ཁྲང་ཐུའུ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྲང་ཐུའུ་རྫོང་།
ཁྲང་ཐུའུ་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཆེས་བྱང་རྒྱུད་དུ་གནས་ཡོད་པའི་རྫོང་ཞིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་གྲགས་ཅན་ཞིང་ལས་རྫོང་ཆེན་དང་། བྱང་ཤར་གྱི་བ་དམ་བསྡུ་འགྲེམས་བྱ་ཡུལ་ཆེ་ཤོས། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས། སྒོ་ཕྱུགས་དང་ཁྱིམ་བྱ་ཐོན་སྐྱེད་ལས་སྣོན་རྟེན་གཞི་ཆེ་ཤོས་བཅས་ཡིན། ཁྲང་ཐུའུ་རྫོང་གི་འགྲིམ་འགྲུལ་སྟབས་བདེ་བ་དང་། མངའ་ཁོངས་སུ་ཧ་ཏཱ་ལྕགས་ལམ་དང་ཕིང་ཆི་ལྕགས་ལམ་གཉིས་དང་དེ་བཞིན་ཧ་ཏཱ་མྱུར་བགྲོད་ལྕགས་ལམ་སོགས་ཡོད་པ་དང་། རྒྱལ་ལམ102དང་། རྒྱལ་ལམ303ཧྲེན་ཧ་མྱུར་བགྲོད་གཞུང་ལམ་བཅས་ས་ཁོངས་ནས་བརྒྱུད་ཡོད། ཁྲང་ཐུའུ་རྫོང་གི་བཟོ་ལས་རྨང་གཞི་བརྟན་པོ་ཡོད་པ་དང་། ཨར་ལས་རྒྱུ་ཆས་དང་། རྫས་འགྱུར་བཟོ་ལས། འཕྲུལ་ཆས། འཁེལ་འཐག ཞིང་ཞོར་ཐོན་རྫས་ལས་སྣོན་བཅས་གཙོ་བོར་བྱེད་པའི་དེང་རབས་ཀྱི་བཟོ་ལས་རྣམ་པ་ཞིག་ཆགས་བཞིན་ཡོད། སྤྱི་ལོ2019ལོའི་ཟླ9པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས་ཐོབ་བྱུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
昌图县
ཕྱི་ཡིག་གི་མིང་།
Changtu County
མིང་གཞན།
ཀྲུང་གོའི་ཚ་གཞོང་།
​རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4317ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོརམི་འབོར།
ཁྲི104ཡོད།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཐིའེ་ལིང་གྲོང་ཁྱེར།
གནམ་གཤིས།
དྲོད་འབྲིང་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མངའ་ཁོངས།
ཁྲང་ཐུའུ་གྲོང་རྡལ་དང་ཧྲོང་མིའོ་ཙི་གྲོང་རྡལ་སོགས་ཡོད།
མཛེས་ལྗོངས་གྲགས་ཅན།
ཐེན་ཆའོ་རི་བོ་དང་། ཐའེ་དབྱང་རི་བོ། ཐའེ་ཕིན་དགོན། ཚི་ལུའུ་མཚེའུ་སོགས།
སྲིད་གཞུང་གནས་ཡུལ།
ཁྲང་ཐུའུ་གྲོང་རྡལ་ཀྲེང་ཧྥུའུ་ལམ་གྱི་ཨང་རྟགས16པར་གནས།
མེ་འཁོར་འབབ་ཚུགས།
ཁྲང་ཐུའུ་འབབ་ཚུགས། ཁྲང་ཐུའུ་ནུབ་ཚུགས། པཱ་མེན་ཁྲེང་འབབ་ཚུགས། སན་ཅང་ཁོའུ་འབབ་ཚུགས།
​ས་ཁོངས་ཁ་པར་ཨང་རྟགས། 
024
​རླངས་འཁོར་ཚབ་ཨང་།
ལིའོ(辽)M
གནས་ཡུལ། 
ལིའོ་ཉིང་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས།
རྫོང་ཨུད་ཧྲུའུ་ཅི། 
ཝང་ཡུའེ།
​ཡུལ་སྐད། 
བྱང་ཤར་སྐད། སྤྱི་སྐད།
​རྫོང་དཔོན། 
ཀྲའོ་ཞན་ཧྥེང་།
སྲིད་འཛིན་ཚབ་ཨང་།
211224
​གཟི་བརྗིད་མཚན་སྙན།
ཀྲུང་གོའི་ངང་པའི་ཕ་ཡུལ།
​གྲོང་ཁྱེར་ལུས་རྩལ་ཁང་།
ཁྲང་ཐུའུ་ལུས་རྩལ་ཁང་། ཐིའེ་ནན་ལུས་རྩལ་ཁང་།
གྲོང་ཁྱེར་གྱི་སློབ་གསོའི་ལས་ཁུངས།
ཚོད་ལྟའི་སློབ་ཆུང་། མཐོ་རིམ་སློབ་འབྲིང་དང་པོ། སློབ་འབྲིང་བཞི་བ། མཐོ་རིམ་སློང་འབྲིང་བཞི་བ་སོགས།
GDP
སྒོར་དུང་ཕྱུར250ཡིན། (སྤྱི་ལོ2014ལོར་སྔོན་རྩིས་ལྟར་ན)
1 ངོ་སྤྲོད་མདོར་བསྡུས།

ཁྲང་ཐུའུ་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཆེས་བྱང་རྒྱུད་དུ་གནས་ཡོད་པའི་རྫོང་ཞིག་ཡིན་ཞིང་། ལིའོ་ཉིང་ཞིང་ཆེན་གྱི་དབང་ཆ་ཆེར་གཏོང་དང་རྫོང་སྟོབས་ཆེར་གཏོང་བའི་ལམ་ལུགས་ཚོད་ལྟའི་ཚན་པ་དང་། རྒྱལ་ཡོངས་ཀྱི་གྲགས་ཅན་ཞིང་ལས་རྫོང་ཆེན་དང་། བྱང་ཤར་གྱི་བ་དམ་བསྡུ་འགྲེམས་བྱ་ཡུལ་ཆེ་ཤོས། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས། སྒོ་ཕྱུགས་དང་ཁྱིམ་བྱ་ཐོན་སྐྱེད་ལས་སྣོན་རྟེན་གཞི་ཆེ་ཤོས་བཅས་ཡིན། ཁྲང་ཐུའུ་རྫོང་གི་འགྲིམ་འགྲུལ་སྟབས་བདེ་བ་དང་། མངའ་ཁོངས་སུ་ཧ་ཏཱ་ལྕགས་ལམ་དང་ཕིང་ཆི་ལྕགས་ལམ་གཉིས་དང་དེ་བཞིན་ཧ་ཏཱ་མྱུར་བགྲོད་ལྕགས་ལམ་སོགས་ཡོད་པ་དང་། རྒྱལ་ལམ102དང་། རྒྱལ་ལམ303ཧྲེན་ཧ་མྱུར་བགྲོད་གཞུང་ལམ་བཅས་ས་ཁོངས་ནས་བརྒྱུད་ཡོད། ཁྲང་ཐུའུ་རྫོང་གི་བཟོ་ལས་རྨང་གཞི་བརྟན་པོ་ཡོད་པ་དང་། ཨར་ལས་རྒྱུ་ཆས་དང་། རྫས་འགྱུར་བཟོ་ལས། འཕྲུལ་ཆས། འཁེལ་འཐག ཞིང་ཞོར་ཐོན་རྫས་ལས་སྣོན་བཅས་གཙོ་བོར་བྱེད་པའི་དེང་རབས་ཀྱི་བཟོ་ལས་རྣམ་པ་ཞིག་ཆགས་བཞིན་ཡོད།

སྤྱི་ལོ2019ལོའི་ཟླ9པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས་ཐོབ་བྱུང་ཡོད།              

2 འཛུགས་སྐྲུན་འཕེལ་རིམ།

ཐང་རྒྱལ་རབས་དང་། མི་རབས་ལྔའི་དུས་སྐབས་སུ། པོ་ཧའེ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་ཤིང་། རྒྱལ་ཁབ་ཀྱི་རྒྱལ་ས་ཡུས་ཧྥུ་ཡུས་གྲོང་དུ་བཙུགས། (དེང་གི་ཁྲང་ཐུའུ་རྫོང་གི་སི་མེན་གྲོང་ཡིན)

ལིའོ་རྒྱལ་རབས་སྐབས་སུ། ཏུང་ཅིན་ཏའོ་ཡི་ཁོངས་སུ་གཏོགས་པ་དང་། མངའ་ཁོངས་སུ་ལྷོ་རུ་སུའུ་ཀྲོའུ (དེང་གི་ཁྲང་ཐུའུ་རྫོང་གི་མ་ཀྲུང་ཅང)དང་། བྱང་དུ་ཧན་ཀྲོའུ།(དེང་གི་ཁྲང་ཐུའུ་རྫོང་གི་སི་མེན་གྲོང་ཡིན)དབུས་སུ་ལུང་ཀྲོའུ་དང་རྗེས་སུ་ཐུང་ཀྲོའུ་རུ་བསྒྱུར། (དེང་གི་ཁྲང་ཐུའུ་རྫོང་གི་སི་མེན་གྲོང་ཡིན)    ཅིན་རྒྱལ་རབས་སྐབས་སུ། ལམ19ཡོད་པའི་དུས་སྐབས་སུ་ཞན་ཕིང་ལམ་དུ་གཏོགས།

ཡོན་རྒྱལ་རབས་ཀྱི་སྐབས་སུ་ས་ཁོངས་ཡོངས་ཀྱི་ཞིང་ཆེན་རིམ་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། ཀྲུང་ཧྲུའུ་ཞིང་ཆེན་ཁོངས་ཀྱི་ཁའེ་ཡོན་ལམ་གྱི་བྱང་ཕྱོགས་སུ་གཏོགས་ལ། སོག་རིགས་ཀྱི་གནས་སྤོར་ས་ཡིན།

མིང་རྒྱལ་རབས་ཀྱི་སྐབས་སུ་དམག་སྲིད་གཅིག་གྱུར་གྱི་སྲུང་ཁང་ལམ་ལུགས་ལག་བསྟར་བྱས་པ་དང་། ཕྱིས་སུ་ཝུའུ་ལིང་ཧའེ་ཡིས་ཏུའུ་ལ་བདེ་སྲུང་གི་བྱ་བར་བཀོད་འདོམས་བྱས་ཤིང་། རང་ཚུགས་ཀྱི་རྒྱལ་མིང་ལ་ཁོར་ཆིན་ཞེས་བཏགས།

ཆིང་རྒྱལ་རབས་ཀྱི་སྐབས་སུ་སྔར་བཞིན་སོག་རིགས་ཁོ་ཨར་ཆིན་པུའུ་ཡི་སྐྱས་སྤོས་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། ཅ་ཆིན་གྱིས་ལོ་བདུན་གྱི་རིང་ལ“ཁྲང་ཐུའུ་ཨེར་ཁེ”ཞེས་པའི་ལས་འཛིན་ཞིབ་བཤེར་གཏོང་ས་བྱས་པ་དང་། རྒྱ་ཆེན་གྱིས་ལོ་ངོ་བཅུ་གཅིག་གི་རིང་སྤྱི་ལོ1806ལོར། ཁྲང་ཐུའུ་ཐིང་བཙུགས། ཀོང་ཞུ་ལོ་གསུམ་་ཀྱི་རིང་སྤྱི་ལོ1877ལོར། ཐིང་ནས་ཧྥུའུ་ལ་རིམ་འཕར་བྱས། ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པ་ནས་སྤྱི་ལོ1913ལོའི་བར་ཧྥུའུ་ནས་རྫོང་དུ་བསྒྱུར་བ་ཡིན། ཁྲང་ཐུའུ་ནི་རྫོང་རིམ་པའི་ལམ་ལུགས་ཡིན།

3 སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས།

ཁྲང་ཐུའུ་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་ཐད་གཏོགས་ལིའོ་ཉིང་ཞིང་ཆེན་ནི་ཞིང་ཆེན་ཁོངས་གཏོགས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཚན་པ་ཡིན་པ་དང་ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4317ཡོད་པ་དང་། ཁོངས་གཏོགས་སུ་ཤང་གྲོང(ར་བ)39ཡོད་པ་དང་། སྡེ་ཁུལ43ཡོད། སྲིད་འཛིན་གྲོང་ཚོ450ཡོད་པ་བཅས་ལ་མི་འབོར་བསྡོམས་འབོར་ཁྲི104ཡོད། དེའི་ནང་ཁོངས་གཏོགས་གྲོང་རྡལ26ཡོད་པ་དེ་དག་ནི་པཱ་མེན་ཁྲེང་གྲོང་རྡལ་དང་། ཁྲང་ཐུའུ་གྲོང་རྡལ། ལའོ་ཁྲེང་གྲོང་རྡལ། མའོ་ཅཱ་ཏན་གྲོང་རྡལ། པའོ་ལི་གྲོང་རྡལ། ལེང་ཀྲུང་ཆའོ་གྲོང་རྡལ། སན་ཅང་ཁོའུ་གྲོང་རྡལ། ཧྲོང་མིའོ་ཙི་གྲོང་རྡལ། ཆོན་ཐོའུ་གྲོང་རྡལ། ཁྲའོ་དབྱང་གྲོང་རྡལ། ཐོའུ་ཏའོ་གྲོང་རྡལ། མ་ཀྲུང་ཧུ་གྲོང་རྡལ། ཚི་ལུའུ་ཧྲུའུ་གྲོང་རྡལ། ལའོ་སི་ཕིང་གྲོང་རྡལ། ཏཱ་ཝ་གྲོང་རྡལ། ཧྥུའུ་ཅཱ་གྲོང་རྡལ། སི་ཧུ་གྲོང་རྡལ། ཀུའུ་ཡུས་ཧྲུའུ་གྲོང་རྡལ། ཆི་ཅཱ་ཙི་གྲོང་རྡལ། ཆན་ཧྲོང་ཅིན་ཙི་གྲོང་རྡལ། སི་ཧྥང་གྲོང་རྡལ། ཏུང་ཀ་གྲོང་རྡལ། ཆུས་ཅཱ་ཏེན་གྲོང་རྡལ། ཐུང་ཅང་ཁོའུ་གྲོང་རྡལ། ཏཱ་སུ་ཅཱ་ཙི་གྲོང་རྡལ་བཅས་ཡིན། ཁོངས་གཏོགས་སུ་ཤང7ཡོད་པ་དེ་དག་ནི་ཨེར་ཐའེ་ཤང་དང་། ཕིན་ཨན་པའོ་ཤང་། ཧྲི་པཱ་ཅཱ་ཙི་ཤང་། ཁྲང་ཧྥ་ཤང་། ཐའེ་ཕིང་ཤང་། ཏཱ་ཤིན་ཤང་། ཧོའུ་ཡའོ་ཤང་བཅས་ཡིན་པ་དང་། ཁོངས་གཏོགས་སུ་ཞིང་ནགས་ར་བ4ཡོད་པ་དེ་དག་ནི་པའོ་ལི་ཞིང་ར་དང་། ཧྥུའུ་ཅཱ་ནགས་ར། ཞིན་ཤང་ཞིང་ར། ཆི་ཉིའུ་མཱ་ཁྲང་བཅས་ཡིན་པ་དང་། ཁོངས་གཏོགས་ཀྱི་ཞིང་རའི་དོན་གཅོད་ཁྲུའུ2ཡོད་པ་དེ་དག་ནི་ཞིང་རའི་དོན་གཅོད་ཁྲུའུ་དང་སན་ཅང་ཁོའུ་ཞིང་རའི་དོན་གཅོད་ཁྲུའུ་གཉིས་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཁྲང་ཐུའུ་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཆེས་བྱང་ཕྱོགས་དང་། སུང་ལེའོ་བདེ་ཐང་གི་ལྷོ་སྣེ། ལེའོ་ཉིང་དང་། ཅི་ལིན། ནང་སོག་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། བྱང་དུ་ཅི་ལིན་ཞིང་ཆེན་གྱི་སི་ཕིང་གྲོང་ཁྱེར་དང་། ལི་ཧྲུའུ་རྫོང་། ཧྲོང་ལེའོ་རྫོང་བཅས་དང་ས་མཚམས་འབྲེལ་ཡོད། ནུབ་ཏུ་ཧྲེན་དབྱང་གྲོང་ཁྱེར་གྱི་ཧྥའ་ཁུའུ་རྫོང་དང་ཁང་ཕིང་རྫོང་། ནང་སོག་གི་ཁོའོ་ཙུའོ་ཧོའུ་ཆི་དང་ལེའོ་ཧུ་གཙང་བོའི་བར་ཐག་ཆོད་ཅིང་ཁ་གཏད་དུ་གནས་ཡོད། ཤར་གྱི་གཞུང་ཐིག 123°32′-124°26′ལ་གནས་པ་དང་། བྱང་གི་འཕྲེད་ཐིག 42°33′-43°29′ལ་གནས་ཡོད། ས་ཁོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4317ཡོད།

4_2 ནམ་ཟླ།

ཁྲང་ཐུའུ་རྫོང་ནི་དྲོད་འབྲིང་ཁུལ་གྱི་བཞའ་ཚན་ཆེ་བ་དང་། སྐམ་སའི་རང་བཞིན་དུས་ཚིགས་ཀྱི་གནམ་གཤིས་བཅས་ཀྱི་ཁོངས་སུ་གཏོགས་པ་དང་། དུས་བཞིར་མངོན་གསལ་དོད་ལ་ཆར་ཆུ་དང་ཚ་བ་ཆེ་བའི་དུས་མཚུངས། དཔྱིད་ཀའི་གནམ་གཤིས་དྲོད་ཚད་ཇེ་མཐོར་འགྲོ་བ་ཅུང་མགྱོགས་ཤིང་། མང་ཆེ་བ་ནི་ཆར་ཆུ་ཉུང་བ་དང་། དཔྱིད་རླུང་ཆེ་བ། མཁའ་རླུང་ལ་སྐམ་ཤས་ཆེ། དབྱར་དུས་ཀྱི་གནམ་གཤིས་མང་ཆེ་བ་ཚ་བ་ཆེ་བ་དང་ཆར་ཆུ་མང་བས་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ36ལ་སླེབས་ཀྱི་ཡོད། སྟོན་དུས་ནི་གནམ་གཤིས་མཐོ་ལ་སྤྲིན་སྲབ་པ་དང་། སྟོན་དུས་གནམ་གཤིས་དྲོད་འཇམ་ལྡན་པ་དང་དྲོད་ཚད་མར་འབབ་པ་མགྱོགས། དགུན་དུས་མང་ཆེ་བ་གནམ་གཤིས་གྲང་བས་དྲོད་ཚད་དམའ་ཤོས-33℃ལ་སླེབས་ཀྱི་ཡོད།

5 མི་འབོར་དང་མི་རིགས།

སྤྱི་ལོ2010ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་མི་འབོར་བསྡོམས་འབོར་དུད་ཚང344672ཟིན་པ་དང་མི་འབོར་བསྡོམས་འབོར1041835ཟིན་ཡོད། དེའི་ནང་སྐྱེས་པ529952དང་བུད་མེད511883ཡོད། ཞིང་ལས་མིན་པའི་མི་འབོར213263ཡོད།

ཁྲང་ཐུའུ་ས་ཁོངས་སུ་མི་རིགས21ཡོད་པ་མང་ཆེ་བ་རྒྱ་རིགས་ཡིན་པ་དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི97%བཟུང་བ་དང་། གྲངས་ཉུང་མི་རིགས་ཁྲོད་མན་ཇུ་རིགས་དང་། སོག་རིགས། ཁྲའོ་ཞན་རིགས། ཞི་པོ་རིགས། ཧུའེ་རིགས་སོགས་གྲངས་ཉུང་མི་རིགས5ཡི་མི་འབོར་བལྟོས་བཅས་ཀྱིས་མང་ཙམ་ཡོད་པ་དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི2.1%དང་། 0.7%0.09%0.04%0.039%བཅས་སོ་སོར་བཟུང་ཡོད། གཞན་ཡང་ཏ་ཝོར་རིགས་དང་། ཀའོ་ཧྲན་རིགས། ཏུང་རིགས། མིའོ་རིགས། ཨོ་ཝུན་ཁེ་རིགས། ཧོ་ཀྲེ་རིགས། ཀྲོང་རིགས། ཡའོ་རིགས། པའེ་རིགས། ཨུ་རུ་སུ་རིགས། ཨོ་ལུན་ཁྲུན་རིགས། དབྱིས་རིགས། ཐུའུ་ཅ་རིགས། ཧྲུའེ་རིགས། ཅི་ལོ་རིགས་སོགས་གྲངས་ཉུང་མི་རིགས15ཡོད་ཅིང་། མི་འབོར་ཅུང་ཉུང་།

6 དཔལ་འབྱོར།

སྤྱི་ལོ2009ལོར་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར150(GDP)ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས28.2%འཕར་བའི་ནང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་འཕར་ཐང་སྒོར་དུང་ཕྱུར46དང་། སྒོར་དུང་ཕྱུར53སྒོར་དུང་ཕྱུར51བཅས་སོ་སོར་ཟིན་པ་དེ་དུས་མཚུངས་ལས12.7%དང་། 57.3%20%བཅས་སོ་སོར་འཕར་བ་དང་། ཐོན་ལས་གསུམ་པ་སྤྱི་ལོ2008ལོའི35:29:36ནས31:35:34བར་ལེགས་སྒྲིག་བྱས་ཏེ་ཐོན་ལས་གཉིས་པ་ཁྲང་ཐུའུ་ཡི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ཨང་དང་པོར་སླེབས་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར3.12ཟིན་པ་དེ་དུས་མཚུངས་ལས78.3%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར86བཏང་ནས་དུས་མཚུངས་ལས54.4%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར36ཟིན་པ་དེ་དུས་མཚུངས་ལས20%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར10430ཟིན་པ་དེ་དུས་མཚུངས་ལས18.5%འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར6560ཟིན་པ་དེ་དུས་མཚུངས་ལས15.7%འཕར་ཡོད། ལོ་ཧྲིལ་པོར་མངའ་ཁོངས་ཕྱི་རོལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི1000ཡན་བཏང་བའི་རྣམ་གྲངས102ནང་འདྲེན་བྱས་པའི་ནང་སྒོར་དུང་ཕྱུར་ལས་བརྒལ་བའི་རྣམ་གྲངས19དང་། མ་དངུལ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར125གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར65བཅས་ཟིན་པ་དེ་དུས་མཚུངས་ལས80.6%འཕར་ཡོད་པ་རེད། ལོ་ཧྲིལ་པོར་དངོས་སུ་ཕྱི་དངུལ་ཨ་སྒོར་ཁྲི2000སྤྲད་པ་དེ་དུས་མཚུངས་ལས64.9%འཕར་ཡོད། ཕྱིར་གཏོང་དངུལ་འབོར་ཨ་སྒོར་ཁྲི7700ཟིན་པ་དེ་དུས་མཚུངས་ལས432.9%འཕར་ཡོད། ཕྱི་ཕྱོགས་སུ་ངལ་ནུས་ཕྱིར་གཏོང་བྱེད་ཚད་མི280ཟིན་པ་དེ་དུས་མཚུངས་ལས19.7%འཕར་ཡོད། རྫོང་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་ཁེ་ལས260ཟིན་པ་དེ་དུས་མཚུངས་ལས37མང་དུ་ཕྱིན་ནས་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མ་དང་ཁྲལ་དངུལ་སོ་སོར་སྒོར་དུང་ཕྱུར46དང་སྒོར་ཁྲི6000ཟིན་པ་དེ་དུས་མཚུངས་ལས67.3%དང23.7%སོ་སོར་འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 ལུས་རྩལ།

རྫོང་ཡོངས་སུ་ལས་ཞོར་ལུས་རྩལ་སློབ་གྲྭ1དང་། ཞིང་ཆེན་རིམ་པ་དང་སྤྱིར་བཏང་རིམ་པའི་ལུས་རྩལ་སྲོལ་རྒྱུན་རྣམ་གྲངས་སློབ་གྲྭ11སྤྱི་ཚོགས་ཀྱི་ལུས་རྩལ་སློབ་གྲྭ6བཅས་ཡོད་པ་རེད། ལས་ཞོར་ལུས་རྩལ་སློབ་གྲྭ་དང་སྲོལ་རྒྱུན་རྣམ་གྲངས་ཀྱི་སློབ་གྲྭ་ཁག་གིས་གསོ་སྦྱོང་བྱས་པའི་སློབ་མ700ལྷག་ཙམ་ཟིན་ཡོད་པ་དང་། ལོ་ལྟར་ལུས་རྩལ་སྦྱོང་བརྡར་བྱེད་པ། མཆོང་རྒྱུག་འཕེན་གསུམ་དང་། ལན་ཆིའུ་སྤོ་ལོ། ཕིང་ཕང་སྤོ་ལོ། ལྗིད་འགྱོགས། འབོལ་འཇུ་སོགས་ཀྱི་རྣམ་གྲངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གོང་རིམ་ལ་ཕུལ་བྱུང་ལུས་རྩལ་པ80ལྷག་ཙམ་བཏང་བ་དང་། ལུའེ་ཀང་དང་ལི་ཀྲུའོ་སོགས་འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་མི2དང་། ཏུང་ཝུན་ཧྥུང་དང་། ཀྲང་དབྱི། ཙེང་ཀོང་སོགས་འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་མི5དང་དེ་བཞིན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཐོབ་མཁན་མི10ལྷག་ཙམ་ཡོད། ཐིའེ་ལིང་གྲོང་ཁྱེར་གྱི་ལུས་རྩལ་འགྲན་ཚོགས་ནི་ཐིའེ་ལིང་གྲོང་ཁྱེར་གྱི་ཕྱོགས་བསྡུས་ལུས་རྩལ་འགྲན་བསྡུར་གལ་ཆེ་ཤོས་ཤིག་ཡིན་པ་དང་། སྤྱི་ལོ1999ལོའི་སྐབས་བཞི་པའི་ཁྲང་ཐུའུ་རྫོང་ལ་ཚོགས་པའི་སྤྱིའི་སྐར་གྲངས་ཨང4པ་ཐོབ་ཡོད། སྤྱི་ལོ2003ལོའི་སྐབས5བར་ཨང3པ་ཐོབ། སྤྱི་ལོ2007ལོར་སྐབས་དྲུག་པའི་ཁྲང་ཐུའུ་རྫོང་དུ་སླར་ཡང་གྲུབ་འབྲས་བཟང་པོ་ཐོབ་ནས་ཚོགས་པའི་སྤྱིའི་སྐར་གྲངས་ཨང2པ་དང་མཆོང་རྒྱུག་འཕེན་གསུམ་གྱི་སྤྱིའི་སྐར་གྲངས་ཨང1པོ་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་ཐོབ་པ་མ་ཟད། ཐིའེ་ལིང་གྲོང་ཁྱེར་གྱི་ཚབ་ཞུས་ནས་ལིའོ་ཉིང་ཞིང་ཆེན་རྫོང་དང་ཆུས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་ནང་ཞུགས་པ་རེད། སྤྱི་ལོ2011ལོར་ཐིའེ་ལིང་གྲོང་ཁྱེར་གྱི་སྐབས་བདུན་པའི་ལུས་རྩལ་འགྲན་ཚོགས་ཁྲང་ཐུའུ་རྫོང་གི་ཚོགས་པའི་སྤྱིའི་སྐར་གྲངས་ཨང་དང་པོ་བླངས་ཡོད།

7_2 འཕྲོད་བསྟེན།

ཁྲང་ཐུའུ་རྫོང་ལ་ད་ལྟ་རྫོང་དང་ཤང་རིམ་པ་གཉིས་ཀྱི་སྨན་བཅོས་སྒྲིག་གཞི48དང་། སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི44རྫོང་འཕྲོད་བསྟེན་ཟབ་སྦྱོང་སློབ་གྲྭ་དང་རྫོང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་དོ་དམ་ལྟེ་གནས་རེ་ཡོད། ལས་བཟོ་པ4099ཡོད་པའི་ནང་ལས་ཐོག་ལས་བཟོ་པ2902དང་། འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ1863བཅས་ཡོད། རྫོང་གི་ཞིབ་དཔྱོད་ཁང་དང་པོ་དང་རྫོང་གི་ཞིབ་དཔྱོད་ཁང་གཉིས་པ་སོ་སོར་རིམ་པ་གཉིས་པའི་ཀ་རིམ་པའི་སྨན་ཁང་དང་རིམ་པ་གཉིས་པའི་ཁ་པ་རིམ་པའི་སྨན་ཁང་ཡིན།

7_3 སློབ་གསོ།

ཁྲང་ཐུའུ་རྫོང་སློབ་གསོའི་ཁོངས་གཏོགས་སུ་ད་ལྟ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ284ཡོད་པའི་ནང་མཐོ་རིམ་སློབ་འབྲིང་དཀྱུས་མ4དང་། དགེ་རྒན་སློབ་གྲྭ་དང་། ལས་རིགས་སློབ་གསོའི་ལྟེ་གནས། དམིགས་བསལ་སློབ་གསོའི་སློབ་གྲྭ་བཅས1ལོ་དགུ་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭ5དམའ་རིམ་སློབ་འབྲིང37སློབ་ཆུང42གྲོང་ཚོའི་སློབ་ཆུང193བཅས་ཡོད། ཁྱོན་བསྡོམས་ལས་ཐོག་དགེ་རྒན་དང་ལས་བཟོ་པ8674ཡོད་པ་དང་། སློབ་མ107556ཡོད། ཁྱོན་བུ་བཅོལ་ཁང237(དེའི་ནང་གཞུང་བཙུགས་སློབ་གྲྭ51ཡོད)ཡོད་པ་དང་ཆེད་བསྐོས་དགེ་རྒན1017ཡོད་པ་དང་བུ་བཅོལ་ཁང་དུ་ཕྲུ་གུ25008བཅས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-25

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།