སུང་ཙི་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུང་ཙི་གྲོང་ཁྱེར།
སུང་ཙི་གྲོང་ཁྱེར་ནི་ཧུའུ་པེ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། བདེ་ཐང་དང་དེའུ་འབུར་ཟུང་འབྲེལ་ས་ཁུལ་དུ་གནས་ཡོད། ཅིན་ཀྲོའུ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས། གྲོང་ཁྱེར་དེ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2235ཡོད་པ་དང་སྤྱིའི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི92.3ཡོད། ཁྱོན་ཁྲོམ་གཞུང2དང་ཤང་གྲོང15བདག་སྤྲོད་བྱས། མི་འབོར་ཁྲི100ཙམ་ཟིན་པ། འབྱུང་འགྱུར་ལོ2ནས3གྱི་རིང་ལྟེ་བའི་གྲོང་ཁུལ་གྱི་མི་འབོར་ཁྲི30ཡན་ཟིན་རྒྱུ་རེད། ཤར་དུ་ཅིང་ཀྲོའུ་དང་། ནུབ་ཏུ་དབྱི་ཁྲང་། ལྷོ་རུ་ཝུའུ་ལིང་དང་འབྲེལ་བ། བྱང་ནི་འབྲི་ཆུ་དང་འབྲེལ་ཡོད། དེ་ནི་བཟོ་ལས་ཞིང་ལས་ཚོང་དོན་ཡུལ་སྐོར་གཞི་གཅིག་ཏུ་འདུས་པའི་གསར་དར་གྲོང་ཁྱེར་ཞིག་རེད། སྤྱི་ལོ2015ལོར་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་གྱི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་གཉིས་པའི་གྲས་སུ་བཞག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
松滋
ཕྱི་ཡིག་གི་མིང་།
Songzi
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧུའུ་པེ།
མངའ་ཁོངས།
ནན་ཧའེ་གྲོང་རྡལ་དང་། པ་པའོ་གྲོང་རྡལ། ལེ་ཤང་ཁྲོམ་གཞུང་།
སྲིད་གཞུང་གནས་ཡུལ།
ཞིན་ཅང་ཁོའུ་ཁྲོམ་གཞུང་།
སྦྲག་སྲིད་ཨང་རྟགས།
434200 (སྤྱི་ལོ2013ལོའི་ཟླ10པའི་ཚེས28ཉིན་གཏན་ལ་ཕབ)
ས་ཁོངས་ཁ་པར་ཨང་རྟགས།
0716( སྤྱི་ལོ2010ལོའི་ཟླ10པའི་ཚེས28ཉིན་གཏན་ལ་ཕབ། )
གནས་ཡུལ།
ཧུའུ་པེ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2235ཡོད།
མི་གྲངས།
ཁྲི100ལཉེ་བ།
ཡུལ་སྐད།
ལྷོ་ནུབ་གཞུང་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་གཤེར་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཝའེ་ཧྲུའེ་མཛེས་ལྗོངས་ཁུལ་དང་། ཡུན་ཁྲེང་སྤྱི་གླིང་། བྱང་མཚོའི་སྤྲོ་གསེང་གླིང་སོགས།
གནམ་གྲུ་ཐང་།
ཝུའུ་ཧན་ཐེན་ཧོ་རྒྱལ་སྤྱིའི་གནམ་ཐང་དང་དབྱི་ཁྲང་འགག་གསུམ་གནམ་ཐང་།
མེ་འཁོར་འབབ་ཚུགས།
སུང་ཙི་ས་ཚིགས་དང་ཅིན་ཀྲོའུ་ས་ཚིགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)D
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར218.72(སྤྱི་ལོ2015ལོར)ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི།
ཧོང་ཞང་ལུང་།
སྲིད་འཛིན་ཚབ་ཨང་།
421087( སྤྱི་ལོ2015ལོའི་ཟླ12པའི་ཚེས28ཉིན་གཏན་ལ་ཕབ)
1 ལོ་རྒྱུས།

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཅིན་ཀྲོའུ་ཧྥུ་མེད་པར་བཏང་བ་དང། སུང་ཙི་ནི་ཞིང་ཆེན་ལ་ཐད་གར་གཏོགས། སྲིད་ལོ་གཉིས་ལ་ཧུའུ་པེ་ནས་ཏའོ་བགོས་ཤིང་། སུང་ཙི་་ཅིན་དབྱི་ཧྲི་ཧི་ཏའོ་ཡི་ཁོངས་སུ་གཏོགས། སྲིད་ལོ་གསུམ་པར་ཅིན་ནན་ཏའོ་ཞེས་པར་བསྒྱུར། སྲིད་ལོ་བཞི་པར། དབྱི་ཏའོ་རུ་གཏོགས། སྲིད་ལོ་བཅུ་དྲུག་པར་ཡང་བསྐྱར་ཞིང་ཆེན་གྱི་ཁོངས་གཏོགས་ཡིན། སྲིད་ལོ་ཉེར་གཅིག་ལ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བདུན་པའི་ཁོངས་སུ་གཏོགས། སྲིད་ལོ་ཉེར་ལྔ་པར། ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པར་བསྒྱུར་ཡོད། སྲིད་ལོ་ཉེར་གཉིས་ཀྱི་ཟླ8པར་རྫོང་སྐྱོང་མོ་ཕན་གླིང་དུ་གནས་སྤོ་བྱས་པ་དང་། ཟླ་མཇུག་ཏུ་སུང་ཙི་གྲོང་ཁྱེར་དུ་གནས་སྤོ་བྱས། སྲིད་ལོ་ཉེར་དགུ་པའི་ཟླ7པར་རྫོང་སྐྱོང་ཁྲེ་ཅ་ཁྲུང་དུ་གནས་སྤོ་བྱས་པ་དང་། ཟླ8པར་མ་ཧྲུའེ་རྫོང་དུ་གནས་སྤོས་བ་རེད། སྲིད་ལོ་སུམ་ཅུ་སོ་བཞི་པའི་ཟླ9པར་ཞིན་ཅང་ཁོའུ་རུ་སྤོས།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས། ཧུའུ་པེ་ཞིང་ཆེན་ཅིན་ཀྲུའུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་རུ་གཏོགས། རྫོང་གིས་ཞིན་ཅང་ཁོའུ་སྐྱོང་། སྤྱི་ལོ1996ལོའི་ཟླ5པའི་ཚེས18ཉིན་རྫོང་ཕྱིར་འཐེན་བྱས་ཏེ་གྲོང་ཁྱེར་དུ་བཏང་།

2 ས་ཁམས།
2_1 གནས་ཡུལ།

སུང་ཙི་གྲོང་ཁྱེར་ནི་ཧུའུ་པེ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། བདེ་ཐང་དང་དེའུ་འབུར་ཟུང་འབྲེལ་ས་ཁུལ་དུ་གནས་ཡོད། ཅིན་ཀྲོའུ་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས། ཤར་དུ་ཅིང་ཀྲོའུ་དང་། ནུབ་ཏུ་དབྱི་ཁྲང་། ལྷོ་རུ་ཝུའུ་ལིང་དང་འབྲེལ་བ། བྱང་ནི་འབྲི་ཆུ་དང་འབྲེལ་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག110°14′—112°03′དང་། བྱང་གི་འཕྲེད་ཐིག29°53′—30°22′བར་ཡིན། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ77ཙམ་ཡོད་པ་དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ55ཙམ་ཡོད་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ2235ཡོད།

2_2 ནམ་ཟླ།     

སུང་ཙི་ནི་ཚ་ཁུལ་ཕལ་བའི་བར་བརྒལ་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་གནས་པ་དང་། དུས་བཞིའི་དབྱེ་བ་གསལ་པོ་ཡོད། དཔྱིད་དུས་ཀྱི་དྲོ་གྲང་འགྱུར་ལྡོག་མང་བ་དང་ཆར་པ་འབབ་ཚད་རིམ་བཞིན་མང་དུ་འགྲོ་བ། དབྱར་དུས་ཚ་བ་ཆེ་ཞིང་བཞའ་ཚན་ཆེ་བ། ཆར་ཚད་མི་སྙོམས་པ། དགུན་ཁ་ཅུང་རིང་བ་ཡིན།

3 དཔལ་འབྱོར།
3_1 ཕྱོགས་བསྡུས།     

སྤྱི་ལོ2011ལོར་གྲོང་ཁྱེར་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར120མངོན་འགྱུར་བྱུང་བ་དེ་སྤྱི་ལོ2006ལོའི་ལྡབ2.4ཡིན་པ་དང་། ལོ་ལྔའི་ནང་ལོ་རེར་ཆ་སྙོམས19.1%འཕར(ད་ལྟའི་རིན་གོང་འཕར་ཚད། གཤམ་དུ་འདི་དང་མཚུངས)ཡོད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་ནས22.1:39.6:38.3ཡིན་པ་དང་ཐོན་ལས་གཉིས་པའི་རིན་ཐང་འཕར་མའི་བསྡུར་ཚད་སྤྱི་ལོ2006ལོ་ལས་བརྒྱ་ཆའི་གྲངས11.9མཐོ་རུ་ཕྱིན། ས་གནས་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར4.3ཡིན་པ་དེ་སྤྱི་ལོ2006ལོའི་ལྡབ2.6ཡིན་པ་དང་ལོ་རེར་ཆ་སྙོམས20.9%འཕར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར142.5ཡིན་པ་དང་སྤྱི་ལོ2006ལོའི་ལྡབ2.6ཡིན་པ་དེ་ལོ་རེར་ཆ་སྙོམས20.9%འཕར་ཡོད། བཟོ་ལས་ཅན་དུ་འགྱུར་བའི་འཕེལ་རིམ་མངོན་གསལ་མགྱོགས་སུ་ཕྱིན་ཡོད། སྤྱི་ལོ2011ལོར་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར36ཡིན་པ་དང་ལོ་རེར་ཆ་སྙོམས་བརྒྱ་ཆའི39.6འཕར་བ་དང་། གོང་འབུལ་ཁྲལ་དངུལ་སྒོར་དུང་ཕྱུར5ཡིན་པ་དང་ལོ་རེར་ཆ་སྙོམས25%འཕར་ཡོད། པའེ་ཡུན་པེན་དང་ཧྥེ་ལི་ཕུའུ་སོགས་རྐང་འཛིན་ཁེ་ལས་ཉིན་བཞིན་འཕེལ་རྒྱས་དང་རྒྱ་སྐྱེད་བྱུང་བ་དང་། ཧྲོང་ཆི་ཨར་འདམ་དང་། སན་མེང་འཕྲུལ་ཆས། བསེ་རུའི་རྒྱན་གོས། ལྷ་གྲུ་འཁེལ་འཐགལི་ཡོན་ཚན་རྩལ། ཧུའུ་པེ་ཧའེ་ཤིང་སོགས་ཁེ་ལས་ཁག་ཅིག་མགྱོགས་མྱུར་ངང་འཚར་ལོངས་བྱུང་ཡོད། པེ་ཡུན་པན་ཀུང་སིས་སྤྱི་ལོ2010ལོར་མངོན་འགྱུར་བྱུང་བའི་ཐོན་ནུས་དང་། ཕྱིར་ཚོང་ཡོང་འབབ། གོང་འབུལ་ཁྲལ་དངུལ་བཅས་ནི་སྤྱི་ལོ2006ལོའི་ལྡབ2.8དང་། ལྡབ5.6ལྡབ4བཅས་ཡིན་པ་དང་སྤྱི་ལོ2008ལོ་ནས་བཟུང་ལོ་གསུམ་བསྟུད་མར་ཅིང་ཀྲོའུ་གྲོང་ཁྱེར་བཟོ་ལས་ཁེ་ལས་ཀྱི་ཁྲལ་འཇལ་ཨང་དང་པོར་སླེབས་ཡོད།     སྤྱི་ལོ2011ལོར་གྲོང་ཁྱེར་ཡོངས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར96བཏང་བ་དེ་སྤྱི་ལོ2006ལོའི་ལྡབ6.1ཡིན་པ་དང་ལོ་རེར་ཆ་སྙོམས43.5%འཕར་ཡོད། ཚོང་འགུགས་མ་འདྲེན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི500ཡན་བཏང་བའི་བཟོ་ལས་རྣམ་གྲངས་283ནང་འདྲེན་བྱས་པར་མ་དངུལ་སྒོར་དུང་ཕྱུར79.3དོན་འཁྱོལ་བྱུང་ཡོད།      སྤྱི་ལོ2015ལོར་གྲོང་ཁྱེར་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར218.72ཡིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས10.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར39.26ཡིན་པ་དང་ལོ་གོང་མ་ལས5.3%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་105.77ཡིན་པ་དང་ལོ་གོང་མ་ལས10.0%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར73.69ཡིན་པ་དང་ལོ་གོང་མ་ལས13.5%འཕར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ17.9:48.4:33.7ཡིན། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར28236ཡིན་པ་དེ་ལོ་གོང་མ་ལས10.4%འཕར་ཡོད་པ་རེད།

གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས11509གསར་དུ་འཕར་བ་དང་ལས་བྲལ་ལས་ཤོར་མི་སྣ2869བཀོད་སྒྲིག་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད4.0%ཟིན།     

3_2 སུང་ཙིའི་བཟོ་ལས།    

“ལོ་ལྔའི་འཆར་འགོད་བཅུ་གཅིག་པའི”རིང་གྲོང་ཁྱེར་དེ་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མ་ལོ་རེར་ཆ་སྙོམས32.9%འཕར་བ་དེ“ལོ་ལྔའི་འཆར་འགོད་བཅུ་པ”དང་བསྡུར་ན། ལོ་རེར་ཆ་སྙོམས་འཕར་ཚད་བརྒྱ་ཆའི་གྲངས25.3མཐོ་རུ་ཕྱིན། ཐོན་རྫས་རིན་ཐང་ལོ་རེར་ཆ་སྙོམས་འཕར་ཚད34.6%ཟིན་ཡོད། ཕྱིར་ཚོང་ཡོང་འབབ་ལོ་རེར་ཆ་སྙོམས་འཕར་ཚད39.5%ཟིན་ཡོད། གོང་འབུལ་ཁྲལ་དངུལ་ལོ་རེར་ཆ་སྙོམས་འཕར་ཚད་བརྒྱ་ཆའི26ཟིན་ཡོད། ཐོན་ལས་གཉིས་པས་ཐོན་ལས་གསུམ་གྱི་ཁྲོད་ཟིན་པའི་བསྡུར་ཚད་དེ་“ལོ་ལྔའི་འཆར་འགོད་བཅུ་པའི”དུས་མཇུག་གི30.1%ནས35.4%བར་འཕར་བ་དང་། བརྒྱ་ཆའི་གཞི་གྲངས5.3མཐོ་རུ་ཕྱིན། བཟོ་ལས་ཀྱི་བསྡུར་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད། བཟོ་ལས་ཀྱི་བསྡོམས་གྲངས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་ཁེ་ལས་དེ་སྤྱི་ལོ2005ལོའི56ནས་སྤྱི་ལོ2010ལོའི162བར་མང་དུ་ཕྱིན་པ་དང་ཁེ་ལས106འཕར་བ་རེད།     “ལོ་ལྔའི་འཆར་འགོད་བཅུ་གཅིག”གི་དུས་མཇུག་ཏུ་མནའ་འབྲེལ་གསུམ་གྱི་འཕྲུལ་ཆས་ཀྱིས་སྣེ་འདྲེན་བྱེད་པའི་འཕྲུལ་ཆས་བཟོ་སྐྲུན་ལས་རིགས་ལ་ཁྱོན་གཞི་ཁྱོན་ལྡན་པའི་ཁེ་ལས23ཡོད་པ་དང་ཕྱིར་ཚོང་ཡོང་འབབ་དང་ཁྲལ་འབབ་སྒོར་དུང་ཕྱུར6.8དང་སྒོར་ཁྲི1600ཟིན་ཡོད་པ་དང་། བསེ་རུའི་གོས་རྒྱན་སྣེ་འདྲེན་དུ་བྱས་པའི་འཁལ་འཐག་གྱོན་ཆས་ལས་རིགས་སུ་ཁྱོན་གཞི་ཁྱོན་ལྡན་པའི་ཁེ་ལས7ཡོད་པ་དང་ཕྱིར་ཚོང་ཡོང་འབབ་དང་ཁྲལ་འབབ་སྒོར་དུང་ཕྱུར5.3དང་སྒོར་ཁྲི2200ཟིན་རྒྱུ་རེད། ལི་ཡོན་ཚན་རྩལ་མཚོན་བྱེད་དུ་བྱས་པའི་རྫས་འགྱུར་བཟོ་ལས་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ནས་ཁྱོན་གཞི་ཁྱོན་ལྡན་པའི་ཁེ་ལས12ཡོད་པ་དང་ཕྱིར་ཚོང་ཡོང་འབབ་དང་ཁྲལ་འབབ་སྒོར་དུང་ཕྱུར6དང་སྒོར་ཁྲི530ཟིན་གྱིན་ཡོད། རྐང་འཛིན་ཁེ་ལས་མགྱོགས་མྱུར་འཚར་ལོངས་ཡོང་བ་རེད། སྤྱི་ལོ2010ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་བའི་ཁེ་ལས11ཟིན་པ་དེ་སྤྱི་ལོ2005ལོ་ལས་ཁེ་ལས8འཕར་བ་དང་། ཁྲལ་འབབ་སྒོར་ཁྲི100ལས་བརྒལ་བའི་བཟོ་ལས་ཁེ་ལས18ཡོད་པ་དེ་སྤྱི་ལོ2005ལོ་ལས5འཕར་ཡོད། གྲོང་ཁྱེར་དེ་ཡོངས་ལ་ཧྥེ་ལི་ཕུའུ་དང་། སན་མེང་། ལུང་ཧའེ་རྫས་འགྱུར། གསེར་གསོམ་རྫས་འགྱུར། སྔོན་ལ་ནུས་ཁུངས་སོགས་ཞིང་ཆེན་གྱི་མཐོ་གསར་ལག་རྩལ་ཁེ་ལས5ཡོད་པ་རེད། “ལོ་ལྔའི་འཆར་འགོད་བཅུ་གཅིག་པའི”རིང་། སྲིད་དོན་དོ་དམ་དང་། ཚོང་དོན་ཟོག་འགྲེམས། འཚོ་བ་སྡོད་གནས། ཚན་རྩལ་ཞིབ་སྤེལ། སློབ་གསོ་གསོ་སྦྱོང་བཅས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཁུལ་གསར་དང་། ཧུའུ་པེ་ཞིང་ཆེན་གྱིས་ཤང་ཀང་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་སྐྱེད་ཚལ་ལ་བརྟེན་ནས་གྲུ་ཁ་དར་རྒྱས་གཏོང་བའི་དཔེ་མཚོན་དཔེ་སྟོན་ཁུལ་ཞིག་རེད།

4 སྤྱི་ཚོགས།     
4_1 གློག་ཤུགས།     

སུང་ཙེ་ཉིང་གློག་རྣམ་གྲངས་དེ་ཧུའུ་པེ་ཞིང་ཆེན་ཅིང་ཀྲོའུ་དང་། ཅིན་མོན། དབྱི་ཁྲང་བཅས་ཀྱི་གློག་སྤྱོད་ཐེག་ཚད་ལྟེ་གནས་སུ་གནས་པ་དང་། ཧུའུ་པེ་ཡིས་ནུས་རྒྱུ་མཁོ་སྤྲོད་ཀྱི་མི་འདང་བ་ཁ་གསབ་དང་གློག་ཁུངས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད། སྐམ་སའི་དབུས་ཁུལ་གྱི་ཉིང་རྡུལ་གློག་ཁང་གི་རྣམ་གྲངས་གཞན་དག་དང་བསྡུར་ན་སུང་ཙི་ཉིང་རྡུལ་གློག་ཁང་གནས་ཡུལ་འདེམས་པའི་ས་ཁུལ་གྱི་མི་འབོར་བལྟོས་བཅས་ཀྱིས་དམའ་བ་དང་གནས་སྤོས་མི་འབོར་བལྟོས་བཅས་ཀྱིས་ཉུང་བ། བཟོ་གྲྭ་གནས་ཡུལ་འབྲི་ཆུ་དང་ཐག་ཉེ་ས་ཡིན་པས་ཉིང་རྡུལ་གློག་ཁང་གི་ཆུ་སྤྱོད་འགན་ལེན་བྱ་རྒྱུར་ཕན་པ་ཡོད་པ་དང་ཉིང་རྡུལ་གློག་ཁང་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་ཆ་རྐྱེན་འཛོམས་ཡོད།     མཚན་སྙན།     སྤྱི་ལོ2018ལོར་སྤྱི་ལོ2018ལོའི་ཀྲུང་གོའི་རྒྱལ་སྤྱིའི་སྣོད་བཅུད་འགྲན་རྩོད་ནུས་པའི་དབུ་ཚོགས་ཀྱི“སྤྱི་ལོ2018ལོའི་སྣོད་བཅུད་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་པའི་གྲོང་ཁྱེར”གྱི་མཚན་སྙན་ཐོབ་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁུལ། ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-25

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།