ཞང་ཤང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞང་ཤང་གྲོང་ཁྱེར།
ཞང་ཤང་གྲོང་ཁྱེར་ནི་ཧུའུ་ནན་ཞིང་ཆེན་ཞང་ཐན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཞང་ཀྲུང་གི་ཤར་ཕྱོགས་སུ་ཆགས་ཤིང་། ཤར་དུ་ཧྲའོ་ཧྲན་གྲོང་ཁྱེར་དང་ཞང་ཐན་རྫོང་དང་འབྲེལ་ཞིང་། ལྷོ་རུ་ཧྲོང་ཧྥེང་རྫོང་དང་འབྲེལ། ནུབ་ཏུ་ལོའུ་ཏི་གྲོང་ཁྱེར་དང་འབྲེལ་ཡོད། བྱང་མཚམས་ཉིང་ཞང་རྫོང་དུ་ཆགས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2003.64ཡོད། ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི0.95%ཟིན་ཡོད། ཞང་ཤང་ནི་ཞང་དམག་གི་འབྱུང་གནས་ཡིན། “གནའ་ནས་བཟུང་ཧུའུ་ནན་མེད་ན་དམག་དཔུང་མེད། གནམ་འོག་གི་ཞང་དམག་ཞང་ཤང་ནས་ཐོན། ” ཞང་ཤང་གིས“ལེ་དབར་བརྒྱ་ཕྲག་གི་སྒོ་ནས་མང་ཚོགས་དང་ཤེས་ལྡན་མི་སྣ་ལྷན་འཛོམས་དང་། དམག་དཔུང་གཅིག་གི་ཟིལ་ཤུགས་ལ་བརྟེན་ནས་ཁྱོན་ཡོངས་དང་འབྲེལ་བ་ཡོད”ཅེས་པ་དང་། “རྫོང་གཅིག་གི་དམག་མིར་བརྟེན་ནས་ཞིང་ཆེན་བཅོ་བརྒྱད་བཏུལ་བ”དང་། དུས་རབས་ཕྱེད་ཀ་ལྷག་ཙམ་བརྒྱུད་དེ་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཐོག་རྩོམ་ཡིག་ཆེན་པོ་ཞིག་བརྩམས་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཏུང་ཧྲན་དཔེ་ཁང་དང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ4ཡོད་པ་དང་ཀྲན་གོའི་ཚུན་གྱི་གནའ་བོའི་བང་སོ5000ལྷག་ཙམ་དང་རིག་དངོས་འབོར་ཆེན་ཡོད་པ་སྟེ། ལྷ་ཁང་དང་། ཧྥུ་ཧུའུ་ཅིན། ཁྲུའུ་ཀུང་མཚུན་ཁང་། སྤྱན་རས་གཟིགས་ཁང་། ཀྲུང་ཡོན་མཆོད་རྟེན། སུང་ཡའོ་གནའ་ཤུལ་སོགས་གནའ་ཤུལ20ལྷག་ཉར་ཚགས་ཡག་པོ་བྱས་ཡོད། གསར་བརྗེའི་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཀྲུའུ་ཞི་མའོ་ཙེ་ཏུང་གི་མ་ཡུམ་སློབ་གྲྭ་སྟེ་ཏུང་ཧྲན་དཔེ་ཁང་དང་། དམག་དཔོན་ཆེན་པོ་ཁྲེན་ཧུའེ་དང་ཐན་ཀྲེང་གི་བཞུགས་གནས་རྙིང་པ། དབྱང་ཧྲང་ཁུན་གྱི་ཕྱག་བྲིས་གནང་ཡུལ་ཧོང་ཀུང་ལུའེ་ཡི་བཞུགས་གནས་རྙིང་པ། ཅང་ཙེ་མིན་དང་ལི་ཕེང་གིས་ཕྱག་བྲིས་མཛད་པའི་ཧོང་ཀུང་ལུའེ་ཡི་ཟངས་སྐུ་བཅས་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
湘乡
ཕྱི་ཡིག་གི་མིང་།
Xiangxiang
མིང་གཞན།
ལུང་ཁྲིན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0731
སྦྲག་སྲིད་ཨང་རྟགས།
411400
མི་གྲངས།
མི་ཁྲི81.21ཡོད།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ནམ་ཟླ།
རླངས་འཁོར་གྱི་ཚབ་ཨང་།
ཞང(湘)C
1 ངོ་སྤྲོད།

ཞང་ཤང་གྲོང་ཁྱེར་ནི་ཧུའུ་ནན་ཞིང་ཆེན་ཞང་ཐན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཞང་ཀྲུང་གི་ཤར་ཕྱོགས་སུ་ཆགས་ཤིང་། ཤར་དུ་ཧྲའོ་ཧྲན་གྲོང་ཁྱེར་དང་ཞང་ཐན་རྫོང་དང་འབྲེལ་ཞིང་། ལྷོ་རུ་ཧྲོང་ཧྥེང་རྫོང་དང་འབྲེལ། ནུབ་ཏུ་ལོའུ་ཏི་གྲོང་ཁྱེར་དང་འབྲེལ་ཡོད། བྱང་མཚམས་ཉིང་ཞང་རྫོང་དུ་ཆགས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2003.64ཡོད། ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི0.95%ཟིན་ཡོད། 

ཞང་ཤང་ནི་ཞང་དམག་གི་འབྱུང་གནས་ཡིན། “གནའ་ནས་བཟུང་ཧུའུ་ནན་མེད་ན་དམག་དཔུང་མེད། གནམ་འོག་གི་ཞང་དམག་ཞང་ཤང་ནས་ཐོན། ” ཞང་ཤང་གིས“ལེ་དབར་བརྒྱ་ཕྲག་གི་སྒོ་ནས་མང་ཚོགས་དང་ཤེས་ལྡན་མི་སྣ་ལྷན་འཛོམས་དང་། དམག་དཔུང་གཅིག་གི་ཟིལ་ཤུགས་ལ་བརྟེན་ནས་ཁྱོན་ཡོངས་དང་འབྲེལ་བ་ཡོད”ཅེས་པ་དང་། “རྫོང་གཅིག་གི་དམག་མིར་བརྟེན་ནས་ཞིང་ཆེན་བཅོ་བརྒྱད་བཏུལ་བ”དང་། དུས་རབས་ཕྱེད་ཀ་ལྷག་ཙམ་བརྒྱུད་དེ་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཐོག་རྩོམ་ཡིག་ཆེན་པོ་ཞིག་བརྩམས་ཡོད། རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཏུང་ཧྲན་དཔེ་ཁང་དང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ4ཡོད་པ་དང་ཀྲན་གོའི་ཚུན་གྱི་གནའ་བོའི་བང་སོ5000ལྷག་ཙམ་དང་རིག་དངོས་འབོར་ཆེན་ཡོད་པ་སྟེ། ལྷ་ཁང་དང་། ཧྥུ་ཧུའུ་ཅིན། ཁྲུའུ་ཀུང་མཚུན་ཁང་། སྤྱན་རས་གཟིགས་ཁང་། ཀྲུང་ཡོན་མཆོད་རྟེན། སུང་ཡའོ་གནའ་ཤུལ་སོགས་གནའ་ཤུལ20ལྷག་ཉར་ཚགས་ཡག་པོ་བྱས་ཡོད། གསར་བརྗེའི་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཀྲུའུ་ཞི་མའོ་ཙེ་ཏུང་གི་མ་ཡུམ་སློབ་གྲྭ་སྟེ་ཏུང་ཧྲན་དཔེ་ཁང་དང་། དམག་དཔོན་ཆེན་པོ་ཁྲེན་ཧུའེ་དང་ཐན་ཀྲེང་གི་བཞུགས་གནས་རྙིང་པ། དབྱང་ཧྲང་ཁུན་གྱི་ཕྱག་བྲིས་གནང་ཡུལ་ཧོང་ཀུང་ལུའེ་ཡི་བཞུགས་གནས་རྙིང་པ། ཅང་ཙེ་མིན་དང་ལི་ཕེང་གིས་ཕྱག་བྲིས་མཛད་པའི་ཧོང་ཀུང་ལུའེ་ཡི་ཟངས་སྐུ་བཅས་ཡོད་པ་རེད།

སྤྱི་ལོ2018ལོར་ཤང་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁྲོམ་གཞུང3དང་། གྲོང་རྡལ15ཤང3བཅས་ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི81.21ཡོད་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར443.17ཡོད་པའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར49.85ཟིན་པ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར235.49ཟིན། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར157.83ཟིན། ཐོན་ལས་གསུམ་པ་ལས11.2:53.2:35.6ཡོད་པ་བཅས་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར54659ཡོད་པ་རེད། 

2 སྲིད་འཛིན་དབྱེ་མཚམས།

སྤྱི་ལོ2019ལོ་བར་ཞང་ཤང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁྲོམ་གཞུང3དང་། གྲོང་རྡལ15ཤང3བཅས་ཡོད། ཞང་ཤང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཝང་ཁྲུན་མོན་ཁྲོམ་གཞུང་དུ་གནས་ཡོད།   

སྡོམ་རྩིས་ས་ཁུལ་དབྱེ་འབྱེད་ཚབ་ཨང་། མིང་།
430381001000 ཝང་ཁྲུན་མོན་ཁྲོམ་གཞུང་།
430381002000 ཤིན་ཞང་ལམ་ཁྲོམ་གཞུང་། 
430381003000  ཁུང་ལུང་ཆའོ་ཁྲོམ་གཞུང་།
430381004000 ཏུང་ཧྲན་ཁྲོམ་གཞུང་།
430381100000  ཧྲན་ཙོའོ་གྲོང་རྡལ།
430381101000 ལི་ཧྲན་གྲོང་རྡལ། 
430381102000 ཀྲུང་ཧྲ་གྲོང་རྡལ།
430381103000 ཡུལ་ཐང་གྲོང་རྡལ།
430381104000 ཐན་ཧྲི་གྲོང་རྡལ། 
430381105000 ཆེའེ་ཞིན་གྲོང་རྡལ།
430381106000 ཧུའུ་ཐེན་གྲོང་རྡལ། 
430381107000 ཧྥན་ཅང་གྲོང་རྡལ།
430381108000 ཅིན་ཧྲི་གྲོང་རྡལ།
430381109000 པེ་ཐེན་གྲོང་རྡལ།
430381110000  ཡོན་ཧྲན་གྲོང་རྡལ།
430381111000 ཆོན་ཐང་གྲོང་རྡལ།
430381112000 མེའེ་ཆའོ་གྲོང་རྡལ།
430381113000 མའོ་ཐེན་གྲོང་རྡལ།
430381114000 ལུང་ཐུང་གྲོང་རྡལ།
430381200000 ཏུང་ཅོའོ་ཤང་།
430381202000 ཅིན་སའོ་ཤང་།
430381203000  ཡེའུ་དོན་ཤང་།
3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཞང་ཤང་གྲོང་ཁྱེར་ནི་ཞང་ཀྲུང་གི་ཤར་ཕྱོགས་སུ་ཆགས་ཡོད་པ་དང་། ཤར་ངོས་ཧྲའོ་ཧྲན་གྲོང་ཁྱེར་དང་ཞང་ཐན་རྫོང་དང་འབྲེལ་ཞིང་། ལྷོ་ངོས་ཧྲོང་ཧྥེང་རྫོང་དང་འབྲེལ། ནུབ་ངོས་ལོའུ་ཏི་གྲོང་ཁྱེར་དང་འབྲེལ་ཡོད། བྱང་མཚམས་ཉིང་ཞང་རྫོང་ཡིན། སྤྱི་ལོ1996ལོ་ནས་སྤྱི་ལོ1998ལོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《སྲིད་འཛིན་ས་ཁོངས་ཀྱི་རྩོད་གཞི་ཐག་གཅོད་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་། ཞང་ཤང་དང་ལིའུ་ཏི་དང་ཧྲོང་ཧྥུང་། ཧྲའོ་ཧྲན། ཉིང་ཤང་། ཞང་ཐན་རྫོང(གྲོང་ཁྱེར)བཅས་དབར་ས་མཚམས་སྤྱི་ལེ547.33རྩད་གཅོད་གཏན་འཁེལ་བྱས་པ་རེད། གཞུང་ཐིག་ཤར་མའི111°59′40″—112°38′55″དང་། འཕྲེད་ཐིག་བྱང་མའི27°29′2″—28°3′45″བར་དུ་གནས་ཡོད། ཤར་ནུབ་ཀྱི་བར་ཐག་རིང་ཤོས་སྟོང་སྨི65.4དང་། ལྷོ་བྱང་སྟོང་སྨི64.8ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2003.64ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི0.95%ཟིན་ཡོད། 

3_2 ས་དབྱིབས།

ཞང་ཤང་གྲོང་ཁྱེར་ནི་ཧྭ་ནན་ཞང་ཀན་རི་མ་ཐང་གི་ས་ཁུལ་ཡིན་ལ། ཞང་ཀྲུང་ཆིའུ་ཀང་ནས་ཞང་ཅང་གཙང་པོའི་ལུང་གཞུང་གི་བར་བརྒལ་ས་ཁུལ་དུ་གནས་ཡོད། དེ་ནི་ཞུའེ་ཧྥེང་རི་བོའི་བྱང་ཤར་གྱི་ལྷག་རྩ་དང་ཡུའེ་ཁྲེང་ལིན་གྱི་བྱང་སྣེ་ལྷག་རྩ་ཡིན། ནུབ་དང་། ལྷོ་རྒྱུད་ཅུང་གཡང་གཟར་དང་། ཤར་དང་། བྱང་རྒྱུད་ཅུང་སྙོམས་པོ་ཡིན། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི807ཡོད་པ་དང་། དམའ་ཤོས་ནི་ཆུ་ངོགས་ཀྱི་ཤར་འདབས་ཀྱི་ཝུན་ཅ་ཐང་གི་ཉེ་འགྲམ་དུ་གནས་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི41ཡོད་པ་རེད། ས་བབ་ནི་ནུབ་ནས་ཤར་ནས་སྟོང་ཆའི19བར་ཆག་ཡོད། 

3_3 ནམ་ཟླ།

ཞང་ཤང་གྲོང་ཁྱེར་གྱི་གནས་ཡུལ་ནི་ཚ་ཁུལ་བར་མའི་དུས་རླུང་བརླན་གཤེར་ཅན་གྱི་ནམ་ཟླའི་ཁུལ་ཡིན་པ་དང་། དབྱར་ཁ་དང་སྟོན་ཁར་ཐན་པ་མང་བ་དང་། གྲང་ངར་ཆེ་བའི་དུས་ཡུན་ཐུང་བ། སད་རྒྱག་པའི་དུས་ཡུན་རིང་བ། དགུན་དུས་གྲང་ངར་ཆེ་བ་དང་། དབྱར་དུས་ཀྱི་ཚ་བ་ཆེ་བ། དུས་བཞིའི་དབྱེ་མཚམས་གསལ་བ། འོད་དང་ཚ་བ་འདང་བ། ཆར་ཆུ་མོད། ས་རྒྱུ་གཤིན་པོ་ཡིན། ལོ་ཏོག་སྐྱེ་ཡུན་རིང་བ་བཅས་ཡིན། སྤྱི་ལོ1986ལོ་ནས་སྤྱི་ལོ2005ལོ་བར་ལོ་རེའི་ཆ་སྙོམས་དྲོད་ཚད17.1℃ཡིན་པ་དང་། ཉིན་རེར་ཧེ་བག7.3℃ཡིན། སད་མེད་དུས་ཡུན་ཉིན283ཡིན། ཉི་འོད་ཕོག་ཡུན་ཆུ་ཚོད1558.7ཡིན། ཆར་པ་འབབ་ཚད་ཧའོ་སྨི1326.8ཡིན། རླངས་པར་འགྱུར་ཚད་ཧོ་སྨི1284.1ནས1340.0བར་ཡིན་པ། རླུང་གི་མྱུར་ཚད་སྐར་ཆ་རེར་སྨི24ཡིན། 

4 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་ཤང་དང་གྲོང་ཁྱེར་གྱི་མི་འབོར་ཁྲི92.83ཡོད་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི་ཁྲི0.04ཉུང་དུ་ཕྱིན་ཡོད་པ་རེད། རྒྱུན་སྡོད་མི་འབོར་ཁྲི81.21ཡོད་པ་དེ་ལོ་སྔོན་མའི་ལོ་མཇུག་ལས་མི་ཁྲི0.27འཕར་བ་དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི37.28ཟིན་པ་དེས་རྒྱུན་སྡོད་མི་འབོར་གྱི་བསྡུར་ཚད་ཀྱི40.16%བཟུང་ཡོད། མི་འབོར་བསྡོམས་འབོར་ནང་ལོ་ཧྲིལ་པོར་སྐྱེས་པའི་མི་འབོར11101ཡོད་པ་དང་སྐྱེས་ཚད11.29%ཟིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར6833དང་ཤི་ཚད6.95%ཟིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི4.34ཡིན། 

5 སྤྱི་ཚོགས་བྱ་གཞག
5_1 ཚན་རྩལ།

སྤྱི་ལོ2018ལོར་ཞང་ཤང་དང་གྲོང་ཁྱེར་གྱིས་མཐོ་གསར་ལག་རྩལ་ཁེ་ལས10མང་དུ་བཏང་བ་དང་ཚན་རྩལ་ཐད་མ་དངུལ་སྒོར་ཁྲི9475བཏང་བའི་ནང་ཚན་རྩལ་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་ཁྲི150ཟིན་ནས25.2%འཕར་བ་དང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར136ཡོད་པ་དེ་དུས་མཚུངས་ལས13.3%འཕར་བ་དེསGDPཡི་བསྡུར་ཚད་ཀྱི30.69%བཟུང་། ཞིབ་འཇུག་དང་གསར་སྤེལ་གྲོན་དངུལ་སྒོར་དུང་ཕྱུར3.48ཡོད། གསར་གཏོད་ཀྱི་ཆེད་ཁེ་རེ་ཞུ་གྲངས61ཡོད་པ་དང་། ཚན་རྩལ་གྲུབ་འབྲས་ཐོ་འགོད་ཁག8ལེགས་སྒྲུབ་བྱས་པ་དང་། ལག་རྩལ་གན་རྒྱའི་རྣམ་གྲངས14ཡི་ཉོ་ཚོང་བསྡོམས་འབོར་སྒོར་ཁྲི9113ཡོད། ཧུའུ་ནན་ཞིང་ཆེན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དཔེ་སྟོན་རྫོང་ལ་ཆོག་མཆན་ཐོབ་པ་དང་གྲོང་ཁྱེར་རིམ་པ་ཡན་གྱི་སྐར་ཚོགས་གཏོད་ཡུལ3བཏོད་ཡོད། གྲོང་ཁྱེར་དེ་ཡོངས་ཀྱིས་ཚན་རྩལ་ཆེད་མངགས་པ244བདམས་གཏོང་བྱས་པའི་ནང་ཁེ་ལས་ཀྱི་ཚན་རྩལ་ཆེད་མངགས་པ8དང་གནད་ཁེལ་དབུལ་སྐྱོར་ཆེད་མངགས་པ27བཀོད་སྒྲིག་བྱས་པ་རེད། ཆུ་འབྲས་ཀྱི་བརྒྱུད་རིམ། སྐྱེད་ཚལ་གྱི་ཤིང་འབྲས། ཕྱུགས་ལས་དང་ཆུ་ཐོན་ཞིང་ལས་ཐོན་ལས་བཅས་ཀྱི་ཞབས་ཞུའི་ཚོགས་པ3བཙུགས། 

5_2 སློབ་གསོ།

སྤྱི་ལོ2018ལོར་ཤང་དང་གྲོང་ཁྱེར་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ427ཡོད་པ་དང་། དེའི་ནང་བུ་བཅོལ་ཁང219དང་། འོས་འགན་སློབ་གསོ200(སློབ་ཆུང151དང་དམའ་རིམ་སློབ་འབྲིང49)དང་། མཐོ་རིམ་སློབ་འབྲིང7དམིགས་བསལ་སློབ་གསོ1བཅས་ཡོད། སློབ་གྲྭར་ཡོད་པའི་སློབ་མ104714ཡོད་པའི་ནང་མཐོ་རིམ་སློབ་འབྲིང་གི་སློབ་མ13921དང་། དམའ་རིམ་སློབ་འབྲིང་གི་སློབ་མ22383སློབ་ཆུང་སློབ་མ46109བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ22249དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མ52བཅས་ཡོད་པ་རེད། ཁྱོན་དགེ་རྒན་དང་ལས་བཟོ8186ཡོད་པའི་ནང་སློབ་འབྲིང་ནང་དུ3263དང་། སློབ་ཆུང་ནང་དུ2555བུ་བཅོལ་ཁང་དུ2357དམིགས་བསལ་སློབ་གསོའི་སློབ་གྲྭ་ནང་དུ11བཅས་ཡོད། 

5_3 འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་ཞང་ཤང་གྲོང་ཁྱེར་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི751ཡོད་པའི་ནང་སྨན་ཁང10དང་། ཤང་གྲོང་འཕྲོད་བསྟེན་ཁང18སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས4བཅས་ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ5032ཡོད་པའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ2012དང་ཐོ་འགོད་བྱས་པའི་སྨན་གཡོག2092ཡོད། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི4450ཡོད་པའི་ནང་སྨན་ཁང3380དང་ཤང་གྲོང་འཕྲོད་བསྟེན་ཁང1070ཡོད།      

སྤྱི་ལོ2019ལོའི་ཟླ8པར་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་གི་ཚོད་ལྟའི་རྫོང་དུ་བདམས། 

5_4 ངལ་རྩོལ་ལས་ཞུགས།

སྤྱི་ལོ2018ལོར་ཞང་ཤང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི7088གསར་དུ་ལས་ཞུགས་ཐུབ་པ་དང་། ལས་ཤོར་མི་སྣ1870བསྐྱར་དུ་ལས་ཞུགས་ཐུབ། ལས་ཞུགས་དཀའ་ངལ་ཡོད་པའི་མི397བསྐྱར་དུ་ལས་ཞུགས་ཐུབ་པ། གྲོང་གསེབ་ཀྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་ཐུབ་མཁན་མི5084མང་དུ་ཕྱིན་པ། ངལ་རྩོལ་ནུས་ཤུགས་ཞན་པ679གསར་དུ་ལས་ཞུགས་ཐུབ་ཡོད། བྱ་གཞག་གསར་གཏོད་བྱེད་པོ1200གསར་སྣོན་བྱས་པ་དང་ལས་གཏོད་ཀྱིས་མི2630ལས་ཞུགས་ལ་སྐུལ་ཁྲིད་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཤོར་ཚད་བརྒྱ་ཆའི3ཡིན། 

5_5 དབུལ་ཐར་མཁྲེག་གཏོར།

སྤྱི་ལོ2018ལོར་ཤང་དང་གྲོང་ཁྱེར་གྱི་དབུལ་པོ11409ཉུང་དུ་ཕྱིན་ནས་དབུལ་འགྱུར་ཚད1%ནང་ཚུན་དུ་ཚོད་འཛིན་ཐུབ། 

5_6 ཁོར་ཡུག་སྲུང་སྐྱོབ།

སྤྱི་ལོ2018ལོར་ཞང་ཤང་དང་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ཕྱོགས་བསྡུས་སྟོན་གྲངས3.91ཡིན་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན12.7%ཆག་པ་དང་། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས334ཡིན་པ་དེ་སྤྱི་ལོ2017ལོ་ལས་ཉིན23མང་དུ་ཕྱིན། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད91.5%ཟིན་པ་དེ་སྤྱི་ལོ2017ལོ་ལས6.3%འཕར་བ། PM2.5ཟླ་རེར་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ38ཡིན་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན15.6%ཆག་པ། PM2.510ཟླ་རེར་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ62ཡིན་པ་དེ་སྤྱི་ལོ2017ལོ་དང་བསྡུར་ན18.4%ཆག་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་དེIརིགས་ཀྱི་ཆུའི་སྤུས་ཚད་ཀྱི་ཚད་གཞི་རྒྱུན་འཁྱོངས་ཐུབ་ནས་ཚད་གཞི་ལོན་ཚད100%ཟིན་པ་དང་། ལན་ཧྲུའེ་གཙང་པོའི་བཅད་ངོས་ཁག་གི་ཆུའི་སྤུས་ཚད་ལོན་ཚད100%ཟིན་ནས་སྤྱི་ལོ2017ལོ་དང་མཉམ་པ་དང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་སེལ་བྱེད་ཚད74.64%ཟིན་པ་དེ་སྤྱི་ལོ2017ལོ་ལས4.82%འཕར་ཡོད། 

5_7 ཉེན་མེད་ཐོན་སྐྱེད།

སྤྱི་ལོ2018ལོར་ཞང་ཤང་གྲོང་ཁྱེར་དང་། ཤང་དང་གྲོང་རྡལ། གཞུང་ལས་ཁང་དང་སྡེ་ཚན་ཁག་གིས“བདེ་འཇགས་ཐོན་སྐྱེད་མཐོར་གཏོང་ལོའི”བྱེད་སྒོ་སྤེལ་ནས་བཟོ་གཏེར་ཚོང་དོན་ལས་རིགས་ཀྱི“མེད་པའི”ལས་འཛོལ་དང་། “མེད་པའི”ཤི་རྨས་དམིགས་ཚད་མངོན་འགྱུར་བྱུང་བ་དང་། ལམ་བུར་དོན་རྐྱེན18ཐོན་པའི་ནང་འགྲོ་ལམ་སྐྱེལ་འདྲེན་གྱི་དོན་རྐྱེན13དང་ལྕགས་ལམ་འགྲིམ་འགྲུལ་དོན་རྐྱེན5ཐོན་ནས་མི13ཤི་ཡོད་པ་རེད། དོན་རྐྱེན་སྣ་ཚོགས་ཀྱི་དམིགས་ཚད་ལོ་ལྟར་དམའ་ཤོས་སུ་སླེབས་ནས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་ཕུལ་བྱུང་ཚན་པར་བདམས་པ་རེད། 

6 གཟེངས་རྟགས་མཚན་སྙན།

སྤྱི་ལོ2014ལོ་དང་སྤྱི་ལོ2015ལོར་ཞང་ཤང་ལ་ཞིང་ཆེན་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་དཔལ་འབྱོར་གྱི་སྟོབས་ཆེའི་རྫོང་དང་ཧུའུ་ནན་ཞིང་ཆེན་རྫོང་ཁོངས་དཔལ་འབྱོར་གྱི་སྟོབས་ཆེའི་རྫོང་བཅུ་ལ་བདམས་པ་རེད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མཚན་སྙན། ཉེན་མེད་ཐོན་སྐྱེད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-19

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།