་ཅུན་ཞེས་པ་བཙུགས། སུང་རྒྱལ་རབས་ལྷོ་མ་ནས་བཟུང་ནན་ཞུས་ཀྲོའུ་བཙུགས། སུའེ་རྒྱལ་རབས་སྐབས་སུ་རུན་ཀྲོའུ་བཙུགས། སུང་རྒྱལ་རབས་སྐབས་སུ་རུན་ཀྲོའུ་བར་ཀྲེན་ཅང་ཧྥུའུ་ཞེས་པར་བསྒྱུར་པར་མ་ཟད། ད་ལྟའི་བར་དུ་སྔར་མུས་བཞིན་སྤྱོད་བཞིན་ཡོད། ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིང་རྒྱལ་རབས། དེ་བཞིན་མིན་གོའི་དུས་སྐབས་བཅས་ཚང་མར་ཏན་ཐུའུ་རྫོང་ཟེར་ཞིང་། ཀྲེན་ཅང་ཧྥུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1928ལོར་ཏན་ཐུའུ་རྫོང་དེ་ཀྲེན་ཅང་རྫོང་དུ་བསྒྱུར། ཞིང་ཆེན་གྱིས་གྲོང་ཁུལ་བསྐྱངས་རྗེས་། གྲོང་ཁྱེར་ཉེ་འདབས་སུ་དབྱེ་ནས་ཆུས་དང་པོ་རུ་བཅིངས་འགྲོལ་བར་དུ་དབྱེ།     

བཅིངས་འགྲོལ་བཏང་རྗེས་ཀྲེན་ཅང་གྲོང་ཁྱེར་དང་ཏན་ཐུའུ་རྫོང་ལོགས་སུ་ཕྱེ་ནས་བཅོས་སྐྱོང་བྱས། གྲོང་ཁུལ་ཆུས་དང་ཉེ་འདབས་ཀྱི་གྲོང་རྡལ་དག་ཀྲེན་ཅང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། དེ་ཚུན་གྱི་ས་ཁོངས་ཏན་ཐུའུ་རྫོང་ལ་དབང་། སྤྱི་ལོ1952ལོར་པེ་ཀུའུ་དང་། ཡིང་ཅང་། ཅིན་ཧྲན་བཅས་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས3བཙུགས། སྤྱི་ལོ1956ལོར་ཆུས་ཕྱིར་འཐེན་བྱས་ནས་སྲང་ལམ་དོན་གཅོད་ཁང་བཙུགས། སྤྱི་ལོ1960ལོར་གྲོང་ཁྱེར་གྱི་མི་དམངས་ཀུང་ཧྲེ4བཙུགས། སྤྱི་ལོ1980ལོར་གྲོང་ཁྱེར་མི་དམངས་ཀུང་ཧྲེ་མེད་པར་བཟོས་ནས་པེ་ཀུའུ་དང་ཅིན་ཧྲན་ཆུས་གཉིས་བཙུགས། སྤྱི་ལོ1983ལོའི་ཟླ3པར། གྲོང་ཁྱེར་དོ་དམ་རྫོང་གི་སྒྲིག་སྲོལ་ལག་བསྟར་བྱས་ཏེ། ཀྲེན་ཅང་ས་ཁུལ་མེད་པར་བཏང་ཞིང་། ཀྲེན་ཅང་གྲོང་ཁྱེར་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར། ལོ་དེའི་ཟླ8པར། པེ་ཀུའུ་དང་ཅིན་ཧྲན་ཁུལ་གཉིས་ཟླ་སྒྲིལ་བཏང་།      སྤྱི་ལོ1984ལོའི་ཟླ10པར་ཀྲེན་ཅང་གྲོང་ཁྱེར་གྱི་གྲོང་ཁུལ་ཆུས་དེ་ཅིན་ཁོའུ་ཆུས་སུ་མིང་བསྒྱུར།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་ཅིང་ཁོའུ་ཆུས་ཁོངས་སུཏ་ཧྲེ་ཁོའུ་དང་། སི་ཕེ་ལུའོ། ཅན་ཁང་ལམ། ཀྲེང་ཏུང་ལམ། ཞང་ཧྲན། ཅན་པི་བཅས་ཁྲོམ་གཞུང་དོན་གཅོད་ཁྲུའུ6དང་དེ་བཞིན་ཅིང་ཁོའུ་བཟོ་ལས་གླིང་དང་ཞིན་མིན་ཀྲོའུ་ལིན་ཀང་ཐོན་ལས་གླིང་ཁུལ(ཅང་སུའུ་ཞིང་ཆེན་ཅིང་ཁོའུ་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ)ཡོད་པ་རེད། ཆུས་ཡོངས་སུ་སྡེ་ཁུལ61དང་སྲིད་འཛིན་གྲོང་ཚོ5ཡོད།

3 མི་གྲངས་གནས་ཚུལ།

སྤྱི་ལོ1956ལོར་ཀྲེན་ཅང་གྲོང་ཁྱེར་གྱི་གྲོང་ཁུལ་དུ་གྲོང་མི་དུད་ཚང37716ཡོད་པ་དང་མི155849ཡོད།

སྤྱི་ལོ1964ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པར་བསྡོམས་རྩིས་བྱས་པ་ལྟར་ན། ཀྲེན་ཅང་གྲོང་ཁྱེར་གྱི་གྲོང་ཁུལ་དུ་དུད་ཚང40188ཡོད་པ་དང་། མི175564(དེའི་ནང་སྐྱེས་པ91389དང་བུད་མེད84175ཡོད། ) སྤྱི་ལོ1982ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པའི་བསྡོམས་རྩིས་ནང་དུད་ཚང75066དང་མི267962(དེའི་ནང་སྐྱེས་པ147437དང་བུད་མེད120525)ཡོད།

སྤྱི་ལོ1989ལོར་ཅིན་ཁོའུ་ཆུས་སུ་དུད་ཚང110818དང་མི་322466(དེའི་ནང་སྐྱེས་པ176021དང་བུད་མེད146445)ཡོད་པ་དང་།

《ཀྲེན་ཅང་གྲོང་ཁྱེར་གྱི་སྤྱི་ལོ2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གྲངས་གཞི་གཙོ་བོའི་སྤྱི་བསྒྲགས》གཞིར་བཟུང་། སྤྱི་ལོ2010ལོའི་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་བར་ཀྲེན་ཅང་གྲོང་ཁྱེར་ཅིང་ཁོའུ་ཆུས་ཀྱི་མི་འབོར་601671ལ་སླེབས་པ་དེས་ཀྲེན་ཅང་གྲོང་ཁྱེར་གྱི19.33%བཟུང་ཡོད།     

སྤྱི་ལོ2012ལོའི་ལོ་མཇུག་བར་ཅིང་ཁོའུ་ཆུས(ཀྲེན་ཅང་ཆུས་གསར་ཚུད་མེད)ཀྱི་ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི31.8ལ་སླེབས་པ་དེ་ལོ་གོང་མ་ལས་མི་ཁྲི0.5ཉུང་དུ་ཕྱིན་པའི་ནང་སྐྱེས་པ་ཁྲི16.1དང་བུད་མེད་ཁྲི15.7ཡོད་པ་དང་། མི་ཁྲི0.23སྐྱེས་པ་དང་སྐྱེས་ཚད7.23‰ལ་སླེབས། མི་ཁྲི0.19ཤི་བ་དང་ཤི་ཚད5.93‰ལ་སླེབས། མི་འབོར་རང་ཤུགས་སུ་འཕར་ཚད1.3‰ཡིན། སྤྱི་ལོ2012ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི39.37ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས་མི་ཁྲི0.23འཕར་ཡོད། སྤྱི་ལོ2016ལོའི་ལོ་མཇུག་བར་ཅིང་ཁོའུ་ཆུས་ཀྱི་ཐེམ་ཐོ་མི་འབོར་ཁྲི31.40ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས་མི་ཁྲི0.01མང་དུ་ཕྱིན་ཡོད་པ་རེད། སྤྱི་ལོ2016ལོའི་ལོ་མཇུག་བར་ཅིང་ཁོའུ་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི39.675ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས0.06%འཕར་ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2008ལོར་ཅིང་ཁོའུ་ཆུས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་དམིགས་ཚད་མངོན་འགྱུར་བྱུང་ཡོད། སྤྱི་ལོ2012ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར355.56ལ་སླེབས་ནས12.2%མི་རེར་ཆ་སྙོམས་སྒོར་ཁྲི་8.9འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར218.86བཏང་ནས22.8%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར13.8ལ་སླེབས་ནས22%འཕར་ཡོད། ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར1.96ལ་སླེབས་ནས3.7%འཕར་ཡོད། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སོགས་ལྟེ་བའི་དམིགས་ཚད་ཀྱི་སྤྱི་འབོར་དང་འཕར་ཚད་ཅང་སུའུ་ཞིང་ཆེན་གྱི་གྲོང་ཁུལ་གཙོ་བོ41གི་ཁྲོད་ནས་རིམ་པ་སྤོར་ཡོད།

སྤྱི་ལོ2016ལོར་ཅིང་ཁོའུ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར449.24ལ་སླེབས་པ་དེ་ སྤྱི་ལོ2015ལོ་ལས9.0%འཕར་བའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.35ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས12.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར121.7ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས5.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར326.19ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས10.5%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར113230ལ་སླེབས་པ་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་དངུལ་བརྗེས་འཛའ་ཐང་ལྟར་ཨ་སྒོར17610ལ་ཕབ་རྩིས་བརྒྱབ་ཡོད། ཞབས་ཞུའི་ལས་རིགས་ཀྱི་བསྡུར་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ནས་ཐོན་ལས་གྲུབ་ཆ་ཐེངས་གསུམ་སྤྱི་ལོ2011ལོའི0.6:35.6:63.8ནས0.3:27.1:72.6བར་ལེགས་སྒྲིག་བྱས་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2012ལོར་ཅིང་ཁོའུ་ཆུས་ཀྱིས་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.85ལ་སླེབས་ནས5%འཕར་ཡོད། དེའི་ནང་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.74དང་། ནགས་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར0.06འབྲོག་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར0.81ཉ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར0.18ཞིང་ནགས་འབྲོག་ཉ་བཅས་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.06ལ་སླེབས་ཡོད། འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་སྟོང2.23ལ་སླེབས་པ། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན14359ཡིན་པ། སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང0.35ལ་སླེབས། སྣུམ་རྒྱུ་ཐོན་ཚད་བསྡོམས་འབོར་ཏུན917ལ་སླེབས། སྔོ་ཚལ་ཐོན་ཚད་བསྡོམས་འབོར་ཏུན24410ལ་སླེབས་ཡོད།

སྤྱི་ལོ2016ལོར་ཅིང་ཁོའུ་ཆུས་སུ་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2.84བྱུང་བ་དེ16.6%མར་ཆག་ཡོད་པ་རེད། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི2.61ལ་སླེབས་པ་དང་སྤྱིའི་ཐོན་ཚད་ཏུན་ཁྲི0.98ལ་སླེབས་ཡོད། ལོ་ཧྲིལ་པོར་ཤ་རིགས་ཐོན་ཚད་ཏུན་ཁྲི0.14ལ་སླེབས་ཡོད། ཆུ་ཐོན་གསོ་སྤེལ་རྒྱ་ཁྱོན་མུའུ་ཁྲི0.13ལ་སླེབས་པ་དང་ཆུའི་ཐོན་རྫས་ཐོན་ཚད་ཏུན་ཁྲི0.07ལ་སླེབས་ཡོད། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི0.6ལ་སླེབས་པ་དང་ཐོན་ཚད་ཏུན་ཁྲི1.3ལ་སླེབས་ཡོད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ1983ལོ་ནས་སྤྱི་ལོ1989ལོའི་བར་ཅིན་ཁོའུ་ཆུས་སུ་གཏོགས་པའི་བཟོ་ལས་ལག་རྩལ་བསྒྱུར་བཀོད་རྣམ་གྲངས52ཡོད་པ་དང་། ཁྱོན་མ་དངུལ་སྒོར་ཁྲི816.25བཏང་བ། ཐོན་རྫས་གསར་པ40ལྷག་གསར་སྤེལ་བྱས་པ་དང་། ཐོན་སྐྱེད་རིན་ཐང་སྒོར་ཁྲི3264གསར་འཕར་བྱུང་།   

སྤྱི་ལོ2012ལོར་ཅིང་ཁོའུ་ཆུས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས63ལ་རིམ་རྩིས་བྱས་ན་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར336.83ལ་སླེབས་ཡོད་པ་རེད།  

སྤྱི་ལོ2016ལོའི་ལོ་མཇུག་བར་ཅིང་ཁོའུ་ཆུས་སུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས49ཡོད་པ་དང་ཁེ་ལས3ཡི་ཇེ་ཉུང་དུ་ཕྱིན་པའི་ནང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས23དང་། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས5 ཁེ་སྤོགས་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས4བཅས་ཡོད་པ་རེད། བཟོ་ལས་ཀྱི་འཕར་ཐང་ཟླ་རེར་རིམ་རྩིས་བྱས་ན་འཕར་ཚད5.8%ཡས་མས་རྒྱུན་འཁྱོངས་ཐུབ་ནས་གཙོ་གཉེར་ལས་སྒོའི་ཡོང་འབབ་དང་ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར307དང་སྒོར་དུང་ཕྱུར28ལ་སླེབས་ནས2.8%སོ་སོར་འཕར་ནས་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར17.8ལ་སླེབས་ནས35.1%མར་ཆག་ཡོད་པ་རེད།

ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ལ་གཞིགས་ནས་དབྱེ་ན། ལྕི་བའི་བཟོ་ལས་ཀྱི་ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར217.9ལ་སླེབས་པ་དེ་དུས་མཚུངས་ལས6.4%མར་ཆག་པ་དང་། ཡང་བའི་བཟོ་ལས་ཀྱི་ཕྱིར་ཚོང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར79.6ལ་སླེབས་པ་དེ་དུས་མཚུངས་ལས21.5%འཕར་ཡོད་པ་རེད།

སྤྱི་ལོ2016ལོའི་ལོ་མཇུག་བར་ཅིང་ཁོའུ་ཆུས་ལ་འོས་ཐོབ་ཡན་གྱི་ཨར་སྐྲུན་ཁེ་ལས44ཡོད་པ་དང་ལས་ཞུགས་མི་སྣ་ཁྲི2.23ཡོད་པ་རེད། ལོ་ཧྲིལ་པོར་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར123.76བཞག་པ་དེ་སྤྱི་ལོ2015ལོ་ལས17.3%མར་ཆག་པ་དང་ཨར་སྐྲུན་ལས་རིགས་ཀྱི་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི123.07ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས9.9%མར་ཆག་ཡོད། ལོ་ཧྲིལ་པོར་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར76.50ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས9.4%ཆག་པ་དང་ལས་མཇུག་འགྲིལ་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར48.05ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས41%མར་ཆག་ཡོད།     

4_3 ཐོན་ལས་གསུམ་པ།

སྤྱི་ལོ2012ལོར་ཅིང་ཁོའུ་ཆུས་སུ་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར190.7ལ་སླེབས་པ་དེ་སྤྱི་ལོ2011ལོ་ལས15.9%འཕར་བ་དང་ལས་རིགས་ལྟར་དབྱེ་ན་སྡེབ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར31.45ལ་སླེབས་པ་དང་། སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར132.73ལ་སླེབས། ཞག་སྡོད་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར1.4ལ་སླེབས། བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར25.07ལ་སླེབས་པ་བཅས་རེད། གཞི་ཁྱོན་ལ་གཞིགས་ནས་དབྱེ་ན། བཅད་གྲངས་ཡན་གྱི་ཚན་པའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར131.89ལ་སླེབས་པ་དང་བཅད་གྲངས་མན་གྱི་ཚན་པའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར58.8ལ་སླེབས་ཡོད།

སྤྱི་ལོ2016ལོར་ཅིང་ཁོའུ་ཆུས་སུ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར289ལ་སླེབས་པ་དེ་སྤྱི་ལོ2015ལོ་ལས11.1%འཕར་བའི་ནང་སྡེབ་ཚོང་ལས་རིགས་ལ་སྒོར་དུང་ཕྱུར38.4དང་། སིལ་ཚོང་ལས་རིགས་ལ་སྒོར་དུང་ཕྱུར211 ཞག་སྡོད་ལས་རིགས་ལ་སྒོར་དུང་ཕྱུར1.6 བཟའ་བཏུང་ལས་རིགས་ལ་སྒོར་དུང་ཕྱུར37.6བཅས་ལ་སླེབས་ནས་སོ་སོར0.5%དང་། 13.3% 13.5% 11.9%བཅས་འཕར་ཡོད་པ་རེད། གྱོན་ཆས་ཕྱིར་ཚོང14.1%འཕར་བ་དང་། སྨན་རྫས་ཕྱིར་ཚོང14.6%འཕར་། ཐ་མག་དང་ཨ་རག་ཕྱིར་ཚོང་བྱེད་ཚད-1.6%འཕར། འཕྲིན་གཏོང་ཆས་ཕྱིར་ཚོང་བྱེད་ཚད22.2%འཕར་བ་བཅས་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-09

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།