ཕན་ཨན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕན་ཨན་རྫོང་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཀྲེ་ཅང་ཞིང་ཆེན་གྱི་དབུས་ཁུལ(ཀྲེ་ཅང་གི་ས་ཁམས་ལྟེ་གནས་ཀྱི་གནས་ཡུལ། “ཀྲེ་ཅང་གི་སྙིང”ཞེས་འབོད་ཀྱི་ཡོད)དུ་གནས་ཡོད་པ་ཡིན། ཏུང་དབྱང་དང་། ཤིན་ཁྲང་། ཞན་ཅུས། ཐེན་ཐའེ་སོགས་གྲོང་ཁྱེར་དང་རྫོང་དང་ས་མཚམས་འབྲེལ་ཡོད། ཧང་ཀྲོའུ་དང་། ཝུན་ཀྲོའུ། ཉིང་པོ་བཅས་ཚང་མར་ཆུ་ཚོད2ཀྱི་ལམ་ཐག་ལས་མེད་པ་དང་། འབྲི་ཆུའི་ཟུར་གསུམ་གླིང་ལྷོ་རྒྱུད་དཔལ་འབྱོར་ཁུལ་དང་ཀྲེ་ཅང་དབུས་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་ཀྱི་དཔལ་འབྱོར་ཁུལ་གྱི་ཁོངས་སུ་གཏོགས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ1196ཡོད་པ་དེའི་ཁོངས་སུ་སྲང་ལམ2དང་། གྲོང་རྡལ7 ཡུལ་ཚོ5བཅས་ཡོད་པ་རེད། ཕན་ཨན་རྫོང་གིས་རི་འགོག་དམག་འཁྲུག་གི་མེ་ལྕེ་དྲག་ཏུ་འབར་བའི་ཁྲོད་ཀྱི་སྤྱི་ལོ1939ལོར་རྫོང་བཙུགས་པ་རེད། སྤྱི་ལོ1958ལོར་མངའ་ཁོངས་ཡོངས་ཏུང་དབྱང་རྫོང་དུ་ཟླ་སྒྲིལ་བཏང་། སྤྱི་ལོ1983ལོར་ཕན་ཨན་རྫོང་སླར་གསོ་བྱས། ཕན་ཨན་ནི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཁུང་ཚང་འདུས་སྡོད་བྱ་ཡུལ་ཆེ་ཤོས་དེ་ཡིན་པ་དང་། དེར་ཡུས་ཧྲན་གྱི་གནའ་བོའི་ཇ་ཁང་དང་ཆིའུ་ཤིས་ཁུང་ཚང་ལྷ་ཁང་གཉིས་དང“རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ”རྒྱལ་ཡོངས་ཀྱི་སྨན་སྤྱོད་རྩི་ཤིང་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་འབའ་ཞིག་སྟེ་ཏ་ཕན་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་དང་། རྒྱལ་ཁབ་ཀྱིA4རིམ་པའི་མཛེས་ལྗོངས་ཁུལ་གྱི་པའེ་ཀྲང་ཐན་དང་ཅ་ཤིས་ཆུ་འཁྱིལ་བཅོ་བརྒྱད། དེ་བཞིན་ཡུན་ཧྲན་ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་བཅས་ཡོད་པ་རེད། ཕན་ཨན་ལ“རི་ཚོགས་ཀྱི་མེས་པོ། ཆུ་རིགས་སྣ་ཚོགས་ཀྱི་འབྱུང་ཁུངས”ཞེས་འབོད་སྲོལ་ཡོད། དེ་ནི་ཆན་ཐང་ཅང་གཙང་པོ་དང་། ཆི་ཅང་གཙང་པོ། ལིན་ཅང་གཙང་པོ། ཚའོ་ཧྥེ་ཅང་གཙང་པོ་བཅས་ཆུ་རྒྱུད་ཆེན་པོ་བཞི་ཡི་འབྱུང་ཁུངས་གཙོ་བོ་ཡིན། ཕན་ཨན་ལ་“ཀྲེ་ཅང་ནང་གི་གཞོང་ལྗོངས་དང་། རང་བྱུང་དབྱང་ཁང་”ཞེས་པའི་མཚན་སྙན་ཡོད། རྫོང་ཡོངས་སུ་ནགས་ཚལ་ཁྱབ་ཚད་75.4%ཟིན་པ་དང་ས་ཁོངས་སུ་ལྷོ་ཕྱོགས་ཀྱི་སྲན་དམར་གསོམ་ཤིང་དང་དྲི་ཞིམ་འབྲས་ཤིང་སོགས་རྒྱལ་ཁབ་ཀྱི་རྩ་ཆེའི་སྲུང་སྐྱོང་རྩི་ཤིང་དང་། གཟིག་དང་ཤྭ་བ་ནག་པོ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡོད་པ་རེད། ཕན་ཨན་ནི་ཀྲུང་གོའི་སྨན་རྫས་ཀྱི་ཕ་ཡུལ་དང་། ཀྲུང་གོའི་ཤ་མོའི་ཕ་ཡུལ། ཀྲུང་གོའི་སྣོད་བཅུད་ལུང་ཅིང་གི་ཕ་ཡུལ། ཀྲུང་གོའི་གྲགས་ཅན་ཇའི་ཕ་ཡུལ། ཀྲུང་གོའི་ཇའི་རིག་གནས་ཀྱི་ཕ་ཡུལ། ཀྲུང་གོའི་ཞབས་བྲོའི་འབྱུང་ཁུངས། རྒྱལ་ཁབ་ཀྱི་སྣོད་བཅུད་རྫོང་བཅས་ཡིན། ཕན་ཨན་ལ་ཐང་གི་ཧུའེ་ཁྲང་ནས་བཟུང་། དྲག་རྩལ་བདམས་རྩེ1དང་དྲག་རྩལ་ཅིན་ཧྲི6ཡོད་པ། རིག་གནས་ཀྱི་ཅིན་ཧྲི70ཡོད། ཞའོ་ཐུང་སྔོན་ཆད་རི་བོ་ཏ་ཕན་དུ་ཡིབ་ནས་བསྡད་དེ་བློ་རྩེ་གཅིག་སྒྲིམ་གྱིས《གསུང་རྩོམ་གཅེས་བསྒྲིགས》རྩོམ་སྒྲིག་གནང་མྱོང་། ལུའུ་ཡིའུ་ཡིས་ཕན་ཨན་དུ“རི་ཀླུང་དགུ་བརྒྱུད་བྱས་མཐར་ལམ་བུ་ཟད་སྙམ་ཡང་། ། ལྗོན་སྟུག་མེ་ཏོག་བཞད་ཅིང་གྲོང་ཚོ་མིག་ལ་སྣང་།།”ཞེས་པ་སྟེ། ནུབ་ཀྱི་གྲོང་ཚོ་འགྲིམས་པ་ཞེས་པའི་སྙན་ངག་སྐད་གྲགས་ཅད་དེ་བརྩམས་པ་རེད། སུང་རྒྱལ་རབས་ལྷོ་མའི་ས་ཁམས་ལོ་རྒྱུས་ཆེན་མོ《ས་ཁམས་རྒྱས་བཤད》ཅེས་པའི་རྩོམ་པ་པོ་ཝང་ཡུལ་ཚོ་ཀྲི་དང་། ཆིང་རྒྱལ་རབས་ཀྱི་ཆན་ལུང་སྐབས་ཀྱི་ཅང་ནན་གྱི་ཤེས་ལྡན་མི་སྣ་བདུན་གྱི་འགོ་གཙོ་ཡེ་ཡན། མིང་གོའི་དུས་སྐབས་ཀྱི་འཕུར་སྐྱོད་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཅི་དང་པོ་ཀྲང་ཧའོ། ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཧྲི་ཕན་ཅན་ཝེ་སོགས་ཚང་མ་ཕན་ཨན་གྱི་མི་ཡིན། སྤྱི་ལོ2018ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་གྲོང་བསྐྱར་དུ་གཏན་འཁེལ་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
磐安县
མིང་གཞན།
群山之祖,诸水之源
ཕྱི་ཡིག་གི་མིང་།
pan'an
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི1199ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོར།
ཁྲི17.89(སྤྱི་ལོ216ལོའི་ལོ་མཇུག་གི་རྒྱུན་སྡོད་མི་འབོར)
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
མངའ་ཁོངས།
སྲང་ལམ2དང་གྲོང་རྡལ7ཡུལ་ཚོ5བཅས་ཡོད།
གནམ་གྲུ་ཐང་།
དབྱི་ཝུའུ་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0579
མེ་འཁོར་ས་ཚིགས།
དབྱི་ཝུའུ་མེ་འཁོར་ས་ཚིགས།
སྦྲག་སྲིད་ཨང་རྟགས།
322300
རླངས་འཁོར་ཚབ་ཨང་།
浙G
གནས་ཡུལ་ས་ཁོངས།
ཀྲེ་ཅང་ཞིང་ཆེན་གྱི་ས་ཁམས་གནས་ཡུལ་ལྟེ་གནས།
སྲིད་འཛིན་ཚབ་ཨང་།
330727
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཕན་ཨན་ས་ཁོངས་ནི་ལོ་རྒྱུས་ཐོག་དེ་སྔའི་ཏུང་དབྱང་དང་། ཡུང་ཁང་། ཡུན་ཡུན། ཐེན་ཐའེ། དབྱི་ཝུའུ། ཧོ་ཧའེ་སོགས་ཀྱི་རྫོང་ཁོངས་སུ་གཏོགས། རྫོང་གི་མིང་ནི《ཞུན་ཙི རྒྱལ་ཕྱུག》ཅེས་པ་ལས“国安于盘石”(“盘石”ནི“磐石”སྟེ་ཕ་བོང་གི་དོན་དང་མཐུན།)ཞེས་པའི་བཤད་སྲོལ་ལས་བྱུང་བ་ཡིན་ཞིང་། བསྟན་དོན་ནི“ཕ་བོང་ལྟར་སྲ་ཞིང་བརྟན་པ”ཞེས་པ་དེ་ཡིན།

དེང་གི་ཕན་ཨན་གྱི་ས་ཁོངས་འདི་ཉིད། ཁྲུན་ཆིའུ་ཀྲན་གོའི་སྐབས་སུ་ཡུའེ་རྒྱལ་ཕྲན་ལ་གཏོགས་པ་དང་ཆིན་གྱི་དུས་སུ། ཧུའེ་ཅི་ཅུན་དང་མན་ཀྲུང་ཅུན་གྱི་ཁོངས་སུ་གཏོགས་པ་ཡིན།

མིང་གོ་བཙུགས་པའི་སྐབས་སུ། ཏའོ་དང་ཧྥུའུ་ཡི་ལམ་ལུགས་མེད་པར་བཟོས་པ་དང་། རྫོང་ཁག་སོ་སོ་ནི་ཐད་ཀར་ཀྲེ་ཅང་ཞིང་ཆེན་སྲིད་གཞུང་ལ་གཏོགས་པ་ཡིན།  མིང་གོའི་སྲིད་ལོ་3པའི(སྤྱི་ལོ1914)ཟླ6པར་ཡང་ཏའོ་ཡི་ལམ་ལུགས་བཙུགས། ཏུང་དབྱང་དང་ཡུང་ཁང་ནི་ཅིན་ཧྭ་ཏའོ་ཡི་ཁོངས་གཏོགས་ཡིན་པ་དང་། ཐེན་ཐའེ་ཧུའེ་ཅི་ཏའོ་ཡི་ཁོངས་སུ་གཏོགས།

མིང་གོའི་སྲིད་ལོ28པའི(སྤྱི་ལོ1939ལོའི)ཟླ6པར་ཡན་ཡུན་རྫོང་གི་ཧྲོང་ཧྥེང་དང་ཅིན་ཧྥེང་། རུན་ཁྲོན། ལུང་མོན། ཧུའུ་ཀྲུང་སོགས་ཡུལ་ཚོ5(སྔོན་གྱི་མའེ་ཧྭ་ཡུལ་ཚོའི་ཏུའུ28དང་ཏུའུ29ལ་ཟེར། ) ཡུང་ཁང་རྫོང་གི་ཕན་ཧྥེང་རི་བོ་དང་། ཝུའུ་མེ། ཚུའེ་ཧྥུང་བཅས་ཡུལ་ཚོ3(དེ་སྔའི་ཞའོ་དབྱི་ཤང་གི་ཏུའུ45དང་། ཏུའུ46 ཏུའུ47)དང་། ཐེན་ཐའེ་རྫོང་གི་ཧྥེ་ཧྲན་ཡུལ་ཚོ(དེ་སྔའི་ཏ་ཤིས་ཡུལ་ཚོའི་ཏུའུ37)ཡིན། ཏུང་དབྱང་རྫོང་གི33དང35  36(ཆ་ཤས) 32(ཆ་ཤས) 28དང29དང་30སོགས་ནི་ཕན་ཨན་རྫོང་གི་མངའ་ཁོངས་ཡིན།  སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1162.27ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་ཟླ2པའི་བར། ཕན་ཨན་རྫོང་ཁོངས་སུ་སྲང་ལམ2དང་། གྲོང་རྡལ7 ཡུལ་ཚོ5བཅས་ཡོད་པ་སྟེ། ཨན་ཝུན་སྲང་ལམ་དང་ཤིན་ཡོན་སྲང་ལམ་དང་། ཅན་ཧྲན་གྲོང་རྡལ་དང་། ཧྲང་ཧུའུ་གྲོང་རྡལ། ཧྥང་ཆན་གྲོང་རྡལ། ཡུས་ཧྲན་གྲོང་རྡལ། རེན་ཁྲོན་གྲོང་རྡལ། ཏ་ཕན་གྲོང་རྡལ། ཆུ་གྲང་གྲོང་རྡལ་བཅས། ཧུའེ་ཁྲོན་ཡུལ་ཚོ་དང་ཧྲོང་ཞི་ཡུལ་ཚོ། ཧྲོང་ཧྥེང་ཡུལ་ཚོ། ཕན་ཧྥེང་ཡུལ་ཚོ། ཅིའུ་ཧོ་ཡུལ་ཚོ་བཅས་སོ།།

3 ས་ཁམས་གནས་ཡུལ།
3_1 གནས་ཡུལ།

ཕན་ཨན་རྫོང་ནི་ཀྲེ་ཅང་དབུས་ཁུལ་གྱི་ཏ་ཕན་རི་ཁུལ་དུ་གནས་ཤིང་། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ54ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ47ཡོད། ཕན་ཨན་རྫོང་ནི་འབྲི་ཆུའི་ཟུར་གསུམ་གླིང་དཔལ་འབྱོར་ཁུལ་གྱི་ལྷོ་ངོས་སུ་གནས་ཤིང་། ཧྲང་ཧའེ་དང་བར་ཐག་སྤྱི་ལེ་300ཡོད་ལ། ཧྲང་ཧའེ་ཡི་ཆུ་ཚོད4ཡི་དཔལ་འབྱོར་ཁུལ་གྱི་ཁོངས་སུ་གཏོགས་ཡོད། སྲིད་འཛིན་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས་པ་དང་། ནུབ་ནས་ཡུང་ཁང་དང་། ཏུང་དབྱང་། ཧེང་ཏན་བཅས་དང་། བྱང་ནས་ཧྲའོ་ཤིན་དང་། སུའུ་ཀྲོའུ། ཤིན་ཁྲང་བཅས་དང་། ཤར་ནས་ཉིང་པོ། ཧྥེང་ཧྭ། ཐའེ་ཀྲོའུ། ཐེན་ཐའེ་ལ་འབྲེལ། ལྷོ་ནས་ལི་ཧྲུའེ་དང་། ཡུས་ཡུན། ཞན་ཅུས་བཅས་དང་འབྲེལ་ཡོད།     ཕན་ཨན་ནི་ཀྲེ་ཅང་གི་དབུས་རྒྱུད་དུ་གནས་ཤིང་། ཤར་གྱི་གཞུང་ཐིག120.17’~ 120.47’བར་དང་། བྱང་གི་འཕྲེད་ཐིག28.49’~ 29.19’བར་དུ་གནས་ཡོད། ཤར་ནས་ཐེན་ཐའེ་དང་། ལྷོ་ནས་ཞན་ཅུས་དང་ཡུན་ཡུན་དང་འབྲེལ་ཅིང། ནུབ་ནས་ཏུང་དབྱང་དང་ཡུང་ཁང་དང་འབྲེལ་ཡོད། བྱང་ནས་ཞིན་ཁྲང་དང་ས་མཚམས་འབྲེལ་བ་ཡིན།།

3_2 ཆུ་དཔྱད།

ཕན་ཨན་ལ“རི་ཚོགས་ཀྱི་མེས་པོ། ཆུ་རིགས་སྣ་ཚོགས་ཀྱི་འབྱུང་ཁུངས”ཞེས་འབོད་སྲོལ་ཡོད། དེ་ནི་ཆན་ཐང་ཅང་གཙང་པོ་དང་། ཆི་ཅང་གཙང་པོ། ལིན་ཅང་གཙང་པོ། ཚའོ་ཧྥེ་ཅང་གཙང་པོ་བཅས་ཆུ་རྒྱུད་ཆེན་པོ་བཞི་ཡི་འབྱུང་ཁུངས་གཙོ་བོ་ཡིན། ཕན་ཨན་ལ“ཀྲེ་ཅང་ནང་གི་གཞོང་ལྗོངས་དང་། རང་བྱུང་དབྱང་ཁང”ཞེས་པའི་མཚན་སྙན་ཡོད།

3_3 ས་དབྱིབས་རྣམ་པ།

མིང་གདགས་སུ་ཡོད་པའི་རི་རྩེ་ཆེ་ཆུང5200ལྷག་ཡོད་ཅིང་། དེའི་སྟེང་དུ་མཐོ་ཚད་སྨི1000ཡན་གྱི་རི་བོ63ཡོད་པ་དང་། ཆིང་མིང་རི་རྩེ་ཡི་མཐོ་ཚད(ཆིང་མེ་རྩེ)སྨི1314ཡོད་ལ། དེ་ནི་ཆེས་མཐོ་བའི་རི་རྩེ་ཡིན་པ་དང་། “རི་བོ་ཁྲི་ཡི་རྒྱལ་ཕྲན”ཞེས་པའི་མཚན་སྙན་ཡོད།     མངའ་ཁོངས་སུ་ཕྱིར་མངོན་པའི་ས་རིམ་ནི་མེ་རིའི་གས་ཆག་བྲག་རྡོ་གཙོ་བོ་ཡིན་པ་དང་། བྲག་གཤིས་རྙོག་འཛིང་ཆེ་ལ་ཕན་ཚུན་ཛ་དྲག་པོ་ཡོད། མེ་རི་བྲག་རི་རྫོང་ཡོངས་ཀྱི་ཁྱབ་རྒྱ་ཆེ་ཞིང་། ཕྱིར་བུད་པའི་རྒྱ་ཁྱོན་གྱིས་རྫོང་ཡོངས་ཀྱི80%ཡན་ཟིན་ཡོད། སྤྱིར་ན་བྲག་རི་དང་མེ་རིའི་བྲག་རྡོ་ཕལ་བའི་རིགས་གཉིས་སུ་དབྱེ་ཡོད་ཅིང་། དེ་ནི་བྲག་རི་ལས་མང་བ་དང་། བྲག་རྡོའི་ནང་དུ་འཛུལ་བ་ཡང་ཐར་ཐོར་དུ་ཁྱབ་ཡོད། ས་ཁོངས་ནང་གི་ས་རིམ་གྱི་གྲུབ་ཚུལ་ནི་གས་སྲུབས་ཀྱི་གྲུབ་ཚུལ་གཙོ་བོ་ཡིན་པ་དང་གཉེར་མའི་གྲུབ་ཚུལ་ནི་འཚར་སྐྱེ་བྱུང་མེད་པ་རེད། རྫོང་ཁོངས་ནི་རི་འབྲིང་པོ་གཙོ་བོར་བྱས་པའི་རི་ཁུལ་གྱི་ས་དབྱིབས་ཡིན། མངའ་ཁོངས་ནང་གི་རི་རྒྱུད་ནི་རི་ཚོགས་ཀྱིས་ལྟེ་བ་བྱས་ཡོད་པ་དང་། མ་ལམ་གཙོ་བོ་ལྷོ་བྱང་ཕྱོགས་སུ་བརྐྱངས་ཡོད་པ་རེད། རྫོང་ནང་ཁུལ་དུ་ས་བབ་མཐོ་ཚད་སྨི1000ཡན་གྱི་རི་རྩེ63ཡོད་པ་དང་། ས་བབ་མཐོ་ཚད་སྨི1000མན་གྱི་སྨི500ཡན་གྱི་རི་རྩེ641ཡོད་པ་རེད། ས་བབ་མཐོ་ཚད་སྨི350ནས500བར་གྱི་རི་མ་ཐང་སྤྱི་ཆིང་ཁྲི1.72ཡོད་པ་དང་། སྨི350མན་གྱི་རི་མ་ཐང་དང་གྲམ་ཐང་སྤྱི་ཆིང་ཁྲི2ཡོད་པ་བཅས་རེད།

3_4 ནམ་ཟླ།

ཕན་ཨན་རྫོང་གི་ནམ་ཟླ་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ་ཡིན་པ་དང་། གནམ་གཤིས་དྲོ་བ་དང་། ཆར་ཆུ་འབེལ་བ། ས་བབ་ལ་རི་མཐོ་དང་། རི་དམའ་བ། རི་མ་ཐང་། རི་མ་ཐང་སོགས་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་ཡོད་པས་རྫོང་ནང་ཁུལ་གྱི་ས་ཁུལ་མི་འདྲ་བའི་དྲོད་ཚད་དང་། ཆར་ཆུ། ཉི་འོད་བཅས་ཀྱི་ཁྱད་པར་ཆེན་པོ་ཡོད། ལོ་མང་པོའི་ཆ་སྙོམས་དྲོད་ཚད་ནི13.9~17.4℃ཡིན་ལ། ལོ་རེར་དྲོད་ཚད4255~5534℃ཡིན། ཟླ1པོའི(དམའ་ཤོས)ཆ་སྙོམས་དྲོད་ཚད་2.0~4.3℃དང་། ཟླ7པར(མཐོ་ཤོས)ཆ་སྙོམས་དྲོད་ཚད25.6~28.8℃ཡིན། དུས་བཞིའི་ཁྱད་ཆོས་ལ་དཔྱིད་དུས་དྲོ་རུ་འགྲོ་བ་དང་། སྟོན་དུས་དྲོད་འབབ་སྔ་བ། སད་མེད་དུས་ཐུང་བ་(200~243)སོགས་ཀྱི་ཁྱད་ཆོས་ཡོད། རི་མཐོའི་ཁ་བ་མང་ལ། དྲོད་ཚད་དམའ་བའི་བ་མོ་ཡང་ཡོད། ཆར་ཆུ་འབབ་ཚད་ཅུང་མང་ནའང་དུས་ཚིགས་མི་འདྲ་བར་ཧེ་བག་ཆེན་པོ་ཡོད་ཅིང་། ལོ་མང་རིང་ཆ་སྙོམས་སུ་ཆར་ཆུ་འབབ་ཚད་ཧའོ་སྨི1409.8~1527.8ཡིན་པ་དང་། ཟླ6པར(མང་ཤོས)ཆ་སྙོམས་སུ་ཧའོ་སྨི208.3~246.5ཡིན་པ་དང་། ཟླ11པར་(ཆེས་ཉུང་བ)ཆ་སྙོམས་སུ་ཧའོ་སྨི34.8~52.7ཡིན། གནམ་གཤིས་རང་བཞིན་གྱི་གནོད་འཚེ་མང་བ་དང་དུས་བཞི་ཚང་མར་འབྱུང་སྲིད། དགུན་དུས་སད་དང་འཁྱགས་སྐྱོན། དཔྱིད་དུས་དཔྱིད་གྲང་དང་དྭངས་གསལ་དུས་ཚིགས་ཀྱི་སྔ་རྗེས་སུ་དྲག་ཆར་འབབ་སླ་བ་དང་། དབྱར་དུས་སུ་འབྲུག་གྲགས་པ་དང་དྲོད་ཚད་མཐོ་བ། སྟོན་དུས་ཐན་པ་དང་རྒྱ་མཚོའི་རླུང་འཚུབ་སོགས་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ཡང་ཡང་ཐོན་གྱི་ཡོད།

3_5 རང་བྱུང་ཐོན་ཁུངས།

ཆུའི་ཐོན་ཁུངས།     ཕན་ཨན་རྫོང་གི་ཆ་སྙོམས་ཆར་ཆུ་འབབ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར18.81ཟིན་པ་དང་། ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི1573ཟིན་པ་རེད། ལོ་མང་ཆ་སྙོམས་ལི་སྨི་928.3ཟིན་ཡོད། རྫོང་ཡོངས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར11.12ཟིན་པའི་ནང་ས་ངོས་ཀྱི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར9.228དང་ས་འོག་གི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.892(སྔོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར0.83)ཡོད་པ་རེད། ཆུའི་ཐོན་ཁུངས་མི་རེའི་ཆ་སྙོམས་བཟུང་ཚད་སྨི་རྒྱ་དཔངས་གྲུ་བཞི5694ཟིན་པ་དང་། ས་ཞིང་མུའུ་རེའི་ཆ་སྙོམས་བཟུང་ཚད་སྨི་རྒྱ་དཔངས་གྲུ་བཞི7060ཟིན་ཡོད། སྤྱི་ལོ2013ལོར་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི2918ཟིན་པ་དེས་ཆུའི་ཐོན་ཁུངས་སྤྱི་འབོར་གྱི2.62%ལས་ཟིན་གྱི་མེད།     གཏེར་རྫས་ཐོན་ཁུངས།

ཕན་ཨན་རྫོང་ལ་གཏེར་ཁ་སྣ་ཚོགས་དང་གཏེར་འགྱུར་ས་ཚིགས། གསང་འཕྲིན་ས་ཚིགས་བཅས་ཁྱོན་བསྡོམས82ཡོད་པ་རེད། རྫོང་ཁོངས་སུ་གཏེར་ཁ་རིགས25རྙེད་པ་དང་ལྕགས་རིགས་མིན་པའི་གཏེར་རྫས་ཀྱིས་གནས་བབ་གཙོ་བོ་བཟུང་ཡོད།

4 མི་འབོར།

སྤྱི་ལོ2005ལོར་བསྡོམས་རྩིས་བྱས་པར་གཞིགས་ན། ཕན་ཨན་རྫོང་གི་མི་འབོར་རྫོང་གྲོང་གི་མི་འབོར་ཁྲི3ལྷག་ཙམ་དང་ཤང་གྲོང་གི་མི་འབོར་ཁྲི17ལྷག་ཙམ་ཡོད། སྤྱི་ལོ2005ལོར་རྫོང་ཡོངས་ཀྱི་ཐེམ་ཐོ་མི་འབོར205521ཡོད་པའི་ནང་སྐྱེས་པ107726ཡོད་པ་དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི52.42%བཟུང་བ་དང་བུད་མེད97795ཡོད་པ་དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི47.58%བཟུང་ཡོད།

5 དཔལ་འབྱོར།

སྤྱི་ལོ2013ལོར་ནི་ཕན་ཨན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར69.14ཟིན་པ་དེ་ལོ་སྔོན་མ་ལས8.8%འཕར་བ་རེད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་9.46ཟིན་པ་དང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར5.19ཟིན་པ་དེ་ལོ་སྔོན་མ་ལས་སོ་སོར13.87%དང་14.6%འཕར་བ་རེད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར9013ཟིན་པ་དེ་ལོ་སྔོན་མ་ལས14.4%འཕར་བ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར24088ཟིན་པ་དེ་ལོ་སྔོན་མ་ལས10.4%འཕར་བ་་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་22.44ཟིན་པ་དེ་ལོ་སྔོན་མ་ལས15.3%འཕར་བ་རེད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་41.68བཏང་བ་དེ་ལོ་སྔོན་མ་ལས20.1%འཕར་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ5པའི་ཚེས18ཉིན། ཕན་ཨན་རྫོང་དེ“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་མཛེས་ཤོས་ཀྱི་མིང་ཐོའི”ནང་བདམས་པ་རེད།     སྤྱི་ལོ2019ལོའི་ཟླ11པར་ཕན་ཨན་རྫོང་སྣོད་བཅུད་ཁོར་ཡུག་པུའུ་ཡིས་ཁག་གསུམ་པའི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་དང་རྫོང་དུ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-31

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།