རུའུ་ཀའོ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རུའུ་ཀའོ་གྲོང་ཁྱེར།
ཅང་སུའུ་ཞིང་ཆེན་གྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་སྟེ། ནན་ཐུང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པ་དང་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་བྱང་གཤོག་ཏུ་གནས་ལ། སུའུ་ཀྲོའུ་གྲོང་ཁྱེར་དང་གཙང་པོས་བཅད་དེ་ཕན་ཚུན་ཁ་གཏད་དུ་གནས་ཡོད། ཤར་རྒྱུད་ནི་རུའུ་ཏུང་རྫོང་དང་འབྲེལ་ཞིང་། ལྷོ་རྒྱུད་ནི་ཐུང་ཀྲོའུ་ཆུས་དང་འབྲེལ་ཡོད། ནུབ་རྒྱུད་ནི་ཐའེ་ཀྲོའུ་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད་ལ། བྱང་རྒྱུད་ནི་ཧའེ་ཨན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ1477(འབྲི་ཆུའི་ཆུ་ངོས་རྒྱ་ཁྱོན་ཚུད་མེད་པ)ཡོད་པ་དང་མི་འབོར་ཁྲི125(སྤྱི་ལོ2016ལོར) རུའུ་ཀའོ་གྲོང་ཁྱེར་དེ་རྒྱལ་སྤྱིའི་རང་བྱུང་གསོ་རིག་སློབ་ཚོགས་ཀྱིས་འཛམ་གླིང་གི་ཚེ་རིང་ཤང་དྲུག་གི་གྲས་སུ་བདམས་པ་དང་། སྤྱི་ལོ2011ལོའི་ལོ་མཇུག་བར། རུའུ་ཀའོ་ཡི་མི་ཁྲི145.28ནང་ལོ་བརྒྱ་ལྷག་ཙམ་གྱི་རྒན་རྒོན270ཡོད་པ་དང་། དེའི་བསྡོམས་འབོར་ཀྲུང་གོའི་རྫོང(གྲོང་ཁྱེར)གི་ཨང་དང་པོར་སླེབས་ཡོད། གཞན་ཡང་རུའུ་ཀའོ་གྲོང་ཁྱེར་དུ་ལོ90ཡན་གྱི་རྒན་རྒོན4000ལྷག་ཙམ་ཡོད་པ་དང་། ལོ80ཡན་གྱི་རྒན་རྒོན40000ལྷག་ཙམ་ཡོད། སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས། རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས། སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“བདེ་སྐྱིད་ལྡན་པའི་རྫོང་བརྒྱའི་མིང་ཐོ”དང་། སྤྱི་ལོ2018ལོའི་བཟོ་ལས་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས། ཀྲུང་གོའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་འབྱོར་འབྲིང་སྟོན་གྲངས་ཀྱི་མདུན་གྲལ100ཡི་གྲས་སུ་ཚུད་ཡོད། སྤྱི་ལོ2018ལོའི་ཟླ12པར་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེན་པོ་ཅན་གྱི་རྫོང་དང་གྲོང་ཁྱེར100ཡི་གྲས་སུ་བདམས། མ་འཇོག་གཏིང་ཤུགས་ཆེན་པོ་ཅན་གྱིརྫོང་དང་གྲོང་ཁྱེར100ཡི་གྲས་སུ་བདམས། སྤྱི་ལོ2018ལོའི་ཀྲུང་གོའི་སྐམ་ས་ཆེན་པོའི་ཚོང་ལས་གྲོང་ཁྱེར་རྩེ་གྲ100དང་། ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་ཡག་ཤོས་ཀྱི་ཨང་དགུ་པར་བདམས། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར། ​ སྤྱི་ལོ2019ལོའི་ཟླ6པའི་ཚེས17ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་གྲོང་ཁྱེར་གྱི་ཕྱི་རོལ་བརྡ་ཁྱབ་སྒྲིག་བཀོད་དོ་དམ་ལས་དོན་ཚད་ལྡན་དུ་གཏོང་བའི་ཚོད་ལྟའི་གྲོང་ཁྱེར་དུ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ10པའི་ཚེས8ཉིན། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི་གྲས་སུ་བདམས། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི་གྲ་སུས་བདམས། སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི་གྲས་སུ་བདམས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རུའུ་ཀའོ་གྲོང་ཁྱེར།
རྒྱ་ཡིག་གི་མིང་།
如皋市
ཕྱི་ཡིག་གི་མིང་།
RuGao City、JuKao
མིང་གཞན།
ཧའེ་ལེང་། ཧའེ་དབྱང་། ཅིན་ཁྲེང་། ཏུང་ཀའོ། ཀའོ་ཁྲེང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
སུའུ་དབུས་ས་ཁུལ།
མངའ་ཁོངས།
གྲོང་རྡལ་བཅུ་བཞི།
སྲིད་གཞུང་སྡོད་གནས།
རུའུ་ཁྲེང་ཁྲོམ་ལམ་བཅིངས་འགྲོལ་ལམ་སྲིད་འཛིན་ལྟེ་གནས།
ས་ཁོངས་ཁ་པར་ཨང་རྟགས།
0513
སྦྲག་སྲིད་ཚབ་ཨང་།
226500
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1476.9
མི་གྲངས།
ཁྲི142.55(སྤྱི་ལོ2017ལོར།)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏F
སྲིད་འཛིན་ཚབ་ཨང་།
320682
མེ་འཁོར་འབབ་ཚིགས།
རུའུ་ཀའོ་མེ་འཁོར་འབབ་ཚིགས། རུའུ་ཀའོ་ལྷོ་ཚིགས།
གནམ་གྲུའི་ཐང་།
རུའུ་ཀའོ་མོ་ཐུའོ་གནམ་གྲུའི་ཐང་།
1 ལོ་རྒྱུས​་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་དུས་འགོར་སྔ་རྗེས་སུ་སུའུ་ཁྲང་ཏའོ་དང་ཧོའེ་དབྱང་ཏའོ་ཡི་ཁོངས་སུ་གཏོགས་ཡོད། སྤྱི་ལོ1927ལོར་ཏའོ་སྒྲིག་གཞི་ལམ་ལུགས་མེད་པར་བཟོས་ནས་རྫོང་གི་ལམ་ལུགས་བཙུགས།སྤྱི་ལོ1933ལོར་ཅང་སུའུ་ཞིང་ཆེན་སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པར་གཏོགས་པར་བྱས། མི་སེར་རྒྱལ་ཁབ་ཀྱི་དུས་སྐབས་སུ་རུའུ་ཀའོ་ནི་རིམ་པ་དང་པོའི་རྫོང་ཡིན་པས་ཧུའུ་ནན་གྱི་ཧྲའོ་དབྱང་དང་འདྲ་བར་རྒྱལ་ཡོངས་ཀྱི་རྫོང་ཆེ་ཤོས་ཀྱི་གྲས་སུ་བཞག་ཡོད། སྤྱི་ལོ1938ལོའི་ཟླ3པའི་ཚེས19ཉིན། འཇར་དམག་གིས་རུའུ་ཀའོ་གྲོང་ཁྱེར་བཟུང་བ་དང་། རུའུ་ཀའོ་རྫོང་སྲིད་གཞུང་དེ་སྔ་རྗེས་སུ་ལི་པའོ་དང་། ཧྥེང་ལི། མ་ཐང་བཅས་སུ་གནས་སྤོས་པ་རེད།  

སྤྱི་ལོ1945ལོའི་ཟླ9པའི་ཚེས21ཉིན། སྐམ་དམག་གསར་སྒྲིག་ཅུན་ཤོག་བཞི་པས་ཀའོ་ཁྲེང་ཚུར་བླངས་པ་དང་། རུའུ་ཞི་རྫོང་གི་མིང་ལ་རུའུ་ཀའོ་རྫོང་ཞེས་བཏགས་པ་དང་། དེ་སྔའི་རུའུ་ཀུའུ་ཏུང་ཤང་གི་རུའུ་ཀའོ་རྫོང་གི་མིང་དེ་རུའུ་ཏུང་དུ་མིང་བསྒྱུར་ཡོད། ལོ་དེའི་ཟླ12པའི་ཚེས1ཉིན། སུའུ་ཝན་མཐའ་ཁུལ་གྱི་སྲིད་འཛིན་ས་ཁུལ་དང་པོ་དེ་རུའུ་ཁྲེང་དུ་བཙུགས་ཤིང་། དེའི་ཁོངས་སུ་རུའུ་ཀའོ་རྫོང་དང་རུའུ་ཏུང་རྫོང་། ཙི་ཧྲི་རྫོང(དེང་གི་ཧའེ་ཨན་རྫོང) ཐའེ་རྫོང(དེང་གི་ཐའེ་ཀྲོའུ་གྲོང་ཁྱེར་ཁུལ།) ཐའེ་ཞིན་རྫོང་། ཏུང་ཐའེ་རྫོང་། ཐའེ་པེ་རྫོང་། (དེང་གི་ཡན་ཁྲེང་གྲོང་ཁྱེར་ཏ་ཧྥེང་ཆུས། ) ནན་ཐུང་རྫོང་། ཧའེ་མོན་རྫོང་། ཆི་ཏུང་རྫོང་། ཁྲུང་མིང་རྫོང་། ཅིན་ཅང་རྫོང་སོགས་རྫོང12བཙུགས་ཡོད། 

སྤྱི་ལོ1949ལོའི་ཟླ1པའི་ཚེས28ཉིན། ཟླ5པའི་ཚེས12ལ། སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་དང་པོ་དེ་སུའུ་ཀྲུང་ཐའེ་ཀྲོའུ་སྲིད་འཛིན་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་མིང་བསྒྱུར། རུའུ་ཀའོ་ནི་དེའི་མངའ་འོག་ཏུ་གཏོགས་པས། རིམ་པ་དང་པོའི་རྫོང་ཞིག་ཡིན།      

སྤྱི་ལོ1950ལོའི་ཟླ1པར། ཅང་སུའུ་ལྷོ་རྒྱུད་ནན་ཐུང་སྲིད་འཛིན་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་བཅུག་ནས་དམིགས་བསལ་རྫོང་དུ་འཕར་བ་རེད། སྤྱི་ལོ1953ལོའི་རྗེས་སུ། ཅང་སུའུ་ཞིང་ཆེན་ནན་ཐུང་ཀྲོན་ཆུས་ཀྱི་ཁོངས་གཏོགས་ཡིན། སྤྱི་ལོ1955ལོའི་ཟླ12པར་རུའུ་ཀའོ་རྫོང་མི་དམངས་སྲིད་གཞུང་དེ་རུའུ་ཀའོ་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར་ཞིང་། ཅང་སུའུ་ཞིང་ཆེན་ནན་ཐུང་ཀྲོན་ཡོན་ཀུང་ཧྲུའུ་ཁོངས་སུ་གཏོགས། སྤྱི་ལོ1968ལོའི་རྗེས་སུ། ཅང་སུའུ་ཞིང་ཆེན་ནན་ཐུང་ས་ཁུལ་རུའུ་ཀའོ་རྫོང་དུ་བསྒྱུར་ནས། རུའུ་ཀའོ་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1981ལོར་རུའུ་ཀའོ་རྫོང་མི་དམངས་སྲིད་གཞུང་གི་མིང་སླར་གསོ་བྱས། སྤྱི་ལོ1983ལོར་ཅང་སུའུ་ཞིང་ཆེན་ནན་ཐུང་ས་ཁུལ་དང་ནན་ཐུང་གྲོང་ཁྱེར་ཟླ་སྒྲིལ་བཏང་བ་དང་། སྤྱི་ལོ1988ལོའི་ཟླ3པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རུའུ་ཀའོ་རྫོང་རུའུ་ཁྲེང་ས་ཁུལ་ནི་མཚོ་རྒྱུད་དཔལ་འབྱོར་སྒོ་འབྱེད་ཁུལ་ཡིན་པ་དང་། རྗེས་སུ་རྫོང་ཤང་ཡོངས་ཀྱིས་བསྟུད་མར་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆོག་མཆན་ཐོབ་པ་རེད། 

སྤྱི་ལོ1991ལོའི་ཟླ2པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རའུ་ཀའོ་རྫོང་ཕྱིར་འཐེན་བྱས་ཏེ་གྲོང་ཁྱེར་བཙུགས། ཞིང་ཆེན་གྱི་ཐད་སྐྱོང་དང་ གནས་སྐབས་སུ་ནན་ཐུང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་དོ་དམ་བྱས། ལོ་དེའི་ཟླ6པའི་ཚེས1ཉིན་གྲོང་ཁྱེར་འཛུགས་པའི་མཛད་སྒོ་བསྡུས། 

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2017ལོའི་ལོ་མཇུག་བར་དུ། རུའུ་ཀའོ་གྲོང་ཁྱེར་ཁོངས་ཀྱི་ཁྲོམ་གཞུང3དང་གྲོང་རྡལ11ཡོད་པ་སྟེ། རུའུ་ཁྲེང་ཁྲོམ་གཞུང་དང་། ཁྲེང་ནན་ཁྲོམ་གཞུང་། ཁྲེང་པེ་ཁྲོམ་གཞུང་། ཏུང་ཁྲེན་གྲོང་རྡལ། ཏིང་ཡན་གྲོང་རྡལ། པའེ་ཕུའུ་གྲོང་རྡལ། ཞ་ཡོན་གྲོང་རྡལ། ཅིའུ་ཧྭ་གྲོང་རྡལ། ཧྲི་ཀྲོང་གྲོང་རྡལ། ཝུའུ་ཡའོ་གྲོང་རྡལ། ཅང་ཨན་གྲོང་རྡལ། ཐུའུ་ཅིང་གྲོང་རྡལ། མོ་ཐུའོ་གྲོང་རྡལ། འབྲི་ཆུ་གྲོང་རྡལ་བཅས་རེད། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོ(གྲོང་མི་ཡོན་ལྷན་ཁང)347ཡོད་པའི་ནང་གྲོང་མི་ཨུ་ཡོན་ལྷན་ཁང181དང་གྲོང་ཚོ་ཨུ་ཡོན་ལྷན་ཁང166ཡོད་པ་རེད། 

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

འབྲི་ཆུའི་ཟུར་གསུམ་ཁུལ་གྱི་བྱང་གཤོག་ཏུ་གནས་ལ། སུའུ་ཀྲོའུ་གྲོང་ཁྱེར་དང་གཙང་པོས་བཅད་དེ་ཕན་ཚུན་ཁ་གཏད་དུ་གནས་ཡོད། ཤར་རྒྱུད་ནི་རུའུ་ཏུང་རྫོང་དང་འབྲེལ་ཞིང་། ལྷོ་རྒྱུད་ནི་ཐུང་ཀྲོའུ་ཆུས་དང་འབྲེལ་ཡོད། ནུབ་རྒྱུད་ནི་ཐའེ་ཀྲོའུ་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད་ལ། བྱང་རྒྱུད་ནི་ཧའེ་ཨན་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ1477(འབྲི་ཆུའི་ཆུ་ངོས་རྒྱ་ཁྱོན་ཚུད་མེད་པ)ཡོད།

3_2 ས་དབྱིབས།

རུའུ་ཀའོ་ནི་དབྱང་ཙི་ཀྲུན་ཏི་ཐའེ་ཡི་ཞ་དབྱང་ཙི་ཐའེ་ལྟེབ་ཏུ་གནས་ཡོད་པ་དང་། སུའུ་ཀྲུང་དང་སུའུ་ཀྲོའུ་བྱང་རྡིབ་ཁྲོད་ཀྱི་སུའུ་ལྷོ། ཝུའུ་ནན་ཧྲ་དབུས་ཀྱི་གསར་སྐྱེས་དུས་རབས་བལྟོས་བཅས་འབུར་ཐོན་ཁུལ་དུ་གནས། ས་གཤིས་གྲུབ་ཚུལ་གྱི་ཁྱད་ཆོས་གཙོ་བོ་ནི། བྱང་ཤར་ཕྱོགས་སུ་གཅོད་འབྲེག་བྱེད་པའི་ཐགས་དབྱིབས་དང་། བྱང་ནུབ་ཕྱོགས་སུ་གཏུབ་གཅོད་བྱས་ནས་དུམ་བུའི་དབྱིབས་སུ་ཆགས་ཡོད། ས་ཁོངས་གཙོ་བོ་ནི་བདེ་ཐང་ཁུལ་ཡིན་པ་དང་། སྤྱིའི་ཆ་སྙོམས་ཀྱི་མཐོ་ཚད་དེ་ཁྱིམ་མཚེས་རྫོང་ལས་མཐོ་བ་ཡོད། ས་བབ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་ཅུང་ཟད་གསེག་ཡོད(ས་བབ་མཐོ་ཚད་སྨི2-6)སྟེ། ཏུའུ་ཐའེ་མིས་བཟོས་གཙང་པོའི་དཀྱིལ་རྒྱུད་ཀྱི་ངོགས་གཉིས་ཀྱི་ས་བབ་མཐོ་ཤོས་ཡིན་པ་དང་། གཙང་པོའི་རྒྱུད་ཀྱི་ཤར་ཕྱོགས་ས་བབ་དམའ་སར་ལྷུང་ཡོད། ས་ཁོངས་ནི་སྲིན་ལོ་དང་འདྲ་ཞིང་། ས་དབྱིབས་ནི་ཉ་ལྕིབས་ལྟ་བུ་ཡིན།      

3_3 ནམ་ཟླ།

རུའུ་ཀའོ་ནི་ཚ་བའི་ས་ཁུལ་ཕལ་བ་དང་། ཨེ་ཤ་ཡ་ཤར་མའི་དུས་རླུང་ཁུལ་གྱི་ཆ་ཤས་ཤིག་ཡིན། ཉི་མའི་འགྱེད་འཕྲོ་དང་དུས་རླུང་འཁོར་རྒྱུན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་དགུན་དུས་དྲོད་ཚད་དམའ་ཞིང་ཆར་ཆུ་ཉུང་ལ་དབྱར་དུས་དྲོད་ཚད་མཐོ་ཞིང་ཆར་ཆུ་མང་བ་དང་། དུས་བཞིའི་དབྱེ་བ་གསལ་བའི་ཚ་ཁུལ་ཕལ་བའི་དུས་རླུང་གནམ་གཤིས་ཆགས་ཡོད། རྒྱ་མཚོ་དང་ཐག་ཅུང་ཉེ་བའི་རྐྱེན་གྱིས་རྒྱ་མཚོའི་སྙོམས་སྒྲིག་ཅུང་མངོན་གསལ་ཡིན་པ་དང་། དྲོད་ཚད་ཀྱི་ཉིན་རེའི་ཧེ་བག་དང་ལོ་རེའི་ཧེ་བག་ཚང་མ་ཅུང་ཆུང་། རྒྱ་མཚོ་དང་ཉེ་བའི་ས་ཆར་དབྱར་དུས་ཀྱི་རླུང་གིས་ཤན་ཤུགས་ཐེབས་པ་དང་། རླངས་པ་འདང་བ། ཆར་ཆུ་འབེལ་བ། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1000ཡན་ཡིན། ཆར་ཆུ་ནི་གཙོ་བོ་དབྱར་དུས་ཡིན་མོད། འོན་ཀྱང་དབྱར་དུས་རླུང་ཤུགས་ཀྱི་དྲག་ཞན་མི་འདྲ་བའི་རྐྱེན་གྱིས། ཆར་ཆུ་འབབ་ཚད་ཀྱི་ལོའི་བར་དུ་འགྱུར་ལྡོག་ཅུང་ཆེ། གྲོང་ཁྱེར་ཡོངས་ཀྱི་ལོ་རེའི་ཆ་སྙོམས་ཀྱི་ཉི་མའི་རྩིབས་འཕྲོའི་སྤྱི་འབོར་ནི476090/ལི་སྨི་གྲུ་བཞི་མ་ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་རླུང་འགྲོས་ནི་སྐར་ཆ་རེར་སྨི3.3ཡིན། རུའུ་ཀའོ་ཞེས་པ་ནི་གཙང་བོ་དང་ཆུ་བོས་དྲ་བ་སྦྲེལ་ཞིང་། མཚོ་གྲམ་མང་བའི་འབྲི་ཆུའི་ཟུར་གསུམ་གླིང་དུ་གནས་ཡོད། གྲོང་ཁྱེར་ཡོངས་ཀྱི་ཆུ་ཁུལ་ཚང་མ་འབྲི་ཆུའི་ཆུ་རྒྱུད་ཡིན། 

4 མི་གྲངས་མི་རིགས།
4_1 མི་འབོར།

《རུའུ་ཡུས་གྲོང་ཁྱེར་གྱི2010ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གྲངས་གཞི་གཙོ་བོའི་སྤྱི་བསྒྲགས》ལ་གཞིགས་ན། སྤྱི་ལོ2010ལོའི་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་བར་དུ། རུའུ་ཀའོ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར1267066ལ་ཟིན་ཡོད་པ་རེད། རུའུ་ཀའོ་རྒྱུན་སྡོད་མི་འབོར་ཁྲོད་ཁྱིམ་ཚང་དུད་ཚང394838ཡོད་པ་དང་། ཁྱིམ་ཚང་གི་མི་འབོར1235178ཡོད། ཁྱིམ་ཚང་རེའི་ཆ་སྙོམས་མི་འབོར3.13ཡོད་པ་དེ་སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་ལྔ་པ་བྱས་པའི་མི3.36ལས0.23གྱིས་ཇེ་ཉུང་དུ་ཕྱིན་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་བར་དུ། རུའུ་ཀའོ་གྲོང་ཁྱེར་ཁོངས་གཏོགས་ཀྱི་དུད་ཚང་བསྡོམས་འབོར་ཁྲི44.70ལ་སླེབས་པ་དང་། ཐེམ་ཐོའི་མི་འབོར་ཁྲི142.55ལ་ལ་སླེབས་པ་དེ་དུས་མཚུངས་ལས་མི་ཁྲི1.13ཉུང་དུ་ཕྱིན་ཡོད་པ་རེད། དེའི་ནང་སྐྱེས་པ་ཁྲི71.07ལ་སླེབས་པ་དེས49.86%བཟུང་བ་དང་། བུད་མེད་ཁྲི71.48ཡོད་པ་དེས་50.14%བཟུང་ཡོད། ཕོ་མོའི་ཕོ་མོའི་བསྡུར་ཚད་ནི99.43:100ཡིན། ལོ་འདིའི་ནང་མི་འབོར་སྐྱེ་ཚད8.92‰དང་། མི་འབོར་འདས་ཚད14.15‰ཡིན། མི་འབོར་རང་ཤུགས་སུ་འཕར་ཚད-5.23‰བཅས་ཡིན། 

སྤྱི་ལོ2017ལོའི་ལོ་མཇུག་བར་དུ། རུའུ་ཀའོ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི124.74ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི73.45ཡོད་པ་དེ་དུས་མཚུངས་ལས3.0%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད58.9%ལ་སླེབས་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས1.8ཀྱིས་ཇེ་མཐོ་རུ་ཕྱིན་ཡོད་པ་རེད། རྒྱུན་སྡོད་མི་འབོར་སྐྱེ་ཚད་བརྒྱ་ཆའི8.77དང་། འདས་ཚད་བརྒྱ་ཆའི9.45 མི་འབོར་རང་ཤུགས་སུ་འཕར་ཚད་བརྒྱ་ཆའི0.68བཅས་ཡིན།  

4_2 མི་རིགས།

སྤྱི་ལོ2017ལོའི་ལོ་མཇུག་བར་དུ། རུའུ་ཀའོ་གྲོང་ཁྱེར་དུ་གྲངས་ཉུང་མི་རིགས་ཀྱི་མི་འབོར5300ཡོད་པ་དེ་དག་མེའོ་རིགས་དང་། ཐུའུ་ཅ་རིགས། ཏུང་རིགས། དབྱིས་རིགས། པའེ་རིགས། ཀྲོང་རིགས་སོགས་གྲངས་ཉུང་མི་རིགས36ཡོད་པ་དང་། སྡོད་གནས་ཅུང་ཁ་ཐོར་ཡིན་པ་རེད། དེའི་ནང་མིའོ་རིགས་ཀྱི་མི་གྲངས་ཆེས་མང་བའི་མི་གྲངས1300ལྷག་ཡོད།

5 གྲོང་ཁྱེར་མཚན་སྙན།

སྤྱི་ལོ2018ལོའི་ཟླ10པར་སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས། 

རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས། 

རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས། 

སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི“བདེ་སྐྱིད་ལྡན་པའི་རྫོང་བརྒྱའི་མིང་ཐོ”འི་ནང་དུ་བདམས། 

སྤྱི་ལོ2018ལོའི་བཟོ་ལས་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས། 

ཀྲུང་གོའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་འབྱོར་འབྲིང་སྟོན་གྲངས་ཀྱི་མདུན་གྲལ100ཡི་གྲས་སུ་ཚུད་ཡོད། 

སྤྱི་ལོ2018ལོའི་ཟླ12པར་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེན་པོ་ཅན་གྱི་རྫོང་དང་གྲོང་ཁྱེར100ཡི་གྲས་སུ་བདམས། 

མ་འཇོག་གཏིང་ཤུགས་ཆེན་པོ་ཅན་གྱི་རྫོང་དང་གྲོང་ཁྱེར100ཡི་གྲས་སུ་བདམས། 

སྤྱི་ལོ2018ལོའི་ཀྲུང་གོའི་སྐམ་ས་ཆེན་པོའི་ཚོང་ལས་གྲོང་ཁྱེར་རྩེ་གྲ100ཡི་གྲས་སུ་བདམས། 

ཀྲུང་གོའི་རྫོང་རིམ་པའི་གྲོང་ཁྱེར་ཡག་ཤོས་ཀྱི་ཨང་དགུ་པར་བདམས། 

རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར།     

སྤྱི་ལོ2019ལོའི་ཟླ6པའི་ཚེས17ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་གྲོང་ཁྱེར་གྱི་ཕྱི་རོལ་བརྡ་ཁྱབ་སྒྲིག་བཀོད་དོ་དམ་ལས་དོན་ཚད་ལྡན་དུ་གཏོང་བའི་ཚོད་ལྟའི་གྲོང་ཁྱེར་དུ་བདམས། 

སྤྱི་ལོ2019ལོའི་ཟླ10པའི་ཚེས8ཉིན། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཀྱི་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས། 

སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི་གྲས་སུ་བདམས། 

སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི་གྲ་སུས་བདམས། 

སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི་གྲས་སུ་བདམས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཆ། ས་ཁམས། རིག་གནས། ཡུལ་གྲུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-21

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།