ཧུ་ལུང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུ་ལུང་གྲོང་ཁྱེར།
ཧུ་ལུང་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཏོགས་ཤིང་། ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད། ཁྲང་པའེ་རི་བོའི་ཤར་འདབས། ཐུའུ་མུན་གཙང་པོའི་སྟོད་རྒྱུད་ཀྱི་བྱང་ངོགས་བཅས་སུ་ཆགས་ཡོད་པ་ཡིན། ཤར་ངོས་ལུང་ཅིང་གྲོང་ཁྱེར་གྱི་ས་མཚམས་དང་འབྲེལ་ལ། ནུབ་ངོས་ཨན་ཐུའུ་རྫོང་གི་ས་མཚམས་དང་འབྲེལ་ཞིང་། བྱང་ངོས་སུ་ལུང་ཅིང་དང་ཨན་ཐུའུ་གྲོང་ཁྱེར་གྱི་རྫོང་གཉིས་ཀྱི་ས་མཚམས་དང་འབྲེལ་ཡོད། ལྷོ་ངོས་སུ་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚྭ་མཚོ་བྱང་ལམ་དང་གཙང་པོ་གཉིས་ཀྱི་ལམ་དེ་ཐུའུ་མེན་གཙང་པོ་དང་ཁ་སྤྲོད་དུ་གནས་ཡོད། མི་འབོར314995(སྤྱི་ལོ2011ལོའི་ལོ་མཇུག་ཏུ)ཡོད་པ་ལས་མང་ཆེ་བ་ནི་ཁྲའོ་ཞན་རིགས་ཡིན་པ་དེས་སྤྱིའི་མི་འབོར་གྱི51.53%ཟིན་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5068.62(སྤྱི་ལོ2013ལོར)ཡོད། སྤྱི་ལོ2015ལོར་ཧུ་ལུང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར54.5ཟིན་ཡོད། ཧུ་ལུང་གྲོང་ཁྱེར་ལ་“གླུ་གར་གྱི་ཕ་ཡུལ”དང“ཅིན་ཏ་ལའེ་ཡི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད། སྤྱི་ལོ1883ལོར། ཆིང་རྒྱལ་རབས་སྲིད་གཞུང་དང་ཁྲའོ་ཞན་རྒྱལ་རབས་གཉིས་ཀྱིས《ཅི་ལིན་ཁྲའོ་ཞན་གྱི་དམངས་ཚོང་ཉོ་ཚོང་ས་གནས་ཀྱི་སྒྲིག་ཡིག》བཞག་པ་དང་། “ཧུ་ལུང་ཡུས”ཞེས་པའི《སྒྲིག་ཡིག》ནང་ཐོག་མར་མཐོང་ཞིང་། “ཧུ་ལུང”ཞེས་པའི་མན་ཇུའི་སྐད་ཀྱི་དོན་ནི“གྲོག་རོང”ཞེས་པ་དེ་ཡིན། ཧུ་ལུང་གྲོང་ཁྱེར་ནི་ཨེ་ཤེ་ཡ་བྱང་ཤར་གྱི་དཔལ་འབྱོར་ཁུལ་གྱི་དབུས་སུ་གནས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཆར་འགོད་གཏན་འཁེལ་བྱས་པའི་ཐུའུ་མུན་གཙང་བོའི་མངའ་ཁོངས་ཀྱི“ཅིན་སན་ཅའོ”ཆེན་པོའི་ཀྲུང་གོའི་ཕྱོགས་ཀྱི་རྟེན་ས་ཞིག་རེད། ཏུང་ཀྲི་ཀྲུང་ཨུའི་མཐའ་མཚམས་དང་བར་ཐག་སྤྱི་ལེ60ལས་མེད་པ་དང་འཇར་ཕན་རྒྱ་མཚོ་དང་ཐད་ཀར་བར་ཐག་ལ་སྤྱི་ལེ80ཡོད། ལྷོ་ཕྱོགས་ནི་ཀྲུང་ཁྲའོ་མཐའ་མཚམས་དང་བར་ཐག་ལ་སྤྱི་ལེ10ལྷག་ཙམ་ཡོད། སྤྱི་ལོ2016ལོའི་ཟླ11པར་ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་དང་ལུང་གྲོང་ཁྱེར་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ཁག་གཉིས་པའི་རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་དུ་བདམས་པ་རེད། སྤྱི་ལོ2017ལོའི་ཟླ12པར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ཁུལ་ཁག་ལྔ་པའི་མིང་བཏགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
和龙市
ཕྱི་ཡིག་གི་མིང་།
Helong City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཅི་ལིན་ཞིང་ཆེན་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ།
མངའ་ཁོངས། 
གྲོང་རྡལ3ཡོད།
སྦྲག་སྲིད་ཨང་རྟགས།
133500
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
222406
རླངས་འཁོར་ཚབ་ཨང་།
吉H
མི་གྲངས།
མི314995(སྤྱི་ལོ2011ལོར)ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ5068.62ཡོད།
ནམ་ཟླ།
དྲོད་ཁུལ་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0433
མེ་འཁོར་འབབ་ཚུགས།
ཧུ་ལུང་འབབ་ཚུགས།
ཡུལ་སྐད།
ཁྲའོ་ཞན་སྐད།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1677ལོར་ཧུ་ལུང་གྲོང་ཁྱེར་མངའ་ཁོངས་ཀྱི་ཁྲང་པའེ་ཧྲན་བཀག་སྡོམ་ས་ཁོངས་ཀྱི་མངའ་ཁོངས་སུ་གཏོགས།   

གོང་མ་ཁང་ཞི་ཁྲི་ལོ་ང་གསུམ་པར(སྤྱི་ལོ1714ལོར)ཧུ་ལུང་གི་ཁོངས་གཏོགས་ས་ཁུལ་ནི་ཧུ་ཁྲུན་མཐུན་ཚོགས་ཀྱི་མངའ་འོག་ཏུ་གཏོགས་པ་ཡིན།  

ཀོང་ཞུས་ཁྲི་ལོ་བདུན་པར(སྤྱི་ལོ1881ལོར)བཀག་རྒྱ་ལས་གྲོལ་རྗེས་གཞི་ནས་དྲང་གཏམ་ཅུས་བཙུགས་པ་དང་། ཧུ་ལུང་རྒྱུད་ནི་ནན་ཀང་དང་ལེན་ཅུས་ཀྱི་མངའ་ཁོངས་སུ་གཏོགས།  

ཆིང་ཀོང་ཞུས་ཁྲི་ལོ་བཅུ་བར(སྤྱི་ལོ1884ལོར)ཆིང་སྲིད་གཞུང་དང་ལུང་ཡུས་གཉིས་ཀྱིས་ཚོང་འགྲུལ་ཅུས་བཙུགས་པ་དང་། ཧུ་ཁྲུན་གྱི་རྒྱལ་ས་གཞོན་པའི་མངའ་འོག་ཏུ་གཏོགས།   

ཆིང་ཀོང་ཞུས་ཁྲི་ལོ་ཉེར་བརྒྱད་པའི(སྤྱི་ལོ1902ལོའི)ཟླ12པར། ཆིང་སྲིད་གཞུང་གིས་ལུང་ཡུས་དང་ཡན་ལག་འགོག་སྲུང་ཐིང་བཙུགས་པ་དང་། ཡན་ཅི་ཐིང་གི་མངའ་འོག་ཏུ་གཏོགས།    

ཆིན་ཞོན་ཐུང་ཁྲི་ལོ་གཉིས་པའི(སྤྱི་ལོ1910ལོ)ཟླ4པར། ཆིང་སྲིད་གཞུང་དང་ལུང་ཡུས(ལུང་ཅིན་གྲོང་ཁྱེར་ཀྲི་ཞིན་ཡུལ་ཚོ)ཡན་ལག་འགོག་སྲུང་ཐིང་དེ་ཧུ་ལུང་རྫོང་དུ་བསྒྱུར་ནས། ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་ལམ་གྱི་སྐོར་སྲུང་དམག་གྲབས་ལམ་གྱི་བདག་སྐྱོང་བྱེད་ཁོངས་སུ་གཏོགས།    

མིན་གོའི་སྲིད་ལོ་གསུམ་པའི(སྤྱི་ལོ1914ལོ)ཟླ6པར། ཤར་ལྷོའི་ལམ་ནས་ཕྱིར་འཐེན་བྱས་ཏེ། ཡན་ཅི་ལམ་དང་། ཧུ་ལུང་རྫོང་ཡན་ཅི་ལམ་གྱི་མངའ་འོག་ཏུ་གཏོགས།  

མིན་གོའི་སྲིད་ལོ་ཉེར་གཅིག་པའི(སྤྱི་ལོ1932ལོ)ཟླ3པར་མན་ཇུ་རྒྱལ་ཁབ་རྫུས་མ་བཙུགས་པ་དང་། དེ་རྗེས་གླིང་ཕྲན་གྱི་ཞིང་ཆེན་རྫུས་མ་བཙུགས་པ་དང་། ཧུ་ལུང་རྫོང་ནི་གླིང་ཕྲན་རྫུས་མའི་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་ཉེར་དགུ་པའི(སྤྱི་ལོ1940ལོའི་)ཟླ7པར། རྫུས་མ་དང་ལུང་རྫོང་གི་ཀུང་ཧྲུའུ་ནས་ཏ་ཧྥུ་ཙི(ཀྲི་ཞིན)ནས་སན་ཏའོ་ཀོའུ(དེང་སང་ལུང་ཁྲེང་ཆུས)བར་སྤོས། ཧུ་ལུང་རྫོང་གི་མངའ་ཁོངས་སུ་ཀྲི་ཤིན་དང་། ཏེ་ཞིན། སན་ཧུ། གཡོད་ཆིང་། ཀོང་ཁའེ་སོགས་གྲོང་ཚོ5ཡན་ཅི་རྫོང་ལ་སྤྲད་པ་དང་། ཡན་ཅི་རྫོང་ནས་གཏེར་གྲོང(ལུང་ཧྲུའེ། ཧྥུའུ་ཏུང)དང་། ཤིན་ཤིས་ཁྲེང(ད་ལྟའི་ཨོ་རོང་ནུབ་རྒྱུད)  ཐོའུ་ཏའོ། ཏུང་ཁྲེང་སོགས་གྲོང་ཚོ5རུ་དབྱེ་ཡོད།   

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོའི)ཟླ9པར་ཧུ་ལུང་བཅིངས་འགྲོལ་བཏང་བ་དང་། ཟླ9པར་ཧུ་ལུང་རྫོང་གི་གནས་སྐབས་སྲིད་གཞུང་བཙུགས་པ་དང་། ཡན་པེན་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་ཁོངས་སུ་གཏོགས།   

མིན་གོའི་སྲིད་ལོ་སོ་ལྔ་པར(སྤྱི་ལོ1946ལོའི)ཟླ1པོར། ཧུ་ལུང་རྫོང་སྲིད་གཞུང་བཙུགས་པ་དང་། ཅི་ལིན་ཞིང་ཆེན་སྲིད་གཞུང་གི་མངའ་འོག་ཏུ་གཏོགས།

སྤྱི་ལོ1949ལོའི་ཟླ9པར། ཧུ་ལུང་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་གི་མངའ་ཁོངས་སུ་གཏོགས།  

སྤྱི་ལོ1952ལོའི་ཟླ9པར། ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ལྗོངས་བཙུགས་པ་དང་། ཧུ་ལུང་རྫོང་ནི་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་གཏོགས།  

སྤྱི་ལོ1955ལོའི་ཟླ་12པར། ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ལྗོངས་དེ་རང་སྐྱོང་ཁུལ་དུ་བསྒྱུར་བ་དང་། ཧུ་ལུང་རྫོང་ནི་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས། 

སྤྱི་ལོ1956ལོའི་ཟླ4པར། ཧུ་ལུང་རྫོང་མི་དམངས་སྲིད་གཞུང་ཧུ་ལུང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་དུ་བསྒྱུར།   

སྤྱི་ལོ1968ལོའི་ཟླ2པར། ཧུ་ལུང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་གི་དབང་ཆ་འཕྲོག་པ་དང་། ཧུ་ལུང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས།   

སྤྱི་ལོ1980ལོའི་ཟླ10པར། ཧུ་ལུང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ཏེ། ཧུ་ལུང་རྫོང་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1993ལོའི་ཟླ7པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་དང་ལུང་རྫོང་རྫོང་རིམ་པའི་གྲོང་ཁྱེར་དུ་བསྒྱུར་རྗེས། སྔར་བཞིན་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་མངའ་འོག་ཏུ་གཏོགས།

2 སྲིད་འཛིན་ཁོངས་བགོས།  

སྤྱི་ལོ2013ལོའི་བར་ཧུ་ལུང་གྲོང་ཁྱེར་ཁོངས་གཏོགས་སུ་གྲོང་རྡལ8ཡོད་པ་སྟེ། པ་ཅ་ཙི་གྲོང་རྡལ་དང་། ཧྥུའུ་ཏུང་གྲོང་རྡལ། ཐོའུ་ཏའོ་གྲོང་རྡལ། ནུབ་གྲོང་རྡལ། ནན་ཕིང་གྲོང་རྡལ། ཤར་གྲོང་རྡལ། ཁྲུང་ཧྲན་གྲོང་རྡལ། ལུང་གྲོང་རྡལ་བཅས་ཁྲོམ་གཞུང་3དང་། དམངས་ཕན་ཁྲོམ་གཞུང་དང་། འོད་ཟེར་ཁྲོམ་ལམ། རིག་གནས་ཁྲོམ་གཞུང་བཅས་གསུམ་ཡོད་པ་རེད། ཁྱོན་བསྡོམས་སྡེ་ཁུལ23དང་སྲིད་འཛིན་གྲོང་ཚོ76ཡོད་པ་རེད།

3 གནས་ཡུལ།  

ཧུ་ལུང་གྲོང་ཁྱེར་ནི་ཅི་ལིན་ཞིང་ཆེན་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཏོགས་ཤིང་། ཅི་ལིན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད། ཁྲང་པའེ་རི་བོའི་ཤར་འདབས། ཐུའུ་མུན་གཙང་པོའི་སྟོད་རྒྱུད་ཀྱི་བྱང་ངོགས་བཅས་སུ་ཆགས་ཡོད་པ་ཡིན། ཤར་ངོས་ལུང་ཅིང་གྲོང་ཁྱེར་གྱི་ས་མཚམས་དང་འབྲེལ་ལ། ནུབ་ངོས་ཨན་ཐུའུ་རྫོང་གི་ས་མཚམས་དང་འབྲེལ་ཞིང་། བྱང་ངོས་སུ་ལུང་ཅིང་དང་ཨན་ཐུའུ་གྲོང་ཁྱེར་གྱི་རྫོང་གཉིས་ཀྱི་ས་མཚམས་དང་འབྲེལ་ཡོད། ལྷོ་ངོས་སུ་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚྭ་མཚོ་བྱང་ལམ་དང་གཙང་པོ་གཉིས་ཀྱི་ལམ་དེ་ཐུའུ་མེན་གཙང་པོ་དང་ཁ་སྤྲོད་དུ་གནས་ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5068.62(སྤྱི་ལོ2013ལོར)ཡོད།

4 མི་འབོར་དང་མི་རིགས། 
4_1     མི་འབོར། 

སྤྱི་ལོ2011ལོའི་ལོ་མཇུག་ཏུ་ཧུ་ལུང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་གྲངས254995ཟིན་པ་དེ་སྤྱི་ལོ2011ལོའི་ལོ་སྟོད་ལས་མི2890ཉུང་དུ་ཕྱིན་ཡོད། སྤྱི་ལོ2011ལོར་གསར་སྐྱེས་མི་འབོར1143དང་། ཤི་བའི་མི་འབོར1757  མི་འབོར་རང་ཤུགས་སུ་འཕར་ཚད-3.13%ཡོད་པ་དང་། རང་ཤུགས་ཀྱིས་མི་འབོར614ཉུང་དུ་སོང་ཡོད། མི་འབོར་བསྡོམས་འབོར་ཁྲོད་ཞིང་ལས་མི་འབོར73718ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི37.8%བཟུང་བ་དང་། ཞིང་ལས་མིན་པའི་མི་འབོར121277ཡོད་པ་དེས་སྤྱིའི་མི་འབོར་གྱི62.2%བཟུང་ཡོད། རྒྱ་རིགས་མི་འབོར91886ཡོད་པ་དེས་སྤྱིའི་མི་འབོར་གྱི47.1%བཟུང་བ། ཁྲའོ་ཞན་རིགས་ཀྱི་མི་འབོར99944ཡོད་པ་དེས་སྤྱིའི་མི་འབོར་གྱི51.3%བཟུང་ཡོད། སྐྱེས་པའི་མི་འབོར97889ཡོད་པ་དེས་སྤྱིའི་མི་འབོར་གྱི50.2%བཟུང་བ་དང་བུད་མེད་མི་འབོར97106ཟིན་པ་དེས་སྤྱིའི་མི་འབོར་གྱི49.8%བཟུང་ཡོད།    

4_2  མི་རིགས།   

ཧུ་ལུང་གྲོང་ཁྱེར་དུ་རྒྱ་རིགས་དང་། ཁྲའོ་ཞན་རིགས། མན་ཇུ་རིགས། སོག་རིགས། ཧུའེ་རིགས། མིའོ་རིགས་སོགས་མི་རིགས11ཡོད། རྒྱ་རིགས་ཕུད་གྲངས་ཉུང་མི་རིགས10ཡིས་ཧུ་ལུང་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར་གྱི53.12%བཟུང་བ་དེའི་ནང་མང་ཆེ་བ་ནི་ཁྲའོ་ཞན་ཡིན་པས་སྤྱིའི་མི་འབོར་གྱི51.53%བཟུང་བ་དང་མི་རིགས་གཞན་དག་གིས1.59%བཟུང་ཡོད།

5 དཔལ་འབྱོར།

སྤྱི་ལོ2011ལོར་ཧུ་ལུང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར43.2ཟིན་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2010ལོ་ལས16.6%འཕར་བ་དང་འཕར་ཚད་སྤྱི་ལོ2010ལོ་ལས2.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར5.1ཟིན་པ་དེ་སྤྱི་ལོ2010ལོ་ལས4.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར24.9ཟིན་པ་དེ་སྤྱི་ལོ2010ལོ་ལས27.4%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར13.2ཟིན་ནས་སྤྱི་ལོ2010ལོ་ལས6.1%འཕར་ཡོད། ཧུ་ལུང་གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི2ལས་བརྒལ་ནས་སྒོར21982ཟིན་པ་དེ་སྤྱི་ལོ2010ལོ་ལས18.6%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་པོ་སྤྱི་ལོ2010ལོའི13.3:50.3:36.4ནས11.8:57.7:30.5བར་ལེགས་སྒྲིག་བྱས་ཡོད། ཐོན་ལས་ཐེངས་གསུམ་པོས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་སོ་སོར3.8%དང་། 82.8%  13.4%བཅས་ཟིན་ཡོད། རྒྱལ་དམངས་དཔལ་འབྱོར་གྱི་ལས་རིགས་ཁག་ནང་བཟོ་ལས་དཔལ་འབྱོར་གྱིས་དཔལ་འབྱོར13.8%འཕར་རྒྱུར་སྐུལ་ཁྲིད་བྱས་པ།     སྤྱི་ལོ2015ལོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར54.5ཟིན་ནས7.5%འཕར་བ། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར5.93ཟིན་ནས5.9%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར57བཏང་ནས14.5%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར18ཟིན་ནས4.7%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22600ཟིན་ནས8.1%འཕར་བ། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར10000ཟིན་ནས12.2%འཕར་བ།     

5_1 ཐོན་ལས་དང་པོ།  

སྤྱི་ལོ2011ལོར་ཧུ་ལུང་གྲོང་ཁྱེར་གྱི་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི108783ཟིན་པ་དེ་སྤྱི་ལོ2010ལོ་ལས5.6%འཕར་ཡོད། འབྲུ་རིགས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང26443ཟིན་པ་དེ་སྤྱི་ལོ2010ལོ་ལས0.6%འཕར་ཡོད། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་དང་ཉེ་བ་དང་ཏུན101375ཟིན་པ་དེ་སྤྱི་ལོ2010ལོ་ལས18.5%འཕར་བ།     སྤྱི་ལོ2011ལོའི་ལོ་མཇུག་ཏུ་ཧུ་ལུང་གྲོང་ཁྱེར་གྱི་ཕྱུགས་རིགས་ཆེ་གྲས24543ཡོད་པ་དེ་སྤྱི་ལོ2010ལོ་ལས3.4%འཕར་ཡོད། དེའི་ནང་བ་གླང24448ཡོད་པ་དང་། ཕག19276ཡོད་པ་དེ་སྤྱི་ལོ2010ལོ་ལས5.5%འཕར་བ། ལུག7544ཟིན་པ་དེ་སྤྱི་ལོ2010ལོ་ལས5.5%འཕར་ཡོད། སྤྱི་ལོ2011ལོར་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན4896ཡིན་པ་དང་། ཆུ་ཐོན་དངོས་རྫས་ཀྱི་ཐོན་ཚད་ཏུན149ཟིན་ཡོད། སྤྱི་ལོ2011ལོར་ནགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི44599ཟིན་པ་དེ་སྤྱི་ལོ2010ལོ་ལས2.8%འཕར་བ།     སྤྱི་ལོ2019ལོའི་ཟླ11པའི་ཚེས18ཉིན་ཧུ་ལུང་གྲོང་ཁྱེར་དེ“སྔོན་ལ་ཞིང་ལས་ལྗང་མདོག་འཕེལ་རྒྱས་ལག་བསྟར་དང་ཚོད་ལྟ་བྱེད་པའི་འདེགས་སྐྱོར་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་རྫོང”དུ་བདམས་པ་རེད།

5_2 ཐོན་ལས་གཉིས་པ།   

སྤྱི་ལོ2011ལོར་ཧུ་ལུང་གྲོང་ཁྱེར་གྱི་བཟོ་ལས་འཕར་ཐང་སྒོར་ཁྲི230081ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2010ལོ་ལས30.7%འཕར་བ་དངGDPཡི་བསྡུར་གྲངས་བཟུང་ཚད53.3%ཟིན་པ་དེ་སྤྱི་ལོ2010ལོ་ལས8.5%འཕར་ནས་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད82.7%ཟིན་ཡོད་པ་རེད། ཧུ་ལུང་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི637047ཟིན་པ་དེ་སྤྱི་ལོ2010ལོ་ལས67.8%འཕར་ཡོད། དེའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་བཟོ་ལས་སྒོར་ཁྲི597908ཟིན་ནས74.2%འཕར་ཡོད། སྤྱི་ལོ2011ལོར་ཧུ་ལུང་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི525576ཟིན་པ་དེ་སྤྱི་ལོ2010ལོ་ལས77.7%འཕར་བའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་བཟོ་ལས་ལ་སྒོར་ཁྲི493748ཟིན་ནས85.8%འཕར་བ་དང་། ཁེ་གྱོང་ཁ་འཐབ་བཏང་རྗེས་ཁེ་སྤོགས་སྒོར་ཁྲི39783ཟིན་པ་དེ་སྤྱི་ལོ2010ལོ་ལས47.3%འཕར་བ་དེའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་བཟོ་ལས་སྒོར་ཁྲི38916ཟིན་པ་དེ་སྤྱི་ལོ2010ལོ་ལས48.6%འཕར་བ་དང་། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་ཁྲི53938ཟིན་པ་དེ་སྤྱི་ལོ2010ལོ་ལས41.1%འཕར་བའི་ནང་གྲོང་ཁྱེར་ཁོངས་གཏོགས་ཀྱི་བཟོ་ལས་སྒོར་ཁྲི52179ཟིན་པ་དེ་སྤྱི་ལོ2010ལོ་ལས42.5%འཕར་ཡོད། ཐེན་ཁྲི་གཏེར་ལས་དང་། ཐེན་ཁྲི་གཏེར་འདེམས། ཆིང་ཤིང་རྡོ་སོལ་ལས་རིགས་སོགས་ཁེ་ལས་ཀྱིས་མཚོན་པའི་གཏེར་འདོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི311033ཟིན་པ་དེ་སྤྱི་ལོ2010ལོ་ལས51.8%འཕར་བ་དེས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་བཅུ་ཆ་ལྔ་ལས་བརྒལ་ནས52.0%ཟིན་ཡོད་པ་རེད།      

5_3   ཐོན་ལས་གསུམ་པ།  

སྤྱི་ལོ2011ལོར་ཧུ་ལུང་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི10851ཟིན་པ་དེ་སྤྱི་ལོ2010ལོ་ལས38.2%འཕར་ཡོད། དེའི་ནང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི8307ཟིན་པ་དེ་སྤྱི་ལོ2010ལོ་ལས75.2%འཕར་བ་དང་། ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་ཁྲི2544ཟིན་པ་དེ་སྤྱི་ལོ2010ལོ་ལས18.2%མར་ཆག་ཡོད། ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ཁྲོད་ཡན་པེན་ཐེན་ཁྲི་བཟོ་ཚོང་ཚད་ཡོད་འགན་འཁྲི་ཀུང་སིའི་ལོ་ཧྲིལ་པོའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི7556ཟིན་པ་དེས་ཧུ་ལུང་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི69.6%བཟུང་ཡོད།     སྤྱི་ལོ2011ལོར་ཧུ་ལུང་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི22.5ལ་སྣེ་ལེན་ཞུས་པ་དེ་སྤྱི་ལོ2010ལོ་ལས19.0%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར1.4བྱུང་བ་དེ་སྤྱི་ལོ2010ལོ་ལས32.1%འཕར་ཡོད་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-03-24

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།