ཏ་ཧྥེང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏ་ཧྥེང་ཆུས།
ཏ་ཧྥེང་ཆུས་ནི་ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཐད་སྐྱོང་ཆུས་ཡིན་ཞིང་། ཏ་ཧྥེང་ཆུས་དེ་ཧོང་ཧའེ་རྒྱ་མཚོའི་འགྲམ་དང་། ཅང་སུའུ་ཞིང་ཆེན་གྱི་ཤར་རྒྱུད་དང་ཡན་ཁྲེང་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་ཆགས་ཡོད་ཅིང་། ཤར་གྱི་ཕྱོགས་ནི་ཧོང་ཧའེ་རྒྱ་མཚོའི་བར་དང་། ནུབ་ཀྱི་ཕྱོགས་ནི་ཞིན་ཧྭ་གྲོང་ཁྱེར་དང་འབྲེལ། ལྷོ་ཡི་ཕྱོགས་ནི་ཏུང་ཐའེ་གྲོང་ཁྱེར་དང་འབྲེལ། བྱང་གི་ཕྱོགས་ནི་ཡན་ཁྲེང་གྲོང་ཁྱེར་གྱི་ཐིན་ཧུའུ་ཆུས་གྱི་འབྲེལ་མཚམས་སུ་ཆགས་ཡོད་ཅིང་། དེའི་མཚོ་འགྲམ་རིང་ཚད་སྤྱི་ལེ112ཡོད་པ་དང་རྒྱ་ཁྱོན་བསྡོམས་འབོར་སྟོང་སྨི་གྲུ་བཞི་མ3059ཡོད་པ་རེད། ཏ་ཧྥེང་ཆུས་ནི་སྤྱི་ལོ1942ལོའི་ཟླ5པར་རྫོང་བཙུགས་པ་དང་། སྤྱི་ལོ1951ལོའི་ཟླ8པར་ཏ་ཧྥེང་རྫོང་ཞེས་པར་མིང་བསྒྱུར། སྤྱི་ལོ1996ལོའི་ཟླ8པར་ཏ་ཧྥེང་རྫོང་མེད་པར་བཟོས་ནས་རྫོང་རིམ་པའི་ཏ་ཧྥེང་གྲོང་ཁྱེར་བཙུགས། སྤྱི་ལོ2015ལོའི་ཟླ8པར་རྫོང་རིམ་པའི་ཏ་ཧྥུང་གྲོང་ཁྱེར་མེད་པ་བཟོས་ནས་ཡན་ཁྲེང་གྲོང་ཁྱེར་ཏ་ཧྥུང་ཆུས་བཙུགས། ཏ་ཧྥེང་ནི་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གྲོང་ཁྱེར་ཚོམས་གྲས་ཀྱི་བཀྲག་མདངས་འཚེར་བའི་མུ་ཏིག་ལྟ་བུ་ཞིག་ཡིན་པ་དང་། དེ་ནི་ཤྭ་བ་རྔ་རིང་གི་ཕ་ཡུལ་དང་། ཧོང་ཧའེ་གྲུ་ཁའི་གྲོང་ཁྱེར། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ། ཚེ་ཐག་རིང་བའི་གནས་མཆོག་བཅས་ཡིན་ཞིང་། ཡུན་རིང་བའི་ལོ་རྒྱུས་ལྡན་པ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་འཛོམས། སྤྱིའི་མི་འབོར་ཁྲི72ལ་སླེབས་ཡོད། དེའི་ཁོངས་སུ་སྲང་ལམ2དང་། གྲོང་རྡལ11 ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ2ཚུད་ཡོད་པ་དང་། མངའ་ཁོངས་སུ་ཅང་སུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ཞིང་ར3དང་ཧྲང་ཧའེ་ཡི་ཁོངས་སུ་གཏོགས་པའི་ཞིང་ར1ཡོད་པ་དང་། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས། ཏ་ཧྥུང་ཆུས་ལ“རྒྱལ་ཡོངས་ཀྱི་སྐོར་དང་པོའི་སྣོད་བཅུད་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར”དང་། “རྒྱལ་ཁབ་ཀྱི་སྐོར་དང་པོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྔོན་ཐོན་དཔེ་སྟོན་ཆུས” “རྒྱལ་ཁབ་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་བསྡུས་ཚོད་ལྟའི་ཆུས” “རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར” “ཀྲུང་གོའི་ཕུལ་བྱུང་ཅན་གྱི་ཡུལ་སྐོར་གྲོང་ཁྱེར” “ཅང་སུའུ་ཞིང་ཆེན་གྱི་ཤེས་རིག་དཔལ་ཡོན་ལྡན་པའི་གྲོང་ཁྱེར” “ཅང་སུའུ་ཞིང་ཆེན་གྱི་འཕྲོད་བསྟེན་གྲོང་ཁྱེར”“ཅང་སུའུ་ཞིང་ཆེན་གྱི་སྐྱེད་ཚལ་གྲོང་ཁྱེར”“ཅང་སུའུ་ཞིང་ཆེན་གྱི་སྤྱི་ཚོགས་བདེ་འཇགས་བདེ་འཇགས་གྲོང་ཁྱེར”“རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཕུལ་བྱུང་ཅན་གྱི་གྲོང་ཁྱེར” “ཀྲུང་གོའི་སྤྲོ་གསེང་གྲོང་ཁྱེར་ཡག་ཤོས” “ཀྲུང་གོའི་སྣོད་བཅུད་སྲུང་སྐྱོང་གི་འདམ་ར་ཡག་ཤོས”བཅས་ཀྱི་མཚན་སྙན་མང་པོ་སྔ་རྗེས་སུ་ཐོབ། རྒྱལ་ཁབ་ཀྱི་སྐོར་གཉིས་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བའི་རྫོང་།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཏ་ཧྥེང་ཆུས།
རྒྱ་ཡིག་གི་མིང་།
大丰区
ཕྱི་ཡིག་གི་མིང་།
Dafeng District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་ཞིང་ཆེན་ཡན་ཁྲེང་ཆུས།
མངའ་ཁོངས།
ཁྲོམ་གཞུང2 གྲོང་རྡལ11
སྲིད་གཞུང་སྡོད་གནས།
ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་ཏ་ཧྥེང་ཆུས་ཧྭ་ཤར་ལམ་ཨང་རྟགས1པ།
ས་ཁོངས་ཁ་པར་ཨང་རྟགས།
0515
སྦྲག་སྲིད་ཚབ་ཨང་།
224100
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3059
མི་གྲངས།
ཁྲི72
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏J
སྲིད་འཛིན་ཚབ་ཨང་།
320904
གནམ་གྲུའི་ཐང་།
ཡན་ཁྲེང་ནན་དབྱང་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚིགས།
ཏ་ཧྥེང་མེ་འཁོར་འབབ་ཚིགས།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ4བར། སུའུ་པེ་མི་དམངས་སྲིད་འཛིན་ཀུང་ཧྲུའུ་བཙུགས། སྤྱི་ལོ1949ལོའི་ཟླ5པའི་ཚེས15ཉིན་ཐའེ་ཀྲོའུ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་པ་དང་ཐའེ་པེ་རྫོང་ཐའེ་ཀྲོའུ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།     

སྤྱི་ལོ1950ལོར་ཐའེ་པེ་རྫོང་དེ་ཐའེ་ཀྲོའུ་ཀྲོན་ཆུས་ནས་ཡན་ཁྲེང་ཀྲོན་ཆུས་སུ་བསྒྱུར།     

སྤྱི་ལོ1951ལོའི་ཟླ8པར་ཐའེ་པེ་རྫོང་དང་ཐའེ་ཝན་ཞིང་ཆེན་གྱི་ཐའེ་པེ་རྫོང་གི་མིང་གཅིག་པ་ཡིན་པས། སྐབས་དེར་ཏ་ཀྲུང་དང་ཞིན་ཧྥེང་གྲོང་རྡལ་ཆེན་པོ་གཉིས་ཀྱི་མིང་གི་སྔོན་མའི་ཡིག་འབྲུ་གཉིས་བླངས་ནས“ཏ་ཧྥེང”ཞེས་པའི་མིང་བཏགས་ཤིང་། ཏ་ཧྥེང་རྫོང་ཞེས་པའི་མིང་དེ་གཏན་ལ་ཕབ།

སྤྱི་ལོ1953ལོའི་ཟླ1པར། སུའུ་པེ་དང་སུའུ་ནན་སྲིད་འཛིན་ས་ཁུལ་གཉིས་ནན་ཅིང་གྲོང་ཁྱེར་དང་ཟླ་སྒྲིལ་བྱས་ཏེ་ཅང་སུའུ་ཞིང་ཆེན་དུ་གྱུར། ཏ་ཧྥེང་རྫོང་ཅང་སུའུ་ཞིང་ཆེན་ཁོངས་སུ་བགོས།     

སྤྱི་ལོ1970ལོར་ཡན་ཁྲེང་ཀྲོན་ཆུས་དེ་ཡན་ཁྲེང་ས་ཁུལ་དུ་བསྒྱུར་བ་དང་ཏ་ཧྥེང་རྫོང་སྔར་བཞིན་ཡན་ཁྲེང་ས་ཁུལ་གྱི་ཁོངས་སུ་གཏོགས།     

སྤྱི་ལོ1983ལོའི་ཟླ3པར་ཡན་ཁྲེང་ས་ཁུལ་མེད་པར་བཟོས་ནས་ས་ཁུལ་རིམ་པའི་ཡན་ཁྲེང་གྲོང་ཁྱེར་བཙུགས་པ་དང་ཏ་ཧྥེང་རྫོང་ཡན་ཁྲེང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1996ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏ་ཧྥེང་རྫོང་མེད་པར་བཟོས་ནས་རྫོང་རིམ་པའི་ཏ་ཧྥེང་གྲོང་ཁྱེར་བཙུགས་ཏེ་ཡན་ཁྲེང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས།     

སྤྱི་ལོ2015ལོའི་ཟླ8པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྫོང་རིམ་པའི་ཏ་ཧྥུང་གྲོང་ཁྱེར་མེད་པ་བཟོས་ནས་ཡན་ཁྲེང་གྲོང་ཁྱེར་ཏ་ཧྥེང་ཆུས་བཙུགས་ཡོད། 

2 ​སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཏ་ཧྥེང་ཆུས་ཀྱི་ཁོངས་གཏོགས་སུ་ཏ་ཀྲུང་དང་ཧྥེང་ཧྭ་ཞེས་པའི་ཁྲོམ་གཞུང2དང་། ཤིན་ཧྥུང་གྲོང་རྡལ་དང་། ཚའོ་ཡན་གྲོང་རྡལ། པའེ་ཅུས་གྲོང་རྡལ། ལིའུ་ཀྲོང་གྲོང་རྡལ། ཤིས་ཐོན་གྲོང་རྡལ། ཞའོ་ཧའེ་གྲོང་རྡལ། ཏ་ཆའོ་གྲོང་རྡལ། ཚའོ་མིའོ་གྲོང་རྡལ། དབན་ཡིང་གྲོང་རྡལ། སན་ལུང་གྲོང་རྡལ་བཅས་ཀྱི་གྲོང་རྡལ11དང་། གཞན་ཡང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ1དང་རྒྱ་མཚོའི་དཔལ་འབྱོར་ཕྱོགས་བསྡུས་གསར་སྤེལ་ཁུལ1བཅས་ཡོད་པ་རེད། ས་ཁོངས་སུ་ཧྲང་ཧའེ་ཞིང་ར་དང་། ཁྲོན་ཏུང་ཞིང་ར། ཧའེ་ཕུང་ཞིང་ར་སོགས་ཧྲང་ཧའེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་ཞིང་ར3དང་ཏུང་པ་ཐོའུ་ཞིང་ར་དང་། ཏ་ཀྲུང་ཞིང་ར། ཧྥང་ཆང་ཞིང་ར་སོགས་ཅང་སུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ཞིང་ར3ཡོད།     

3 མི་འབོར་གནས་ཚུལ།
3_1 མི་འབོར།

ཏ་ཧྥེང་ཆུས་ཀྱི་ཐེམ་ཐོའི་མི་འབོར་ཁྲི72.54ཡོད་པ་དང་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི70.17ཡོད་པ་རེད། ཐེམ་ཐོའི་ནང་སྐྱེས་པའི་མི་འབོར་ཁྲི36.19དང་བུད་མེད་མི་འབོར་ཁྲི36.35ཡོད་པ་དང་། ལོ0ནས18བར་གྱི་མི་འབོར་ནི་ཁྲི8.93ཡིན་པ་དང་། ལོ18ནས35བར་གྱི་མི་འབོར་ནི་ཁྲི13.82ཡིན། ལོ35ནས60བར་གྱི་མི་འབོར་ནི་ཁྲི34.5ཡིན། ལོ60ཡན་གྱི་མི་འབོར་ནི་ཁྲི15.29ཡིན། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད7.88‰ལ་སླེབས་ནས0.18‰འཕར་བ་དང་། མི་འབོར་ཤི་ཚད8.08‰ལ་སླེབས་ནས0.57‰མར་ཆག མི་འབོར་རང་ཤུགས་སུ་འཕར་ཚད-0.2‰ཡིན་པ་དེ་སྤྱི་ལོ2012ལོ་ལས0.75‰འཕར་ཡོད།     

ཏ་ཧྥེང་གི་ཐེམ་ཐོའི་མི་འབོར་ཁྲི72.54ཡོད་པ་དང་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི70.19ཡོད་པ་རེད། ཐེམ་ཐོའི་ནང་སྐྱེས་པའི་མི་འབོར་ཁྲི36.22དང་བུད་མེད་མི་འབོར་ཁྲི36.32ཡོད་པ་དང་། ལོ0ནས18བར་གྱི་མི་འབོར་ཁྲི9.02ཡོད་པ་དང་། ལོ18ནས35བར་གྱི་མི་འབོར་ཁྲི13.57ཡོད་པ། ལོ35ནས60བར་གྱི་མི་འབོར་ཁྲི33.76ཡོད་པ། ལོ60ཡན་གྱི་མི་འབོར་ཁྲི16.20ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད8.53‰ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས0.65%འཕར་བ་དང་། མི་འབོར་ཤི་ཚད7.77‰ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས0.31%མར་ཆག མི་འབོར་རང་བྱུང་འཕར་ཚད0.76‰ལ་སླེབས་པ་དེ་སྤྱི་ལོ2013ལོ་ལས0.96.9%འཕར།  

3_2 མི་རིགས།

ཏ་ཧྥེང་ས་ཁོངས་ཀྱི་གྲོང་མི་མང་ཆེ་བ་རྒྱ་རིགས་ཡིན་པ་དང་། གྲངས་ཉུང་མི་རིགས་ལ་སོག་རིགས་དང་། ཧུའེ་རིགས། བོད་རིགས། མིའོ་རིགས། ཀྲོང་རིགས། པུའུ་དབྱི་རིགས། མན་ཇུ་རིགས། ཏུང་རིགས། ཡའོ་རིགས། པའེ་རིགས། ཐུའུ་ཅ་རིགས། ཏའེ་རིགས། ལི་རིགས། ལི་སུའུ་རིགས། ཧྲེ་རིགས། ལ་ཧུའུ་རིགས། ཧྲུའེ་རིགས། འཇང་རིགས། ཧོར་རིགས། པུའུ་ལང་རིགས། ཞི་པོ་རིགས་སོགས་ཁྱོན་བསྡོམས་དུད་ཚང1549དང་མི་གྲངས1976ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར་ལྗོངས་ཡོངས་སུ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར699.93ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས5.2%འཕར་བ་དང་འཕར་ཚད་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལས་བརྒྱ་ཆའི་གྲངས་0.2མཐོ་རུ་ཕྱིན་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་83.09ལ་སླེབས་ནས་3.4%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་273.77ལ་སླེབས་ནས་2.3%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་343.07ལ་སླེབས་ནས་7.9%འཕར་ཡོད།

སྤྱི་ལོ2018ལོར་ལྗོངས་ཡོངས་སུ་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར86.7ལ་སླེབས་པ་དེ་དུས་མཚུངས་ལས3.4%འཕར་ནས་ལོ་གོང་མའི་དུས་མཚུངས་ལས0.3%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི87ལ་སླེབས་ནས་སྔ་ལོ་ལས་ཏུན་ཁྲི5.7མར་ཆག་ཡོད། སྤྱི་ལོ2018ལོར་ཆུས་ཡོངས་སུ་ཕག་པ་ཁྲི151གསོ་ཚགས་བྱས་པའི་ནང་ཁྲི99བཤས་གཏོང་བྱས་པ་དེ་དུས་མཚུངས་ལས21.4%འཕར་བ་དང་། ཁྱིམ་བྱ་གསོ་ཚགས་བྱེད་ཚད་ཁྲི3390ལ་སླེབས་པའི་ནང་བཤས་ཚད་ཁྲི2272ལ་སླེབས་པ་དེ་དུས་མཚུངས་ལས2.4%འཕར། ར་གསོ་ཚགས་བྱེད་ཚད་ཁྲི21.4ལ་སླེབས་པའི་ནང་བཤས་ཚད་མགོ་གྲངས་ཁྲི12.7ལ་སླེབས་པ་དེ་དུས་མཚུངས་ལས8.9%མར་ཆག ཆུའི་ཐོན་རྫས་ཐོན་ཚད་ཏུན་ཁྲི17.52ལ་སླེབས་པ་དེ་དུས་མཚུངས་ལས1%མར་ཆག

སྤྱི་ལོ2020ལོའི་ཟླ་1ཚེས་2ཉིན་ཏ་ཧྥེང་ཆུས་རྒྱལ་ཡོངས་ཀྱི་སྐོར་བཞི་པའི་སྔོན་ལ་ཞིང་ལས་ལོ་ཏོག་གཙོ་བོ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོའི་ནང་བདམས་པ་རེད།

བཟོ་ལས་ཐོན་སྐྱེད་དལ་པོའི་ངང་བརྟན་དུ་སོང་བ། སྤྱི་ལོ2018ལོར་ལྗོངས་ཡོངས་སུ་ཁྱབ་ཆེའི་བཟོ་ལས་ཀྱི་སྤ་སེ་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར922.47ལ་སླེབས་པ་དེ་དུས་མཚུངས་ལས7.6%འཕར་བ་དང་བསྡོམས་འབོར་ཚྭ་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་པའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤ་སེ་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར779.33ལ་སླེབས་པ་དེ་དུས་མཚུངས་ལས5.8%འཕར་ཡོད། ལོ་སྨད་ནས་བཟུང་གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས1.5%འཕར་ནས་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལས0.3%འཕར་ཡོད། ལོ་ཧྲིལ་པོར་བཟོ་ལས་ཀྱི་གློག་སྤྱོད་ཚད16.1%འཕར་བ་དང་། འཕར་ཚད་དུས་ཚིགས་དང་པོ་དང་། ལོ་སྟོད་། དུས་ཚིགས་གསུམ་པ་བཅས་ལས་སོ་སོར4.2%དང་། 3.1% 1.1%བཅས་མར་ཆག་པ་དང་། མར་ཆག་ཚད་རིམ་བཞིན་ཆུང་དུ་སོང་ཡོད།

སྤྱི་ལོ2018ལོར་ཆུས་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར58.4བྱུང་བ་དེ་དུས་མཚུངས་ལས13.1%འཕར་བ་དང་། ལོ་འདིའི་ཟླ་བ་མང་ཆེ་བའི་གཉེར་སྐྱོང་ཡོང་འབབ་འཕར་ཚད10%ཡན་རྒྱུན་འཁྱོངས་ཐུབ་ནས་བརྟན་ལ་མྱུར་བའི་སྒོ་ནས་འཕར་བའི་རྣམ་པ་རྒྱུན་མཐུད་ཐུབ་ཡོད། ལས་རིགས་དབྱེ་ནས་བལྟས་ན། ལས་རིགས་ཆེན་པོ10ཡི་ནང་ལས་རིགས9འཕར་ནས་འཕར་ཚད90%ལ་སླེབས་ཡོད། ཆ་འཕྲིན་བརྒྱུད་གཏོང་དང་། མཉེན་ཆས། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་དང་ས་ཁང་བདག་ཁོངས་ཐོན་ལས་ཀྱི་འཕར་ཚད་ཅུང་མཐོ་བ་དང་། འཕར་ཚད་སོ་སོར52.9%དང51.0%ལ་སླེབས་ཡོད། མར་ཆག་པའི་ལས་རིགས་འབའ་ཞིག་ནི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་སྲིད་ལས་རིགས་བཅས་ཡིན་པ་དེ་དུས་མཚུངས་ལས2.1%མར་ཆག་ཡོད། ལོ་ཧྲིལ་པོར་ཚད་ལྡན་ཐོག་ཞབས་ཞུའི་ལས་རིགས་ལ་ལས་གཉེར་ཁེ་སྤོགས་སྒོར་དུང་ཕྱུར3.71བྱུང་ནས22.8%འཕར། ལས་གཉེར་ཁེ་སྤོགས6.4%ལ་སླེབས་ཡོད། ཁེ་སྤོགས་ཀྱི་ནུས་པ་འཕར་ཚད་ཅུང་མཐོ་བའི་ལས་རིགས་ནི་ས་ཁང་བདག་ཁོངས་ཐོན་ལས་དང་དེ་བཞིན་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས་ཡིན་པ་དང་འཕར་ཚད་སོ་སོར193.7%དང189.5%ལ་སླེབས་ཡོད།

5 མཚན་སྙན་རྟགས་མ།

རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས། ཏ་ཧྥུང་ཆུས་ལ“རྒྱལ་ཡོངས་ཀྱི་སྐོར་དང་པོའི་སྣོད་བཅུད་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར”དང་། “རྒྱལ་ཁབ་ཀྱི་སྐོར་དང་པོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྔོན་ཐོན་དཔེ་སྟོན་ཆུས” “རྒྱལ་ཁབ་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་བསྡུས་ཚོད་ལྟའི་ཆུས” “རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར” “ཀྲུང་གོའི་ཕུལ་བྱུང་ཅན་གྱི་ཡུལ་སྐོར་གྲོང་ཁྱེར” “ཅང་སུའུ་ཞིང་ཆེན་གྱི་ཤེས་རིག་དཔལ་ཡོན་ལྡན་པའི་གྲོང་ཁྱེར” “ཅང་སུའུ་ཞིང་ཆེན་གྱི་འཕྲོད་བསྟེན་གྲོང་ཁྱེར” “ཅང་སུའུ་ཞིང་ཆེན་གྱི་སྐྱེད་ཚལ་གྲོང་ཁྱེར” “ཅང་སུའུ་ཞིང་ཆེན་གྱི་སྤྱི་ཚོགས་བདེ་འཇགས་བདེ་འཇགས་གྲོང་ཁྱེར” “རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཕུལ་བྱུང་ཅན་གྱི་གྲོང་ཁྱེར” “ཀྲུང་གོའི་སྤྲོ་གསེང་གྲོང་ཁྱེར་ཡག་ཤོས” “ཀྲུང་གོའི་སྣོད་བཅུད་སྲུང་སྐྱོང་གི་འདམ་ར་ཡག་ཤོས”བཅས་ཀྱི་མཚན་སྙན་མང་པོ་སྔ་རྗེས་སུ་ཐོབ། རྒྱལ་ཁབ་ཀྱི་སྐོར་གཉིས་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ཡོང་བའི་རྫོང་།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-09

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།