ཝང་ཆིང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝང་ཆིང་རྫོང་།
ཝང་ཆིང་རྫོང་ནི་ཅི་ལིན་ཞིང་ཆེན་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ཅི་ཧེ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ9016ཡོད་ལ། ཅི་ལིན་ཞིང་ཆེན་གྱི་ས་ཁོངས་རྒྱ་ཁྱོན་གྱི་རྫོང་ཆེ་གྲས་ཀྱི་ཨང་གཉིས་པ་ཡིན། སྤྱི་ལོ2018ལོའི་ལོ་མཇུག་བར་ཝང་ཆིང་རྫོང་གི་མངའ་ཁོངས་སུ་ཁྲོམ་གཞུང3དང་། གྲོང་རྡལ8ཡུལ་ཚོ1བཅས་ཡོད། རྫོང་ཡོངས་ཀྱི་ཐེམ་ཐོ་ལྟར་ན་མི་འབོར་ཁྲི21.9ཡོད་ལ། ཝང་ཆིང་རྫོང་གི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི806ཟིན་པ་དང་དྲོད་འབྲིང་རྒྱུད་ཀྱི་བརླན་གཤེར་ཆེ་བའི་ནམ་ཟླའི་ཁུལ་དུ་གཏོགས་པ་རེད། སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང62354ཡོད་པ་རེད། རྫོང་ཡོངས་ཀྱི་ནགས་ལས་རྒྱ་ཁྱོན་སྤྱི་ཆིང་ཁྲི32.9(ནགས་བཟོའི་ཁེ་ལས་གསུམ་ཚུད་མེད་པ)ཡིན་པ་དང་། ནགས་ཚལ་ཁྱབ་ཚད81.4%ཟིན་ལ། གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི2491ཟིན། སྤྱི་ལོ2017ལོར་ཝང་ཆིང་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར68.27ཟིན་པའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར10.28དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར29.37 ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར28.62བཅས་ཡོད་པ་རེད། སྤྱི་ལོ2019ལོའི་ཟླ12པར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཁག་བདུན་པའི་ནང་བདམས་ཐོན་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
汪清县
ཕྱི་ཡིག་གི་མིང་།
Wanging County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཅི་ལིན་ཞིང་ཆེན་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ།
མངའ་ཁོངས།
ཁྲོམ་གཞུང3དང་གྲོང་རྡལ8 ཡུལ་ཚོ1བཅས་ཡོད།
སྦྲག་སྲིད་ཨང་རྟགས།
133200
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
222424
རླངས་འཁོར་ཚབ་ཨང་།
吉H
མི་གྲངས།
ཁྲི21.9(སྤྱི་ལོ2018ལོའི་ཐེམ་ཐོའི་མི་གྲངས)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ9016ཡོད།
ནམ་ཟླ།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཝང་ཆིང་འབབ་ཚུགས།
ཡུལ་སྐད།
ཁྲའོ་ཞན་སྐད། རྒྱ་སྐད།
ས་ཁོངས་ཁ་པར་ཨང་རྟགས།
0433
1 ལོ་རྒྱུས་འཕེལ་རིམ།

ཆིན་ཀོང་ཞུས་ཁྲི་ལོ་ཉེར་བརྒྱད(སྤྱི་ལོ1902ལོར)ཡན་ཅི་ཐིང་གི་ཁོངས་སུ་གཏོགས་པ་དང་། ཕྱིས་སུ་ཡན་ཅི་ཧྥུ་ཡི་ཁོངས་སུ་གཏོགས།   

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཝང་ཆིང་གིས་སྲིད་སྐྱོང་ཅུས་བཙུགས་ནས་རྫོང་གི་སྲིད་སྐྱོང་ཅུས་སུ་འཕར།  

མིན་གོའི་སྲིད་ལོ་གསུམ་པའི(སྤྱི་ལོ1914ལོ)ཟླ6པར་བསྐྱར་དུ་ལུགས་སྒྱུར་བྱས་ཤིང་། ཅི་ལིན་ཞིང་ཆེན་ཁག་བཞིར་བགོས་ཤིང་། ཝང་ཆིང་རྫོང་ཁག་ཅི་ལིན་ཞིང་ཆེན་ཡན་ཅི་ཏའོ་ཡི་མངའ་འོག་ཏུ་གཏོགས་པར་བྱས།    

མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོར)བྱང་ཤར་སྲིད་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་ལམ་ལུགས་མེད་པར་བྱས་ནས། རྫོང་རྣམས་ཞིང་ཆེན་གྱི་ཐད་གཏོགས་མངའ་ཁོངས་སུ་གཏོགས་པར་བྱས་ལ། ཝང་ཆིང་རྫོང་ཁོངས་ནས་ཅི་ལིན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པར་བྱས་ཏེ་རིམ་པ་གསུམ་པའི་རྫོང་ལ་བགོས་པ་ཡིན།    

མིན་གོའི་སྲིད་ལོ་ཉེར་གསུམ་པའི(སྤྱི་ལོ1934ལོ)ཟླ12པར་མན་ཇུ་རྒྱལ་ཁབ་རྫུས་མའི་རྒྱལ་ཁབ་ཀྱིས་གོང་མའི་ལམ་ལུགས་ལག་ཏུ་བསྟར་བ་དང་། ས་གནས་ཀྱི་སྲིད་འཛིན་ལས་ཁུངས་བསྒྱུར་བཅོས་བྱས། ཅན་ཏའོ་ཞིང་ཆེན་ཀུང་ཧྲུའུ་འཕར་འཛུགས་བྱས་པ་དང་། ཝང་ཆིང་རྫོང་ནི་ཅི་ལིན་ཞིང་ཆེན་གྱི་ཞིང་ཆེན་དང་ཁ་བྲལ་དུ་བཏང་ནས་བདག་སྐྱོང་བྱས་པ་རེད། 

མིན་གོའི་སྲིད་ལོ་ཉེར་བརྒྱད་པར་ཡན་ཅི་རྫོང་གི་བྱང་རྒྱུད་ཝང་ཆིང་རྫོང་གི་མངའ་ཁོངས་སུ་བཅུག་ཡོད། 

མིན་གོའི་སྲིད་ལོ་སུམ་ཅུ་སོ་གསུམ་པའི(སྤྱི་ལོ1944ལོའི)ཟླ10པར་ཏུང་མན་ཞིང་ཆེན་གྱི་སྤྱི་ཁྱབ་ཞིང་ཆེན་བཙུགས་པ་དང་། གླིང་ཕྲན་གྱི་ས་ཁོངས་དེ་ཏུང་མན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པར་བྱས།  

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)བྱང་ཤར་ཚུར་བླངས་པ་རེད། བྱང་ཤར་ས་ཁུལ་ཡོངས་རྫོགས་བཅིངས་འགྲོལ་བཏང་རྗེས་བྱང་ཤར་སྲིད་འཛིན་ཨུ་ཡོན་ལྷན་ཁང་བཙུགས་ནས་ཧྲེན་དབྱང་དུ་བཅའ་སྡོད་བྱས་པ་དང་། བྱང་ཤར་ཞིང་ཆེན་དྲུག་ཏུ་བགོས་ཤིང་། ཝང་ཆིང་རྫོང་ནི་སུང་ཅང་ཞིང་ཆེན་གྱི་མངའ་འོག་ཏུ་བཅུག་པ་རེད།  

སྤྱི་ལོ1953ལོའི་ཟླ9བར། ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་བཙུགས་རྗེས། ཝང་ཆིང་རྫོང་ཡང་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་མངའ་འོག་ཏུ་བཅུག


2 སྲིད་འཛིན་ཁོངས་བགོས།   

སྤྱི་ལོ1954ལོར།ཝང་ཆིང་གྲོང་རྡལ་བཙུགས་པ་རེད།

སྤྱི་ལོ1986ལོར་ཝང་ཆིང་རྫོང་གི་ཏུང་ཀྲེན་ཡུལ་ཚོར་ཡུལ་ཚོའི་སྒྲིག་གཞི་བསྐྱར་གསོ་བྱས། 

སྤྱི་ལོ1992ལོར་ཏུང་ཀོང་ཡུལ་ཚོ་གྲོང་རྡལ་གྱི་སྒྲིག་གཞི་རུ་བསྒྱུར།   

སྤྱི་ལོ1997ལོར་པའེ་ཚའོ་ཀོའུ་གྲོང་རྡལ་མེད་པར་བཟོས།  

སྤྱི་ལོ1998ལོར་ཧྲོང་ཧོ་ཡུལ་ཚོ་ཕྱིར་འཐེན་བྱས་ནས་ཏ་ཞིན་ཀོའུ་གྲོང་རྡལ་དུ་ཞུགས། ཤར་ཡུལ་ཚོ་དང་། ནུབ་ཀྱི་ཡུལ་ཚོ་བཅས་ཡུལ་ཚོ་དང་། ཀྲུང་ཨན་ཡུལ་ཚོ། ཀྲུང་ཕིང་ཡུལ་ཚོ། པེ་ཚའོ་ཀོའུ་གྲོང་རྡལ་བཅས་ཕྱིར་འཐེན་བྱས།   

སྤྱི་ལོ2001ལོར་གསར་དར་ཡུལ་ཚོ་དེ་ཏུང་ཀོང་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་རེད། 

སྤྱི་ལོ2003ལོའི་ཟླ4བའི་ཚེས8ཉིན། ཅི་ལིན་ཞིང་ཆེན་དམངས་སྲིད་ཐིང་གི་ཅི་ལེན་མི་དམངས་དངུལ་ཁང་གིས་ཆོག་མཆན་བཀོད་དེ། ཝང་ཆིང་རྫོང་ཧྲི་ལི་ཕིང་ཡུལ་ཚོ་མེད་པར་བཏང་ནས། དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་སྒྲིག་གཞི་ཧྲིལ་བོ་ཏུང་ཀོང་གྲོང་རྡལ་དུ་ཟླ་སྒྲིལ་གཏོང་བར་འཐད་པ་བྱུང་།  

སྤྱི་ལོ2005ལོར་སྦལ་པ་ཐང་ཡུལ་ཚོ་ནས་ཕྱིར་འཐེན་བྱས་ཏེ་ཏ་ཞིན་ཀོའུ་གྲོང་རྡལ་དུ་གནས་སྤར།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཝང་ཆིང་རྫོང་ནི་ཅི་ལིན་ཞིང་ཆེན་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ཅི་ཧེ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཤིང་། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ9016ཡོད་ལ། ཅི་ལིན་ཞིང་ཆེན་གྱི་ས་ཁོངས་རྒྱ་ཁྱོན་གྱི་རྫོང་ཆེ་གྲས་ཀྱི་ཨང་གཉིས་པ་ཡིན།

3_2 ས་དབྱིབས།

ཝང་ཆིང་རྫོང་ནི་ཅི་ལིན་ཞིང་ཆེན་ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་བྱང་ཤར་རྒྱུད་དུ་གནས་ཤིང་། ཁྲང་པའེ་རི་བོའི་ཤར་འདབས་སུ་གནས་ཡོད། ཝང་ཆིང་ས་ཁུལ་གྱི་ས་ཤུན་ལ་རྙོག་འཛིང་ཆེ་ཞིང་དུས་ཡུན་རིང་བའི་རིམ་འགྱུར་གྱི་ལོ་རྒྱུས་ཡོད་པ་དང་། གཏེར་གྲུབ་ས་གཤིས་ཀྱི་ཆ་རྐྱེན་ལེགས་པ་དང་། མངའ་ཁོངས་སུ་གཏེར་རྫས་ཆེ་གྲས་དང་གཏེར་གྲུབ་ས་རྒྱུད་མང་པོ་ཡོད། ཝང་ཆིང་རྫོང་གི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི806ཟིན་ཡོད།     

3_3 ནམ་ཟླ།   

ཝང་ཆིང་རྫོང་ནི་དྲོད་འབྲིང་ཁུལ་གྱི་བརླན་གཤེར་ཆེ་བའི་ནམ་ཟླའི་ཁུལ་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ4.9ཡིན་པ་དང་། ལོ་རེའི་སད་མེད་དུས་ཉིན170ཡིན། ལོ་རེའི་ཆར་ཆུ་འབབ་ཚད་བསྡོམས་འབོར་ཧའོ་སྨི574.9ཟིན་པ། ལོ་རེའི་ཉི་འོད་ཕོག་ཚད་བསྡོམས་འབོར་ཆུ་ཚོད2234ཡིན།


4 མི་འབོར་དང་མི་རིགས།   

སྤྱི་ལོ2018ལོའི་ལོ་མཇུག་བར་ཝང་ཆིང་རྫོང་གི་ཐེམ་ཐོ་མི་འབོར་ཁྲི21.9དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི12.53ཟིན་ལ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད57.4%བཅས་ཡོད་པ་དང་། རྒྱ་རིགས་དང་། ཁྲའོ་ཞན་རིགས། མན་ཇུ་རིགས། ཧུའེ་རིགས། མོང་རིགས་སོགས་མི་རིགས23ཡོད་པའི་ནང་། ཁྲའོ་ཞན་རིགས་ཀྱི་མི་འབོར་ཁྲི5.78ཡོད་པ་དེས་སྤྱིའི་མི་འབོར་གྱི26.1%བཟུང་བ་དང་། རྒྱ་རིགས་མི་འབོར་ཁྲི15.19ཡོད་པ་དེས་སྤྱིའི་མི་འབོར་གྱི68.5%བཟུང་ཡོད།     

5 དཔལ་འབྱོར།  

སྤྱི་ལོ2017ལོར་དབང་ཆིང་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར68.27ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2016ལོ་ལས3.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར10.28ཟིན་ནས3.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར29.37ཟིན་ནས0.6%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར28.62ཟིན་ནས7.1%འཕར་ཡོད། ཐེམ་ཐོའི་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི3.05ཟིན་པ་དེ་ སྤྱི་ལོ2016ལོ་ལས5.2%འཕར་ཡོད། ཐོན་ལས་ཐེངས་གསུམ་པོའི་གྲུབ་ཆའི་བསྡུར་ཚད་ནི་སྤྱི་ལོ2016ལོའི16.0:44.2:39.8ནས15.1:43.0:41.9བར་ལེགས་སྒྲིག་བྱས་པ། ཐོན་ལས་ཐེངས་གསུམ་གྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད15.2%དང་།7.6%77.2%བཅས་རེད།      སྤྱི་ལོ2017ལོར་ཝང་ཆིང་རྫོང་གི་སྤྱིར་བཏང་སྔོན་རྩིས་ཀྱི་ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར6.42ལེགས་སྒྲུབ་བྱས་པ་དེ་སྤྱི་ལོ2016ལོ་ལས11.5%མར་ཆག་ཡོད། དེའི་ནང་ས་གནས་རིམ་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར4.32ཟིན་ནས14.8%མར་ཆག་ཡོད། ཁྲལ་གཉིས་འཇལ་མཛོད་ནང་རྒྱལ་ཁབ་ཁྲལ་དོན་སྡེ་ཚན་གྱིས་ཡོང་འབབ་སྒོར་དུང་ཕྱུར2.49སྒྲིག་འཛུགས་བྱས་ནས17.7%འཕར་བ་དང་། ས་གནས་ཁྲལ་དོན་སྡེ་ཚན་གྱི་རྩ་འཛུགས་ཡོང་འབབ་སྒོར་དུང་ཕྱུར2.51ཟིན་ནས15.9%མར་ཆག་ཡོད། ལོ་ཧྲིལ་པོར་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར38.81ཟིན་པ་དེ་སྤྱི་ལོ2016ལོ་ལས35.5%འཕར་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་དུང་ཕྱུར2.67ཡིན་པས21.7%མར་ཆག་པ་དང་། སྤྱི་པའི་བདེ་འཇགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར1.09ཟིན་ཞིང5.7%འཕར་བ། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར4.5ཟིན་ནས0.9%མར་ཆག སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར7.01ཟིན་ལ22.1%འཕར། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར1.93ཟིན་ལ5.9%མར་ཆག་ཡོད། ཞིང་ནགས་ཆུ་གསུམ་ལས་དོན་གྱི་གཏོང་སྒོ་སྒོར་དུང་ཕྱུར11.04ཟིན་ནས78.0%འཕར།

སྤྱི་ལོ2017ལོར་ཝང་ཆིང་རྫོང་གིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བསྡོམས་འབོར(ཞིང་དུད་ཚུད་མེད)སྒོར་དུང་ཕྱུར67.81ལེགས་སྒྲུབ་བྱས་པ་དེ་སྤྱི་ལོ2016ལོ་ལས་སྒོར་དུང་ཕྱུར10.88ཉུང་དུ་ཕྱིན་ནས5.1%མར་ཆག་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར67.81བཏང་བ་དེ11.8%མར་ཆག་ཡོད། ཐོན་ལས་ཁྱབ་ཚུལ་ཐེངས་གསུམ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར8.97བཏང་བ་དེ7.4%འཕར་བ་དང་། ཐོན་ལས་གཉིས་པའི་མ་འཇོག་སྒོར་དུང་ཕྱུར26.11ཟིན་ནས་21.0%མར་ཆག་པ། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར32.72བཏང་ནས12.3%མར་ཆག་ཡོད། ཐོན་ལས་གསུམ་གྱི་མ་འཇོག་གྲུབ་ཆའི་བསྡུར་ཚད་ནི13.2:38.5:48.3ཡིན། རྫོང་ཡོངས་ཀྱི་ཞིང་ཞོར་བཟའ་བཅའ་ལས་སྣོན་ལས་རིགས་དང་། སྨན་དང་སྨན་རྫས་བཟོ་སྐྲུན་ལས་རིགས། གློག་ཤུགས་དང་ཚ་ནུས་ཐོན་སྐྱེད་མཁོ་འདོན་ལས་རིགས་བཅས་ལ་མ་དངུལ་སོ་སོར་སྒོར་དུང་ཕྱུར4.15དང་། སྒོར་དུང་ཕྱུར1.56 སྒོར་དུང་ཕྱུར2.48བཅས་བཏང་ཡོད། མ་འཇོག་བྱེད་མཁན་ནས་བལྟས་ན། གཞུང་ཁོངས་དཔལ་འབྱོར་གྱི་མ་འཇོག་སྒོར་དུང་ཕྱུར33.37ཟིན་པ་དེ་སྤྱི་ལོ2016ལོ་ལས93.3%འཕར་བ་དེས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད49.2%ཟིན་པ་དང་། སྒེར་གཉེར་དཔལ་འབྱོར་ཐད་མ་དངུལ་སྒོར་དུང་ཕྱུར5.11བཏང་ནས43.3%ཆག་པ་དེས་བཟུང་བའི་བསྡུར་ཚད7.5%ཟིན་ཡོད། ལོ་ཧྲིལ་པོར་ཨར་ལས་རྣམ་གྲངས270ཡོད་པའི་ནང་སྒོར་དུང་ཕྱུར་ཡན་གྱི་རྣམ་གྲངས21ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར14.54བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི21.4%བཟུང་ཡོད།     སྤྱི་ལོ2017ལོར་ཝང་ཆིང་རྫོང་གི་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱིས་མ་དངུལ་སྒོར་དུང་ཕྱུར2.26བཏང་བ་དེ་སྤྱི་ལོ2016ལོ་ལས65.9%མར་ཆག་པའི་ནང་སྡོད་ཁང་ལ་མ་དངུལ་སྒོར་དུང་ཕྱུར1.78བཏང་ནས65.2%མར་ཆག་ཡོད་པ་རེད། ལོ་ཧྲིལ་པོར་ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱི་ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི46.83ཟིན་ནས16.1%མར་ཆག་པ། ཨར་ལས་གྲུབ་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི17.09ཟིན་ནས0.9%འཕར་བ།     སྤྱི་ལོ2017ལོར་ཝང་ཆིང་རྫོང་ཚན་པའི་ལས་ཞུགས་མི་སྣའི་ངལ་རྩོལ་ཐོབ་ཆ་སྒོར་དུང་ཕྱུར11.39ཟིན་པ་དེ་སྤྱི་ལོ2016ལོ་ལས4.3%འཕར་བ་དང་། ལས་གནས་ཐོག་ཡོད་པའི་ལས་བཟོའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར་ཁྲི4.92ཟིན་ནས་སྒོར2026མང་དུ་ཕྱིན་ནས4.3%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི2.13ཟིན་ནས6.7%འཕར་བ། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར9702ཟིན་ནས་14.6%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར་ཁྲི1.74ཡིན་པས11%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཨེན་ཀེར་བཏགས་གྲངས31.6%ཟིན་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར7676ཟིན་ནས་14.6%འཕར་བ་དང་གྲོང་གསེབ་ཀྱི་ཡུལ་མི་ཨེན་ཀེར་བཏགས་གྲངས41.4%ཟིན།   

5_1 ཐོན་ལས་དང་པོ།     

སྤྱི་ལོ2017ལོར་ཝང་ཆིང་རྫོང་གི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང་ཁྲི6.39ཟིན་པ་དེ་སྤྱི་ལོ2016ལོ་ལས3.6%མར་ཆག་ཡོད། དེའི་ནང་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་ཁྲི5.53ཟིན་ནས2.9%འཕར་ཡོད། འབྲུ་རིགས་ཐོན་འབོར་བསྡོམས་གྲངས་ཏུན་ཁྲི25.14ཡིན་ཞིང་། སྤྱི་ལོ2016ལོ་ལས2%འཕར་ཡོད། དེའི་ནང་ཆུ་འབྲས་ཐོན་ཚད་ཏུན་ཁྲི2.88ཟིན་ནས17%འཕར་བ་དང་སྤྱི་ཆིང་རེའི་ཐོན་ཚད་སྤྱི་རྒྱ6686ཟིན་ནས19.4%འཕར་བ་དང་། མ་རྨོས་ལོ་ཏོག་ཐོན་ཚད་ཏུན་ཁྲི15.07ཟིན་ནས10.9%མར་ཆག་པ་དང་སྤྱི་ཆིང་རེའི་ཐོན་ཚད་སྤྱི་རྒྱ7398ཟིན་ནས5.9%མར་ཆག་པ། སྲན་ཆེན་ཐོན་ཚད་ཏུན་ཁྲི6.91ཟིན་ནས38.8%འཕར་བ་དང་སྤྱི་ཆིང་རེའི་ཐོན་ཚད་སྤྱི་རྒྱ་དཔངས་གྲུ་བཞི་མ2300ཟིན་ནས24.7%འཕར་བ་རེད།     སྤྱི་ལོ2017ལོར་དབང་ཆིང་རྫོང་གིས་ནགས་ཤུལ་རྒྱ་ཁྱོན་སྤྱི་ཆིང47གསར་སྒྱུར་བྱས་པ་དང་། ནགས་ཚལ་དང་སྡོང་ཕྲུག་གསོ་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི2.9ཟིན་ནས33.5%འཕར་བ། ཤིང་སྡོང་རྐང་ཁྲི23.5བཙུགས་པ་བཅས་རེད། རྫོང་ཡོངས་སུ་ཕྱུགས་ལས་ཆེད་ལས་གསོ་ཚགས་དུད་ཚང1784ཡོད་པ་རེད། ལོ་ཧྲིལ་པོར་ཆུ་ཐོན་གསོ་སྤེལ་རྒྱ་ཁྱོན་སྤྱི་ཆིང1079ཟིན་པ་དང་ཆུ་ཐོན་ཐོན་རྫས་ཀྱི་སྤྱིའི་ཐོན་ཚད་ཏུན730ཟིན་ནས13.4%འཕར་བ།     སྤྱི་ལོ2017ལོར་ཝང་ཆིང་རྫོང་གི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི36.6ཟིན་ནས2.8%འཕར་ཡོད། རྫོང་ཡོངས་སུ་ཞིང་སྤྱོད་འདྲུད་འཐེན་འཕྲུལ་འཁོར་ཆེ་འབྲིང་ཆུང་གསུམ་ཁྲི1.2ཡོད་པ་དེ0.91%མར་ཆག་པ། རྨོ་འདེབས་འདྲུད་འཐེན་འཕྲུལ་འཁོར་གྱི་ལེ་ལག་ཚང་བའི་ཞིང་ལས་ཡོ་བྱད་ཁྲི4.3ཡོད་པ་དེ0.01%མར་ཆག་པ། ཞིང་ཁའི་ཆུ་འདྲེན་འཕྲུལ་ཆས2664བཅས་ཡོད་པ་རེད།

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2017ལོར་ཝང་ཆིང་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས53གྱི་རིན་ཐང་འཕར་མ་སྤྱི་ལོ2016ལོ་ལས་1%མར་ཆག་ཡོད། དེའི་ནང་རྫོང་ཁོངས་གཏོགས་ཀྱི་ཁེ་ལས51ཡོད་པ་དེ0.8%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་སུ་དམངས་གཉེར་ཁེ་ལས49ཡོད་པ་དེ0.8%མར་ཆག་པ། དཔལ་འབྱོར་གྱི་རིགས་དབྱེ་ནས་བལྟས་ན། གཞུང་ཁོངས་ཁེ་ལས་ཀྱི་རིན་ཐང་འཕར་མ2.5%མར་ཆག་པ་དང་། མ་རྐང་ལམ་ལུགས་ཀྱི་ཁེ་ལས1.7%མར་ཆག་ཡོད། ལས་རིགས་དབྱེ་ནས་བལྟས་ན། རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་ལས་རིགས3.3%མར་ཆག་པ་དང་། སྨན་རྫས་བཟོ་སྐྲུན་ལས་རིགས12.2%འཕར་བ། ཤིང་ཆའི་ལས་སྣོན་ལས་རིགས25.2%མར་ཆག་པ། ལྕགས་རིགས་མིན་པའི་གཏེར་དངོས་བཟོ་སྐྲུན་ལས་རིགས་དེ་སྤྱི་ལོ2016ལོ་དང་མཉམ་པ་དང་། གློག་ཤུགས་དང་ཚ་ནུས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས2.3%མར་ཆག་པ།     སྤྱི་ལོ2017ལོར་ཝང་ཆིང་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར76.22བྱུང་བ་དེ་སྤྱི་ལོ2016ལོ་ལས0.3%འཕར་བ་དང་། ཁེ་སྤོགས་དང་དཔྱ་ཁྲལ་གྱི་བསྡོམས་འབོར་སྒོར་དུང་ཕྱུར3.67ཟིན་ནས28.2%ཆག་པ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར2.18ཟིན་ནས31.8%ཆག་པ། གྱོང་གུན་ཕོག་པའི་ཁེ་ལས་ཀྱི་གྱོང་གུན་བསྡོམས་འབོར་སྒོར་ཁྲི2234ཟིན་ནས52.8%མར་ཆག་པ།     སྤྱི་ལོ2017ལོར་ཝང་ཆིང་རྫོང་གི་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་5.78ཟིན་པ་དེ་སྤྱི་ལོ2016ལོ་ལས7.6%འཕར་ཡོད། རྫོང་ཡོངས་ཀྱི་འོས་ཐོབ་རིམ་པ་ལྡན་པའི་སྤྱིའི་འགན་གཙང་དང་ཆེད་ལས་འགན་གཙང་ཨར་སྐྲུན་ཁེ་ལས་ཀྱི་ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི28ཟིན་ནས21.5%འཕར་བ། ལས་གྲྭའི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར5.43ཟིན་ནས་21.1%འཕར་བ།       

5_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་ཝང་ཆིང་རྫོང་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་26.3ཟིན་པ་དེ་སྤྱི་ལོ2016ལོ་ལས3.9%འཕར་ཡོད། དེའི་ནང་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ལ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར21.16ཟིན་ནས8.7%འཕར་བ་དང་། ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར5.13ཟིན་ནས12.1%མར་ཆག་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར24.45ཟིན་ནས3.6%འཕར་བ། གྲོང་གསེབ་ཏུ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར1.84ཟིན་ནས7%འཕར་བ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-31

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།