ཡིན་ཀྲོའུ་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡིན་ཀྲོའུ་ཆུས།
ཡིན་ཀྲོའུ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཐིའེ་ལིང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཡིན་ཞིང་། ལིའོ་ཉིང་ཞིང་ཆེན་གྱི་བྱང་རྒྱུད་དང་། ལིའོ་ཧུ་ཆུ་བོའི་བར་རྒྱུད་ཀྱི་ཤར་ངོགས་སུ་གནས་ཡོད། ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དང་་བར་ཐག་སྟོང་སྨི60ཡོད་ལ། ལིའོ་ཏུང་གི་རི་མ་ཐང་དང་ལིའོ་ཧུ་བདེ་ཐང་གི་བར་བརྒལ་ས་རྒྱུད་དུ་གནས་ཡོད། སྤྱི་ལོ2011ལོའི་བར་ཡིན་ཀྲོའུ་ཆུས་ཁོངས་སུ་ཁྲོམ་གཞུང7དང་། གྲོང་ཚོ12ཤང1བཅས་ཡོད། ཡིན་ཀྲོའུ་ཆུས་ཀྱི་ས་ཁོངས་ཀྱི་རྒྱ་ཁྱོནལ་སྟོང་སྨི་གྲུ་བཞི་མ203ཡོད་པ་དང་། མི་འབོར་བསྡོམས་འབོར་ཁྲི39.1(སྤྱི་ལོ2014ལོ)ཡོད། སྤྱི་ལོ2014ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1080ཟིན་ནས2%འཕར་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19365ཟིན་ཡོད། ཡིན་ཀྲོའུ་ཆུས་ཀྱི་ལུང་ཧྲོའུ་ཧྲན་མཛེས་ལྗོངས་ཁུལ་ནི་ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
银州区
ཕྱི་ཡིག་གི་མིང་།
Yinzhou District
མིང་གཞན།
ཐིའེ་ལིང་།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ203ཡོད། (སྤྱི་ལོ2004ལོ)
གནས་ཡུལ། 
ལིའོ་ཉིང་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་ཡོད།
​མི་འབོར།
ཁྲི39.1ཡོད། (སྤྱི་ལོ2004ལོ)
​སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས།
​ཡུལ་སྐད། 
བྱང་ཤར་སྐད།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཐིའེ་ལིང་གྲོང་ཁྱེར།
གནམ་གཤིས།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མངའ་ཁོངས།
ཁྲོམ་གཞུང7དང་། ཤང1ཡོད།
མེ་འཁོར་འབབ་ཚུགས།
ཐིའེ་ལིང་འབབ་ཚུགས།
སྲིད་གཞུང་གནས་ཡུལ།
ཀུང་རེན་སྲང་ལམ་དུ་གནས་ཡོད།
རླངས་འཁོར་ཚབ་ཨང་།
ལིའོ (辽)M
ས་ཁོངས་ཁ་པར་ཨང་རྟགས། 
024
སྲིད་འཛིན་ས་ཁུལ་གྱི་ཚབ་ཨང་། 
211202
སྦྲག་སྲིད་ཨང་རྟགས།
112000
1 ​ངོ་སྤྲོད་མདོར་བསྡུས།

ཡིན་ཀྲོའུ་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཐིའེ་ལིང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཡིན་ཞིང་། ལིའོ་ཉིང་ཞིང་ཆེན་གྱི་བྱང་རྒྱུད་དང་། ལིའོ་ཧུ་ཆུ་བོའི་བར་རྒྱུད་ཀྱི་ཤར་ངོགས་སུ་གནས་ཡོད། ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དང་་བར་ཐག་སྟོང་སྨི60ཡོད་ལ། ལིའོ་ཏུང་གི་རི་མ་ཐང་དང་ལིའོ་ཧུ་བདེ་ཐང་གི་བར་བརྒལ་ས་རྒྱུད་དུ་གནས་ཡོད། སྤྱི་ལོ2011ལོའི་བར་ཡིན་ཀྲོའུ་ཆུས་ཁོངས་སུ་ཁྲོམ་གཞུང7དང་། གྲོང་ཚོ12ཤང1བཅས་ཡོད།

ཡིན་ཀྲོའུ་ཆུས་ཀྱི་ས་ཁོངས་ཀྱི་རྒྱ་ཁྱོནལ་སྟོང་སྨི་གྲུ་བཞི་མ203(སྤྱི་ལོ2004ལོ)ཡོད་པ་དང་། མི་འབོར་བསྡོམས་འབོར་ཁྲི39.1(སྤྱི་ལོ2014ལོ)ཡོད། སྤྱི་ལོ2014ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1080ཟིན་ནས2%འཕར་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19365ཟིན་ཡོད། ཡིན་ཀྲོའུ་ཆུས་ཀྱི་ལུང་ཧྲོའུ་ཧྲན་མཛེས་ལྗོངས་ཁུལ་ནི་ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་ཞིག་ཡིན།          

2 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པ་སྤྱི་ལོ1913ལོར་ཞིང་ཆེན་དང་རྫོང་གིས་བཅོས་སྐྱོང་བྱ་རྒྱུ་ལག་བསྟར་བྱས། ཐིའེ་ལིང་ནི་ཧྥེང་ཐེན་ཞིང་ཆེན་གྱི་ལིའོ་ཧྲེན་ཏའོ་ཡི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉི་ཤུ་པ་སྤྱི་ལོ1931ལོར་རི་པིན་བཙན་རྒྱལ་རིང་ལུགས་ཀྱིས“དགུ་པའི་བཅོ་བརྒྱད་”ཀྱི་དུས་འགྱུར་བསླངས་ཤིང་། ཟླ9ཚེས19ཉིན་ཐིའེ་ལིང་དགྲ་ལག་ཏུ་ཤོར། དགྲ་ལག་ཏུ་ཤོར་བའི་ཐོག་མའི་དུས་སུ་བཅོས་སྐྱོང་རྙིང་པ་བྱས་པའི་རྐྱེན་གྱིས་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དྲུག་པ་སྤྱི་ལོ1937ལོར་རྫོང་མེད་པར་བཟོས། ཐའེ་ལིང་གྲོང་ཁྱེར་ནི་ཧྥེང་ཐེན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་། དེ་ནས་བཟུང་ཐིའེ་ལིང་དུ་གྲོང་ཁྱེར་བཙུགས་ནས་བཅོས་སྐྱོང་བྱེད་འགོ་ཚུགས།

སྤྱི་ལོ1945ལོར་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་པ་ལུའུ་ཅུན་གྱིས་ཐིའེ་ལིང་ཕྱིར་བླངས་ཏེ། དམངས་གཙོའི་སྲིད་གཞུང་བཙུགས་པ་དང་། ཐིའེ་ལིང་གྲོང་ཁྱེར་སྔར་བཞིན་རྫོང་གིས་འགོ་ཁྲིད་བྱས།

སྤྱི་ལོ1946ལོའི་ཟླ3པའི་ཚེས24ཉིན། གོ་མིན་ཏང་གིས་ཐིའེ་ལིང་གྲོང་ཁྱེར་བཟུང་བ་དང་། རྫོང་མཁར་དུ་ཡིན་ཀྲོའུ་གྲོང་རྡལ་བཙུགས་པ་དང་། ཐིའེ་ལིང་རྫོང་ཁོངས་སུ་གཏོགས།

སྤྱི་ལོ1948ལོའི་ཟླ10བའི་ཚེས28ཉིན། བྱང་ཤར་བྱེས་འཐབ་དམག་སྡེས་ཡང་བསྐྱར་ཐིའེ་ལིང་ལ་བཅིངས་འགྲོལ་བཏང་ཞིང་། ལིའོ་པེ་ཞིང་ཆེན་དུ་གཏོགས།

སྤྱི་ལོ1949ལོའི་ཟླ5པར་ཐིའེ་ལིན་ལིའོ་ཞི་ཞིང་ཆེན་ལ་བགོས་ཤིང་། ཡིན་ཀྲོའུ་གྲོང་རྡལ་གྱི་སྒྲིག་གཞི་མེད་པར་བཟོས། སྤྱི་ལོ1954ལོར་ལིའོ་ཉིང་ཞིང་ཆེན་དུ་གཏོགས། སྤྱི་ལོ1955ལོར་ཡིན་ཀྲོའུ་གྲོང་རྡལ་སླར་གསོ་བྱས་པ་དང་། སྔར་བཞིན་ཐིའེ་ལིང་རྫོང་དུ་གཏོགས།

སྤྱི་ལོ1979ལོའི་ཟླ8ཚེས30ཉིན་ཡིན་ཀྲོའུ་གྲོང་རྡལ་མེད་པར་བཟོས་ནས་རྫོང་རིམ་པའི་ཐིའེ་ལིང་གྲོང་ཁྱེར་བཙུགས་ཏེ་ཐིའེ་ལིང་ས་ཁུལ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1984ལོའི་ཟླ6པའི་ཚེས30ཉིན། ཐིའེ་ལིང་ས་ཁུལ་མེད་པར་བཟོས་པ་དང་ཐིའེ་ལིང་གྲོང་ཁྱེར་ཞིང་ཆེན་མངའ་ཁོངས་སུ་བཅུག་པ་དང་། ལོ་དེའི་ཟླ8པའི་ཚེས30ཉིན། དེ་སྔའི་ཐིའེ་ལིང་གྲོང་ཁྱེར་གྱི་མིང་ཡིན་ཀྲོའུ་ཆུས་སུ་བསྒྱུར།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2011ལོར་ཡིན་ཀྲོའུ་ཆུས་ཁོངས་སུ་ཁྲོམ་གཞུང7དང་ཤང1ཡོད་པ་དང་ཁྱོན་ཡོངས་སུ་གྲོང་ཚོ12ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཡིན་ཀྲོའུ་ཆུས་ནི་ལིའོ་ཉིང་ཞིང་ཆེན་གྱི་བྱང་རྒྱུད་དང་། ཐེ་ལིང་གྲོང་ཁྱེར་གྱི་དབུས་རྒྱུད། ལིའོ་ཧོ་ཆུ་བོའི་བར་རྒྱུད་ཀྱི་ཤར་ངོགས་སུ་གནས་ཡོད་པ་དང་། ཞིང་ཆེན་ལྟེ་གནས་ཀྱི་ཧྲེན་དབྱང་གྲོང་ཁྱེར་དང་བར་ཐག་སྟོང་སྨི60ཡོད། ཤར་ནི་ཞུང་ཀོན་ཐུན་ཤང་དང་འབྲེལ་ནས་གནས་ཡོད་ལ། ལྷོ་ནི་ཧྥན་ཧོ་གྲོང་རྡལ་དང་། ཡའོ་པའོ་གྲོང་རྡལ། ལི་ཆན་ཧུའུ་གྲོང་རྡལ། ཚུའེ་ཀྲེན་པའོ་ཤང་བཅས་དང་ས་མཚམས་འབྲེལ་ཡོད། ནུབ་ནི་ཅིན་ལིའོ་ཧུ་དང་ཀྲེན་ཞི་པའོ་གྲོང་རྡལ་དང་ཉེ་ལ། བྱང་ཕིང་ཏིང་པའོ་གྲོང་རྡལ་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག123°45′-123°48′ཡིན། བར་ཐག་ལ་སྟོང་སྨི18.45ཡོད། འཕྲེད་ཐིག་བྱང་མ42°9′-42°20′ཡི་བར་དུ་གནས་ཡོད་ལ། བར་ཐག་ལ་སྟོང་སྨི20.95ཡོད།

4_2 ནམ་ཟླ།

ཡིན་ཀྲོའུ་ཆུས་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ལོ་ཧྲིལ་པོར་ཉི་འོད་ཕོག་ཚད་ཆུ་ཚོད2700ཡས་མས་ཡིན་པ་དང་། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི700ཡས་མས་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད6.3℃དང་། དྲོད་ཚད་དམའ་ཤོས-31℃ཡིན། དྲོད་ཚད་མཐོ་ཤོས34.4℃ཡིན། འཁྱགས་པའི་དུས་ཡུན་ཉིན150ཡས་མས་ཡིན། སད་མེད་དུས་ཡུན་ཉིན127-162ཡིན། ལོ་ཧྲིལ་པོའི་དུས་བཞི་གསལ་བ་དང་། ཆར་ཆུ་འབབ་ཚད་འོས་འཚམ་ཡིན་ལ། ལོ་ཏོག་སྣ་ཚོགས་སྐྱེས་པར་འཚམ།

5 མི་འབོར་དང་མི་རིགས།

སྤྱི་ལོ2010ལོའི་བར་ཡིན་ཀྲོའུ་ཆུས་ཀྱི་མི་འབོར་བསྡོམས་འབོར་ཁྲི33.6ཟིན་ཡོད་པ་དང་། རྒྱ་རིགས་དང་། ཁྲའོ་ཞན་རིགས། མན་ཇུ་རིགས། ཧུའེ་རིགས་སོགས་མི་རིགས30ལྷག་འདུས་སྡོད་བྱས་ཡོད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

ཡིན་ཀྲོའུ་ཆུས་ནས་ཧྲེན་དབྱང་དང་བར་ཐག་སྟོང་སྨི47ལས་མེད་པ་དང་། རླངས་འཁོར་བསྡད་ནས་ཧྲེན་དབྱང་ཐའོ་ཞན་གནམ་གྲུ་ཐང་བར་སྐར་མ40ལས་འགོར་གྱི་མེད། མྱུར་བགྲོད་གཞུང་ལམ་བརྒྱུད་ནས་ཆུ་ཚོད2འགོར་ན་དབྱིན་ཁོའུ་གྲུ་ཁར་སླེབས་ཀྱི་ཡོད། ཆུ་ཚོད3ནང་ཏཱ་ལེན་གྲུ་ཁར་སླེབས་ཀྱི་ཡོད། པེ་ཅིང་ནས་ཧ་སག་སི་ཐན་བར་གྱི་ལྕགས་ལམ་དང་། པེ་ཅིང་ནས་ཧ་སག་སི་ཐན་བར་གྱི་མྱུར་བགྲོད་གཞུང་ལམ། ཧ་སག་སི་ཐན་གྱི་གཞུང་ལམ(རྒྱལ་ལམ102)བཅས་ས་ཁོངས་ཧྲིལ་པོར་ཁྱབ་ཡོད།

ཐིའེ་ལིང་འབབ་ཚུགས་ནི་ལིའོ་ཉིང་ཞིང་ཆེན་ཐིའེ་ལིང་གྲོང་ཁྱེར་དབྱིན་ཀྲོའུ་ཆུས་སུ་ཡོད་པ་དང་ཀྲུང་གོ་ལྕགས་ལམ་ཧྲེན་དབྱང་ཅུས་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཡིན།

གྲོང་ཁྱེར་གྱི་འགྲུལ་སྐྱེལ་ལྟེ་གནས་སྤྱི་ལོ1998ལོའི་ཟླ4པར་བཙུགས་པ་དང་། དེ་ནི་ལིའོ་པེ་ཡི་སྤྱི་ཚོགས་ལ་སྒོ་མོ་འབྱེད་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྤྱི་སྤྱོད་རྣམ་པའི་འགྲུལ་སྐྱེལ་ས་ཚིགས་ཤིག་ཡིན། རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ12000ཟིན་ཡོད་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ6600ཟིན་ཡོད། རླངས་འཁོར་འཇོག་ས་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ8500ཟིན་ཡོད་པ་དང་། ལམ་ཐིག125དང་འབབ་ཚུགས་སུ་རླངས་འཁོར377བཅས་ཡོད། ཉིན་རེར་ཐེངས777ཟིན་པ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི1.29ཟིན་གྱི་ཡོད།

7 དཔལ་འབྱོར།

སྤྱི་ལོ2013ལོར་ཡིན་ཀྲོའུ་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར95ཟིན་པ་དེ་དུས་མཚུངས་ལས9.2%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི1:44:55ཡིན། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར11.7ཟིན་པ་དེ་དུས་མཚུངས་ལས12.7%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར70བཏང་བ་དེ་དུས་མཚུངས་ལས29.6%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར34ཟིན་ནས་སྤྱི་ལོ2012ལོ་ལས6.3%འཕར་ཡོད། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར49.1ཟིན་ནས་སྤྱི་ལོ2012ལོའི་དུས་མཚུངས་ལས15.0%འཕར་ཡོད། ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་བྱེད་ཚད་ཨ་སྒོར་ཁྲི2300ཟིན་པ་དེ་དུས་མཚུངས་ལས2.5%འཕར་ཡོད་པ་དང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་ཁྲི5538ཟིན་པ་དེ་དུས་མཚུངས་ལས37.9%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20600ཟིན་པ་དེ་དུས་མཚུངས་ལས10.2%འཕར་ཡོད།

སྤྱི་ལོ2012ལོར་ཡིན་ཀྲོའུ་ཆུས་ཀྱི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི2000དང་དེ་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྤྱི་ལོ2011ལོ་ལས15.4%འཕར་བ་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་སྤྱི་ལོ2011ལོ་ལས6.7%ཆག་ཡོད། ཡང་བའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྤྱི་ལོ2011ལོ་ལས15.5%འཕར་བ་དང་ལྕི་བའི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྤྱི་ལོ2011ལོ་ལས15.4%འཕར་ཡོད། ཁེ་ལས་ཆེ་འབྲིང་གི་བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྤྱི་ལོ2011ལོ་ལས4.9%འཕར་ཡོད། ཡིན་ཀྲོའུ་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་བྲིན་ཚོང་གི་ཐོན་རྫས་རིན་ཐང་སྤྱི་ལོ2011ལོ་ལས15.3%འཕར་ཡོད་པ་དང་། ཐོན་རྫས་ཕྱིར་ཚོང་བྱེད་ཚད97.6%ཟིན་ཡོད། ཕྱིར་འཚོང་གི་ཐོན་རྫས་རིན་ཐང་ཁྲོད་ཡང་བའི་བཟོ་ལས15.0%འཕར་བ་དང་ལྕི་བའི་བཟོ་ལས15.5%འཕར་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན། བཟོ་ལས་ཀྱི་རིན་ཐང་འཕར་མ་སྤྱི་ལོ2011ལོ་ལས9.0%འཕར་ཡོད།

སྤྱི་ལོ2012ལོར་ཡིན་ཀྲོའུ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་མཛོད་ཉར་སྦྲག་སྲིད་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར41.8ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2011ལོ་ལས9.3%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི8250ཟིན་པ་དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི1329470ཟིན་ནས་སྤྱི་ལོ2011ལོ་ལས16.6%དང17.0%སོ་སོར་འཕར་ཡོད། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི4900ཟིན་པ་དེ་སྤྱི་ལོ2011ལོ་ལས8.2%འཕར་ཡོད། འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཁྲི132244ཟིན་པ་དེ་སྤྱི་ལོ2011ལོ་ལས9.2%འཕར་ཡོད།

8 སྤྱི་ཚོགས་ལས་དོན།
8_1 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོའི་བར་ཡིན་ཀྲོའུ་ཆུས་ཀྱི་དངོས་མིང་འགོད་པའི་ལམ་ལུགས་ཀྱི་ལས་ཞུགས་མི་གྲངས་ཁྲི1.1བཀོད་སྒྲིག་བྱས་ཡོད། ལས་བཟོའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི3ཟིན་ཡོད་པ་དང་། གྲོང་ཁྱེར་དང་གྲོང་ཁུལ་རིམ་པ་གཉིས་ཀྱི་རྒན་གསོའི་འགན་བཅོལ་གྲོན་དངུལ་བསྡུ་ཚད་སྒོར་དུང་ཕྱུར4.1ཟིན་ཡོད།

8_2 སྨན་བཅོས་ལས་དོན།

སྤྱི་ལོ2013ལོའི་བར་ཡིན་ཀྲོའུ་ཆུས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི194ཡོད་པ་དང་སྤྱི་ཚོགས་སུ་ཆེད་ལས་སྨན་དོན་མི་སྣ20གདན་ཞུ་བྱས་ཡོད། ཧུའེ་ཤིན་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས“ལིའོ་ཉིང་ཞིང་ཆེན་དཔེ་སྟོན་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས”སུ་ཞིབ་བཤེར་རྩིས་ལེན་བྱས།

8_3 སློབ་གསོའི་ལས་དོན།

སྤྱི་ལོ2013ལོའི་བར་ཡིན་ཀྲོའུ་ཆུས་སུ་ཁྱོན་སློབ་གསོའི་སྒྲིག་གཞི239ཡོད་པར་མ་དངུལ་སྒོར་ཁྲི2500བཏང་ནས་སློབ་ཆུང་ཁག་ལ་འཛིན་གྲྭའི་སྣེ་མང་སྨྱན་སྦྱོར300སྒྲིག་སྦྱོར་བྱས་པ་དང་། ཡིན་ཀང་སོགས་སློབ་ཆུང13གྱི་བུ་བཅོལ་ཁང་སྒྱུར་བཀོད་བྱས་པ་དང་། སློབ་ཆུང་བཅུ་གཅིག་པ་སོགས་སློབ་ཆུང7ལ་འགྱིག་བཟོས་ལུས་རྩལ་ར་བ་བསྐྲུན། སློབ་ཆུང་བཅུ་པ་སོགས་སློབ་ཆུང5ལ་དྲོད་རླངས་དང་རང་འབབ་ཆུ་འདྲེན་བྱས། སློབ་ཆུང་དྲུག་པ་སོགས་སློབ་ཆུང4ལ་ཚད་གཞི་མཐོ་བའི་སློབ་གྲྭའི་སྒོ་མོ་བརྗེས། ས་འོག་སྐྱེལ་འདྲེན་སུའོ་དང་ཁྲའེ་ཧོ་ཤིས་གྲོང་ཚོའི་སློབ་ཆུང་གཉིས་ཕྱིར་འཐེན་ཟླ་བསྒྲིལ་གྱི་ལས་དོན་ལེགས་གྲུབ་ཟིན་ནས་སློབ་གྲྭའི་ནང་གི་སློབ་མ་ཚོ་ཐག་ཉེ་སའི་གྲོང་ཁྱེར་ནང་གི་སློབ་ཆུང་དུ་སྤོས་པ་དང་། དགེ་རྒན40བདམས་ནས་སློབ་ཁྲིད་ཀྱི་འཐབས་དང་པོར་བཀོད་སྒྲིག་བྱས་པ་རེད། སྐབས་དང་པོའི“ལིའོ་ཉིང་ཞིང་ཆེན་གྱི་ལུས་རྩལ་སྒྱུ་རྩལ་སློབ་གསོའི་དཔེ་སྟོན་ཁུལ”གྱིས་ཞིབ་བཤེར་རྩིས་ལེན་བྱས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-26

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།